ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
སྲིད་སྐྱོང་མཆོག་ལོན་ཌོན་དང་ཝ་ཤིང་ཊོན་ཌི་སི་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་གཏན་འཁེལ་བ།
ཕྱི་ལོ་༢༠༡༥ ཟླ་༡ ཚེས་༣༠ ནས་ཕྱི་ཟླ་༢ ཚེས་༧ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལྡི་ལི་དང་། ལོན་ཌོན། ཝ་ཤིང་ཊོན་ཌི་སི།བྷོས་ཊོན་བཅས་ས་གནས་ཁག་གཅིག་ཏུ་ཕྱོགས་ཕེབས་གནང་གཏན་འཁེལ་འདུག
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་ཕྱི་ལོ་༢༠༡༥ ཟླ་༡ ཚེས་༣༠ ཉིན་ག་གྷལ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་དང་། ཕྱི་ཚེས་༣༡ ཉིན་ལྡི་ལི་ཀི་རོ་རི་མལ་མཐོ་སློབ་ཀྱི་བོད་རིགས་སློབ་མ་རྣམས་ནས་གོ་སྒྲིག་ཞུས་པའི་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཏུ་གསུང་བཤད་གནང་རྒྱུ། ཕྱི་ཚེས་༡ ཉིན་ལྡི་ལི་ནས་ཛུ་རིཀ་བརྒྱུད་ལོན་ཌོན་ཕེབས་འབྱོར་གནང་རྒྱུ།
ཕྱི་ཚེས་༡ ནས་༣ བར་ཉིན་གྲངས་གསུམ་རིང་ལོན་ཌོན་ས་གནས་སུ་ལས་འཆར་དང་། ཕྱི་ཚེས་༤ ཉིན་ལོན་ཌོན་ནས་ཝ་ཤིང་ཊོན་ཌི་སི་ཕེབས་འབྱོར་གྱིས་ཕྱི་ཚེས་༤ ནས་༧ བར་ཝ་ཤིང་ཊོན་ཌི་སི་ཁུལ་གྱི་ལས་འཆར་ཁག་གྲུབ་རྗེས་ཕྱི་ཚེས་༩ ཉིན་བྷོས་ཊོན་དུ་མི་སྣ་མཇལ་འཕྲད་གནང་རྒྱུ།
ཕྱི་ཚེས་༡༠ ཉིན་བྷོས་ཊོན་ནས་མུ་ནིཀ་བརྒྱུད་ལྡི་ལིར་ཕེབས་ཐོན་དང་། ཕྱི་ཚེས་༡༣ ཉིན་ལྡི་ལི་ནས་ག་གྷལ་བརྒྱུད་རྡ་སར་ཕེབས་འབྱོར་གནང་རྒྱུ་ཡིན་འདུག
༧གོང་ས་མཆོག་ཨ་རིའི་རྒྱ་ཡོངས་ཇ་མཆོད་(national prayer breakfast)ལ་ཕེབས་རྒྱུ་ཡིན་པས། སྲིད་སྐྱོང་ཡང་དུས་དེ་དང་བསྟུན་ནས་ཡོང་དོན་ཡིན།
རྒྱལ་ཡོངས་ཇ་མཆོད།
ཕྱི་ཟླ་༢ པའི་ཚེས་༤ ཉིན་༧གོང་ས་མཆོག་ཨ་རིའི་རྒྱལ་སར་ཕེབས་ཏེ་ཉིན་གསུམ་རིང་བཞུགས་ཀྱི་ཡོད་ཚུལ་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐོན་འདུག་ན་ཡང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གསར་ལམ་གྱིས་གཙོས་པའི་བོད་ཀྱི་དྲ་ལམ་ཁག་དང་། འབྲེལ་ཡོད་ཨ་རིའི་དོན་གཅོད་ཁང་གི་དྲ་རྒྱ་སོགས་སུ་༧གོང་ས་མཆོག་ཨ་རིར་ཕེབས་ཀྱི་ཡོད་སྐོར་གྱི་གནས་ཚུལ་དེ་བསྒྲགས་འགོད་བྱས་མེད་དོན་ཅི་ཡིན་ནམ།
དོལ་ཚོགས་ཀྱི་ངོ་རྒོལ་ལ་སྐྲག་གི་ཡོད་ས་རེད། གང་ལྟར་རང་སེམས་ལ་ཉེས་པ་མེད་ན་གཤིན་རྗེ་ལ་འཇིགས་པ་མི་འདུག་ཅེས་བའི་ཁ་དཔེ་ལྟར་༧གོང་ས་མཆོག་གང་ལ་ཕེབས་རྒྱུ་ཡིན་པ་མི་མང་ལ་སྔ་ས་ན་བརྡ་བརྒྱབ་ན་བཟང་། ངས་༧གོང་ས་མཆོག་ཨ་རི་ཕེབས་རྒྱུ་ཡིན་པ་ཟླ་གཉིས་ལྷག་གི་སྔོན་ནས་གསར་ཤོག་ལས་གོ་ཡོད། ཡིན་ན་ཡང་གོང་ས་མཆོག་གི་དྲ་ངོ་ན་གཟི་བརྗིད་ལྡན་པའི་མཛད་རིམ་འདི་བཀོད་མི་འདུག སྐྲགས་རྒྱུ་གསང་རྒྱུ་མངས་དྲགས་ན་དོལ་ཚོགས་ཀྱི་ངུར་ཤུགས་དེ་བས་ཆེ་རུ་འགྲོ་བས་དེར་བསམ་བློ་གཏོང་རན་རེད།
ཧ་ཧ་ཧ་ཧ་་ཧ་ཧ་ཧ་ཧ་་དོལ་ཚོགས་ལ་སྐྲག་པ་རེད་ཟེར་་ཧ་ཧ་ཧ་ཧ་ཧ་་་་བྱིས་པ་སྣ་ལུག་་་
ཚོད་དཔག་གི་མྱོག་བཤད་དེ་ཚོ་གཡུག་ཤོགས། རྒྱུ་མཚན་ཚང་མ་ཚོད་དཔག་བྱེད་ནས་ཤེས་ཐུབ་པ་ཞིག་མ་རེད། དེ་ལས་གཉིད་སྐྱོད་པོ་ཞིག་ཁུག་དང་ཁེ་སང་རེད།
ད་ཕལ་ཆེར་རང་བཙན་ལག་དེབ་ཀྱི་ཁྲལ་དངུལ་དེ་རྫོགས་གྲབས་ཡོད་་་་འགྲོ་སོང་ཞེ་དྲགས་འདུག་་་དེང་སང་གནམ་གྲུའི་འཛིན་བྱང་ཡང་གོང་ཆེ་འདུག་་་་སེར་སྣ་ཞིག་ཤེས་ན་ཅི་མ་རུང
གོང་ས་མཆོག་ག་པར་ཕེབས་ས་རུ་སྲིད་སྐྱོང་འགྲོ་དགོས་པའི་རྒྱུ་མཚན་མེད་རང་མིང་ཆེད་དུ་རེད་བཙན་བྱོལ་སྒྲིག་འཛུགས་གི་འགྲོ་གྲོན་མང་ཆེ་བ་སྲིད་སྐྱོང་ཕྱོགས་བསྐྱོད་ལ་འགྲོ་ས་རེད་
ད་སྐྱིད་པོ་གཏོང་ཁེ་བཟང་རེད་མི་མང་ནས་གོ་སྐབས་སྤྲད་པ་རེད་། ལོ་གཅིག་ཟླ་བ་བཅུ་གཉིས་ནང་ལས་ཁུང་ལ་ཉི་མ་བཅུ་གཉིས་ཕེབས་ན་འགྲིག་པ་རེད་འཛམ་གླིང་ལ་སྐོར་བ་རྒྱབ་ནས་ད་དུང་ལོ་ལྔ་རྫོགས་མེད་ན་ཟླ་བའི་གྲོང་ཁྱེར་ནང་ཕེབས་ནས་རྒྱ་ནག་ལ་དབུ་མའི་ལམ་བརྔན་པ་སྤྲོད་་དང་དོན་དག་་འགྲུབ་ཡོང་ད་སྐྱིད་པོ་་གཏོང་ཁེ་བཟང་རེད་དབང་ཆ་ནི་ཡོད་དངུལ་ནི་ཡོད་ཧ་ཧ་ཧ་དུས་ཚོ་བསྐྱོལ་་་་་་་་་་་་་ད་དུང་ལོ་55རྫོགས་བཅུག་ཕོ་ཁྱོ་ག་རེད་བསོད་ནམས་རེད་ལས་དབང་རླུང་རྟ་རེད་ཡག་འདའ་།
མི་རིགས་ཤིག་གི་འཐབ་རྩོད་ཆེད་སྲིད་སྐྱོང་མཆོག་འཛམ་གླིང་གང་སར་བསྐྱོད་དགོས། དྲ་འབུ་ནག་ཞར་ཚོ་མ་དགའ་ནས་ཤི་སོང་རུང་ཐབས་ཤེས་ཡོད་ནི་མ་རེད།
ཞིབ་ནས་བལྟ་ན་སྲིད་སྐྱོང་མཆོག་ལས་དོན་བསྙད་དེ་ནང་དུ་གུང་སེང་བསྐྱོདབཞིན་ཡོད། སྐབས་འདིར་དངུལ་རེ་སློང་ནས་ཕྱིར་རྡ་སར་ཕེབས་ཐུབ་པའི་རེ་བ་ཡོད། འབྲེལ་མོལ་སླར་གསོ་མ་ཐུབ་ནའང་དངུལ་མང་པོ་བཟོ་ཐུབ་ཚེ་མ་འོངས་སྲིད་སྐྱོང་སུ་ཕེབས་སྐབས་དཔལ་འབྱོར་ཐོག་སེམས་ཁྲལ་བྱ་མ་དགོས་པར་ཆབ་སྲིད་ཐོག་ནུས་ཤུགས་ཆེས་དུས
ཚོད་གཏོང་རྒྱུར་དགེ་མཚན་ཡོད།
སྨྱོ་གཏམ་མ་བཤད་འུར་ལི་མགོ་ཚོ། སྲིད་སྐྱོང་ཞེས་གོ་ས་སྟོང་བ་ཞིག་སྤྱིན། ས་ཀྱོག་དེ་ནས་ཁང་སྟོང་ནང་སྡོད་དགོས་ཨེ་རེད། མ་གཞི་ཁྱེད་ཚོས་ཁ་ཡར་གྲགས་མར་གྲགས་གང་བྱས་ན་གོང་ས་མཆོག་ཁས་ལེན་པ་ཙམ་ལས་གཞན་སུ་གང་ཡིན་ན་ཡང་དམའ་འབེབ་དང་ཚིག་ངན་བརྗོད་ཀྱིན་འདུག། བཟང་ན་ངན་ན་སྲིད་སྐྱོང་བློ་སེང་ལ་གོང་ས་མཆོག་གིས་རྒྱབ་བསྐྱོར་ཡོད་རེད།་དེ་མ་བརྗེད་ལྟ་ལོག་ཚོ།
བོད་ཀྱི་སྲིད་སྐྱོང་རྒྱལ་འགྱུར་ཅིག
བདེན་པ་ཉིད་རྒྱལ་འགྱུར་ཅིག
བོད་ཀྱི་སྲིད་སྐྱོང་རྒྱལ་གྱུར་ཅིག་།
བདེན་པ་ཉིད་རྒྱལ་གྱུར་ཅིག་།
སྟོང་པ་ཉིད་རྒྱལ་གྱུར་ཅིག་།
དབུ་མའི་ལམ་རྒྱལ་གྱུར་ཅིག་།
རང་ཁ་རང་གསོ་རྒྱལ་གྱུར་ཅིག་།
ཆོལ་གསུམ་ཆིག་བསྒྲིལ་རྒྱལ་གྱུར་ཅིག་།
གསར་གཏོད་རྒྱལ་གྱུར་ཅིག་།
ལས་དཀའ་བྱེད་མ་དགོས་པར་སྨོན་ལམ་རྒྱབ་ནས་རྒྱལ་གྱུར་ཅིག་།
ནག་ཞར་ཚོའི་མ་མཐོང་ནས་སྤྲེ་ལས་ཤོད་།
སྨྱོ་ལབ་རྒྱབ་ནས་ལས་དཀའ་རག་ན་འགྲིག་འདུག་།
མང་གཙོ་རེད་བཤདཀྱི་རེད་བཤད་དགོས་པ་རེད་།
དམངས་གཙོ་གཅིག་བསྡུད་མ་རེད་།ཧ་ཧ་ཧ་།
སྲིད་སྐྱོང་ལ་པད་ལས་ཁྲབ་ནས་གང་ཡང་རག་གི་མ་རེད་།
ཧ་ཧ་ཧ་སྐྱོན་ཡོན་ཏན་གཉིས་ལ་མཛུབ་མོ་བཙུགས་དགོས་པ་རེད་དྲ་འབུ་ཚོ་
ཤེས་ཨེ་ཐི་ངོ་མའི་ཚེ་རིང་།
སྲིད་སྐྱོང་རྡ་སའི་རི་ཁུག་ལ་མཚམས་བསྡད་པ་ལས་གང་མང་ཕྱི་ལ་ཕེབསདགོས་རེད་ལ་ད་དུང་གོང་ས་མཆོག་ལྷན་གང་མང་ཕེབས་ནས་མཚན་སྙན་དེ་བས་ཆེ་རུ་གཏོང་ཐབས་འབད་དགོས་རེད་མ་གཏོགས་གོང་ས་མཆོག་མེད་ན་གང་ཡང་མེད་པ་ཆག་ཉེན་ཆེ།
དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་་གི་ལས་ཁུང་དེ་མཚམས་ཁང་ལ་ངོས་
འཛིན་དགོས་ཀྱི་ཡོད་པ་ཡིན་ནམ་།།
བདེན་པ་ཉིད་རྒྱལ་འགྱུར་ཅིག
བོད་ཀྱི་སྲིད་སྐྱོང་རྒྱལ་འགྱུར་ཅིག
རང་ཁ་རང་གསོ་འོངས་བར་ཤོག
གསར་གཏོད་བྱེད་ཐུབ་པར་ཤོག
ཆོལ་གསུམ་ཆིག་སྒྲིལ་རྟག་བརྟན་ཤོག