ཤར་ཕྱོགས་ཁུག་རྟ།
དཔལ་ལྡན་བཀའ་ཤག་གི་མཚན་འཁོད་
དེའི་རྐྱེན་གུས་པས་དེ་རིང་གི་
གཅིག་ནས་བཀའ་ཤག་གི་གསལ་བསྒྲགས་
གཉིས་ནས་གལ་སྲིད་མཛད་འཆར་དེ་འདྲ
གསུམ་ནས་༧གོང་ས་མཆོག་གི་མཛད་འཕྲིན་བྲེལ་ཆེ་བ་དུས་དབང་གནང་ལ་ཉེ་
2015། 8། 31། ཉིན།
ཤར་ཕྱོགས་ཁུག་རྟ།
དཔལ་ལྡན་བཀའ་ཤག་གི་མཚན་འཁོད་
དེའི་རྐྱེན་གུས་པས་དེ་རིང་གི་
གཅིག་ནས་བཀའ་ཤག་གི་གསལ་བསྒྲགས་
གཉིས་ནས་གལ་སྲིད་མཛད་འཆར་དེ་འདྲ
གསུམ་ནས་༧གོང་ས་མཆོག་གི་མཛད་འཕྲིན་བྲེལ་ཆེ་བ་དུས་དབང་གནང་ལ་ཉེ་
2015། 8། 31། ཉིན།
ངས་བསམ་ན་དེ་རེས་ཀྱི་དུས་དབང་འདི་སྲིད་སྐྱོང་གི་བསམ་བཏང་དྲན་སྐྱེས་ལས་བྱུང་བ་ཞིག་གཏན་གཏན་མ་རེད་ཅེས་ཐག་བཅད་དེ་བཤད་ཆོག་པ་ཞིག་རེད། གང་ལ་ཞེས་ན་སྲིད་སྐྱོང་དེ་ཉེ་པོ་ཡོད་མཁན་གྱི་ཆབ་སྲིད་པ་ཁག་གཅིག་གི་དེ་སྔོན་ནས་ཆབ་སྲིད་ཀྱི་དུས་འཁོར་དབང་ཆེན་ཞིག་གོ་སྒྲིག་བྱེད་དགོས་ཀྱི་འདུག་ཅེས་གོ་སྐབས་ནམ་བྱུང་ལ་བཤད་ཀྱང་བྱེད་མཁན་དེ་འདྲས་གཡོ་འོག་ཏུ་ཚུད་པ་དང་ཉམས་མྱོང་གི་ཕོངས་པའི་སྲིད་སྐྱོང་ཁོ་རང་ལ་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་པའི་འདེང་ཚོད་མེད་པ་དང་གཅིག རང་ཚུག་བརྟན་པོ་མེད་པ་བཅས་ལ་བརྟེན་ནས་དེ་རིང་གི་གནས་ཚུལ་འདི་བྱུང་བ་རེད།།
སྲིད་སྐྱོང་དང་ལ་བཅོས།
ཆེས་ཡིད་ཐང་ཆད་ས་ནི་གཞི་མེད་རྣམ་རྟོག་གི་སྐྱོན་འཛུགས་བྱེད་པ་འདི་རིགས་ཡིན། བདེན་དཔང་ཡོད་ན་གསལ་བོར་ཞིག་ཤོད་དང་རྒྱལ་ཁམས་ཀྱི་ཁ་ན་ཡེ་ཤེས་ཀྱི་སྤྱན་ཡོད་ཟེ་བ་རེད། གཞི་མེད་སྐྱོན་འཛུགས་འདི་རིགས་དཀྲོག་གཏམ་ཞིག་རེད་ལ། ཕུགས་དེད་ན་ཁྱེད་ཤར་ཀུག་གི་རང་མདོག་དེ་ལྷང་ལ་བུད་པ་ཙམ་རེད།
དུས་དབང་ཕྱིར་འགྱངས་གྱི་གནས་ཚུལ་འདི་ནི་བཙན་བྱོལ་ནང་གི་ཆབ་སྲིད་ཀྱི་རྩེད་མོ་རྩེ་སྟངས་ཤིག་རེད། དང་པོ་གནང་རོགས་ཞུས། གཉིས་པ་མ་གནང་རོགས་ཞུས། གནད་དོན་གང་ཡིན་ཟེར་དུས་སྐུ་ངལ་གསོ་ཆེད་ཡིན་ཟེར། དེ་ཡིན་ན་དང་པོ་ནས་དགའ་ལྡན་ཕོ་བྲང་དང་བཀའ་ཤག་གཉིས་ནས་ག་རེ་བྱས་ནས་མ་དྲན་པ་རེད། གཞིས་བྱེས་གཉིས་ཀྱི་མི་མང་ལ་རྩེད་མོ་རྩེ་བ་མ་རེད་དམ། ད་རེས་དགའ་ལྡན་ཕོ་བྲང་དང་བཀའ་ཤག་གཉིས་ནས་བཟོད་གསོལ་ཞུ་ས་དེ་ཐོག་དང་པོ་གཞིས་བྱེས་གཉིས་ཀྱི་མི་མང་ལ་ཞུ་དགོས་འདུག་དྲན།
གཅིག དུས་དབང་ཞུ་དགོས་པའི་རྒྱུ་མཚན་ཐད་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་སིད་ཚོང་བ་གཙོས་འདུས་སྡོད་གང་སར་ངོམ་འཕྱར་འགྲེལ་བཤད་གནང་བའི་ནོར་འཁྲུལ་རྣམས་ངོས་ཟིན་ཡོད་པ་ཞལ་བཞེས་མི་གནང་རུང་ངོས་ཟིན་ཡོད་པའི་རྣམ་འགྱུར་སྟོན་དགོས་པ་རེད་དྲན།
གཉིས། དུས་འཁོར་དབང་ཆེན་ཅིའི་ཕྱིར་ཕར་འགྱངས་གནང་བའི་གནས་ཚུལ་ངོ་མ་རྒྱ་ཆེའི་མི་མང་ལ་སྙན་གསེང་ཞུས་ཏེ། རང་ཉིད་ཀྱི་གཞི་རྩར་དྲང་བདེན་ཡོད་པའི་རྣམ་པ་བསྟན་ན་ཡག་པོ་རེད་བསམས།
གསུམ། ༧དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་ལ་ནན་ཞུས་ཀྱིས་བཀའ་ཤག་གིས་ཡར་ཞུས་ཏེ་ཕྱིར་འགྱངས་གནང་བ་ལྟ་བུའི་བཤད་སྟངས་བཟོས་ཏེ། བོད་མི་ས་ཡ་དྲུག་གཙོས་དད་ལྡན་མི་མང་ལ་དབུ་བསྐོར་བྱས་པའི་གནས་ཚུལ་འདི་སྲིད་སྐྱོང་ལགས་ཀྱིས་ངོས་བཞེས་ཀྱིས། རྒྱ་ཆེའི་མི་མང་གནས་ཚུལ་གང་ཡང་མི་མཁྱེན་མཁན་དུ་ལྟ་བའི་དགོངས་ཚུལ་དེ་ཕྱིར་བསྡུ་བྱེད་དགོས་པ་རེད་དྲན།
བཞི། གསལ་བསྒྲགས་གནང་སྐབས་བཀའ་ཤག་གི་ལས་ཤོག་དང་ལས་ཐམ་གང་ཡང་མེད་པའི་ཤོག་རྐྱང་ཤིག་གི་སྟེང་གསལ་བསྒྲགས་སྤེལ་བ་ནི། ༧གོང་ས་ཆེན་པོའི་རླབས་ཆེན་མཛད་འཕྲིན་ལ་གུས་བརྩི་མ་གནང་བ་མཚོན་པས་ངེས་པར་དུ་མི་མང་ལ་དགོངས་སེལ་ཞུ་དགོས་ངེས་རེད།
ལྔ། བཀའ་ཤག་གིས་ད་བར་༧གོང་ས་ཆེན་པོ་མཛད་བྲེལ་ཆེ་བ་མ་མཁྱེན་ཚུལ་མཛད་དགོས་དོན་དང། ཡང་གོང་ལ་སྙན་ཞུ་ཕུལ་གནས་འཁོད་པའི་འོབས་མ་འདུས་པའི་མི་མང་ལ་དབུ་བསྐོར་གནང་ཕྱོགས་འདི་དག་ལ་ཁུངས་བསྐྱེལ་གང་ཡང་མེད་པ་གསལ་བོ་ཡིན་སྟབས་བློ་བཟོ་ཡིན་པ་ཞལ་བཞེས་གནང་དགོས་པ་རེད་དྲན།
དྲུག ༧གོང་ས་སྐྱབས་མགོན་ཆེན་པོས་ཐུགས་རེ་གནང་བ་སོགས་བེད་སྤྱོད་ལོག་པར་བཏང་བའི་གནས་ཚུལ་མི་མང་ནང་ཡོངས་གྲགས་ཆགས་ཏེ། མི་མང་གིས་མ་བཟོད་ནས་སྙན་ཞུ་རིམ་ཅན་བཀའ་ཤག་དང་༧དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་དུ་ཕུལ་གནས་གསལ་བ་རྣམས་ལ་གསན་བཞེས་ཀྱིས་ནོར་འཁྲུལ་ངོས་ལེན་གནང་སྟེ། འབུར་དུ་ཐོན་པའི་གྲུབ་འབྲས་ཆེན་པོ་བཅུའི་མཉམ་ནོར་འཁྲུལ་འཐུས་ཤོར་བྱུང་བ་རྣམས་ཀྱང་མཉམ་བཀོད་ཐུབ་ན་དབུ་ཁྲིད་ཚད་ལྡན་ཤེས་ཡོན་ཅན་ངོ་མ་ཞིག་གི་གནང་སྟངས་ཡིན་སྟབས། དེར་དགོངས་བཞེས་གནང་རོགས་ཞེས་སྲིད་སྐྱོང་མཆོག་གི་སྙན་དབང་ག་ལ་བར་ཕུལ།།
ཡ་ད་ཁ་རྩང་ཁ་གཉིས་སྤེན་ཚེས་དངོས་སུ་བཤད་པ་དེ་ཟིན་ཐོ་བཀོད་ནས་དྲ་ཐོག་ཏུ་བཞག་དུས་ཁྲོས་ནས་འབར་ལ་ཁད་དུ་བྱེད་མཁན་དང་། སྐྱོན་འཛུགས་རྒྱབ་ལ་བཀྲས་ཐང་དང་རྒྱ་རི་གཉིས་ཡོད་ཚུལ་གྱི་ཚད་དཔག་རྩོམ་ཡིག་འབྲི་དུས་མི་ཆོག་མི་འགྲིག་ཟེར་ནས་གྲི་འཕྱར་འཕྱར་དུང་འབུད་འབུད་བྱེད་མཁན་དག་ཐོག་ཤོག ཤ་ཁུག་གི་ཚད་དཔག་རྩོམ་དེ་ཁྱེད་ཚོས་མིག་བགྲད་ནས་ལྟོས། ད་ངས་ཁྱེད་ཚོ་ལ་དྲང་བདེན་ཡོད་མདོག་དེ་དང་མཐུན་སྒྲིལ་དགོས་མདོག་བསྟན་པའི་ངོ་རིས་དེ་ལྟ་དགོས། ཡ་མཆན་བཀོད་དང་ཁུངས་ལུང་ཁུ་ཤོག་ཟེར་ནས་ཚ་འདྲི་གཏོང་དང་ངས་གཅིག་ལྟ།
ཤར་ཁུག་ཁྱོས་སྤྱི་འཐུས་བྱེད་དུས་འུ་ཚང་ལ་མི་རྫོགས་སོང་ནི་རེད་ཡ། དྲང་གཏམ་ཟིག་བཤད་ན། ཁྱོ་བལ་ཡུལ་ལ་ཡོང་ནི་ཨེ་དྲན་ཁུ། ཞིབ་འཇུག་ལ་ཡོང་ཟེེར་ནོ་རྫུན་རེད། ཁྱོ་དང་མདོ་སྨད་ཚོགས་གཙོ་གཉིས་བལ་ཡུལ་ལ་ཡོང་ནས་ཟ་ཁང་ཟིག་ན་འཇོ་ལ་ཁན་གཞིས་ཆགས་ཀྱི་བརྒྱ་དཔོན་ཡིན་ན། སྐུ་ངོ་ཡིན། མདོ་སྨད་པ་ཞིག་ཟ་ཁང་དེར་ཐུག་སྟེ། གྱ་སྟོན་ཆེད་འཛམ་གླིང་གང་ས་ནས་ཞལ་འདེབས་སློང་བའི་དངུལ་ལྷག་རྣམས་སྤེན་ཚེ་སྲིད་སྐྱོང་ལས་འགུལ་ཆེད་ལྐོག་རྔན་སྤྲད་སོང་པ། བརྒྱ་དཔོན་ལ་ཁྱོད་སྐུ་ངོ་རེད། མི་དམངས་ལ་ཚོགས་གཙོ་ཡག་པོ་རེད་ཟེར་སོང་ན་ཉན་ནི་རེད་སོགས་མང་པོ་མང་པོ་ཞིག་བཤད་ཐལ། ཟ་ཁང་ཡག་པོ་དང་མགྲོན་ཁང་ཡག་ནོ་ལ་བསྡད་ནས་གཞང་འཚོང་མ་སྐད་བཏང་། ཡར་ར་མར་ར་གཞུང་དངུལ་ཕོན་ཆེན་ཟིག་ལྐོག་ཟ་བྱས་ཐལ། ཨེ་དྲན་ཁུ། འདི་ལ་ང་ངོ་མ་དགའ་ཐལ་ན། ད་རུང་ཁྱོ་ཚང་ཡར་ར་མར་ར་མང་བ་ཟིག་སོང་ཚར་ནི་རེད། པར་དང་སྒྲ་འཇུག་བྱས་ཡོད། ཡི་གེ་ཟིག་གང་མགྱོགས་འགྲེམས་ནི་ཡིན། ངོ་མི་ཚ་གི་ན། སྲིད་སྐྱོང་ལན་འདེབས་ལ་ཤར་ཁུག་ཁྱོད་ཀྱི་མང་འཁོད་ནོ་རེད། དོན་ལ། གོ་སྒྲིག་བྱེད་ནོ་ཚང་མ་མདོ་སྨད་ཆོལ་ཁ་ཡིན་པ་ངས་ཤེས། མདོ་སྨད་ཆོལ་ཁ་བོད་མི་སྒྲིག་འཛུགས་ཀྱི་ཁ་གཏད་ཆགས་ནི་ཟིག་འབུམ་ཡག་ཁུ་ན། ཁྱོས་ལས་སྟངས་འདི་སེམས་སྐྱོ་ནི་ཟིག་རེད་ཡ། ངོ་མ་ཡིན། སྤེན་ཚེས་མི་བེད་སྤྱོད་སྟངས་དང་ཤར་ཁུག་གི་ལྐུགས་གཉིས་ཀྱི་ང་མདོ་སྨད་པ་ཟིག
ཡིན་ཟེར་ན་ངོ་ཚ་ཁུ། མདོ་སྨད་ཆོལ་ཁའི་དངུལ་སྤེན་ཚེ་ཆེད་གཞན་ལ་ལྐོག་ངན་སྤྲད་ཆོག་ན། ཀླུ་མཁར་བྱམས་ཀྱི་དོན་མི་འགྲིག་ནི་ཟིག་མེད་ཁུ་པ། བསྟན་པའི་དངོས་འགྲུབ་ཀྱིས་རང་ཚོད་ཟིན་ན་ཡག་ནི་རེད།
དེ་སང་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་གཅོག་མཁན་ནི་ཤར་ཁུག་གི་རྗེས་ལ་གབ་པའི་xxxxརྒྱུན་ལས་ལྷན་ཚོགས་རེད། ང་ལ་ཆ་རྒྱུས་ཡོད།
དུས་དབང་ཤ་སྟག་གནང་ནས་བོད་རང་བཙན་ནམ་བོད་དོན་ལ་མི་ཕན་པར་ཟུར་ལྟས་ལེབ་མཐོང་རེད། ཆོས་ཕྱོགས་མཛད་འཕྲིན་ཐ་དག་བོད་ཀྱི་ཆབ་སྲིད་ལ་ཁ་གཡར་བའང་རྫུན་མ་རྫུན་རྐྱང་རེད། བསམ་མེད་ཀྱི་མི་ངན་ཤར་ཁུག་ཟེར་བ་འདི་ཚོའི་རིགས་བོད་བསྟན་པ་དང་ཆབ་སྲིད་ལ་ལས་གནོད་པ་ཆེ་བར་རྒྱ་ཆེའི་དབྱེ་ཞིབ་པ་རྣམས་ཀྱིས་མཁྱེན་ཚར་བ་རེད།
འདི་ན་ལས་འབྲས་མི་བརྩི་བར་རྒྱུ་འབྲས་སྙོག་མཁན་གྱི་ནང་དཀྲུགས་མཁན་སུ་ཞིག་ཡོད་ན། མཆོག་གསུམ་བདེན་པའི་མཐུ་སྟོབས་ཀྱིས་ཁ་ནང་ལ་སྲིན་འབུ་འདེབས་པར་ཤོག
ཤར་ཁུག་ལ་འདེགས་འཇོག་བྱེད་མཁན་དཀོན་པོ་རེད། དཔེར་སྔ་ལོར་མདོ་སྨན་རྒྱུན་ལས་གསར་འདེམས་ནང་འོས་གྲངས་མིང་ཙམ་ལས་བླུགས་མཁན་མ་རག་པ་དེས་མཚོན་ཡོད། ད་དུང་ལབ་ཚད་རྫུནདང་བྱས་ཚད་རྐུ་ལས་བོད་དོན་ལ་ཕན་པའི་བརྗོད་ཚིག་རྩ་རྩེའི་ཟིལ་པ་ལས་ཀྱང་ཉུང་། དུས་ཀུན་དགྲ་ཤར་དང་གླུད་ནུབ་སྒོར་གཡུགས་ནས་ལོང་བའི་ཞ་འགྲོག་བྱེད་བཞིན་བོད་མི་རིགས་ཀྱི་རེ་བའི་དམིགས་ཡུལ་དང་ཁོག་པའི་སྙིང་ལྟ་བུའི་དཔལ་ལྡན་བཀའ་ཤག་གི་ལས་ལ་གང་ཡང་ལམ་མ་རྒྱུ་ན་བསམ་པའི་བྱོལ་སོང་ལྟ་ན་ལས་ཀྱང་ཐབས་སྡུག་པ་ཞིག་འཁྱེར་བཤད་ཡམ་འདི་ཚ་ཤ་ཡག་རང་རེད།
ད་རིང་སྲིད་སྐྱོང་གིས་དུས་འཁོར་དབང་ཆེན་ཕྱིར་འཐེན་བྱེད་པ་དེ་ནི་བསམ་བཞིན་དུ་ཁོ་རང་ལ་འོས་ཤོག་མ་བླུག་ཟེར་བ་དང་ཅི་མཚུངས་རེད། མི་རིགས་མང་པོར་གྱོང་གུད་ཚད་ལས་བརྒལ་བ་རགས་ཡོད། བོད་མི་མང་པོ་བློ་སེང་ལ་ཁོང་ཁྲོ་ལང་སྟེ་འོས་ཤོག་འཕེན་མཁན་ཉུང་དུ་འགྲོ་སྲིད་པ་རེད། ཅིའི་ཕྱིར་བློ་སེང་ཁོ་རང་ལ་བསམ་ནག་བྱེད་པ་རེད་དམ། དེ་མིན་པའི་གཞན་གྱིས་བློ་སེང་ནག་པོ་བཟོས་པ་རེད་དམ། ཡང་ན་བློ་སེང་སྨྱོ་རེད། ད་ནི་བློ་སེང་ཅི་བྱ་ལྟོས་མེད་དུ་གྱུར་ཏེ་བྲོས་བྱོལ་འགྲོ་དགོས་སར་ཐུག་འདུག
སྐལ་ཚེ་སྐལ་བ་དམན་དུས། སངས་རྒྱས་བདུད་ཀྱང་མཐོང་སྲིད།
བོད་པའི་གཏམ་དཔེར། དཔལ་འཛོམས་རྟག་པར་ངུ་བར། རྣམ་རྟོག་བྱེད་དོན་གང་ཡོད། ཟེར་བ་ལྟར་རེད། ཡིན་ནའང་ཤར་ཕྱོགས་ཁུག་རྟ་ཟེར་མཁན་འདི་ནི་ཁོ་རང་སྒེར་གྱི་འཁོན་འཛིན་ཡོད་པའི་སྲིད་སྐྱོང་མཆོག་གི་མཚན་འཁོད་ཡོད་པའི་དཔྱད་རྩོམ་དང་། གསལ་བསྒྲགས། གསར་འགྱུར་སོགས་མཐོང་ཚད་ལ་དགག་པ་རྒྱབ་རྐྱངདང་། སྤྱི་ཚོགས་དཀྲུགས་ཤིང་རྒྱབ་རྒྱུའི་སྐད་ཆ་ལས་བོད་སྤྱི་དོནལ་ཕན་པའི་བླང་དོར་གྱི་སྐད་ཆ་བཤད་པ་ཕལ་ཆེར་མཐོང་ཐོས་མེད་ཅེས་ལབ་ན་མ་འགྲིགས་པ་མེད། དེ་འདྲའི་མི་ཐ་ཤལ་ཞིག་འདུག་ གང་དྲག་། བོད་ནང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རྩ་ཆེའི་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས་རང་ལུས་མེར་སྲེག་བཏང་མཁན་རྒྱལ་གཅེས་པ་མང་ཆེ་བ་ཁྱོད་རང་དང་ལུང་ཚན་གཅིག་པ་མདོ་སྨད་ནས་རེད། ཁོང་ཚོའི་ས་ནས་སློབ་གསོ་འདྲ་ལེན་རྒྱུ་མི་འདུག་གམ། དེ་བཞིནབོད་མི་ཡོངས་ལ་བཀའ་དྲིན་གྱི་བདག་ཉིད་༧གོང་ས་
༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་ནེའུ་ཡོག་ཏུབཀའ་སློབ་་སྩལ་དོན། ད་ཆ་ཆབ་སྲིད་ཀྱི་འགན་དབང་སྲིད་སྐྱོང་ལ་ཡོད་པ་བཞིན་ཚགས་ཚུགས་ཐག་ཆོད་འདུག་ཅེས་བཀའ་སྩལ་བ་གོ་མ་བྱུང་ངམ།
ཡང་གསལ་བཤད་ཅིག་ཞུ་རྒྱུར། ང་ནི་སྲིད་སྐྱོང་མཆོག་དང་ལུང་ཚན་གཅིག་པ་མིན། དགའ་ཉེ་ཡང་མིན། སྒེར་གྱི་འབྲེལ་བ་གང་ཡང་མེད་པའི་རང་གི་ལུང་པ་དང་། མི་རིགས་ཀྱི་གནད་དོན་ལ་དོ་འཁུར་ཡོད་པའི་བོད་མི་ཞིག་ཡིན། ཡིད་འཆེས་ཡོང་བའི་རེ་བ་ཡོད།
བོད་ཀྱི་གསར་འགོད་པ་ཚོ་གནས་ཚུལ་སྤེལ་མཁན་གྱིས་ཡར་མར་གང་ལ་དེད་དེད་ཅིག་མ་གཏོགས། རང་ངོས་ནས་གནས་ཚུལ་དངོས་གནས་བཙལ་འཚོལ་མི་བྱེད་པ་འདི་ཡིད་སྐྱོ་བ་ཞིག་མ་རེད་དམ། དཔེར་ན། ཁ་སང་གསར་འགོད་གསལ་བསྒྲགས་སར་དྲི་བ་བཏང་མི་ཆོག་པ་བཟོ་དོན་ཅི་རེད། དེ་བཞིན་༧དགའ་ལྡན་ཕོ་བྲང་ཡིག་ཚང་དུ་བཅར་ནས་བཀའ་ཤག་གིས་ཡར་ཞུས་ནས་དུས་འཁོར་དབང་ཆེན་ཕྱིར་བསྣུར་གནང་བ་རེད་དམ་ཞེས་དྲི་བ་བཏང་སྟེ། རྒྱ་ཆེའི་མི་དམངས་དང་བདེན་པའི་ཕྱོགས་སུ་ལངས་ནས་གནས་ཚུལ་འདི་དག་ཁ་གསལ་གཏིང་གསལ་བཟོ་བའི་ཕྱག་ལས་ཤིག་གནང་ཐུབ་ན་དགའ་བ་ལ།
དྲ་གྲོགས་རྣམ་པ་ལྷན་རྒྱས་དང་། ལྷག་པར་སྐུ་ཞབས་བློ་བཟང་སེང་གེ་ལགས་ལ་ཞེན་ཁོག་བྱེད་མཁན་ཚོས་ཐུགས་ཁྲལ་ཁྱོན་ནས་གནང་མི་དགོས་པ་ཞིག་ནི། ངས་ད་བར་ཁོང་ལ་གཞི་མེད་ཀྱི་ཚིག་གཅིག་བཤད་མ་མྱོང་ལ། བཟང་བ་ལ་མངོན་བསྟོད། ནོར་བ་ལ་ཐེར་འདོན་གནང་རྒྱུ་ནི། རང་སྐྱོན་རང་གིས་ཤོད། ནོར་འཁྲུལ་མི་བཤད་དུ་ཆུག་ཅེས་པའི་དགོངས་གཞི་དང་ཡོངས་སུ་མཐུན་པ་ཡིན་པས། ཁྲིམས་དང་ལས་འབྲས་གང་གི་མདུན་སར་ཡང་ང་ཤར་ཕྱོགས་ཁུག་རྟ་མགོ་བོ་གནམ་ལ་དགྱེས་ཆོག་ཆོག་ཡིན་པ་ཐུགས་ཉར་གནང་རོགས། ངས་གང་བཤད་པའི་ཚིག་དོན་ཕུད་ཀུན་སློང་ལ་ཚོད་བགམ་བྱས་ཏེ་སྲིད་སྐྱོང་ལགས་ལ་འཁོན་འཛིན་བྱེད་ཀྱི་འདུག་ཟེར་བ་ནི་ཤེས་རིག་གི་བློ་ན་མ་རྒྱས་པའི་རྟགས་མཚན་ཡིན་སྟབས། དེ་འདྲར་ལན་འདེབས་གང་ཡང་མེད་ཅེས་ཞུའོ།
བློ་ཆོས་ཤར་ཁུག་རིག་ཚོ་མ་ཟིན་པའི་སྐད་ཆ་དེ་ཚོ་ཉན་འདོད་མེད་ལ་ལྷག་པར་དུ་བོད་བསྟན་པ་ཆབ་སྲིད་དོན་དུ་ཡིན་འདོག་གི་སྐད་ཆ་དེ་ཚོར་དེ་བས་ཀྱང་ཉན་འདོད་མེད། ཁྱོད་ཀྱིས་སུག་བྲིས་དང་བསམ་ནོའི་འཁྱེར་སྒོ་ཚང་མ་བོད་བསྟན་སྲིད་ལ་གནོད་པ་ལས་ཕན་པ་སྣེ་གཅིག་མི་ཡོང་བས་བཀའ་བསྟན་དཔང་དུ་འཛུགས་ཐུབ། དེ་བས་ད་ནི་རང་སྐྱོན་ངོས་ཟིན་པ་བྱོས།
ཤར་ཁ་རྟ་འདི་བ་ཆུ་དྭངས་རྙོག་རྒྱུར་ཧ་ཅང་དགའ་ནི་ཞིག་ཡིན་ཞེས་བདག་གིས་མང་པོ་བཤད་མྱོང་། ཁྱི་སྨྱོན་གྱིས་རང་གི་བདག་པོ་ལའང་སོ་བརྒྱབ་རྒྱུ་སྨྲོས་མེད་རེད། ཡབ་གཞིས་ཚང་ལ་སྨད། མི་མང་གིས་བསྐོས་པའི་སྲིད་སྐྱོང་ལ་སྨད་ཚུལ་སོགས་ལ་ལྟས་ན། ཁྱོད་ཀྱིས་བཀུར་སའི་སྲིད་དོན་པ་དང་ཤེས་ཡོན་པ་ཞིག་རང་ཉིད་མ་གཏོགས། གཞན་མེད་སོང་བ་ཨེ་ཡིན།
དུས་དབང་ཕྱིར་འགྱང་གི་རྒྱུ་མཚན་མང་དག་ཅིག་བདག་ཅག་གིས་དཔྱད་ན་ཤེས་རྒྱུ་ཞིག་རེད། ལས་འབྲས་ལ་ཡིད་ཆེས་པ་ཞིག་ཡིན་ན། ད་ཐེངས་སྐལ་བ་མེད་སོང་ནི་རེད། ལོ་ཚིགས་གསལ་བོ་མ་དྲན་གྱི་ར། རྡོར་གདན་དུས་དབང་ཅིག་གི་སྐབས་༸གོང་ས་མཆོག་ལ་ཟས་དུག་དྲངས་བས། བསྙུན་གཞི་བཞེས་ཏེ་དུས་དབང་ཕྱིར་འགྱང་དགོས་ཐུག་ཡོད། སྐབས་དེ་དུས་གཞིས་བྱེས་བོད་མི་གཙོས། ཧི་མ་ལ་ཡའི་རི་རྒྱུད་པ་དང་ཕྱི་རྒྱལ་བཅས་ནས་དད་ལྡན་འབུམ་ཕྲག་ལྷག་རྡོར་གདན་དུ་བཅར་ཟིན་པ་ཡིན། དེའི་ལན་པ་༸གོང་ས་མཆོག་ལ་ཡོད་དམ། ཡང་ན་བཀའ་ཤག སྦྱིན་བདག གོ་སྒྲིག་ཚོགས་པ། མངའ་སྡེ་གཞུང་། ༸སྐུ་སྲུང་བ་སོགས་སུ་ལ་ཡོད་དམ། ནང་པའི་བསླབ་པ་ལ་རྒྱུས་ལོན་ཅུང་ཡོད་ནི་ཞིག་ཡིན་ན། བླ་མས་བཀའ་དབང་བསྩལ་མི་བསྩལ་དེ། དད་ལྡན་ཆོས་ཞུ་བ་སྤྱིའི་བསོད་ནམས་ལ་ཐུག་ཡོད་པ་མ་གཏོགས། དེ་བ་ཚང་གིས་གཅིག་འགྲིགས་མ་སོང་། འདི་བ་ཚང་གིས་འཐུས་མ་སོང་ཟེར་བའི་སྐད་ཆ་དེ། ནང་ཆོས་ཀྱི་གོ་རྟོགས་དབེན་པའི་གང་ཟག་ཧ་ཅང་ཕལ་བའི་མ་རིག་པའི་རྙོག་བཤད་ཡིན་ལ། དེ་བས་བཀའ་དབང་སྲིད་ལ་འདྲེས་ཡོང་བ་དག་སྐབས་འཚོལ་བ་མངོན་སུམ་གྱིས་གྲུབ་ཡོད་པ་ནི། ཀླད་པ་ཡོད་ནོ་ཞིག་ཡིན་ན་ཤེས་སླ།