གནས་ཚུལ་གཏོང་མཁན། འཚོ་བྱེད་བུ།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འདི་ཟླའི་ཚེས་༣༠ རེས་གཟའ་ཉི་མར་ཝི་སི་ཀོན་སིན་མངའ་སྡེའི་མལ་ཌི་སིན་གྲོང་ཁྱེར་དུ་གཞུང་འབྲེལ་འཚམས་གཟིགས་གནང་རྒྱུ་རེད། ཚེས་༣༠ ཉིན་རྒྱབ་ཆུ་ཚོད་༤ པ་ཙམ་ལ་མལ་ཌི་སིན་གནམ་ཐང་དུ་ཕེབས་འབྱོར་གནང་གྲུབ་པ་དང་། ཆུ་ཚོད་༥ སྟེང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་སེར་སྐྱ་མི་དམངས་ལ་བཀའ་སློབ་ལམ་སྟོན་གྱི་གསུང་བཤད་གནང་རྒྱུ་དང་། ཕྱི་ཟླ་༡༢ ཚེས་༡ རེས་གཟའ་ཟླ་བའི་སྔ་དྲོ་ཆུ་ཚོད་༡༠ སྟེང་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(University of Wisconsin-Madison) དུ་ཌེ་ལུ་ཀ་གླེང་སྟེགས་ཚོམས་ཆེན་ (DeLuca Forum, Wisconsin Institute for Discovery) དུ་༼བོད་དོན་སེལ་ཐབས་༽ ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་རྒྱུ།
དེ་བཞིན་ས་གནས་ཀྱི་ཆབ་སྲིད་མི་སྣ་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཚོགས་སྒེར་འདྲ་མིན་མཉམ་དུ་མཇལ་མོལ་དང་གསར་འགོད་པར་དྲི་བ་དྲི་ལན་གནང་རྒྱུའི་མཛད་རིམ་ཁག་ཅིག་ཡོད་པ་རེད།
བོད་དོན་སེལ་རྒྱུའི་ཐབས་ལམ་སྣ་གཅིག་མེད་པར་བོད་དོན་སེལ་ཐབས་སྐོར་ལ་གཏམ་བཤད་འདྲ་མིན་བྱེད་པ་འདི་རྡ་ལམ་ས་ལའི་སྒྲིག་འཛུགས་མར་ལ་རྒུད་བཞིན་པའི་རྟགས་མཚན་གསལ་ཤོས་ཤིག་མ་རེད་དམ།
བོད་དོན་བསྒྖིལ་བསྒྲགས་རེད་དམ་རང་མིང་གྲགས་འདོད་རེད་
ཕོ་ལྷ་བསྭོ།
སྲིད་སྐྱོང་སྐུ་ཚེ་བརྟན་པར་ཤོག།
བོད་རྒྱ་འབྲེལ་མོལ་ཡོང་བར་ཤོག།
བོད་དོན་བདེན་མཐའ་གསལ་བར་ཤོག།
སྐྱབས་མགོན་བོད་ལ་ཕེབ་པར་ཤོག།
བློ་སེང་ལ་བོད་ཀྱི་བདེན་མཐའ་གསལ་རྒྱུའི་ནུས་པ་གང་ཡང་མེད་རང་གི་དབང་ཆ་གལ་ཆེར་འཛིན་གི་ཡོད
ག་རེ་བྱེད་བརྩིས་རེད་ཨ། བོད་དོན་སེལ་ཐབས་ཟེར་ན་ག་རེད་དམ། བོད་དོན་མེད་པར་བཟོ་ཐབས་བྱེད་བཞིན་ཡོད་པར་ཨེ་རེད། དོགས་པ་སེལ་ཟེར་དུས་དོགས་པ་མེད་པ་བཟོ་ཡ་རེད།
བོད་དོན་སེལ།
བོད་རང་བཙན་སེལ།
དམངས་གཙོ་སེལ།
བོད་ཆེན་པོ་སེལ།་་་་འདི་དག་ཚང་མ་སེལ་ཐབས་བྱས་དང་བྱེད་བཞིན་པ་ཡིན་་པར་བདེན། ལས་དོན་སྒྲུབ་སྟངས་དང་མིང་ཚིག་བེད་སྤྱོད་བཏང་སྟངས་ནོར་མི་འདུག་ག སེལ་ཤོག་ཨ་་་བོད་དོན་ཚང་མ་གཙང་སེལ་བྱོས་་ཨ། རྩ་མེད་ཐོངས་ཤོག་ཨ
སྨོན་ལམ་ལ་སྐྱབས་བཅོལ་ནས་བོད་ཀྱི་དཀའ་ངལ་གསེལ་མི་ཐུབ་བོད་་ཀྱི་་
དཀའ་ངལ་གསེལ་འདོད་ན་རྒྱ་མིའི་མཉམ་ཁ་ཕྱོགས་དགོས་པ་ལས་་ནུབ་ཕྱོགས་
ལ་མ་རེད་་ལྷག་དོན་དུ་བོད་དང་ཁྱིམ་ཚེས་ཡུལ་ལུང་ཁག་དང་མཉམ་དུ་འབྲེལ་་
བ་བྱས་ནས་བྱང་ཨེ་ཤ་ཡའི་མཐུན་ཚོགས་གསར་འཛུག་གནང་ནས་ཨེ་ཤ་ཡའི་
བདེ་འཇགས་ལ་འགན་སྲུང་གནང་དགོས་པ་ལས་ཨ་རིའི་ཌོ་ལོར་གྱི་རྗེེས་སུ་
ནམ་ཡང་རྒྱུགས་མི་ཉན་ནོ་།
སྲིད་སྐྱོང་སྐུ་ཚེ་བརྟན་པར་ཤོག
བྲན་གཡོག་བཅིངས་གྲོལ་འཐོབ་པར་ཤོག
དམངས་གཙོའི་བསྟན་པ་དར་བར་ཤོག
འདྲ་མཉམ་འདུ་ཤེས་སྐྱེས་པར་ཤོག
སྤོབས་པ་དགུང་དང་མཉམ་པར་ཤོག
བོད་མིའི་རང་དབང་བསམ་པར་ཤོག
རང་དབང་རང་བཙན་དྲན་པར་ཤོག
དགྲ་ངོ་གཉེན་ངོ་ཤེས་པར་ཤོག
ཁ་ཕྱོགས་རྒྱ་ལ་འཁོར་ནས་བོད་དོན་འགྲུབ་འོང་གི་ཡོད་ན་པན་ཆེན་རིན་པོ་ཆེན་དང་ང་ཕོད་་་ཕུན་དབང་སོགས་ཀྱིས་སྔ་ས་ནས་བསྒྲུབ་ཚར་ཡོད་ས་ཡོད། འཕགས་པ་ལགས་གཙོ་བོ་གྱུར་པའི་བོད་རིགས་ལས་བྱེད་པ་ཚོས་རྒྱའི་མཉམ་དུ་བསྒྲུབ་མ་ཐུབ་པའི་བོད་དོན་ཞིག་རྡ་སའི་སྐུ་ངོ་ཚོས་ཅང་འགྲུབ་མི་འོང་།
འཕག་པ་ལྷ་དང་ང་ཕོད་ཕུན་ཚོགས་དབང་རྒྱལ་སོགས་ནི་གསར་རྗེའི་ཏང་ཡོན་ཡིན་པས་དབུ་མའི་ལམ་ནས་བོད་དོན་སེལ་རྒྱུའི་ནུས་པ་མཐོན་ཡས་མེད་
སྲིད་སྐྱོང་བློ་བཟང་སེང་གེ།།
འཛམ་གླིང་བོད་མིའི་མགོན་རེད།།
གཞིས་བྱེས་ལྷན་འཛོམས་ཡོང་བར།།
རེ་སེམས་ཁྱེད་ལ་ཟུག་ཡོད།། བོད་ནས་བཏང་བའི་བཞས་ཞིག་གི་ཚིག་རེད་འདུག
ང་ཚོ་ཆོས་ལ་དད་པ་དང་ཡིད་ཆེས་བྱེད་མཁན་ཚོས་སྨོན་ལམ་ལ་ནུས་པ་ཡོད་པ་འདོད་ཀྱི་ཡོད། ཁྱོད་ཚོ་ཡིད་ཆེས་དང་དད་པ་མེད་མཁན་ཚོས་ང་ཚོའི་འདོད་པ་ལ་རྡོག་རོལ་གཏོང་བའི་ཐོབས་ཐང་གང་ཡང་མེད། བོད་དོན་དཀའ་རྙོག་སེལ་བ་ལ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཚོའི་རྒྱབ་སྐྱོར་མེད་དུ་མི་རུང་བ་རེད་ལ། བཙན་བྱོལ་སྒྲིག་འཛུགས་དང་སློབ་གྲྭ་སོགས་མུ་མཐུད་གནས་པ་ལ་སྒྲོ་ལོར་མེད་དུ་མི་རུང་བ་རེད། དེས་ན་སྲིད་སྐྱོང་མཆོག་ནུབ་ཕྱོགས་ལ་ཕེབས་པ་ནི་དགོས་ངེས་ཅན་རེད། རྒྱ་ནག་ཅིག་པུ་ལ་ཁ་གཏད་ནས་བོད་དོན་སེལ་མི་ཐུབ་ནི་འདས་པའི་ལོ་ལོ་མང་རིང་གི་ལོ་རྒྱུས་ལས་ཀྱང་གསལ་པོ་རེད། ཨེ་ཤ་ཡའི་མཐུན་ཚོགས་ཞེས་པ་དེ་ཡང་ཁྱོད་ཚོས་འདིར་ཁ་བདེ་པོ་བཤད་པ་ནང་བཞིན་ལས་སླ་པོ་ཞིག་མེད་པ་རེད།
ཅོ་རིའི་སྐད་ཆ་ནི་ཅོ་རིའི་སྐད་ཆ་རང་རེད། མི་མ་ཚང་འཇོག་གིས་སྐད་ཆ་ཡང་མ་ཚང་འཇོག་ལས་བཤད་ག་ལ་ཤེས། བོད་པའི་དཀའ་རྙོག་གི་འབྱུང་རྩ་ནི་རྒྱ་གཞུང་ལ་ཐུག་ཡོད་པས་ཁ་ཕྱོགས་རྒྱ་ལ་འཁོར་ནས་བོད་དོན་མ་འགྲུབ་ན་གང་ལ་ཁ་ཕྱོགས་དགོས་པ་རེད། ལག་པ་ཡ་ཅིག་གིས་ཟློགས་པ་རྒྱག་ཐུབ་ཀྱི་རེད་དམ་ལྐུགས་པ།
ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལའི་བླ་མ་དང་ཁོང་དང་ཉེ་བའི་མི་ཁ་ཤས་ཀྱི་གནད་དོན་ལས་བོད་ཀྱི་གནད་དོན་ཟེར་བ་ཞིག་ནམ་ཡང་ངོས་ལེན་མེད་ན་བོད་དོན་བསེལ་རྒྱུ་ཞིག་གང་ལ་ལྷག་ཡོད་པ་རེད། ལར་ནས་བཙན་བྱོལ་སྲིད་གཞུང་གིས་ད་བར་ཁ་རྒྱ་ལ་ཕྱོགས་ཏེས་མགོ་འབུལ་ལུས་འབུལ་ཕྱག་འབུལ་ག་ཚོད་ཅིག་ཞུས་ཀྱང་ཁ་ཡ་མི་བྱེད་ན་ད་དུང་ཁ་རྒྱ་ལ་ཕྱོགས་རྒྱུ་ཞིག་གང་ན་ལྷག་ཡོད་པ་རེད། ལག་པ་ཡ་གཅིག་གིས་བཟློག་པ་ཡོང་ཐབས་མེད་པ་ཤེས་བཞིན་དུ་ད་དུང་ལག་པ་ཡ་གཅིག་བཟློག་པ་བརྒྱག་དགོས་པ་ཨེ་རེད།
ཁྱིམ་ཚང་ཞིག་གིས་རྒྱུ་དངོས་ཇག་པས་བཅོམ་སོང་ན་ཁྲིམས་ལ་གཏུག་དགོས་པ་ལས་ཇག་པའི་མཉམ་དུ་འབྲེལ་མོལ་བྱེད་ནས་དོན་ཞིག་འགྲུབ་འོང་གྱི་ཅང་མེད་པ་ལྟར་་་་བོད་ཡུལ་ཇག་པའི་བཅོམ་སོང་བ་འདི་རྒྱལ་སྤྱིའི་ཁྲིམས་ལ་གཏུག་དགོས་པ་ལས་ཇག་དཔོན་གུན་ཁྲན་ཏང་གི་མཉམ་དུ་འབྲེལ་མོལ་བྱེད་ནས་ཁེ་ཕན་འཐོབ་འོང་གྱི་ཞིག་ཅང་མེད།
༡༩༥༡་ལོ་ནས་༢༠༠༨་བར་དུ་ཁྱོད་ཚོས་གུན་ཁྲན་ཏང་གི་མཉམ་དུ་འབྲེལ་མོལ་བྱས་པ་རེད། གྲོས་མཐུན་བཞག་པ་རེད། ཁེ་ཕན་ག་རེ་རེག་སོང་ངམ། འབྲེལ་མོལ་བྱས་ནས་ཁེ་ཕན་རེག་འོང་གྱི་ཞིག་ཡོད་ན་རེག་ཚར་ས་ཡོད། དོན་ངོ་མའི་ཐོག་ཏུ་ཁྱོད་ཚོ་ཕུང་རྒན་རེད། ཡུལ་ལུང་ཕུང་ལ་སྦྱར་མཁན་གྱི་ཕུང་རྒན་ངོ་མ་རེད་དོ། མ་འོངས་མི་རབས་གསར་པ་ཚོས་ཁྱོད་ཚོའི་རྣམ་ཤེས་རྡོ་རྡུང་གཏོང་གི་རེད་འདོད།
གུང་ཁྲན་ཏང་ནི་ཇག་པ་མ་རེད་གུང་ཁྲན་ཏང་ནི་རྒྱ་ནག་མི་མང་ཞིང་བྲན་ཕྲི་འཚོ་རྒྱ་ལ་ཡར་ལང་གཅིང་དཀྲོལ་བཏང་བ་རེད་ཧ་གོ་སོང་བས་
བོད་པའི་བསོད་ནམ་རེད། ང་ཚོ་མི་ཤེས་ཡོན་ཅན་དང་ འཛམ་གླིང་གི་མཁས་དབང་གྲལ་ཚུད་པ་ཧ་ལས་པ་རེད། བོད་པ་ཚོ་ཕྲག་དོག་མ་བྱེང་པ་ར་ང་ཚོའི་མཁས་དབང་ང་རང་ཚོས་ཡར་འདེགས་དགོས།
པན་ཆེན་རིན་པོ་ཆེ། འཕགས་པ་ལྷ་། ངག་ཕོད། ཕུན་དབང་སོགས་བོད་ནང་ལ་བཞུགས་ནས་རྒྱ་རོ་མཉམ་དུ་བོད་པར་ཕན་ཐོག་ཆེན་པོ་ལྷ་ན་མེད་བསྒྲུབས་ཡོད། བཀའ་དྲིན་ཆེ་ཞུ་
གུང་ཁྲན་ཏང་ཇག་པ་མ་རེད་ཨེ། བོད་རྒྱལ་ཁབ་སུས་ཟོས་པ་རེད། སུས་བཅོམས་པ་རེད། ཞིང་བྲན་ཡན་ལག་ཁྲི་ཚོ་བརྒྱ་ལ་ཡར་ལངས་བཅིངས་གྲོལ་ག་འདྲ་སེ་བཏང་བ་ཁྱོད་ཀྱིས་ཤེས། གུང་ཁྲན་རོ་ལངས་རྒྱག་དུས་མའོ་ཡིས་ཉེས་མེད་མི་སེར་ས་ཡ་སུམ་བཅུ་བརྒལ་བ་དམར་གསོད་འོག་ཚེ་སྲོག་ཤོར་བས་དམར་གསོད་ཀྱི་འཛམ་གླིང་ཟིན་ཐོར་བཀོད་ཡོད་པ་དེ་ཁྱོད་ཀྱིས་ཅང་ཤེས་ཚོད་མི་འདུག། བོད་ལ་ནི་ཨ་ཅང་ཅང་དམར་གསོད་དང་བཙོན་འཇུག་མནར་གཅོད་སོགས་ལ་རྫོགས་མཐའ་མེད་ཀྱི། འབུམ་ཕྲག་བརྒལ་བ་ཁ་ཕོར་ཙམ་ཡང་འཁྱེར་ལོངས་མེད་པར་ས་མཐར་བཅུགས་ནས་ད་དུང་ཡང་ས་མཐའ་འཁྱམ་བསྡད་པ་རྦད་དེ་བརྗེད་སོང་བ་ཨེ་རེད།
བོད་པའི་སྲིད་སྐྱོང་ལ་བཀྲིན་རྗེས་དྲིན་ཡོད་
ལས་ཀའི་རྣམས་གྲངས་རེད་གྲུབ་འབྲས་གང་ཡོད་མི་ཤེས། གསུངས་བཤད་གནང་རྒྱུ་ནི་ཆབ་སྲིད་པའི་ལས་ཀ་རེད། འོན་ཀྱང་རེ་བ་དང་ཡིད་ཆེས་དེ་ཙམ་བྱེད་མི་རུང།
གོང་ས་མཆོག་གིས་ལོ་ལྔ་བཅུའི་རིང་ལ་མ་སེལ་བ་ཞིག་བློ་བཟང་སེང་གེས་ལོ་ལྔ་ལ་མི་སེལ་པ་ཤེས་གསལ་རེད། དེ་ལས་ད་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ནས་སྦྱིན་བདག་དང་རྒྱབ་རྐྱོར་བཙལ་ན་ཡག་ཤོས་རེད།
ཞོལ་གཡག་ལགས། ཁྱེད་རང་མི་རྣམ་དཔྱོད་ཅུང་ཟད་ཡོད་མཁན་ཞིག་གིས་ཅོ་རིའི་སྐད་ཆ་ལྟ་བུ་གོ་རྒྱུ་མེད་པ་ཞིག་བཤད་ནས་གང་ཡོང་། རྒྱ་ནག་གཞུང་གིས་ཁ་ནས་ག་རེ་བཤད་རུང་མ་བཤད་རུང་བོད་དོན་ཞེས་པ་ཞིག་ཡོད་པ་ཁས་མ་ལེན་རང་ལེན་རང་རེད་ལ། དེ་སྔོན་རྒྱ་རི་རིན་པོ་ཆེ་སོགས་སྐུ་ཚབ་ཚོ་རྒྱ་ནག་ལ་ཕེབས་སྐབས་ཀྱང་བོད་དོན་བཤད་པ་ལས་གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་བཤད་མེད་པ་གསལ་པོ་ཡིན་པས་རྒྱ་གཞུང་གིས་བོད་དོན་ཡོད་པ་ཁེས་ལེན་གྱི་ཡོད་པ་འདིས་སྟེང་ནས་མཐོང་ཐུབ་པ་ཞིག་རེད། མགོ་འབུལ་ལུས་འབུལ་ཞེས་པ་མི་ཤེས་ཀྱང་བཙན་བྱོལ་གཞུང་གིས་རྒྱ་ནག་ལ་བཏུན་ཐབས་གང་ཐུབ་གནང་ཡོད་པ་ནི་དངོས་ཡོད་གནས་ཚུལ་རེད་ལ། འདི་ལྟར་གནང་བ་ལ་རྒྱུ་མཚན་མེད་པ་གཏན་ནས་མ་རེད། ཅིག་ནས་རྒྱ་ནག་བཏུན་ཐབས་གནང་རྒྱུ་ལས་གཞན་པའི་ཐབས་ལམ་ཞིག་ལྷག་མེད་པ་ལྟ་བུ་རེད་ལ། གཉིས་ནས་རྒྱ་ནག་ཡང་སྟོབས་ཆེན་རྒྱལ་ཁབ་ཞིག་ཆགས་ཡོད་པས་འགྲོ་བ་མི་སྤྱིའི་བདེ་རྩ་ལ་འགན་ཁུར་དགོས་པའི་འགན་འཁྲི་ལྷག་མ་ཞིག་ཡོད་པ་རེད་ལ། བོད་ཀྱི་འཐབ་རྩོད་ཀྱང་བདེན་པ་དང་གཉིས་སྨན་གྱི་འཐབ་རྩོད་ཅིག་ཡིན་པས་རྒྱ་ནག་གི་དབུ་ཁྲིད་ཚོས་བསམ་བློ་ཞིག་གཏོང་རྒྱུའི་རེ་བ་གནང་བ་དེ་རྒྱུ་མཚན་མེད་པ་མ་རེད་སྙམ།
ཧ་ཅང་སྟོབས་ཤུགས་ལྡན་པའི་ཇག་པ་ཞིག་གིས་ཁྱིམ་ཚང་ཉམ་ཆུང་ཞིགམབཅོམ་སོང་ན་ཁྲིམས་ལ་བཏུག་ཀྱང་ཁེ་ཕན་ཐོབ་རྒྱ་མེད་པ་མཐོང་ཆོས་རེད། དཔེ་དེ་བཞིན་རྒྱ་སྤྱིའི་ཁྲིམས་ཞེས་པ་དེ་ཉན་ན་རྣ་ལ་སྙན་པ་ཙམ་ལས་དོན་དུ་སྟོབས་ཆེན་རྒྱལ་ཁབ་ཚོས་ག་བ་ཁྲིད་ཁྲིད་རེད་པ། དེས་ན་ཁྱིམ་ཚང་ཉམ་ཆུང་དེས་ཁྲིམ་བཏུག་བྱས་པ་ལས་ཇག་པ་དེ་ལ་ཞུ་བ་རྒྱབ་ན་རྒྱུ་དངོས་ཚང་མ་ཚུར་མ་རག་ཀྱང་ཕྱེད་ཙམ་ཚུར་རག་སྲིད་པ་རེད། དེ་ལྟར་ན་གང་ཡང་མ་རག་པ་ལས་ཕྱེད་ཙམ་ཚུར་རག་ན་མི་ལེགས་སམ་ཅོ་རི་བུ།
ལུང་རྟོགས་ལགས། ཁྱོད་གསར་འགྱུར་ལ་དོ་སྣང་ཡོད་ཙང་ད་ལོ་གསུམ་བཅུ་དུས་དྲན་གྱི་སྲིད་སྐྱོང་གི་གསུངས་བཤད་དེ་གང་འདྲ་ཞིག་འདུག་གམ། ཉིད་ལ་བསམ་ཚུལ་འདྲ་བྱུང་ཡོད་དང་མེད།
ལུང་རྟོགས་ཟེར་བའི་གྲྭ་བླུན་དེ་ལ་ཉོབ་སོང་།
སྙིང་རྗེ་་་ལུང་རྟོགས་ཀྱི་སྐད་ཆ་བཤད་སྟངས་ལ་ལྟོས་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འོག་ནས་བོད་མི་རིགས་ལ་རང་དབང་ཞིག་འཐོབ་པའི་རེ་བ་ཁྱོད་ཚོ་ལ་མེད་ན་་་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་རང་དབང་འཐོབ་པའི་རེ་བ་ཁྱོད་ཚོ་ལ་ག་ནས་སྐྱེས་བྱུང་ངམ།་་་་ཧཧཧ
འདི་ལ་སོ་སོས་སོ་སོར་ལ་དགག་པ་རྒྱག་ཟེར་ལེ་རེད་དོ། ཁྱོད་ཚོས་དབུ་མ་ལམ་རྒྱའི་རྩ་ཁྲིམས་དང་མཐུན་རབས། རྒྱའི་རྩ་ཁྲིམས་འོག་ནས་བོད་ལ་ཧོང་ཀོང་ལྟ་བུའི་རང་དབང་ཞིག་རེག་ཐུབ་རབས་བཤད་བསྡད་པ་མིན་ནམ། གཅིག་རེད།
ཇག་པ་རྒྱལ་སྤྱིའི་ཁྲིམས་ལ་སྦྱར་མི་ཉན་པར་ཞུ་བ་འཐེན་དགོས་པ་ཡིན་ན་་་་རྗེས་སུ་སྲིད་སྐྱོང་ཞུ་བ་འཐེན་མཁས་པ་དང་རྐུབ་ལྡག་མཁས་པ་ཞིག་གདམ་གྱི་བྱོས། རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་ན་བེད་སྤྱོད་མེད་པ་རེད་་་་་་་ལོ་་་ལུག་རྟོགས་ལགས།
འདིར་ལུང་སྟོང་ཀི་སྒྲས་རྒྱང་སྡད་པ་མ་གཏོགས་དོན་ངོ་མ་རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་འོག་ནས་བོད་ལ་རང་དབང་ཐོབ་པའི་རེ་བ་ང་ཚོ་ལ་མ་དགོས་ཁྱོད་ཚོ་ལ་ཡང་མེད་པ། རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་རང་དབང་ཆ་ཚང་ཞིག་མ་བྱུང་ཡང་ཆ་ཤས་ཤིག་རག་སྲིད་པ་ནི་ད་ལྟའི་ཧོང་ཀོང་ལ་ལྟས་ན་ཤེས་གསལ་རེད། དེས་ན་རང་བཙན་རྩོད་ཀྱི་ཡོད་ཅེས་བོད་མི་རིགས་རྩ་མེད་འགྲོ་ཅུག་པ་ལས་རང་དབང་ཆུང་ཆུང་ཞིག་ཐོབ་ཀྱང་ཁེ་སང་རེད་བ།
བོད་ཀྱི་བུ་ལགས། ཉོབ་ན་འདིར་མ་ཡོང་ན་འགྲིག་གི་རེད། སུས་ཀྱང་བཙན་སྐུལ་གཏོང་མཁན་ཡོད་རྒྱུ་མ་རེད་པ།
ད་དུང་ཅོ་རི་ལ་བཤད་རྒྱུ་ཞིག་ལུས་འདུག ཇག་པ་རྒྱལ་སྤྱིའི་ཁྲིམས་ལ་སྦྱར་ཉན་ན་ཡང་སྦྱར་ཐུབ་པའི་གདེང་ཚོད་ཅི་ཙམ་ཡོད། གདེང་ཚོད་ཡོད་ན་ཕེབས་ཤོག་དང་ཕྱི་འདུག་མ་གཏོགས་སྔ་མི་འདུག
ལུག་ལགས། འགོ་དབུ་མའི་ལམ་གྱི་གཙོ་མཛད་ཏྭ་ལའི་བླ་མ་ནས་མཐའ་ཁྱོད་ཀྱི་བར་དུ་འཛམ་གླིང་ཐོག་ཏུ་མགོ་བཀྱགས་ནས་མཛད་འཕྲིན་རྒྱས་ཀྱི་བྱུང་བ་འདི་རྒྱལ་སྤྱིའི་ཁྲིམས་ལུགས་ལ་བརྟེན་ནས་བྱུང་བ་རེད་མ་གཏོགས་རྒྱ་ནག་གི་རྩ་ཁྲིམས་ལ་བརྟེན་ནས་བྱུང་བ་མ་རེད་པ།
བོད་རྒྱ་ཁུངས་བཅུག་ནས་བོད་མི་རིགས་རྩ་མེད་མ་ཕྱིན་ན་རང་བཙན་བརྩད་ནས་བོད་མི་རིགས་རྩ་མེད་འགྲོ་དགོས་པའི་རྒྱུ་མཚན་སྤུ་ཙམ་མེད། ལྷ་སར་རྒྱ་མི་ཡིས་ཁེངས་སོང་བ་འདི་ཡང་དབུ་མའི་ལམ་གྱི་ངན་འབྲས་ཡིན།
རྒྱལ་སྤྱིའི་ཁྲིམས་ཀྱི་འོག་ནས་བོད་ལ་རང་བཙན་འཐོབ་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། འཛམ་གླིང་འདིའི་ནང་གི་རྒྱལ་ཁབ་མང་ཆེ་བ་ཁྲིམས་ཀྱིས་དབང་སྒྱུར་ཡོད་པའི་རྒྱལ་ཁབ་ཡིན། གང་ཟག་གིས་དབང་སྒྱུར་བྱེད་བཞིན་ཡོད་པའི་རྒྱལ་ཁབ་དང་མི་རིགས་ཉུང་ཉུང་ཡིན། སྟོབས་ཆེན་ཨ་རི་དང་རྒྱ་ནག་གཉིས་ཀྱིས་ཀྱང་རྒྱལ་སྤྱིའི་ཁྲིམས་ཁུར་དགོས།
སྤྱིའི་ཆ་ནས་ཁྱོད་རང་ཚོའི་ལྟ་གྲུབ་ཀྱི་རྩ་བ་རུལ་ཚར་བ་རེད། རྒྱལ་སྤྱིའི་ཁྲིམས་འོག་ནས་རང་དབང་འཐོབ་པའི་ཡིད་ཆེས་དང་འབད་བརྩོན་མེད་པར་་་གུན་ཁྲན་དམར་ཕྱོགས་པའི་ཁྲིམས་འོག་ནས་རང་དབང་འཐོབ་པར་ཡིད་ཆེས་དང་འབད་བརྩོན་བྱེད་བཞིན་པ་ནི་འབྲས་བུ་མེད་པའི་དུག་སྡོང་སྐམ་པོ་ལ་རེ་བ་བརྒྱབས་དང་གཅིག་མཚུངས་རེད།་་་་
བོད་རང་བཙན་ལེན་སྟངས་ཀྱི་འཆར་སྣང་ཁྲིམས་གཏུག་མ་ཞེས་པའི་རྩོམ་ཡིག་ནང་དུ་གསལ་གསལ་དག་དག་བྲིས་ཡོད། ང་ཚོས་ལ་ཡང་དབང་ཆ་སྤྲོད་དགོས་རེད། བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ལམ་ཕྱོགས་འགྱུར་བ་གཏོང་དགོས་རེད། དེ་འདྲ་བྱུང་ན་་་ཇག་པ་ཁྲིམས་ལ་སྦྱར་བའི་ཐབས་ཇུས་ཡོད་དང་ཡོད། མདུན་དུ་ཐོན་ནས་ཡོང་ཆོག
རྒྱལ་སྤྱིའི་ཁྲིམས་ཞེས་ཁ་ཆེན་པོ་ཞིག་གདང་རུང་མ་གདང་རུང་། མཉམ་འབྲེལ་རྒྱལ་ཚོགས་ནང་ལ་གྲོས་ཆོད་ཅིག་བཞག་དགོས་ན་བརྟན་འཇག་ཚོགས་མི་ལྔ་ཡོད་པའི་ནང་ནས་ཅིག་གིས་མོས་མཐུན་མ་བྱས་ན་འགག་འགྲོ་བ་རེད། རྒྱལ་སྤྱིའི་ཁྲིམས་ཞེས་པའི་མིང་རྫིག་དོན་སྟོང་དེའི་གནས་བབ་དེ་འདྲ་རེད། ད་དེའི་འོག་ནས་བོད་ལ་རེ་བ་ཞིག་འདུག་གམ། རྒྱལ་བ་རིན་པོ་ཆེ་མཛད་འཕྲིན་རྒྱས་པ་འདི་ཁོང་རང་གི་འཇོན་ཐང་ལ་རྟེན་ནས་བྱུང་བ་ལས་རྒྱལ་སྤྱིའི་ཁྲིམས་ཀྱིས་རྒྱབ་སྐྱོར་བྱས་བཞག་པ་གང་ཡང་མ་རེད། རང་བཙན་རྩོད་ན་ཐོབ་ཐུབ་པའི་གདེང་ཚོད་ཅིག་དགོས་པ་རེད། དེ་ནི་ད་ལྟའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་གང་ལ་ལྟས་ཀྱང་ཧ་ཅང་ཁག་པོ་རེད། དེ་ལྟར་ན་རང་བཙན་རྩོད་པ་དེ་བོད་མི་རིགས་རྩ་མེད་བཟོ་མཁན་འདྲ་པོ་ཞིག་ཆགས་ཡོང་གི་མི་འདུག་གམ། སྐད་ཆ་སོམས་ནས་ཤོད། རྩམ་པ་ལྡད་ནས་མིག
ཧ་ཧ་ཧ། ལུང་རྟོགས།
རྩམ་པ་བལྡད་ན་མིག ཆུ་ར་བལྡད་ན་མཇེ།
ལུག་ལགས། རྒྱལ་སྤྱིའི་ཁྲིམས་མིང་རྫིག་དོན་སྟོང་ཡིན་ན་ཁྱེད་ཚོ་དབུ་མའི་མགོ་འདོགས་ཡུལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དེ་ལས་མིང་རྫིག་དོན་སྟོང་ཡིན་ཡིན་པ་རེད། རང་བཙན་རྩོད་ནས་ཐོབ་པའི་གདེང་ཚོད་དགོས་རེད་མ་གཏོགས། རང་བཙན་མ་བརྩད་ན་གདེང་ཚོད་ཡོད་པ་མ་རེད། དབུ་མ་ལམ་རྩོད་ནས་ཐོབ་པའི་གདེང་ཚོད་མེད། དེང་སང་བློ་སེང་ལ་རྒྱ་དམར་ཤོག
གིས་ལག་པ་མ་གཏང་དང་། བྱ་རྒྱུ་མེད་ཨ
ཅོ་རི་དང་ལུང་རྟོགས་དབར་ལ་འབྲེལ་གཏམ་ཐུང་ཐུང་ཞིག་བཤད་འདོད་བྱུང་ཅོ་རི་ཟེར་བ་དེ་ཁམས་པ་ང་རྒྱལ་ཅན་ང་འདྲ་བ་ཞིག་ཡིན་ས་རེད་ལ་ང་གཉིས་ཀྱི་བལྟ་བ་ལའང་ཁྱད་པར་ཅང་མ་མངོན། ཡིནའང་ང་རྒྱལ་དང་འདས་དོན་མ་གླེང་བར་སྐབས་དང་དུས་ལ་བསྟུན་ནས་གོམ་མ་བརྒྱབ་རྒྱུ་དེ་གལ་གནད་རེད། ཅོ་རི་ཟེར་བ་དེ་དོལ་ཚོགས་ཡིན་ས་མ་རེད་ལ་རྒྱ་ཚོགས་ཡིན་ས་མ་རེད། ང་ལྟ་བུའི་ལོ་རྒྱུས་ལ་འཁོན་པའི་ཞེན་གྱིས་མེ་ལྕེ་ཡོད་མཁན་ཞིག་རེད་ཟེར་བཤད་ཆོག ཡིནའང་ཁྱོད་ཀྱི་བལྟ་བ་དེ་ལ་ལུང་རྟོགས་དགའ་མོས་ཡོད་པ་མངོན་ལ་ང་ལའང་མཚུངས། ལུང་རྟོགས་ཟེར་བ་དེ་ལ་མདོ་སྨད་ཀྱི་བལྟ་བ་འམ་ངའི་བལྟ་བ་ནང་བཞིན་སྤྱང་དྲུང་འཛོམ་པ་ཞིག་ཡོད་སྟབས་ཚད་མེད་པར་དམར་ཧྲེང་ལ་དོན་འདོད་མེད་ལ་སྐབས་བབས་ཀྱི་དོན་དངོས་ལ་རྣོ་བསམ་བྱེད་ཐུབ། དོན་རྡོག་ཏུ་ཧྲིལ་ན་ཅོ་རི་ཟེར་བ་དེ་ལྷ་དང་འདྲེ་ཡི་་རུལ་དྲི་ཡོད་པ་མ་ངེས་བསམ་ཡང་དོགས་གསལ་ཆེད་ཅོ་རི་འདྲི་བ?????????
སྲིད་སྐྱོང་རིན་པོ་ཆེ་ཁ་གྲོ
བོད་ཀྱི་བུ་ལགས། ལུག་ངོ་མ་ཁྱེད་རང་རེད་འདུག རྒྱལ་སྤྱིའི་ཁྲིམས་ལ་ཆ་འཇོག་མེད་པའི་གནས་ལུག་རྒྱུ་མཚན་དང་བཅས་པ་གས་གོང་དུ་བཤད་ཡོད་པས་དེ་ལ་གནས་ལུག་གི་ལེན་འདེབས་མེད་ན་ཁ་ངན་བཤད་པས་ཅི་ཡང་མི་ཕན། རང་བཙན་རྩོད་ནས་ཐོབ་པའི་གདེང་ཚོད་མེདམཔའི་དབང་གིས་དབུ་ལམ་ལ་འགྲོ་དགོས་བྱུང་སོང་བ་རེད་མ་བཏོགས། གདེང་ཚོད་ཡོད་བཞིན་དུ་རང་བཙན་དོར་བཞག་པ་མ་རེད་དེ་ཤེས་པར་གྱིས། དབུ་ལམ་རྩོད་ནས་ཐོབ་ངེས་པ་མིན་ན་ཡང་རང་བཙན་རྩོད་པ་ལས་ཐོབ་པའི་རེ་བ་ཧ་ཅང་ཆེ་བ་ནི་བསམ་བློ་རྣལ་དུ་གནས་མཁན་སུ་ཡིན་ཡང་ཤེས་གསལ་རེད། བློ་སེང་ལ་རྒྱ་དམར་གྱིས་ལག་པ་མ་བཏང་ན་བསམ་གྱི་འདུག་གམ་དངོས་གནས་བཅོལ་ཆུང་གི་བསམ་བློ་རེད་དོ།།