ཨེ་མ་ཧོ།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།
མེས་དབོན་རྣམ་གསུམ་ཆོས་རྒྱལ་དམ་པ་དང་།།
འཇིག་རྟེན་སྲིད་པའི་དཔལ་ལ་ལོངས་སྤྱོད་པའི།།
ཡང་དག་མི་ཆོས་གཙང་མའི་དེད་དཔོན་མཆོག།
གཞན་འདུལ་གཉེན་སྐྱོང་དབང་ཐང་ཅན་རྣམས་བསྟོད།།
གངས་ཅན་བོད་པའི་སྲིད་སྐྱོང་མཚན་ཉིད་ནི།།
དགོས་པའི་ཆོས་བཅུ་ཚང་ན་རྒྱལ་ཁམས་ཉིད།།
ཞི་བདེ་རང་བཙན་གཙང་མའི་དཔལ་ཐོབ་ཕྱིར།།
ཕྱོགས་ཞེན་སྒེར་སྤྱོད་ངན་པའི་དྲི་བྲལ་དགོས།།
ཡབ་མེས་ལོ་རྒྱུས་ཤེས་པའི་མཁས་དབང་གཅིག།
བདེན་པ་རི་རྒྱལ་ལས་བརྟན་མཛངས་པ་གཉིས།།
དྲང་པོ་རྒྱལ་སྲས་སེམས་དཔའི་རྟུལ་ཞུགས་གསུམ།།
སྤྱི་དམངས་སྡེ་སྲིད་སྐྱོང་ཞིག་ལ་ངེས་པར་དགོས།།
བོད་ཁམས་ཡོངས་ལ་བྱམས་བརྩེའི་སྙིང་རྗེ་གཅིག།
ཆོས་དཔལ་རིག་གནས་སྤེལ་བའི་མཐུ་སྟོབས་གཉིས།།
རྒྱལ་ཁམས་བདེ་སྡུག་མྱོང་བའི་ཉམས་མྱོང་གསུམ།།
འཛོམས་ན་སྲིད་སྐྱོང་དམ་པའི་མཚན་ཉིད་ཚང་།།
བཟང་སྤྱོད་ལས་འདས་ཐ་མག་མི་སྤྱོད་གཅིག།
ངོ་ཚ་ཁྲེལ་མེད་གཡོ་འཕྲུལ་དབེན་པ་གཉིས།།
ཕྱི་གསལ་ནང་གསལ་མཛད་པའི་བདེན་དཔུང་གསུམ།།
རྣམ་དག་སྲིད་སྐྱོང་སྤྱི་ལ་ངེས་པར་དགོས།།
རབ་ཀྱིས་རང་བཙན་གཙང་མའི་རྒྱལ་ཁ་ལེན།།
འབྲིང་གིས་རང་སྐྱོང་དབུ་མའི་ལམ་ཁ་གསོ།།
ཐ་མས་བོད་དོན་ཁྱབ་བསྒྲག་རྒྱ་ཆེར་བྱེད།།
ཡང་ཐས་རང་བསྟོད་རྒྱལ་ཁམས་ལྟད་མོ་བལྟའ།།
ཞེས་པ་འདི་ཡང་རབ་གནས་ཤིང་ལུག་རྒྱལ་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པ་འམ་སྨན་བླའི་དུས་ཆེན་ཉིན་དྲ་གྲོགས་འགས་སྐུལ་ངོར་གང་ཤར་དམར་རྗེན་དུ་གངས་ཅན་བསྟན་སྲིད་སྤྱི་ལ་ཕན་པའི་ཐབས་སུ་ཤྲྰི་ཨེ་མ་ཧོས་དབྱིན་ཡུལ་ཀུན་བཟང་ཆོས་གླིང་ནས་བགྱིས་པར་དགེའོ།། །།
སྲིད་སྐྱོང་ག་འདྲ་ཅིག་དགོས་ཨེ།
བོད་རིགས་སེམས་འཚོ་མ་ཟིན་མིན་དང་གཅིག །
བོད་སྐད་ཤོད་དང་འབྲི་ཀློག་ཐུབ་ཙམ་གཉིས། །
ཆོས་དད་ཡོད་དང་༸གོང་ས་སྒྲིག་འཛུགས་གསུམ། །
དད་གུས་བརྩི་གསུམ་ཡོད་ན་མི་འགྲིགས་མེད། །
་
སྲིད་སྐྱོང་རྒྱལ་འགྱུར་རྒྱལ་འགྱུར་ཅིག
བདེན་པ་ཉིད་རྒྱལ་འགྱུར་ཅིག
དབུས་ལམ་རྒྱལ་གྲུབ་འགྱུར་ཅིག
རང་བཙན་ཐོབ་འགྱུར་ཅིག། །།
ཀླུ་མཁར་བྱམས་ལ་སྲིད་སྐྱོང་འོས་སུ་མཆིས།།
བློ་བཟང་སེངྒེ་བྱུང་ན་ཨོ་ཙམ་ཡོད།།
ལུག་རྫི་རྒད་པོ་ལྷག་བསམ་གཙང་མ་རེད།།
བཀྲ་ཤིས་ཁོ་ལ་འབྱོན་ཐང་ཞན་པ་མེད།།
དེ་མིན་ཆང་དུད་ནག་ཕྱུར་མི་ངན་རིགས།།
སྤྲུལ་སྐུ་བསད་དང་རྒྱུ་ནོར་རྐུ་འཕྲོག་མཁན།།
མ་རབས་སྣ་དགུ་ཚང་བའི་རུལ་སུངས་ལ།།
སྲིད་སྐྱོང་འདོད་པ་བོད་ཁམས་གཏོར་བའི་བལྟས།།
ཁ་ནས་ཏྰ་ལས་གོང་ས་གོང་མ་ཟེར།།
ཁོག་ནས་དུད་ཆང་སྲེད་ལེན་སྲིད་པ་ལས།།
ཆོས་རིག་བོད་ལ་སེམས་པ་སྣ་གཅིག་མེད།།
ནང་ཁུལ་ཁྲག་བཞིན་དཀྲུགས་པའི་ཏེ་བོ་དངོས།།
སྲིད་སྐྱོང་་་་ཙམ།
ཀླུ་བྱམས་སྲིད་སྐྱོང་ལངས་པ་ངོ་རྒོལ་ཙམ། །
ལུག་རྫིས་སྲིད་སྐྱོང་ལངས་པ་རྟེན་འབྲེལ་ཙམ། །
བཀྲ་ཤིས་སྲིད་སྐྱོང་ལངས་པ་བྱས་རྗེས་ཙམ། །
སྤེན་ཚེ་སྲིད་སྐྱོང་ལངས་པ་ཚོགས་གཙོ་ཙམ། །
་
བློ་སེང་སྲིད་སྐྱོང་ལངས་པ་སྲིད་དོན་ཙམ། །
བོད་ཀྱི་སྲིད་སྐྱོང་སྙིང་པོ་དེ་ཉིད་ཙམ། །
ཆོས་སྲིད་ཟུང་འབྲེལ་སྲིད་སྐྱོང་བོད་དོན་ཙམ། །
ཀརྡོ་ང་ཡི་བློ་ཁ་དེ་ཉིད་ཙམ། །
བོད་མི་རིགས་ཀྱི་ལས་དབང་ལ་བལྟས་ན་སྲིད་
ཕུང་མཁན་སུ་བསྐོས་ན་ཡང་ཁྱད་པར་མི་
འདུག་།
གཡག་རྫི་བསྐོ་ན་བསྐོ་།
ལུག་རྫི་བསྐོ་ན་བསྐོ་།
ཆང་འཐུང་བསྐོ་ན་བསྐོ་།
རང་བཙན་བསྐོ་ན་བསྐོ་།
དབུ་མ་བསྐོ་ན་བསྐོ་།
ཁྲིམས་ལུགས་བསྐོ་ན་བསྐོ་།
སུ་བསྐོ་ནའང་བསྐོ་ཁྱད་པར་མི་འདུག་།
ན་མོ་གུ་རུ་བྷོ་དྷི་ཙིཏྟ་ཡེ།
་
ན་མོ་གུ་རུ་བོ་དྷི་ཙིཏྟཱ་ཡ
ན་མོ་= ཕྱག་འཚལ་བ།
གུ་རུ་= བླ་མ།
བོ་དྷི་ཙིཏྟཱ་= བྱང་ཆུབ་ཀྱི་སེམས།
ཡ= ལའམ། ལ་དོན་གྱི་ཕྲད།
ཐད་འགྱུར།
྇ན་མོ་གུ་རུ་བོ་དྷི་ཙིཏྟཱ་ཡ།
ཕྱག་འཚལ་ལོ་བླ་མ་བྱང་སེམས་ལ།
བོད་འགྱུར།
བླ་མ་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །