ནམ་མཁའ།
ངས་འདིར་བཤད་འདོད་པའི་བསམ་ཚུལ་ལ་དྲ་གྲོགས་ཚོས་ཕྲན་ལ་བཀའ་བཀྱོན་སྒྱོགས་རྡོ་འདྲ་འཕངས་ཀྱང་ཆོག ༧གོང་ས་མཆོག་གིས་ལོ་ངོ་མང་པོའི་རིང་ཐུགས་བསམ་ཆེ་བཞེས་ཀྱིས་མཛད་གནང་བའི་དབུ་མའི་ལམ་དང་། ཁ་སང་དེ་རིང་སྲིད་སྐྱོང་བློ་སེང་གིས་གསུང་བཞིན་པའི་དབུ་མའི་ལམ་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་འདུག་སྙམ། རྒྱུ་མཚན་ཅི་ཞིག་གིས་ཁྱད་པར་ཆེན་པོ་འདུག་ཟེར་ན། སྲིད་སྐྱོང་གིས་ཨ་རིར་གསར་འགོད་གསལ་བསྒྲགས་ཞིག་གི་སྐབས་སུ། ཁོས་འདི་ལྟར་གསུངས་ཡོད། ང་ཚོས་རྒྱ་ནག་གི་བཅའ་ཁྲིམས་གཞིར་བཞག་པའི་ཐོག་ནས་ཐོབ་ཐང་རྩོད་ཀྱི་ཡོད་པ་ལས། བོད་ནང་གི་བོད་མི་ཚོའི་ཆེད་དུ་དམངས་གཙོ་རྩོད་ཀྱི་མེད་ཟེར། དེ་ཡིན་ན་རྒྱ་ནག་གི་རྩ་ཁྲིམས་ནང་ན་སྐད་རིགས་གཅིག་གྱུར་བྱེད་དགོས་པ་དང་། མི་རིགས་གཅིག་གྱུར་བྱེད་དགོས་པའི་རྩ་ཁྲིམས་ལ་ཡང་ངོས་ལེན་བྱེད་ཀྱི་ཡིན་ནམ།
དེ་ལྟར་ངོས་ལེན་བྱེད་འདོད་ཡོད་ཚེ། ཁ་སང་དེ་རིང་རེབ་གོང་དང་མཚོ་ལྷོ་ཕྱོགས་ནས་སློབ་ཕྲུག་ཚོས་ཅི་ཞིག་གི་ཆེད་དུ་རང་སྲོག་འབེན་དུ་བཞག་སྟེ་རྔམ་སྟོན་ཁྲོམ་སྐོར་བྱེད་དགོས་སམ། སློབ་གྲྭའི་སློབ་དེབ་བོད་ཀྱི་སྐད་ཡིག་ཁོ་ན་མ་གཏོགས་སློབ་དེབ་གཞན་ཆ་ཚང་རྒྱ་ཡིག་ཐོག་ཁྲིད་བཞིན་པ་དེ་ལ། མོས་མཐུན་རྒྱབ་སྐྱོར་ཡོད་ཅེས་བཙན་བྱོལ་བཀའ་ཤག་ནས་རྒྱ་ནག་སྲིད་གཞུང་ལ་དགའ་བསུ་ཡོད་པའི་རྣམ་པ་ཅི་ཞིག་ལ་མ་བསྟན་པ་རེད། ང་ཚོས་བོད་ཕྱི་ནང་གཉིས་ནས་སྐད་ཡིག་རང་དབང་དང་། སྨྲ་བརྗོད་རང་དབང་དགོས་པའི་སྐད་འབོད་དང་རང་ལུས་མེར་སྲེག་གཏོང་དགོས་པའི་རྒྱུ་མཚན་ཞིག་ཡོད་དམ།
༧གོང་ས་མཆོག་གིས་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ནས་སྡོད་ཀྱི་ཡིན་ཟེར་བ་དང་། སྲིད་སྐྱོང་བློ་སེང་གིས་རྒྱ་ནག་དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་འོག་ནས་སྡོད་ཀྱི་ཡིན་ཟེར་བའི་བར་ལ་ཁྱད་པར་ཆེན་པོ་འདུག་སྙམ། དཔེར་མཚོན་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། ཧོང་ཀོང་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ན་ཡོད་ན་ཡང་། རྒྱ་ནག་དམར་ཕྱོགས་ཚོགས་པའི་རྩ་ཁྲིམས་འོག་ན་མེད། ཧོང་ཀོང་གི་རྩ་ཁྲིམས་ནི་དམངས་གཙོ་རྒྱལ་ཁབ་དག་གི་འགྲོ་ལུགས་ཀྱི་རྩ་ཁྲིམས་བཞིན་རེད། རྒྱ་ནག་གི་རྩ་ཁྲིམས་འོག་ན་གཅིག་སྡུད་ལམ་ལུགས་ཀྱི་དབང་ཆ་ལས་། མི་དམངས་ཀྱིས་འོས་བསྡུ་ལམ་ལུགས་ཞིག་གི་དབང་ཆ་འཛིན་མཁན་ཞིག་ནམ་ཡང་བྱུང་མེད། གལ་སྲིད་དེ་ལྟར་བྱུང་མྱོང་བའི་རྩ་ཁྲིམས་ཞིག་ཡོད་ཚེ། ༨༩ལོའི་རྒྱ་ནག་གི་སློབ་ཕྲུག་ཚོས་གནམ་བདེ་སྒོ་མོ་ཆེ་ཡི་མདུན་ཐང་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་དགོས་དོན་མེད་ལ། ༤/༦/༡༩༨༩ ལོར་ཁྲག་གི་འཁོར་ལོ་སྐོར་བའི་དམར་གསོད་གཏོང་གི་འཇུག་དགོས་དོན་མེད།
ཁ་སང་དེ་རིང་བོད་ནང་གི་བོད་མིར་མཚོན་ནས་དཔེ་མཚོན་ཞིག་བཤད་ན་ཡང་། རྒྱ་ནག་གི་རྩ་ཁྲིམས་སུ་བོད་ཀྱི་འབྲོག་པ་ཚོ་གྲོང་ཁྱེར་ནང་མི་འདོད་བཞིན་དུ་བཙན་འདེད་བྱེད་པ་དེ་ཡང་རྒྱ་ནག་གི་བཅའ་ཁྲིམས་རེད། དེ་ཡང་ཁྱེད་ཀྱིས་ངོས་ལེན་བྱེད་དགོས། བོད་ཀྱི་འབྲོག་པ་ཚོ་རྒྱ་གཞུང་གིས་གྲོང་ཁྱེར་ནང་བཙན་འདེད་བྱེད་པའི་དམིགས་ཡུལ་གྱི་ཁྲིམས་གསར་བ་ཞིག་གཏན་ལ་ཕབ་པའི་རྒྱུ་མཚན་ཙམ་ཡང་ཤེས་ཀྱི་མི་འདུག་སྙམ། བོད་མི་ཚང་མས་རྒྱ་སྐད་བཤད་དེ་རྒྱ་རིགས་དངོས་མ་ཞིག་བཟོ་འདོད་པ་དེ་སྲིད་སྐྱོང་བློ་སེང་གི་དབུ་མའི་ལམ་ཡིན་ནམ།
སྲིད་སྐྱོང་མཆོག་གིས་དབུ་མའི་ལམ་གྱི་འབྱུང་ཁུངས་དང་དེའི་འགྲོ་ལུགས་སོགས་གང་ནས་བྱུང་བ་ཡང་ཤེས་མེད་དམ། ཡང་ན་ཁོ་རང་གིས་བོད་མི་ས་ཡ་དྲུག་གི་སྣེ་ཁྲིད་པ་ནས་བཟུང་དབུ་མའི་ལམ་ཞིག་གསར་གཏོད་བྱས་པ་རེད། དེ་མིན་གུང་ཁྲན་ཏང་གིས་ང་ཚོའི་བཙན་བྱོལ་གཞུང་ལ་བློ་མཐུན་ཞེས་འབོད་འདོད་མེད་ཀྱང་། ཁོས་གུང་ཁྲན་ཏང་ལ་བློ་མཐུན་ཞེས་འབོད་བཞིན་པ་ཁོས་གསུང་བཤད་དེའི་ཤུགས་ལས་རྟོགས་ཐུབ། ཡིན་ཡང་ཐབས་སྐྱོ་བ་ཞིག་ལ། བོད་མི་ས་ཡ་དྲུག་གིས་གུང་ཁྲན་ཏང་ལ་བློ་མཐུན་ཞེས་བའི་ཐ་སྙད་འདི་སེམས་ངོར་མ་འཐད་པར་རང་ལུས་མེར་སྲེག་དང་རྔམ་སྟོན་ཁྲོམ་སྐོར་རབས་དང་རིམ་པ་བྱས་ཡོད། ད་རུང་ཡང་རྒྱུན་མ་ཆད་པར་ངོ་རྒོལ་བྱེད་བཞིན་ཡོད། ཐ་ན་རྒྱ་ནག་གི་མི་དམངས་ཚོའི་ནང་ན་ཡང་གུང་ཁྲན་ཏང་ལ་བློ་མ་མཐུན་པའི་དབང་གིས་ངོ་རྒོལ་དང་འགས་གཏོར་མང་པོ་བྱེད་བཞིན་ཡོད།
ཞི་བདེའི་གཟེངས་རྟགས་བཞེས་མཁན་ལོའུ་ཞོ་པོ་ཡིས་ཀྱང་རྒྱ་ནག་གི་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་པའི་བསམ་ཚུལ་སོགས་བྲིས་པ་ལ་བརྟེན་ནས་བཙོན་ཁང་དུ་ཚུད་པ་རེད། འདི་དག་ཚང་མ་རྒྱ་ནག་གི་རྩ་ཁྲིམས་འོག་ན་བདེ་སྐྱིད་མེད་པར་ངོ་རྒོལ་བྱས་པ་ཞིག་ལས་བཙོན་ཁང་དུ་འགྲོ་འདོད་དབང་གིས་ཆོད་མེད་ཀྱི་སྐད་ཆ་བཤད་དེ་བཙོན་ཁང་དུ་ཚུད་པ་ཞིག་ག་ལ་ཡིན། རྒྱ་ནག་གི་རྩ་ཁྲིམས་འོག་ན་ཐོབ་ཐང་ཞིག་རྩོད་དབང་དང་བསམ་འཆར་ཞིག་བཤད་དབང་མེད་བཞིན་དུ། ད་རུང་རྩ་ཁྲིམས་དེའི་འོག་གི་ཐོབ་ཐང་གི་ཆེད་དུ་ཡིན་ཟེར་ན་ཅི་ཞིག་རྩོད་བཞིན་པ་དང་། ཅི་ཞིག་དགོས་ཀྱི་ཡོད་པ་ཡང་ང་ལྟ་བུས་ཤེས་དཀའ་བར་འདུག
ང་ཚོའི་སྲིད་སྐྱོང་བློ་སེང་གིས་འདི་ཙམ་ཡང་མཁྱེན་གྱི་མེད་སྟབས། སྲིད་སྐྱོང་བློ་སེང་དང་ཁོའི་ལས་རོགས་བཀའ་བློན་ཚོར་བཀའ་ཁྲི་ཟུར་བ་ཟམ་གདོང་རིན་པོ་ཆེ་ཡིས་དབུ་མའི་ལམ་གྱི་འགྲོ་ལུགས་དམར་ཁྲིད་བྱེད་རན་འདུག་སྙམ།
ངས་འདི་ལྟར་བཤད་ཚེ་དྲ་གྲོགས་མང་པོ་ཞིག་དང་། བཀའ་ཤག་སྐབས་༡༤་ཚོར་སྤྲོ་སྣང་མེད་པར་གདོང་ལ་གཉེར་མ་འགའ་བསྡུ་སྲིད་མོད། འོན་ཀྱང་སྲིད་སྐྱོང་གི་དབུ་མའི་ལམ་ནི་སྔོན་ཐོས་མ་མྱོང་བའི་དབུ་མའི་ལམ་གསར་བ་ཞིག་ཏུ་སྣང་བར་བསམ་ཚུལ་བཤད་ཤོར་སོང་བས་དགོངས་འགལ་མེད་པར་ཞུ་རྒྱུ་ལས་ཐབས་ཅི་ཡང་མི་འདུག
སྔོན་ལྷ་དང་་ཀླུ་་་་དྲི་ཟ་སོགས་ལ་བློ་འདྲི་བྱས་ནས་དེས་བསྐོར་དྲ་ལམ་ལ་གཏོང་འདུག། ད་ཟབ་སྦྱོང་ཟེར་ན་ཡང་སྔོན་བློ་འདྲི་མ་བྱས་པའི་ གནོད་སྦྱིནདང་
སྲིན་པོ་ འབྱུང་པོ རོ་ལོངས ཡི་དག ཐེར་རང་་ བཅས་ཀྱི་ཡང་གཅིག་ལབ་ཡོད་མདོག་འདུག།
ཟབ་སྦྱོང་རྒན་ལ་ནམ་མཁའ་རང་གདན་ཞུ་གནང་ན་ག་འདྲ་འདུག
ཕེབས་ཐུབ་ཀྱི་ཡོད་པས།
ཧ་ཧ་ཧ་།
རྩེད་མོ་ཡིན།
རེད་རེད། ཉེ་ཆར་ཨ་རི་ནས་སྲིད་སྐྱོངས་མཆོག་གིས་གསར་འགོད་པར་ལན་ཐབས་ཆག་ཞེ་དྲགས་བཏབ་སོང་། དེར་ཨ་རི་བ་མང་པོ་མགོ་འཐོམས་པར་བྱས་པའི་རྩོམ་ཡིག་ཀྱང་རེ་ཟུང་མཐོང་རྒྱུ་འདུག།
ནམ་མཁས་ཅང་མགོ་འཚོས་མི་འདུག གནད་དོན་འདི་རིགས་གནད་དོན་རྟོགས་ཏེ་གླེང་རྒྱུ་གལ་ཆེན་རེད། ངས་བལྟས་ན་སྲིད་སྐྱོང་དང་ནམ་མཁའ། ཀརྨ་ཆོས་འཕེལ་གསུམ་ལ་མཉམ་དུ་ཟབ་སྦྱོང་ཞིག་སྤྲོད་དགོས་ཀྱི་མེད་འགྲོ
ཟབ་སྦྱོང་དགེ་རྒན་ལ་ཤར་ཁུག་ཡག་གི་རེད། གང་མགྱོགས་ཀྱིས་བཀའ་ཤག་གི་ལས་ཁུང་སྟེང་ལ་སྐར་ལྔའི་དར་དམར་འཛུགས་ཀྱི་རེད།
ཚོགས་གཙོར་བྱམས་དབྱངས་ནོར་བུ་དང་ཚོགས་གཞོན་དུ་ཤར་ཕྱོགས་ཁུག་རྟ༌༌༌༌༌༌ ཨ་ནི་སྒུག་ཨ་ཨཨཨ་ ཁྱེད་རང་དྲུང་ཡིག་བྱེད་ལོ
སྲིད་སྐྱོང་ལ་ཟབ་སྦྱོང་སྤྲོད་དགོས་ས་མང་ནི་རེད། བོད་ཡིག་ཀློག་སྟངས། བོད་ཀྱི་ཐུན་མིན་གྱི་རིག་གནས་རྨང་གཞི།
༧གོང་ས་ཡབ་སྲས་གཉིས་ཀྱི་ཤེས་ཡོན་སྲིད་བྱུས་ཁག་ལོག་ལམ་དུ་མི་འཁྲིད་པའི་ཟབ་སྦྱོང་ཞིག་སྤྲོད་རན་ཐག་ཆོད་འདུག
སྲིད་སྐྱོང་ལ་ཁ་བཏང་མ་བཏང་མི་འདུག་བསམ། སྲིད་སྐྱོང་གི་བཤད་སྟངས་ནོར་སོང་ན་སྲིད་ལད་པ་རེད། ཡིན་ནའང་། སྲིད་སྐྱོང་ལ་དེ་ལྟ་བའི་རང་མགོ་རང་རྒྱ་ཞིག་ཨེ་ཡོད་བསམ། སྤྱིར་རྒྱབ་ལྗོངས་གཏིང་ཟབ་ས་ཞིག་ནས་ང་ཚོ་བཙན་བྱོལ་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་གཏོང་བཞིན་པའི་སྣང་བ་ཞིག་ཡོང་གི་འདུག
རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིས་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་ཅེས་པའི་ཚིག་འདི་ནི། གོང་ས་མཆོག་དང་མཁས་དབང་ཟམ་གདོང་རིན་པོ་ཆེ་གཉིས་ཀས་ཡང་ནས་སྐྱར་དུ་གསུང་ཟིན་པ་ཞིག་རེད། སྲིད་སྐྱོང་གིས་དེ་ལས་ལྷག་པ་ཞིག་གང་ཡང་གསུང་མི་འདུག རྒྱ་ནག་གི་རྩ་ཁྲིམས་ནང་ན་མི་རིགས་གཅིག་གྱུར་དང་སྐད་རིགས་གཅིག་གྱུར་བྱེད་དགོས་པ་ཞིག་གང་ན་འདུག དོན་ཚན་འདིའི་ནང་ན་འདུག་ཅེས་གསལ་པོ་བཤད་རྒྱུ་ཡོད་དམ། རྒྱ་ནག་གི་རྩ་ཁྲིམས་གཞིར་བཞག་བྱས་ན་གྲངས་ཉུང་མི་རིགས་ལ་སོ་སོའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་ཡོད་རབས་མང་པོ་གོ་མྱོང་བ་ལས། སྐད་རིགས་དང་མི་རིགས་གཅིག་གྱུར་དགོས་པ་ཞིག་དེ་རིང་བར་དུ་གོ་མ་མྱོང་། ཧོང་ཀོང་ལ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་འདི་ནི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་མིང་བྱང་འོག་ནས་ལོ་ལྔ་བཅུའི་རིང་ལ་དམིགས་གསལ་སྤྲད་བཞག་པ་ཞིག་ཡིན་པ་ཡོངས་གྲགས་རེད། མ་གཞི་ནས་དཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་དང་། རྒྱ་ནག་དམར་ཤོགས་ཚོགས་པའི་རྩ་ཁྲིམས་ཞེས་པའི་ཁ་ཁ་ཞིག་ཡོད་པ་གོ་མ་མྱོང་། རྒྱ་གཞུང་གིས་ལག་བསྟར་བྱེད་ཚད་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་བྱས་པ་ཞིག་མིན་པ་ཡོངས་གྲགས་རེད། བོད་ཀྱི་འབྲོག་པ་གནས་སྤོའི་སྲིད་ཇུས་འདི་ཡང་བོད་པ་ཚོ་བཅུན་བདེ་བའི་ཆེད་དུ་བྱས་བཞག་པ་ཞིག་ལས་རྩ་ཁྲིམས་ཀྱི་དགོངས་དོན་ལྟར་བྱས་པ་ཞིག་ཡིན་ཚོད་མ་རེད། རྒྱ་ནག་གིས་ལས་ཀ་བྱས་ཚད་རྩ་ཁྲིམས་ཀྱི་དགོངས་དོན་ཡིན་ན་བོད་རིགས་ཉེས་མེད་མང་པོ་བཙོན་འཇུག་དང་མནར་བཅོད་བཏང་བཞིན་པ་འདི་ཡང་རྩ་ཁྲིམས་ཀྱི་དགོངས་དེ་རེད་དམ།
སྐུ་ཞབས་ལུང་རྟོགས་ལགས། དང་པོ་ཁྱེད་རང་ལ་ཡང་དྲི་བ་འགའ་འདྲི་འདོད་བྱུང་བས་དེ་དག་ལ་རིམ་བཞིན་ལན་འདེབས་གནང་བའི་རེ་བ་ཡོད། ༧གོང་ས༧་མཆོག་གིས་གསུངས་བའི་དབུ་མའི་ལམ་གྱི་སྒྲོམ་གཞིའམ་རྨང་གཞི་གང་ཞིག་གཞི་བྱས་ཏེ་ཡོང་པ་རེད།
གཉིས་པ། ང་ཚོས་རྩོད་བཞིན་པའི་མིང་དོན་མཚུངས་བའི་རང་སྐྱོང་འདི་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་འགྲོ་ལུགས་ཞིག་ཡིན་ནམ། ཡང་ན་རྒྱ་ནག་གུང་ཁྲན་ཏང་གིས་བཟོས་བའི་བཅའ་ཁྲིམས་འོག་གི་འགྲོ་ལུགས་ཞིག་ཡིན། གསུམ་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་བསྡད་ཀྱི་ཡིན་ཟེར་བ་དང་། གུང་ཁྲན་ཏང་གིས་བཟོས་བའི་རྩ་ཁྲིམས་འོག་ནས་བསྡད་ཀྱི་ཡིན་ཟེར་བ་གཉིས་པ་ཁྱད་པར་མེད་དམ། དེ་རིང་གི་རྒྱ་ནག་གི་རྩ་ཁྲིམས་དེ་རྒྱ་དམར་ཕྱོགས་ཚོགས་པས་བཟོས་བའི་རྩ་ཁྲིམས་ཞིག་ཡིན་ནམ། རྒྱ་ནག་རྒྱལ་ཁབ་ཆགས་པ་ནས་བཟོས་བའི་རྩ་ཁྲིམས་ཞིག་རེད། དེ་རིང་གི་རྒྱ་ནག་རྒྱལ་ཁབ་ཀྱི་ཁྲིམས་ཀྱི་སྒྲོམས་གཞི་དང་གུང་ཏང་གིས་བཟོས་བའི་ཁྲིམས་ཀྱི་སྒྲོམས་གཞིའི་བར་ལ་ཁྱད་པར་ཞིག་ཡོད་དམ།དེ་རིང་གི་རྒྱ་ནག་རྒྱལ་ཁབ་འདི་གུང་ཁྲན་ཏང་གིས་བཟོས་བའི་ཁྲིམས་ཀྱིས་དབང་བསྒྱུར་གྱི་ཡོད་དམ།
འདི་དག་ལ་ལན་འདེབས་གནོངས་དང་རིམ་གྱིས་བགྲོ་གླེང་བྱས་ཆོག
ཧཧ་་་་ ཁྱེད་ཚོས་བརྩམས་ཆ་རེ་ཆོ་རེ་ཞིག་འབྲི་ཤེས་ཀྱི་ཡོད་ཟེ་ནས་ལམ་སེང་མི་ལ་སྐྱོན་བརྗོད་འདྲ་བྱེད་ ཁ་ནས་བཤད་པ་ལས་སླ་པོ་
རེད་ དངོས་སུ་ལག་བསྟར་བྱེད་རྒྱུ་དཀའ་ལས་ཡོད་ནི་རེད་ དེ་ལས་ཁ་རོག་སྡོད་ན་བཟང།
རྒྱ་ནག་གི་རྩ་ཁྲིམས་འོག་ཏུ་བསྡད་དགོས་ན། ད་ལྟ་ང་ཚོས་རྩ་ཆེན་བརྩི་བཞིན་པའི་མང་གཙོའི་ལམ་ལུགས་འདི་གང་འདྲ་བྱེད་དགོས་ཀྱི་ཡོད་དམ་སྙམ། རྒྱ་ནག་གི་རྩ་ཁྲིམས་ནང་ང་ཚོས་བསམས་པའི་མང་གཙོ་འདི་འདྲ་རང་ཨ་ཡོད་སྙམ། མང་གཙོ་མེད་ན་ཆོལ་གསུམ་བོད་མིའི་རང་དབང་དང་ཐོབ་ཐང་གི་འགན་ལེན་ཇི་ལྟར་ཐུབ། ད་མགོ་ན་ཡི་འདུག
རྒྱ་ནག་དམར་པོའི་སྲིད་གཞུང་འདི་ཡི་འོག་ནས་ང་ཚོ་ལ་མང་གཙོ་ཞིག་ག་པར་ག་པར་ ཨོ་ད་ཡིན་ན་དངོས་གནས་མགོ་ན་ཡི་འདུག་ ཨརརར་་་་
ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་སྡོད་ཀྱིན་ཡིན་ཟེར་བ་དང་།
གུང་ཁྲན་ཏང་གིས་བཟོས་པའི་རྩ་ཁྲིམས་འོག་ནས་སྡོད་ཀྱིན་ཡིན་ཟེར་བ་གཉིས་ལ་ཁྱད་པར་ཡོད་པ་མ་རེད་བསམ་གི་འདུག
དེ་གཉིས་གཅིག་པ་གཅིག་རྐྱང་། ཆུ་ལ་ཆུ་བཞག་པ་ནང་བཞིན་རེད།
ནམ་མཁའ་ལགས་ཁྱོད་དེ་རིང་བཀའ་ཤག་ནས་གདན་འདྲེན་ཞུ་བཞིན་འདུག
སྲིད་སྐྱོང་ལགས་ལ་ཟབ་སྦྱོང་དེ་གནང་རོགས་ཟེར། ཆུ་ཚོད་ཕྱེད་ཀའི་རིང་ལ་ཡིན་ཟེར། གླ་དངུལ་ཨ་རིའི་VISAཞིག་ཐབས་ཤེས་གཏོང་ཆོག་ཟེར།
སྐུ་ཉིད་གང་མྱུར་ཕེབས་གནང་ཞུ།
སྲིད་སྐྱོང་མཆོག་གིས་བོད་སྐད་ཐོག་གསུངས་པའི་བཀའ་གསུང་ལ་དེ་ཙམ་ཆ་འཇོག་བྱེད་རྒྱུ་མེད་པ་འདྲ། ཁོང་བོད་སྐད་ལ་ཧ་ཅང་ཞན་པོ་རེད། བོད་སྐད་ཀྱི་ཐ་སྙད་མང་པོ་ལ་རྒྱུས་མེད་པ་མ་ཟད་ལྷག་པར་དུ་ཆབ་སྲིད་དང་འབྲེལ་བའི་བོད་ཀྱི་ཐ་སྙད་རྣམས་ལ་ཆ་རྒྱུས་མི་འདུག་་་་ངས་བསམ་ན། ཁོང་གིས་ཆབ་སྲིད་དང་འབྲེལ་བའི་གལ་ཆེའི་གཏམ་བཤད་གནང་དགོས་ཚེ་དབྱིན་སྐད་ཐོག་གསུང་ན་ཧ་ཅང་དགེ་མཚན་འདུག་དྲན་བྱུང་།
ནམ་མཁའ་ལགས། ངའི་དྲི་བ་ལ་ལེན་མེད་དོན་ཅི་ཡིན་ནམ། ཁྱེད་ཀྱིས་རྒྱ་གཞུང་གི་རྩ་ཁྲིམས་ལ་ལྟ་མྱོང་ངམ། སྐད་ཆ་དྲང་པོ་ཞིག་ཤོད་དང་། ཁྱེད་ཀྱི་དྲི་བའི་ལན། དབུ་མའི་ལམ་གྱི་སྒྲོམ་གཞི་ནི་གཉིས་སྨན་རེད། དེའི་དོན་ནི་བོད་པ་རྒྱ་གཞུང་གི་འོག་ནས་ཁ་བྲལ་འགྲོ་མ་དགོས་པར་རྒྱ་ནག་གི་མངའ་ཁོངས་སུ་སྡོད་རྒྱུ་དང་། ད་ལྟ་བཞིན་དུ་བོད་ལ་རང་དབང་གཏན་ནས་མེད་པ་མ་ཡིན་པར། བོད་རང་གི་སྐད་ཡིག་དང་སྲུང་སྐྱོབ་དང་། རིག་གཞུང་དར་སྤེལ། འཁོར་ཡུག་སྲུང་སྐྱོབ་དང་། དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ནང་སྲིད་ཀྱི་དབང་ཆ་ཡོངས་རྫོགས་བོད་མི་རང་ལ་ཡོད་དགོས་པ་དེ་འདྲ་ཞིག་རེད་མ་གཏོགས་དམངས་གཙོའི་སྐད་ཆ་ཞིག་ཡོད་པ་མ་རེད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་འདི་ནི་རྒྱ་གཞུང་གིས་ཧོང་ཀོང་ཚུར་ལེན་ཆེད་གཡོ་སྒྱུའི་སྐད་ཆ་ཞིག་ལས་དོན་དམ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པ་ཞིག་ཡོང་ཐབས་མེད་པ་རེད། ཁྱོད་རང་གིས་ལྟོས་དང་། འཛམ་གླིང་འདིས་སྟེང་ན་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཡོད་པ་རྒྱ་གཞུང་ལས་གཞན་སུ་འདུག་གམ། དཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིས་འོག་ལ་སྡད་ཀྱི་ཡིན་ཞེས་པ་དང་། གུང་ཁྲན་ཏང་གིས་བཟོས་པའི་རྩ་ཁྲིམས་འོག་ལ་སྡད་ཀྱི་ཡིན་ཞེས་པ་གཉིས་ད་ལྟའི་དུས་སུ་གཅིག་པ་རེད། ད་ལྟའི་དུས་སུ་གུང་ཁྲན་ཏང་གིས་བཟོས་པའི་རྩ་ཁྲིམས་ནི་དཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་རེད། དེས་ན་དཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ཏུ་སྡད་ཕྱིན་ཆད་གུང་ཁྲན་ཏང་གི་རྩ་ཁྲིམས་འོག་ལ་མ་སྡད་རང་སྡད་རེད། རྒྱ་ནག་རྒྱལ་ཁབ་ཆགས་པ་ནས་བཟོས་པའི་རྩ་ཁྲིམས་ཞེས་པ་ཞིག་ཡོད་མི་སྲིད་པ་རེད། རྒྱ་ནག་གོང་མ་ཚོའི་དུས་སུ་ཡང་རྒྱལ་ཐོག་རེ་རེ་བཞིན་རྩ་ཁྲིམས་འགྱུར་བ་སོང་ཡོད་པ་རེད་ལ། དེ་ཚོ་ཚང་མ་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཡིན་དགོོས་པ་ལས། རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཞེས་པ་ཞིག་ལོགས་སུ་མེད་པ་རེད། གུང་ཁྲན་ཏང་གི་རྩ་ཁྲིམས་ཡང་དེ་ལས་མ་འདས་པ་རེད། དེ་རིང་གི་རྒྱ་ནག་རྒྱལ་ཁབ་དབང་བསྒྱུར་བའི་ཁྲིམས་འདི་ནི་གུང་ཁྲན་ཡང་གིས་བཟོས་པའི་ཁྲིམས་རེད།
དགེ་སྐོས་ཕེབས་ཤག་ཚོགས་གཏམ་ཞིག་བཏང་སོང།
སྲིད་སྐྱོང་བློ་སེང་གིས་དངོས་གནས་གསར་གཏོད་གནང་གི་འདུག་ག
ཧཧཧཧཧཧཧཧཧཧཧཧཧ་་་་་་་་་་ད་ཡིན་ན་བོད་མའི་རེ་བ་བཅོལ་ས་སྟོང་པ་སྟོ་རྐྱང་རེད།
ད་བློ་སེང་གི་ཨབ་ཕྲུག་ཚོས་ནམ་མཁའ་སོགས་ཀྱང་ཤར་ཕྱོགས་ཁུག་རྟ་ཡིན་ཟེར་འདོད་ཡོད་ངེས་རེད། ཧཧཧཧཧ ཤར་ཕྱོགས་ཁུག་རྟས་སྲིད་སྐྱོང་གི་མདུན་ལམ་གླེང་བ་དེ་ད་ནོར་མི་འདུག་གཱ སྐྱག་རྫུན་དང་ཕྱོགས་རིས་ཀྱིས་ཁུངས་འཁྱོལ་ན་འཛམ་གླིང་འདི་སྙིང་རྗེ། བོད་མི་རིགས་སྙིང་རྗེ། ཧཧཧཧ
སྐུ་ཞབས་ལུང་རྟོགས་ལགས། ངས་རྒྱ་ནག་གི་རྩ་ཁྲིམས་ལོ་མང་པོའི་ཡར་སྔོན་སྦྱངས་མྱོང་ཡོད། ཡིན་ཡང་སྐབས་དེ་དུས་ཀྱི་ཁྲིམས་དང་བོད་ནང་གི་རང་དབང་། ཧོའུ་ཆིན་ཐའོ་ནས་བཟུང་བའི་དེ་རིང་བར་གྱི་ཁྲིམས་དང་རང་དབང་བར་ལ་ཧེ་བག་ཆེན་པོ་བྱུང་བ་རེད། མི་རིགས་གཅིག་གྱུར་དང་སྐད་ཡིག་གཅིག་གྱུར་ཁྲིམས་ལག་བསྟར་་ཕལ་ཆེར་༢༠༡༠ནས་བྱས་པ་རེད། བོད་ཀྱི་འབྲོག་པ་ཚོ་གྲོང་ཁྱེར་ནང་བཙན་འདེད་བྱས་པ་༢༠༠༥/དང༢༠༠༦ནས་འགོ་འཛུགས་བྱས་ཡོད། དེ་དག་ཚང་མ་ནི་རྒྱ་ནག་གིས་བཟོས་བའི་ཁྲིམས་རེད་མ་གཏོགས། ས་གནས་ལས་བྱེད་པའི་བོད་ཀྱི་འཁོར་ཡུག་ལ་བསམ་བློ་བཏང་བ་ཞིག་རྩ་བ་ནས་མ་རེད། ཁྲིམས་དེ་དག་གཏན་འབེབས་ཧོའུ་ཆིན་ཐའོ་ནས་གཏན་འབེབས་བྱས་པ་རེད། དེ་དག་མཁྱེན་དགོས། རྒྱལ་ཁབ་རེ་རེ་ལ་སྲིད་འཛིན་གསར་བ་རེ་སླེབས་དུས་ཁྲིམས་གསར་བ་རེ་འོང་གི་ཡོད། དེ་བཞིན་རྒྱ་ནག་མང་གཙོའི་རྒྱལ་ཁབ་ཞིག་ལ་འགྱུར་བར་དུ་དེ་རིང་གི་རྒྱ་ནག་རྩ་ཁྲིམས་འོག་ནས་ཐོབ་ཐང་ཞིག་དང་མི་རིགས་རང་སྐྱོང་ཞིག་རྩོད་འདོད་ཀྱང་རྩོད་དབང་མེད་པ་གསལ་བོ་རེད། དེས་རྐྱེན་༧གོང་ས༧་མཆོག་གིས་གསུངས་བའི་དབུ་མའི་ལམ་གྱི་རྨང་གཞི་དེའི་ནང་གུང་ཁྲན་ཏང་གི་རྩ་ཁྲིམས་འོག་ནས་འདུག་གི་ཡིན་ཅེས་ནམ་ཡང་གསུངས་མེད་སྙམ། གཅིག་བྱས་ན།མ་མཐོང་ཕྱིར་ན་མེད་པ་མིན།།གསུངས་པ་ལྟར་སྐུ་ཉིད་ཀྱིས་ཐོས་ཡོད་སྲིད། གང་ལྟར་ངས་བསམ་ཚུལ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་འོག་ནས་བསྡད་ཀྱི་ཡིན་ཟེར་བ་དང་གུང་ཁྲན་ཏང་གིས་བཟོས་བའི་རྩ་ཁྲིམས་འོག་ནས་བསྡད་ཀྱི་ཡིན་ཟེར་བ་གཉིས་ཀྱི་བར་ལ་ཁྱད་པར་འདུག་སྙམ། གལ་སྲིད་གུང་ཁྲན་མང་གཙོའི་ངོ་བོའི་ལམ་དུ་སོང་བའི་ཉིན་མོ་གུང་ཁྲན་ཏང་གིས་བཟོས་བའི་རྩ་ཁྲིམས་ལ་འགྱུར་བ་རང་བཞིན་གྱིས་སླེབས་ཡོད། དེ་དུས་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་མིང་དོན་མཚུངས་བའི་རང་སྐྱོང་ཞིག་དང་ཐོབ་ཐང་ཞིག་རྩོད་བཞིན་པ་དེ་རེད་སྙམ། དེ་མིན་འཛམ་གླིང་གི་དམར་ཕྱོགས་རྒྱལ་ཁབ་ཆ་ཚང་ན་འགྲོ་བ་མིའི་ཐོབ་ཐང་མི་འདུག་ཅེས་འཛམ་གླིང་གི་སྐད་རྒྱག་བཞིན་པ་ཡང་རྩ་བ་དམར་ཕྱོགས་ཡིན་པའི་རེད། དམར་ཕྱོགས་དེ་འདྲ་ཞིག་འོག་ནས་ང་ཚོའི་ཐོབ་ཐང་ཞིག་དང་རང་སྐྱོང་ལེན་འདོད་པ་དེ་དང་དེའི་འོག་ནས་བསྡད་ཀྱི་ཡིན་ཟེར་བ་གཉིས་ནང་འགལ་ཚ་གྲང་འཐབ་པ་ལྟ་བུ་ཞིག་རེད་སྙམ། ད་ཐེངས་དེ་ཙམ་གྱིས་ཆོག་པར་ཞུ།
ཨ་དཀོན་མཆོག་མཁྱེན་འདི་ན་ཡང་ཨ་རི་རྨི་ལམ་བཏང་ནས་visaམ་རེག་པར་སྡུག་སྐད་དྲ་ཐོག་ཕུད་འདུག
ངོ་མ་གཡག་ནི་གཡག་འདྲ་བ་ཞིག་རང་རེད། མི་ཚོས་བོད་མིའི་བདེ་སྡུག་གླེང་ས་ཞིག་ན་ཁོས་ཨ་རིར་འགྲོ་མིན་ཐུབ་མིན་གྱི་སྡུག་སྐད་རྒྱབ་ནས་འདུག ཧཧཧཧཧངོ་མ་མི་ཟེར་བ་འདི་དགོད་སྤྱད་རེད།
ནམ་མཁའ་ལགས། ངས་གོང་དུ་དྲིས་པ་བཞིན་མི་རིགས་དང་སྐད་རིགས་གཅིག་གྱུར་བཟོ་དགོས་པའི་ཁྲིམས་དེ་འདྲ་ཞིག་ཡོད་ན། རྒྱ་ནག་གི་རྩ་ཁྲིམས་དོན་ཚན་གང་དུ་ཡོད་པ་རེད། གསལ་པོ་གཅིག་གསུང་རོགས། ངས་ཀྱང་དེ་འདྲའི་ཁྲིམས་ཤིག་ཡོད་མེད་ལྟ་འདོད་ཡོད་ལ། དྲ་གྲོགས་གཞན་གྱིས་ཀྱང་ལྟ་འདོད་ཡོད་ངེས་རེད། གོང་ས་མཆོག་གིས་གུང་ཁྲན་ཏང་གི་རྩ་ཁྲིམས་འོག་ལ་སྡད་ཀྱི་ཡིན་ཞེས་གསུང་ཡོད་མེད་མི་ཤེས་ཀྱང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིས་འོག་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་ཅེས་ཐེང་མང་པོ་གསུང་ཡོད་པ་རེད། སྲིད་སྐྱོང་གིས་ཀྱང་དེ་ལས་ལྷག་པ་ཞིག་ཅང་གསུང་མི་འདུག ཁྱེད་ཀྱིས་རྒྱ་གཞུང་གིས་བོད་ནང་ལག་ལྟར་བྱེད་ཚད་རྩ་ཁྲིམས་ཀྱི་དགོངས་དོན་ཡིན་པ་ལྟ་བུ་ཞིག་གསུང་གི་འདུག འོན་ཀྱང་རྒྱ་གཞུང་གིས་བོད་ནང་ལ་ལག་ལྟར་བྱེད་བཞིན་པ་མང་པོ་ཞིག་རྒྱ་གཞུང་རང་གི་རྩ་ཁྲིམས་དང་རྒྱབ་འགལ་བྱེད་ཀྱི་ཡོད་པ་བོད་དང་ནུབ་ཕྱོགས་ཀྱི་སྲིད་དོན་པ་མང་པོས་བཤད་ཀྱི་འདུག་ན་འདི་དག་ཚང་མ་རྫུན་བཤད་ཨེ་རེད། དེ་འདྲ་མིན་ན་འབྲོག་པ་གནས་སྤོས་ཀྱི་སྲིད་ཇུས་འདི་དག་རྩ་ཁྲིམས་ཀྱི་དགོངས་དོན་ཡིན་པ་ཇི་ལྟར་ཤེས་ཐུབ། ད་ལྟའི་དུས་སུ་དཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིས་འོག་ལ་སྡད་ན་གུང་ཁྲན་ཏང་གི་རྩ་ཁྲིམས་འོག་ལ་མ་སྡད་པར་འགྲོ་ས་མེད་པ་དངོས་ཡོད་རེད། དེས་ན་གུང་ཁྲན་ཏང་གི་རྩ་ཁྲིམས་འོག་སྡོད་མ་འདོད་ན་རྒྱ་ནག་དམངས་གཙོ་མ་གྱུར་བར་བོད་རྒྱ་འབྲེལ་མོལ་བྱེད་ཐབས་མེད་པ་རེད། འོན་ཀྱང་གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ་སྲིད་སྐྱོང་བློ་སེང་སོགས་གནད་ཡོད་ཚང་མས་བོད་རྒྱ་འབྲེལ་མོལ་སང་ཉིན་བྱས་ན་ཡང་བྱེད་ཆོག་ཆོག་ཡིན་པར་གསུང་གི་འདུག ལར་ནས་རྒྱ་ནག་གི་རྩ་ཁྲིམས་ནང་དུ་ཐོབ་ཐང་མང་པོ་ཞིག་འཁོད་ཡོད་ཀྱང་རྒྱ་གཞུང་གིས་ཁྲིམས་ལྟར་ལག་ལེན་ལྟར་གྱི་མེད་པ་འཛམ་གླིང་ཡོངས་གྲགས་ལྟ་བུ་རེད། ང་ཚོས་མིང་དོན་མཚུངས་པའི་རང་སྐྱོང་དགོས་ཤེས་བཤད་དགོས་དོན་ཡང་འདི་ལ་ཐུག་ཡོད་པ་རེད་སྙམ།
ལུང་རྟོགས་ལགས། ངས་བཤད་བཞིན་པའི་ཁྲིམས་དེ་དག་རྩ་ཁྲིམས་ཀྱི་དོན་ཚན་གང་དུ་ཡོད་མེད་གསལ་བོ་བཤད་ཀྱི་མེད། ཁྲིམས་དེ་དག་ནི་ཁྱོད་ང་གཉིས་ཕྱི་ལོགས་སུ་ཐོན་རྗེས་སུ་གཏན་འབེབ་བྱས་པ་དག་རེད། ཡིན་ཡང་སྲིད་སྐྱོང་གིས་བཤད་ཟིན་པའི་གཏམ༼བོད་ནང་གི་བོད་མི་ཚོའི་ཆེད་དུ་མང་གཙོ་རྩོད་ཀྱི་མེད༽ཟེར་བ་འདི་༧གོང་ས༧་མཆོག་གིས་ནམ་ཡང་གསུངས་མྱོང་མེད་ལ།མ་འོང་པ་ཡང་གསུངས་ཀྱི་མ་རེད།
ང་ཚོས་བོད་ནང་གི་བོད་མི་ཚོའི་ཆེད་དུ་སྨྲ་བརྗོད་རང་དབང་དང་གསར་འགོད་སོགས་དམངས་གཙོ་ཀ་བ་གསུམ་རྩོད་ཀྱི་ཡོད་དམ་མེད། དེ་དག་རྩོད་ཀྱི་མེད་ཚེ་ཕྱི་ལོགས་ནས་སྐད་འབོད་བྱེད་དགོས་དོན་མེད་ལ།བོད་ནང་ནས་རང་སྲོག་གཏོང་དགོས་དོན་ཡང་མེད། ངས་བསམ་ཚུལ་ལ་སྲིད་སྐྱོང་གིས་དམར་ཤོག་གི་འོག་ན་སྨྲ་བརྗོད་རང་དབང་མེད་པ་ཙམ་ཡང་ཤེས་ཀྱི་མེད་པར་སྙམ། གང་གིས་ཟེར་ན། དམར་ཤོག་གིས་ཕྱིའི་ཁྲོམ་ལ་བསྟན་པའི་ཁྲིམས་ཞིག་དང་།གྲངས་ཉུང་མི་རིགས་ཐོག་དངོས་སུ་ལག་བསྟར་བྱེད་ཆོག་པའི་ཁྲིམས་ཞིག་ཡོད་པ་ད་རུང་ཤེས་ཀྱི་མེད་པ་གསལ་བོ་རེད། གྲངས་ཉུང་མི་རིགས་ཐོག་དངོས་སུ་ལག་བསྟར་བྱེད་ཆོག་པའི་ཁྲིམས་ཡོངས་ཁྱབ་གསལ་བསྒྲགས་ཀྱི་ཁྲིམས་ཞིག་མིན། གང་ལྟར་གུང་ཁྲན་ཏང་གི་འོག་ནས་ནམཐོབ་ཐང་ཞིག་རྩོད་ལེན་བྱེད་པ་འདི་རྨི་ལམ་རང་རེད་སྙམ། དེ་ནི་ཞིན་ཅིན་ཕེན་གྱིས་རྒྱ་ནག་གི་རྨི་ལམ་ཟེར་བ་དང་གཅིག་མཚུངས་རེད། ཁ་གསལ་རུ་བཏང་ནས་བཤད་ན།རྒྱ་ནག་དམངས་གཙོ་འགྱུར་བའི་ཉིན་མོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་ཆོལ་གསུམ་རང་སྐྱོང་ཚད་ལྡན་གྱི་ལམ་ཁ་འགྲོ་བའི་རེ་བ་ཡོད་ལ། དེ་དུས་ཐོབ་ཐང་ཞིག་ཀྱང་བརྩད་ཆོག་གི་རེད།དེ་དུས་གུང་ཁྲན་ཏང་གིས་བཟོས་བའི་དེ་རིང་རྩ་ཁྲིམས་ཀྱི་སྒྲོམ་གཞི་དེ་འགྱུར་ནས་དམངས་གཙོའི་སྒྲོམ་གཞི་གསར་བ་ཞིག་བཟོས་ཡོད།དེ་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་འོག་ནས་རང་སྐྱོང་ཚད་ལྡན་ཟེར་ན་ཆོག དེ་མིན་དེ་རིང་གི་རྒྱ་ནག་གི་སྒྲོམ་གཞིའི་འོག་ནས་ནམ་ཡང་རང་སྐྱོང་ཚད་ལྡན་ཞིག་དང་ཐོབ་ཐང་སྤྲད་པའི་རེ་བ་ཞིག་ཡོད་པར་མི་འདོད། དེས་རྐྱེན་སྲིད་སྐྱོང་གིས་དབུ་མའི་ལམ་གསར་བ་ཞིག་གསར་གཏོད་བྱས་པ་དང་གཅིག་མཚུངས་རེད་ཅེས་བཤད་ཀྱི་ཡོད། དེས་རྐྱེན་ཁོ་ལ་དབུ་མའི་ལམ་གྱི་ཟབ་སྦྱོང་ཞིག་སྤྲོད་རན་འདུག་ལབ་ཀྱི་ཡོད།གལ་སྲིད་དག་གིས་ཁྱེད་དང་དྲ་གྲོགས་ཚོར་ཕོག་ཐུག་སོང་ཡོད་ཚེ་དགོངས་དག་ཞུ་རྒྱུ་ཞིག་ལས་ཐབས་གཞན་མེད།གང་ལྟར་སྐུ་ཉིད་འདིར་ཕེབས་ནས་བགྲོ་གླེང་ལྷུག་པོར་གནང་བ་ཐུགས་རྗེ་ཆེ་ཞུ།
སྲིད་སྐྱོང་མཆོག་ལ་ཟབ་སྦྱོང་མ་སྤྲས་གོང་ལ་གནས་སྐོར་འཁོད་པའི་ཨར་སེལ་དེ་ཟོ་རོག་གནང་ཐུགས་བརྗེ་གཟིགས་དེ་མིན་ན་++++++++++++
སྲིད་སྐྱོང་མཆོག་་གིས་་འུར་བཤད་ལ་དགའ་དྲག་ནས། ལོ་ངོ་འདི་དག་རིང་གྲུབ་འབྲས་གང་ཡང་འཐོན་མ་སོང་། ལར་ནས་༧ གོང་ས་མཆོག་གི་དུས་རབས་ཕྱེད་ལྷག་རིང་སྐུ་ལས་སྐྱོན་པའི་གྲུབ་འབྲས་ཤུགས་ཆེར་མ་འཐོན་པར། ཁོས་ལོ་ལྔ་་ནང་གྲུབ་འབྲས་ག་འདྲ་ཞིག་ཐོན་སྲིད་ཀྱི་རེད། མི་དེ་ཧམ་པ་ཚ་བོ་རེད་འདུག
དེ་རིང་འདི་ནས་གདོན་འདྲེ་འདྲ་བོ་མུག་གེ་ཤི་སོང་བའི་རྣམ་ཤེས་མང་པོ་མཐོང་ཡ་འདུག
ཨ་རི་རྨི་ལམ་བཏང་ནས་visaམ་རེག་པར་ཤི་སོང་བའི་རྣམ་ཤེས་དང་རྒྱ་གར་གྱི་r.cམེད་ལ་ཤི་སོང་བའི་རྣམ་ཤེས་མང་པོ་འདིར་འཛོམས་འདུག ཨ་ལགས་ཀླུ་སྨྱོན་ཚང་ཕེབས་ནས་རྣམ་ཤེས་འདི་ཚོ་ཡར་མར་གང་ལ་འདྲེན་དགོས་ན་ཐུགས་རྗེ་གཟིགས་རོགས་ཞུ།
ནམ་མཁའ་ལགས། ཁྱེད་རང་གིས་རྒྱ་ནག་གི་རྩ་ཁྲིམས་ནང་ལ་མི་རིགས་དང་སྐད་ཡིག་ཅིག་གྱུར་དགོས་པར་འཁོད་ཡོད་ཚུལ་གྱི་རྫུན་རྐུབ་འདི་ནས་རྡོལ་སོང་། སྲིད་སྐྱོང་གིས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་མེད་མི་ཤེས་ལ། བཤད་ཡོད་པའི་དབང་དུ་བཏང་ཡང་ཧང་སང་དགོས་པ་གེ་མ་རེད། ང་ཚོས་བོད་ཆོལ་ཁ་གསུམ་གཅིག་གྱུར་གྱི་རང་སྐྱོང་གི་ཐོབ་ཐང་རྩོད་ཀྱི་ཡོད་པ་ལས་དམངས་གཙོ་རྩོད་ཀྱི་མེད་པ་གསལ་པོ་རེད། འོ་ཡ་ད་མང་པོ་བཤད་འདོད་མེད། གང་ལྟར་ཁྱེད་རང་གི་སྐད་ཆ་དེ་དག་སྲིད་སྐྱོང་ལ་མི་དགའ་སྡང་ཟུག་ཙམ་ཡིན་པ་ཤེས་སོང་།
ལུང་རྟོགས་ལགས། སྲིད་སྐྱོང་དང་ཁྱེད་ལྟ་བུ་དག་ལ་ཕོག་ཐུག་འགྲོ་མིན་ལ་མ་བལྟས་བར་གསལ་བོ་དམར་རྗེན་བཤད་ན། ཁྱེད་ཚོ་༧གོང་ས༧་མཆོག་གིས་གསུངས་བའི་དབུ་མའི་ལམ་དང་ཆེས་ཤིན་ཏུ་རྒྱང་རིང་བོ་རེད།
ཁྱེད་ཚོས་དམར་ཤོག་འོག་ནས་སྡོད་ཀྱི་ཡིན་ཟེར་བ་འདིས་བོད་གཞི་བྱེས་གཉིས་ཀ་དམར་ཤོག་རུ་བསྒྱུར་འདོད་པ་དེ་རེད།དམར་ཤོག་འོག་ནས་བསྡད་འདོད་ན་གུང་ཁྲན་ཏང་ཁྲི་ལོར་ཤོག་ཟེར་ནས་བོད་ལ་ལོག་མི་འགྲོ་བ་ག་རེ་རེད། ད་ཐེངས་སྲིད་སྐྱོང་ཀྱིས་བོད་ནང་གི་གཞི་ལུས་མི་དམངས་ཀྱི་སེམས་སུ་ཕོག་ཐུག་འགྲོ་བའི་སྐད་ཆ་བཤད་ཡོད་པ་འཛམ་གླིང་ན་མི་རིགས་དབྱེར་མེད་ཀྱིས་གླེང་བཞིན་ཡོད། རྒྱ་ནག་གིས་མི་རིགས་གཅིག་གྱུར་དང་སྐད་རིགས་གཅིག་གྱུར་གྱི་ཁྲིམས་བཟོས་མེད་ན་བོད་ནང་གི་སློབ་དེབ་ཚང་མ་རྒྱ་ཡིག་གི་ལམ་ནས་ཁྲིད་དགོས་པ་གཏན་འབེབ་བྱས་ཏེ་སློབ་ཕྲུག་ཚོས་སྐད་འབོད་བྱས་པ་ཁོང་ཚོ་སྨྱོས་པ་ཨེ་རེད།ད་རུང་ཁྱེད་ཚོས་བོད་ནང་གི་གནས་སྟངས་ཡག་པོ་མགོ་མ་འཚོས་ནས་ཕྱི་ལོགས་སུ་རི་བོང་ཅལ་འདྲོགས་ཀྱི་གཏམ་བཤད་བཞིན་ཡོད་པ་རེད།སྲིད་སྐྱོང་གིས་འདི་ཙམ་ཡང་ཤེས་ཀྱི་མེད་སྟབས་དབུ་མའི་ལམ་གྱི་ཟབ་སྦྱོང་སྤྲོད་དགོས་ཀྱི་འདུག་ཟེར་གི་ཡོད། ང་རང་སྒེར་ནས་སྲིད་སྐྱོང་ལ་སྡང་ཟིག་བྱེད་དགོས་དོན་མེད་ལ་དགའ་སྣང་ཡང་བྱེད་ཀྱི་མེད།ཡིན་ཡང་སྐད་ཆ་དྲང་མོ་བཤད་འདོད་བྱུང་ནས་བཤད་པ་ཡིན།ཁྱེད་དང་སྲིད་སྐྱོང་སོགས་ལ་ཕོག་ཐུག་སོང་ཡོད་པ་ཐེ་ཚོམ་མི་འདུག་པས་མི་འདོད་བཞིན་དུ་དགོངས་དག་ཞུ་རྒྱུ་ཡིན། སྲིད་སྐྱོང་ཁོ་རང་གཞི་བྱེས་གཉིས་ཀྱི་མགྲིན་ཚབ་པ་ཞིག་ཡིན་པ་ངོས་དགོས། ཡིད་ལ་གང་དྲན་དྲན་མ་གསུངས་རོགས་ཅེས་སྲིད་སྐྱོང་ལ་ཞུ་རོགས།
ལམ་དབུ་མ་ཆུ་ནག་སྟོང་དཀྲོག།།ཆུ་དཀྲོག་ནས་མར་ལོ་མི་ཐོན།།ལམ་དབུ་མ་ཞ་ཉེའི་འབུག་རེད།།རྣོ་འདོན་པའི་རེ་བ་མི་འདུག
ནམ་མཁའ་ལགས། ཉེ་ཆར་གོང་ས་མཆོག་གིས་ཨོ་སི་ཊིར་ལི་ཡར་རྒྱ་རིགས་རྣམས་དང་མཇལ་འཕྲད་གནང་སྐབས་ཀྱི་བཀའ་མོལ་དེ་ལ་གཅིག་ཉོན་དང་། རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིས་འོག་འདུག་གི་ཡིན་པ་གསལ་པོ་གསུང་འདུག དངོས་སུ་མིག་མཐོང་ལག་ཟིན་ཡིན་བཞིན་དུ་ད་དུང་སྲིད་སྐྱོང་གི་དབུ་མའི་ལམ་གོང་ས་མཆོག་དང་འདྲ་ཡི་མི་འདུག་ཅེས་སྐྱོན་འཛུག་བྱས་ན་དེ་ནི་ངོ་ཚ་མེད་པའི་བྱ་སྤྱོད་ལས་ཅི་ཡང་མིན། ང་ལ་མཚོན་ན་སྲིད་སྐྱོང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་ལས་གཞན་འབྲེལ་བ་གང་ཡང་མེད། འོན་ཀྱང་སོ་སོའི་དབུ་ཁྲིད་ལ་རྒྱབ་སྐྱོར་བྱེད་རྒྱུ་འདི་བོད་མི་ཞིག་གི་ལས་འགན་ཡིན་པར་བསམ་ཡོད། གཞི་རྩ་དང་གནས་ལུགས་ཡོོད་པའི་སྐྱོན་རྗོད་ཅིག་ཡིན་ན་སྲིད་སྐྱོང་མ་དགོས་གོང་ས་མཆོག་ལ་སྐྱོན་བརྗོད་བྱས་ཀྱང་ངོས་ལེན་བྱེད་ཐུབ། འོན་ཀྱང་བོད་མི་ཞིག་གིས་བོད་མི་མང་གིས་མང་མོས་ཚད་མཐོན་པོའི་སྒོ་ནས་གདམ་པའི་སོ་སོའི་དབུ་ཁྲིད་ལ་གཞི་རྩ་མེད་པའི་སྐྱོན་ཞིག་འདོག་རྒྱུ་ཅི་སྙེད་བྱེད་པ་འདི་ནི་འོས་སུ་མ་བབ་པ་ཞིག་རེད་ལ། ངོས་ལེན་བྱེད་ཐུབ་པ་ཞིག་མ་རེད། དེས་ན་དེ་སྔ་ཡན་ཆད་ལ་ཡང་འདིས་རིགས་ལ་ཁ་གཏད་ཅགས་པ་ཡིན་ལ། མ་འོང་པར་ཡང་མུ་མཐུད་ནས་ཁ་གཏད་གཅག་གི་ཡིན། བདེ་མོ།
འོས་སུ་བབ་པ་ཞིག་མ་རེད་ཅེས་བཅོས།
ལུང་རྟོགས་ལགས། རྒྱུ་མཚན་ལ་མ་ལྟོས་བར་ཁ་གཏད་གཅོག་གི་ཡིན་ཟེར་བ་དེ་ཡང་དག་ཞིག་མ་རེད།
པད་མ་འཕྲིན་ལས་ལགས། རྒྱུ་མཚན་སུ་ལ་འདུག་གོང་གི་བགྲོ་གླེང་དེ་ལ་ཡག་པོ་གཅིག་ལྟོས་དང་།
ཧ་ཧ་་་་ཧཧ་་ཧེ་ཧེ་།
ད་ང་ཚོས་སྲིད་སྐྱོང་སློབ་ཁྲིད་བྱེད་དགོས་ཀྱི་མ་རེད་ལ་ཁོང་ནང་བཞིན་ད་ལྟ་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཐོག་སློབ་སོྦྱང་མཁས་དཀོན་པོ་རེད། ཆབ་སྲིད་སློབ་སྦོང་བོད་མིའི་མདུན་ལམ་རྨོངས་དད་ཀྱི་ལམ་ནས་བླ་མ་དང་སྲུང་མ་ལ་རེ་བཅོལ་བྱེད་མཁན་གྱི་མི་རབས་དེ་ཚོ་ལ་བྱེད་ཐུབ་ན་ཡག་པོ་འདུག གང་ཡིན་ཟེར་ན་མ་འོངས་པ་ང་ཚོ་བོད་པའི་བདེ་སྡུག་ཆོས་ལུགས་པ་ཞིག་ལ་རེ་བ་མི་བྱེད་པའི་ཕན་ཐོག་ཡོང་ངེས་རེད།