ཡོང་ཁུངས། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ
ཕྱི་ལོ་༢༠༡༤ ཟླ་༡༢ ཚེས་༢༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་རྣམས་ལ་གསུང་བཤད་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༤ ཡོལ་ཙམ་ལ་སྲིད་སྐྱོང་མཆོག་མོན་གྷོ་གཏན་སློབ་ཀྱི་རྒྱལ་གླུ་གཏོང་སའི་རྭ་བའི་ནང་ཕེབས་སྐབས་ལྷོ་སྤྱི་དང་། ས་གནས་འགོ་འཛིན། ས་འཐུས་ཚོགས་གཙོ། བརྒྱ་དཔོན་བཅས་ཀྱིས་ཕེབས་བསུའི་སྣེ་ལེན་ཞུས། དེ་ནས་ས་གནས་འགོ་འཛིན་གྱིས་ལས་བསྡོམས་སྒྲོགས་སྦྱང་གནང་བ་དང་ཆབས་ཅིག་ཚོགས་འདུའི་ངོ་སྤྲོད་ཀྱི་གསུང་བཤད་གནང་། དེ་ནས་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་ཡོངས་ལ་འཚམས་འདྲི་གནང་བ་དང་ལྷན་གསུང་བཤད་གནང་དོན། ང་ཕལ་ཆེར་ང་འདོད་རྒུ་གླིང་གཞིས་ཆགས་འདིར་བསླེབས་པ་ཐེངས་གསུམ་པ་ཆགས་ཡོད། དེ་སྔོན་ཐེངས་གཅིག་བསླེབས་སྐབས་མི་མང་དང་ཐུགས་རྒྱུ་བྱུང་མེད། བཀའ་ཤག་སྐབས་ ༡༤ པ་འདི་ལོ་ངོ་གསུམ་ལྷག་ཕྱིན་ཚར་ཡོད། ལོ་ངོ་དེའི་རིང་ང་གཞིས་ཆགས་ཁག་ལ་བསླེབས་སྐབས་ཆུ་དང་། གློག འགྲོ་ལམ། སློབ་གྲྭ སྨན་ཁང་བཅས་དགོས་ཀྱི་འདུག་ཅེས་ཞུས་པའི་ཐོ་རྣམས་ཆ་ཚང་བསྡུ་རུབ་བྱས་ནས་རེས་གཟའ་མིག་དམར་དང་པ་སངས་ཆར་ཅན་བཀའ་ཤག་ལྷན་རྒྱས་ཚོགས་ཀྱི་ཡོད་སྟབས། དེ་ཉིན་གཞིས་ཆགས་ཁག་གི་དགོས་མཁོའི་ཐོག་ཐག་གཅོད་བྱེད་ཀྱི་ཡོད།
དེ་ནས་ཕྱི་རྒྱལ་ཁག་ཏུ་ཕྱིན་ཏེ་ང་ཚོའི་གཞིས་ཆགས་ཁག་གི་དགོས་མཁོ་དེ་དག་བསྒྲུབ་ཆེད་རོགས་དངུལ་འཐབ་རྩོལ་བྱས། དེ་རྗེས་རོགས་དངུལ་གང་ཐོབ་པ་དེ་དག་གཞིས་ཆགས་ཁག་ལ་བགོ་འགྲེམས་བྱེད་ཀྱི་ཡོད། སྲིད་སྐྱོང་ཕྱི་རྒྱལ་ལ་འགྲོ་རྒྱུ་མང་དྲགས་ཀྱི་འདུག་བསམས་ན། ཨམ་སྡོང་ལ་ཨམ་སྐྱེས་ཀྱི་ཡོད་པ་མ་གཏོགས་དངུལ་སྐྱེས་ཀྱི་མེད་པ་ལྟར། རོགས་དངུལ་ཐབས་འཚོལ་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་དགོས་ཀྱི་འདུག ལོ་ངོ་གསུམ་པོ་འདིའི་རིང་ངས་བོད་མིའི་གཞིས་ཆགས་ཁག་ཡོངས་རྫོགས་དང་། སྒེར་ཚོགས་ཁག་ཕལ་ཆེར་མང་ཆེ་བ། སློབ་གྲྭ་ཁག་ཡོངས་རྫོགས་བསྐོར་ཟིན་པ་ཡིན། དེ་བཞིན་ཡུ་རོབ་དང་བྱང་ཨ་རི་ཁུལ་གྱི་བོད་མི་མང་ཆེ་བ་ཐུག་ཟིན་ཡོད། སྤྱི་ཡོངས་ཀྱི་གནས་སྟངས་ཧ་ཅང་ཡག་པོ་འདུག
སྔ་མོ་ཡིན་ན་ཕྱི་རྒྱལ་ཁག་ལ་ཚོགས་འདུ་ལ་སོགས་པའི་ཐོག་མི་རབས་རྒན་པ་ཚོ་མ་གཏོགས་འཛོམས་ཀྱི་མེད། དེང་སྐབས་བོད་མི་ཆེ་འབྲིང་ཆུང་གསུམ་ཚང་མས་རང་ལུགས་གཟབ་མཆོར་གྱོན་ཏེ་ཡོང་གི་འདུག ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་རྩིས་སྤྲོད་མཛད་རྗེས་བཙན་བྱོལ་ནང་གང་འདྲ་ཆགས་ཡོང་སྙམ་པ་དེ་སྣང་དག་མི་འདུག
བོད་མི་ཚང་མས་ཆབ་སྲིད་ཀྱི་ཐོག་དོ་སྣང་དང་འགན་འཁུར་ཧ་ཅང་ལེན་གྱི་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་མི་རྣམས་ཀྱི་འཁུར་བླངས་ཏེ་གཞིས་ཆགས་ཁག་གི་ནང་འཐུང་ཆུ་དང་འགྲོ་ལམ། གློག་སོགས་ཀྱི་ཆེད་རོགས་སྐྱོར་བྱེད་ཀྱི་ཡོད་པ་དེ་ཧ་ཅང་ཡག་པོ་རེད། ངས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་རྩིས་ལེན་ཞུས་རྗེས་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་འགྲོ་སྐབས། ཕྱི་རྒྱལ་དཔོན་རིགས་རྣམས་ནས་རྒྱ་ནག་གཞུང་གི་གནོན་ཤུགས་འོག་ངར་ཐུག་རྒྱུར་འཛེམ་ཟོན་བྱེད་སྲིད་ཀྱང་། ང་ཚོས་ཐབས་བྱུས་དང་འབད་བརྩོན་བྱས་མཐར་ད་ཆ་ཕྱི་རྒྱལ་ཡུལ་གྲུ་གང་དུ་ཕྱིན་ཡང་ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཐུག་རྒྱུས་མཚོན། གྲོས་ཚོགས་འཐུས་མི། གནད་ཡོད་མི་སྣ་སོགས་ཐུག་རྒྱུ། དེ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ཁྱབ་བསྒྲགས་སོགས་ཡག་ཐག་ཆོད་ཡོང་གི་འདུག ཅེས་ཞུ་འདོད་བྱུང་། ཞེས་སོགས་ཀྱི་གསུང་བཤད་གནང་ཡོད།།
དེ་འདྲ་ཡིན་ངེས་རེད
་་་་་་་་་་་་་་་་ དེ་ནས་ཕྱི་རྒྱལ་ཁག་ཏུ་ཕྱིན་ཏེ་ང་ཚོའི་གཞིས་ཆགས་ཁག་གི་དགོས་མཁོ་དེ་དག་བསྒྲུབ་ཆེད་རོགས་དངུལ་འཐབ་རྩོལ་བྱས། དེ་རྗེས་རོགས་དངུལ་གང་ཐོབ་པ་དེ་དག་གཞིས་ཆགས་ཁག་ལ་བགོ་འགྲེམས་བྱེད་ཀྱི་ཡོད། སྲིད་སྐྱོང་ཕྱི་རྒྱལ་ལ་འགྲོ་རྒྱུ་མང་དྲགས་ཀྱི་འདུག་བསམས་ན། ཨམ་སྡོང་ལ་ཨམ་སྐྱེས་ཀྱི་ཡོད་པ་མ་གཏོགས་དངུལ་སྐྱེས་ཀྱི་མེད་པ་ལྟར། རོགས་དངུལ་ཐབས་འཚོལ་ཆེད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་དགོས་ཀྱི་འདུག ་་་་་་་་་་་་་་་་་་
གངས་ལ་སེང་གེ་འགྱེང་བ་བཞིན།།བློ་བཟང་སེང་གེ་ཞེས་བྱ་བའི།།སྲིད་སྐྱོང་རླབས་ཆེན་ཁྱེད་མཆིས་པས།།བོད་འབངས་མགོན་དང་བཅས་པར་གྱུར།།
གང་ཅིའི་གནས་སྟངས་ཡག་པོ་ཡོད། ལོ་གཉིས་ལས་ལྷག་མེད་པས་ད་དུང་ལོ་ལྔ་མེད་ན་ལེགས་འགྲུབ་ཡག་པོ་ཡོང་རྒྱུར་འགོར་གྱི་རེད། འདི་མི་མང་ཚང་མས་ཤེས་དགོས་པ་དེ་རེད་་་་ཧ་ཧ་ཧ
སྲིད་སྐྱོང་གི་ལས་འགན་ངོ་མ་བོད་རྒྱའི་དཀའ་སྙོག་གསེལ་རྒྱུ་དེ་རེད་་ཕྱི་རྒྱལ་
གྱི་རོགས་ཐབས་འཚོལ་གནང་རྒྱུ་དེ་དག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་
ལྟ་སྒྲུབ་གསུམ་གྱི་ནང་ནས་རང་ཁ་རང་གསོ་ཟེར་བའི་ཁ་གཡང་ཆེན་པོའི་གཏམ་
དེ་དང་ཕྱོགས་མཐུན་བྱུང་ཡོད་པ་ཡིན་ནམ་།
ཕྱོགས་གཏོགས་དྲ་འབུ་སྤྲེལ་ལས་མང་།
མཐོ་འབྱར་དྲ་འབུའི་གཏམ་ལ་ཡིད་བརྟན་མེད་།
རྒྒ་མགོ་འཐོ་དུས་རྒྱ་ལ་འབྱར་།
བོད་མགོ་འཐོ་དུས་བོད་ལ་འབྱར་།
གངས་ལ་སེང་གེ་ཡོད་མེད་མི་ཤེས་ཀྱང་། །
དྷ་སར་བོད་ཀྱི་བློ་བཟང་སེང་གེ་འདུག །
ཕྱོགས་བཞི་མཚམ་བཞིར་ཕེབས་བསྐྱོད་གང་ཐུབ་ཀྱིས། །
བཙན་བྱོལ་སྒྲིག་འཛུགས་ས་བརྟན་མཛད་ལ་བསྟོད། །
ཡང་སྲིད་སྐྱོང་གིས་མོན་གྷོ་མི་མང་ལ་ཆུ་དང་གློག་ལམ་བཅས་གི་ཆེད་དུ་ཕྱི་རྒྱལ་ལ་སློང་མོ་རྒྱབ་ཀ་འགྲོ་གི་ཡོད་པ་བཤད་འདུག་ཧ་ཧ་ག་རེའི་ཆུ་དང་གློག་ལམ་མི་མང་མགོ་བསྐོར་བཏང་ནས་དགོས་པའི་བོད་རྒྱ་འབྲེལ་ལམ་གྱི་ལས་ཀ་མ་ི་བྱེད་མི་དགོས་ཁ་མཁས་བཤད་ནས་སྲིད་སྐྱོང་ཡང་སྐྱར་ཡོང་རྒྱུའི་ལམ་ཁ་ད་ལྟ་ནས་བཟོ་གི་འདུག་རང་ཁ་རང་གསོའི་ལྟ་གྲུབ་རྗེས་འཚར་འདུག་
གངས་ལ་སེང་གེ་མེད་ན་སེང་གེ་ཟེར་བའི་ཐ་སྙད་ག་་་ནས་བྱུང་།
ཕྱོགས་བཞི་ཀུན་ལ་ཕེབས་ནས་རོགས་དངུལ་བསྡུས་།་་་་་
རང་ཁ་རང་་གསོའི་ལས་དོན་ཆེ་པོ་སྒྲུབ་།
གཞིས་ཡོད་བོད་མིའི་རེ་་སེམས་སྟོང་པར་བཞག་།
འདམ་སེང་ཡོད་ཀྱང།
འདམ་སེང་ཡོད་པ་ཀུན་གྱིས་མཐོང་། །
གངས་སེང་ཡོད་མེད་འཕྱང་མོ་ཉུག །
བྱུས་གཏོགས་དྲང་པོ་བྱེད་དགོས་པ། །
ཇུས་ཏོག་ཐུགས་ལ་འཇགས་པར་འཚལ། །
རྫོགས་ལྡན་གསུམ་ལྡན་གཉིས་ལྡན་སྐབས་།
གངས་སེང་གཡུ་རལ་ངོམས་མཁན་དང་།
ཁྱུང་འབྲུག་ཤོག་པ་དར་མཁན་སོགས་།
ཕོ་ལས་དབང་ཅན་གྱི་མཐོང་བ་ནས་།
སེང་འབྲུག་ཁྱུང་སོགས་ཐ་སྙད་དེ་ནས་་དར་།
རྩོད་ལྡན་ཚེ་ལོ་བརྒྱ་པ་འདིར་།
མཐོང་རྒྱུ་བཞག་ནས་གོ་མཁན་ཉུང་།
དེ་བསོད་ནམས་དམན་པའི་ལན་པ་རེེད་།
གོ་་ན་རྣ་བའི་བཅུད་དུ་བཞོག་།
མ་གོ་འབྱུང་བ་རླུང་ལ་དཀྱུར་།
དྲང་གཏམ་གཅེར་བུ་འདི་རུ་བཤད་།
མཐོ་འབྱར་དམའ་སྡང་འདི་ན་མེད་།
ཉེ་སྐྱོར་ཕྱོགས་ལྷུང་འདི་ན་མེད་།
ཕྱོགས་གཏོགས་ཆབ་སྲིད་འདི་ན་མེད་།
ཧ་ཧ་ཧ་
གང་ཅིའི་གནས་སྟངས་ཡག་པོ་ཡོད། ལོ་གཉིས་ལས་ལྷག་མེད་པས་ད་དུང་ལོ་ལྔ་མེད་ན་ལེགས་འགྲུབ་ཡག་པོ་ཡོང་རྒྱུར་འགོར་གྱི་རེད། འདི་མི་མང་ཚང་མས་ཤེས་དགོས་པ་དེ་རེད་་་་ཧ་ཧ་ཧ
རང་ཁ་རང་གསོ་ཟེར་བ་དེ་གཞན་ལ་སློང་མོ་བྱེད་དགོས་ན་རྒྱ་གར་པ་མགོ་ཆ་ཚང་རང་ཁ་རང་གསོ་རེད།
ཁོའི་དམིགས་ཡུལ་གཙོ་བོ་ནི། ཐེངས་རྗེས་མར་ད་རུང་སྲིད་སྐྱོད་སྡོད་འདོད་པ་དེ་རེད། དེ་ལ་བོད་མི་ཚང་མས་འགན་འཁྱེར་དགོས་པ་རེད། ཁོས་ད་བར་དུ་ག་རེ་བྱས་པ་རེད
སྤོབས་པ་མཐའ་ཡས་ཟེར་བ་འདི་འང་གཞི་ནས་ངོ་གདོང་ལྷང་ལ་བུད་ནས་འོང་གི་འདུག
གངས་སེང་ཡོད་མདོག་དང་། འཁྱུང་དང་འབྲུག་ཀྱང་སྟོན་ཐུབ་མདོག་ཁ་པོ་མ་བྱེད། བཙིར་ན་མྱང་ཡོང་།
ཆེས་ཉམ་ང་ཉག་ཕྲར་གྱུར་པའི་བོད་ཀྱི་སྲིད་དོན་འདི་གཙོ་སྒྲུབ་ཆེད་དུ་སྲིད་སྐྱོང་གི་ལས་འགན་བཅོལ་བ་མ་གཏོགས།
ཕྱོགས་གང་སར་སློང་མོ་རྒྱག་པ་གཙོ་གཉེར་བྱེད་པའི་མགོ་དཔོན་དུ་མི་མང་གིས་བདམས་པ་མ་རེད།
ཀརྡོ་གཉེར་ཕྱག་པ་འདིས་མཆན་མང་བོ་བཏབ་ཀྱིན་འདུག ཁོང་ནི་ཆོས་དང་ཆབ་སྲིད་གཉིས་ཀྱི་ཐད་ལ་ཕྱོགས་རིས་མེད་པའི་མི་ཚད་དང་ལྡན་པ་ཞིག་ཏུ་མཐོང་། །
གནའ་བསླངས། ད་སློང་། མ་འོང་བ་ན་ཡང་བསློང་། ཡང་ན་གནའ་ལ་དགས་སྤྱིན་པར་བཏང་། ད་ལྟ་མོན་ཡུལ་སྤྱིན་པ་གཏོང་། མ་འོང་བར་མཐོ་སྒང་གི་རང་དབང་རང་བཙན་ཡང་སྤྱིན་པ་གཏོང་ངེས་བས་ཧ་ལས་མ་སོང་ངོ་།
ཨ་རི་བོད་ཀྱི་མ་དངུལ་ནི་༧གོང་ས་མཆོག་གིས་འབོད་སྐུལ་དང་དོན་གཅོད་དང་འབྲེལ་ཡོད་ཚོས་ཕྱག་ལས་གནང་བའི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་སྔ་མོ་ནས་ཡོད་པ་ཞིག་ལས་དེང་སྐབས་གསར་དུ་ཡོང་བཞིན་པ་ཞིག་མ་རེད། ས་ཡ་ཅིག་དང་ས་ཡ་ཉིག་ཟེར་ནས་བརྒྱུད་ལམ་དུ་བསྒྲགས་པ་ཙམ་ལས་དོན་ལ་སྔ་མོ་ནས་ལོ་བསྟར་ཆགས་ཡོད་བསྡད་པ་ཞིག་ཡིན་པ་མ་ཟད། ད་དུང་ཤེས་ཡོན་དང་ཆུ་ཟམ་གློག་འཛུགས་སོགས་ལ་དམིགས་བསལ་གྱི་རོགས་དངུལ་ཀྱང་ཡོད་པ་རེད། དེ་བཞིན་རྒྱ་གྲམ་དམར་པོའི་རོགས་དངུལ་སོགས་ཀྱང་ཡོད་ཡོད་པ་རེད། དེ་དག་ལ་འཕར་ཆག་ཅུང་རེ་ཡོད་པ་ལས་སྲིད་སྐྱོང་ཨ་རི་ལ་ལོ་གསུམ་གྱི་རིང་གཅིག་ཀྱང་མ་ཆད་པར་ལོ་གསར་གཏོང་གི་སོང་བའི་སྐབས་སུ་རག་པ་ཞིག་འུ་ཡིན། ཕྱོགས་གཅིག་ནས་མི་རབས་རྒན་པ་ཚོས་ཡག་པོ་བྱས་ཡོད་རབས་ཟེར། ཡང་གཅིག་ནས་སྔོན་མའི་བྱས་པར་གསལ་ཁ་མེད་པ་བྱས་ན་དེ་ནི་དངོས་གནས་ཕྱེད་བཀབ་ཕྱེད་མངོན་གྱི་སྒྱུ་རྩལ་ཡག་པོ་ཞིག་མ་རེད་དམ།
དྲ་འབུ་སྐྱག་ཟན་ཚོ། སློང་མོ་མ་རྒྱག་ན་ཁྱོད་ཚོས་ཅི་ཞིག་ཟ་རྩིས་ཡིན། གནའ་ནས་ད་བར་དུ་ཁྱོད་ཚོ་སློང་མོ་རྐྱང་རྐྱང་རྒྱག་ནས་འཚོ་བཞིན་ཡོད་པ་མ་ཤེས་སམ། ཧཧཧ ད་དུང་ཁ་རྒྱག་པ་ཡོང་།
ཁྱོད་ཚོ་མ་དགའ་ནས་ཤི་སོང་རུང་ཡང་བསྐྱར་ལོ་ལྔ་ཡི་སྲིད་ཁྲི་དེ་ཨ་མའི་བུ་བློ་བཟང་སེང་གེ་ལས་གཞན་སུ་ལ་ཡང་མི་དབང་།
སོ་སོའི་ལག་གཉིས་ལ་རྟེན་ནས་འཚོ་བ་སྐྱེལ་དགོས་པ་ལས་སློང་མོ་་རྒྱབ་ནས་འཚོ་བ་སྐྱེ་རྒྱུ་ནི་མི་ཡི་མཐའའ་མ་ཡིན་སྲིད་སྐྱོང་གི་ལག་ལེན་མེད་པའི་ལྟ་གྲུབ་གསུམ་་
རང་ཁ་རང་གསོ་བྱེད་རྒྱུ་ཡིན་ཟེར་བ་དེ་དེ་རིང་བལྟས་ན་སློང་མོ་རྒྱག་ཡ་ཡིན་པ་འདྲ།བོད་རྒྱ་གྲོས་མོལ་ཚིག་ཟུར་ཙམ་ཡང་གླེང་མེད་པར་བལྟས་ན་གྲོས་མོལ་ལ་རེ་སྟོང་ཡིན་པ་འདྲ།ད་དཀའ་རྒྱུ་རེད།ཆབ་སྲིད་སློང་མོ་རྒྱབ་ནས་བསྐྱངས་རྒྱུ་ཡིམ་ནམ།ཨ་ཤུ་རེ་ཁོ
མང་གཙོའི་སྤྱི་ཚོགས་ནང་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཚང་མ་ཡོང་དགོས་པ་དང་འགྲིག་པའི་ཆ་དེ་གླེང་མ་དགོས་པ་མ་འགྲིག་པའི་ཆ་དེ་གླེང་་་དགོོས་དེ་མང་གཙོ་ངོ་མ་རེད་། སྐྱོན་བརྗོད་བྱེད་ས་མེད་པའི་དམངས་གཅོ་དེ་རྒྱ་ནག་སྲིད་གཞུང་རེད་། བློ་སེང་་ལོ་བཅུ་བཅོ་ལྔ་ག་ཚོད་སྲིད་སྐྱོང་ལ་འཇོག་མ་འཇོག་་དེ་མི་མང་གི་ལག་ཏུ་ཡོད་པ་ལས་དྲ་འབུ་ཁྱོད་ཚོའི་ལག་ཏུ་ཡོད་པ་མ་རེད་།
བཀའ་ཤག་གི་ལྟ་སྒྲུབ་གསུམ་དང་འགལ་བ་དེ་འགལ་བ་རང་རེད་དེ་་ལ་གཡོལ་ཐབས་ཡོད་པ་མ་རེད་་སྲིད་སྐྱོང་ཁྲིམས་ཀྱི་སློབ་སྦྱོང་་འཐོན་ཡོད་ནཡང་ཁྲིམས་ལ་གཏུགས་ན་ཤོར་རྒྱུ་ཡིན་པ་གཏན་འཁེལ་ཚར་བ་རེད་། མང་གཙོའི་ལམ་ལུགས་་དང་དམངས་གཙོའི་ལམ་ལུགས་མི་ཤེས་མཁན་དྲ་འབུ་་སྙིང་རྗེ་།
རང་ཁ་རང་གསོ་ཡོང་ཐབས་ལ་ད་ལྟའི་བཀའ་ཤག་གིས་བོད་མིའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་གལ་ཆེའི་ནང་གི་གལ་ཆེར་འཛིན་ཏེ་ཆེད་ལས་པ་གང་མང་ཐོན་ཐབས་ཀྱི་འབད་རྩོལ་གནང་རྒྱུ་ཡིན་ཚུལ་དང། ཆེད་ལས་པའམ་ཤེས་ཡོན་ཅན་ཇི་ཙམ་མང་བ་བྱུང་ན་དེ་ཙམ་གྱིས་སྤྱི་སྒེར་ཚང་མ་རང་ཁ་རང་གསོ་ཐུབ་རྒྱུར་ཕན་ནུས་ཆེན་པོ་ཡོང་གི་རེད་ཅེས་ཇེའུའི་མི་རིགས་ཀྱི་འབད་རྩོལ་ཇི་བྱས་སྐོར་རོབ་ཙམ་གསུངས་པ་དྲན་གྱི་འདུག། བྱས་ཙང་བཀའ་ཤག་གི་རེ་འཆར་་ལྟརའགྲུབ་ན་བོད་མི་སྒེར་པ་རང་ཁ་རང་གསོ་ཐུབ་པ་ཙམ་དུ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགྲོ་སོང་ཡང་འཛམ་གླིང་རྒྱལ་ཁབ་ཚང་མའི་ལམ་ལུགས་ལྟར་མི་མང་ནས་དཔྱ་ཁྲལ་བསྡུ་འབུལ་ཐུབ་ན་སྤྱི་སྒེར་ཚང་མ་རང་ཁ་རང་གསོ་རེད། དཔལ་འབྱོར་གྱི་རོགས་རམ་འཚོལ་དགོས་དོན་མེད། ད་ལྟའི་དང་བླང་དཔྱ་ཁྲལ་ནི་གཞུང་གྲོན་གྱི་ཆ་ཤས་ཙམ་ཞིག་ཡིན་པ་མ་བརྗེད་པ་གནང་རོགས།།
དང་པོ་འགྲིག་མ་འགྲིག་ལྟ་དེ་ནས་གླེང་དགོས་པ་རེད། འགྲིག་ཡོད་མེད་མ་ཤེས་གོང་ནས་མ་འགྲིག་མ་འཐུས་ཀྱང་གླེང་བ་ནི་དྲ་འབུའི་རང་གཤིས་དམར་རྗེན་དུ་བསྟན་པ་རེད། སྲིད་སྐྱོང་བློ་བཟང་སེང་གེས་ཕྱག་ལས་གནང་སྟངས་འགྲིག་གི་མི་འདུག་ཟེར་མཁན་ཁ་བརྡ་དྲ་རྒྱའི་ནང་གི་རྟག་པར་སྲིད་སྐྱོང་ལ་ཅིག་བཤད་སྡད་མཁན་དྲ་འབུ་ཁ་ཤས་ཡོད་པ་ཁྱོད་ཚོ་ལས་སུ་ཡང་མཐོང་མ་སོང་། བོད་ཕྱི་ནང་གཉིས་ནས་ཁོང་ལ་བསྟོད་པའི་མཐེ་བོང་སྒྲེང་མཁན་རྐྱང་རེད། འདིས་སྟེང་ནས་མཐོང་ཐུབ་པ་ནི་མ་འོང་པའི་ལོ་ལྔ་ལ་མི་མང་གིས་སྲིད་ཁྲི་ཁོང་ལ་སྤྲད་རྒྱུ་ཡིན་པ་དེ་རེད། སྐྱོན་མེད་པ་ལ་སྐྱོན་བརྗོད་ཁོ་ན་བྱེད་པ་ནི་རྒྱ་ནག་གི་ལུགས་ངོ་མ་དེ་རེད་ལ་རྒྱ་ཁྱིའི་རང་གཤིས་ངོ་མ་དེ་ཡང་རེད། སྲིད་སྐྱོང་ཁྲིམས་ལ་བཏུགནས་ཤོར་རྒྱུ་ཞིག་ཡིན་ན་དྲ་འབུ་ཁྱོད་ཚོས་སྐར་མ་ལྔ་མི་སྒུག་པར་ཁྲིམས་ལ་བཏུག་རྒྱུ་ཡིན་པ་གསལ་པོ་རེད། འོན་ཀྱང་ཁྱོད་ཚོས་ཁྲིམས་ལ་བཏུག་རྒྱུའི་བདེན་པ་མེད་པས་མིང་རྫུན་འོག་ནས་དྲ་རྒྱའི་ནང་དུ་ཁྱི་སྐད་རྒྱག་རྒྱུ་ལས་ཅི་ཡང་འཇོན་གྱི་མེད་པ་འདི་རེད། རང་ཁ་རང་གསོ་ཞེས་པའི་ལྟ་གྲུབ་སྟོན་མཁན་སྲིད་སྐྱོང་ཡིན་ཡང་དེ་ལྟར་ཡོང་ཐུབ་མིན་ནི་མི་མང་གི་ལག་ལ་ཡོད་པ་རེད། མི་མང་གིས་རྟག་ཏུ་སྲིད་སྐྱོང་གཞིས་ཆགས་གང་དུ་ཕེབས་ཀྱང་ང་ཚོ་ལ་གློག་གི་དཀའ་ངལ་འདུག ཆུ་ཡིས་དཀའ་ངལ་འདུག་ཁ་ཆག་ཆག་སྣ་རལ་རལ་བཤད་ནས་གཞུང་གིས་རོག་པ་དགོས་རབས་དག་དག་བཤད་ཀྱི་འདུག་པས། རོག་པ་དགོས་ན་ཕྱི་རྒྱལ་ཁག་ལ་དངུལ་སློང་དུ་མ་སོང་བར་དངུལ་གང་ནས་ཡོང་དགོས་པ་རེད། དངུལ་གནམ་ནས་བབ་ཀྱི་རེད་དམ་ས་ནས་སྐྱེ་ཡི་རེད་དམ། xxཁྱོད་ཚོས་བསམ་བློ་ཅུང་ཟད་ཙམ་ཡང་གཏོང་ཨེ་མྱོང་།
འོས་ཤོག་ཐོབས་ཡ་ཆེད་དུ་རང་ཁ་རང་གསོ་ཟེར་ནས།
འོས་ཤོག་རྐུན་མ་རྒྱབས་སོང།
ལས་ཀ་འགོ་འཛུགས་བྱེས་དུས་རང་ཁ་རང་གསོ་མི་འདུག།
ཐེངས་གཉིས་འོས་བསྡུ་སླེབས་ཉེ།
ཡང་བསྐྱར་སྐྱག་རྫུན་བཤད་འགོ་འཛུགས་སོང།
དྷ་སའི་བཙན་བྱོལ་སྒྲིག་འཛུགས་ཀྱིས་དྷ་སར། འཛིན་བཅུ་་པའི་སློབ་ཕྲུག་ཚོར་འགོ་འཁྲིད་སྐྱོར་བརྡར་ཉིན་བརྒྱད་འཚོགས་པ།
https://www.youtube.com/watch?v=k2_myHx4MAQ