སྐྱོ་བྲག་དགའ་དབང་།
བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱིས། ལོ་ལྔའི་སྲིད་སྐྱོང་གི་གོ་སྐབས་དེ། ཡང་བསྐྱར་མཁས་དབང་བློ་བཟང་སེང་གེ་མཆོག་ལ་ཕུལ་བ་ནི་ཡག་གདའ་བསམ་གྱིན་ཡོད། གང་ཡིན་ཞེ་ན།
༡ བོད་ཀྱི་དོན་གྱི་བདག་པོ་ནི། གཞིས་བཞུགས་བོད་པ་ཚོ་ཡིན་པར་མཆོག་དམན་ཚང་མས་བཤད་ཀྱིན་ཡོད་པ་རེད་ལ། དོན་གྱིས་ཀྱང་ཡིན་པ་རེད། ཁོ་ཚོས་ནི་སྲིད་སྐྱོང་གི་རེ་བ་བློ་སེང་ལ་ཡོད་པའི་གནས་ཚུལ་རབས་དང་རིམ་པ་བྱུང་བ་ལས། གཞན་དག་སུ་གང་ལའང་བྱས་པ་མཐོང་དུ་མེད་པ་ཡིན།
༢ ང་ཚོ་བཙན་བྱོལ་བོད་པ་གནས་ཡུལ་ལྟེ་བ་ནི་རྒྱ་གར་རེད། རྒྱ་གར་གཞུང་གིས་ནི་སྲིད་སྐྱོང་གི་སྔོན་འགྲོའི་འོས་ལ་ཐུག་པ་ནས་བློ་སེང་ལ་ཆེ་མཐོང་དམིགས་བསལ་བ་རེ་གནང་བ་དག་ལ་བལྟས་ན། སྲིད་སྐྱོང་གི་ཐུགས་རེ་བློ་སེང་ལ་གནང་གིན་ཡོད་པ་ནི་གསལ་པོ་རེད།
༣ འཛམ་གླིང་གི་སྟོབས་ཤུགས་ཆེ་ཤོས་དང་། ང་ཚོའི་རྒྱབ་སྐྱོར་དྲག་ཤོས་ཨ་མི་རི་ཀས་ཀྱང་མགྲོན་འབོད་དང་ཐུག་འཕྲད་གནང་སྟངས་ལས། སྲིད་སྐྱོང་གི་རེ་བ་བློ་སེང་ལ་གནང་བ་ཡང་ཤེས་ཀྱིན་ཡོད།
༤ དོན་གྱི་ཐོག་ནས་ཀྱང་། སྤྱིར་ཤེས་འཇོན་སྙན་གྲགས་ལྡན་པའི་མི་སྣ་བོད་ཀྱི་སྤྱི་དོན་ལ་ཕན་པ་སུ་ཞིག་ཡིན་ནའང་། ང་ཚོ་མི་དམངས་ཀྱིས་བེད་སྤྱོད་གཏོང་ཤེས་དགོས་པ་ལས། བེད་མེད་རང་དགར་འཇོག་པ་ནི་སྤྱི་གྱོང་ཡིན་ལ། ལྷག་ཏུ་བློ་སེང་གིས་རེ་འཆར་མང་དུ་བྱས་པ་ལ་སླར་ཡང་ལོ་ལྔའི་གོ་སྐབས་སྤྲད་ན་མདུན་སྐྱོད་བྱེད་ངེས་པ་ལས། མི་བུ་གསར་པ་ཞིག་ལ་རེ་འཆར་གསར་པ་ཞིག་བྱར་བཅུག་པ་ཙམ་གྱིས་ནི་ལས་དོན་ཕྱིར་ནུད་ལྟ་བུ་ལས་མདུན་དུ་ཅང་བསླེབ་ཡོང་གི་མ་རེད།
བཙན་བྱོལ་དུ་ཡོད་པའི་བོད་པ་རྣམས་ཀྱིས། ལོ་ལྔའི་སྲིད་སྐྱོང་གི་གོ་སྐབས་དེ། ཡང་བསྐྱར་སློབ་བཟང་སངས་རྒྱས་སམ་བློ་བཟང་སེང་གེ་ལ་ཕུལ་བ་ནི་བོད་མི་བསོད་ནམས་ཟད་པའི་རྟགས་རེད། ལོ་ལྔའི་འཐུས་ཤོར་ཆེན་པོས་དེས་མ་ཚིམས་པས་ལོ་བཅུ་ལ་འཐུས་ཤོར་བཏང་ན་བོད་མིའི་རྩ་དོན་དང་བོད་མི་རིགས་ཀྱི་མདུན་ལམ་གང་ལ་སླེབས་ཀྱི་ཡིན་པ་ཧ་གོ་དོན་གསལ་ལོ།
སྲིད་སྐྱོང་བློ་སེང་ལགས་སུ་སླར་ཡར་ལོ་ལྔ་རིང་གོ་སྐབས་ཕུལ་ཡོད་སྟབས་ཁོང་ནས་སྤྱི་བ་གཙོ་དོན་ལས་སྒེར་མིང་སྲུང་སྐྱོབས་དང་རང་ཉིད་མཚན་མཐོང་ཡོང་བར་ལོ་ལྔ་རིང་དུས་ཚོད་འཁོལ་བ་རེད། ད་ཁོང་ནས་སྤྱི་དོན་ཁོ་ནར་ནུས་སྤུངས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ལས་མ་འདས། ལྷག་པར་དུ་གདོང་དམར་བོད་རིགས་ཡོངས་ནས་ཁོང་གི་ཕྱག་ལས་གནང་ཕྱོགས་ལ་བྱ་ར་བྱེད་དགོས་པ་ཡིན། སྣ་བོའི་ཁ་དཔེ་ལྟར་སྡེ་བ་གཞུང་གི་བྱུས་ཏོག་སྡེ་སྲིད་མགོ་ལེབ་བྱེད་ཀྱི་རེད་ཟེར་བ་ལྟར་མ་ཡིན་པར་ཚང་མས་འགན་འཁུར་ཐོག་ནས་ཕྱག་འགྲུ་མཉམ་འདེགས་ཞུ་གང་ཐུབ་མ་ཟད། ནོར་འཁྲུལ་ཡོ་བསྲང་བྱ་དགོས་རིགས་སྦད་གསང་དང་འཛེམས་གཟོན་མེད་པའི་ཐོག་ནས་གནང་དགོས་དུས་ལ་འབབ་ཡོད།
ཧ་ཧ་ཧ་་་་་་གཞིས་བཞུགས་བོད་མི་ཟེར་ན། གང་དག་ལ་གོ་དགོས་སམ།
ཧི་ཧི་ཧི་་་་་་རྒྱ་གར་གཞུང་གིས་ཆེ་མཐོང་སྤྲད་ཡོད་ན་ཐུད་འཚོ་པོ་མར་གྱིས་སྐུ་དྲིནམིན་འགྲོ།
ཧུ་ཧུ་ཧུ་་་་་ ཕྲུ་གུ་ཆུང་ཆུང་ཞིག་ལ་གོམས་པ་སློབ་པ་བཞིན་མི་སྣ་རེ་རེ་བྱས་ཏེ་ངོ་སྤྲོད་དང་རྒྱབ་སྐྱོར་དགོས་པའི་ཐུགས་རྗེའི་བཀའ་དྲིན་བསྐྱངས་པ་དག་དེ་རྦད་དེ་བརྗེད་ཡོད་ཀྱི་རེད།
ཧེ་ཧེ་ཧེ་་་་་་རེ་འཆར་མ་འོངས་པའི་ལོ་ལྔའང་ཡོད་ཆོག་པས། བྱས་ན་ཚེ་ཚད་ཀྱི་ཇི་འཁྱོལ་བར་བཞག་ན་མི་ལེགས་སམ། ངོ་མ་གད་མོ་སློང་ཡས་འདྲ་ཞིག་འདུག
ནམ་རྒྱུན་དཔྱད་བརྗོད་སྤེལ་རྒྱུར་ཨ་འུ་ཙམ་ཡོད་བསམ་བསམ་འདི་ཡང་། མཐར་གཏུགས་ན་ཕྱོགས་ཞེན་ཅན་ཞིག་ལས་མ་འདས། གཞིས་བཞུགས་བོད་མི་དང་། རྒྱ་གར་གཞུང་། ཨ་རི་གཞུང་སོགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཐུན་ཕྱོགས་རྣམས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་དང་འབྲེལ་བའི་མང་གཙོའི་ལམ་ནས་སྲིད་སྐྱོང་གང་ཟག་སུ་ལ་ངེས་ཀྱང་དེ་ལ་ཆེ་མཐོང་ཞུ་རྒྱུ་ཡིན་པ་ལས་བློ་བཟང་སེངྒེ་ཁོ་ནར་ཞུ་ཟེར་བ་རང་གི་དགའ་ཕྱོགས་ལ་ཞེན་ཆགས་ཆེ་སྐྱོན་ཙམ་མོ།
སྐྱོ་བྲག་དགའ་དབང་གསུངས་པ་ལ་རྒྱབ་སྐྱོར་ཡོད། ད་ལན་བློ་སེང་ལ་ཐོབ་ཡག་འདུག དེ་རྗེས་ང་ཚོས་ཚང་མས་སྤེན་ཚེ་ལགས་སྲིད་སྐྱོང་ཞབས་སྟེགས་འོས་གནང་དགོས་། ཉི་མ་རིང་པོ་རེད། ད་དུད་བོད་ཀྱི་གནས་སྟངས་ལོ་༥ དང་༡༠ སྐད་ཆ་མ་རེད། འདི་གནས་ཚུལ་ནི་ད་དུང་ལོ་རབ་ཁ་ཤས་འགོར་རྒྱུ་ཡིན་པ་སྨྲོས་མེད་རེད། དེ་ཡིན་དུས་ད་ལན་མོས་བློ་སེང་ཐོབ་པར་བཀྲིས་བདེ་ལེགས། འདིའི་རྗེས་སྤེན་ཚེ་ལ་འོས་ངེས་པར་དུ་འཕེན་ཐབ་ན་བཟང་། ཁོང་ལའང་ཉམས་མྱོང་དང་། སྐད་ཆ་བཤད་སྟངས་སོགས་ཡག་ཐག་ཆོད་འདུག ལོ་ན་གཞོན་སྐྱེས་ཨ་མདོ་རྒད་པོ་རྒྱལ་ལོ་དང་ཁམས་པ་རྒད་པོ་འཇུ་ཆེན་སོགས་དང་མི་འདྲ། སྤེན་ཚེ་ངོ་མ་ཨ་མདོ་གོང་ཐང་ཚུལ་ཁྲིམས་ནང་བཞིན་ཡོད་པས་རྒྱབ་སྐྱོར་དགོས།
གནམ་རྒན་མས་བོད་མི་མང་བཀའ་ཆད་བཅད་ནས་བློ་སེང་ད་དུང་ལོ་ལྔར་ལྐུབ་ལྕག་དེར་རྩེངས་པ་རེད། མུ་གེའི་སྟེང་ལ་ཟླ་ལྷག་ཟེར་བ་ཡང་དེ་བཞིན་རེད། བོད་པའི་དཀའ་ངལ་སེལ་བར་ད་དུང་བར་ཆད་འདི་འདྲར་མང་པོ་འདུག་དཀོན་མཆོག་མཁྱེན་ནོ།། །།