སྲིད་སྐྱོང་འོས་མི་གཉིས་དབར་བགྲོ་གླེང་དང་དཔྱད་གླེང་། Posted on 2016-03-122016-03-12 By ཁ་བརྡ 31 Comments on སྲིད་སྐྱོང་འོས་མི་གཉིས་དབར་བགྲོ་གླེང་དང་དཔྱད་གླེང་། བགྲོ་གླེང་།
དུས་འཁོར་དབང་ཆེན་ཕྱིར་འཐེན་སྐོར་ལ་བློ་བཟང་སེང་གེས་གསུངས་པ་ལྟར་བདེན་པ་འདྲ་བོ་འདུག བོད་རྒྱ་གྲོལ་མོལ་སྐོར་ལ་བློ་བཟང་སེང་གེས་གསུངས་སྟངས་ལ་གདེངས་ཚོད་མི་འདུག གང་ལྟར་ཀྱང་ཁོང་གཉིས་ཀྱི་སུ་ལ་ཐོབ་ཀྱང་རེ་བ་ཆེན་པོ་དེ་ཙམ་མེད། །
སོ་སོའི་མགོ་དེ་སོ་སོའི་འཇིང་པའི་སྒང་ལ་ཡོད་ན། ད་རེ་སྤན་ཚེ་ལ་ཐོབ་ཡ་རེད་འདོད། སོ་སོའི་མགོོ་དེ་ཆོལ་ཁའི་འཇིང་པའི་སྒང་ལ་ཡོད་ན། བློ་སེང་ལ་ཡང་འོས་ཐོབ་ཡ་ཡིན་འགྲོ། བོད་ནང་གི་བོད་མི་ཚོའི་དོན་དུ་མགོ་ཞིག་དགོས་ན། འོས་དེ་ལོ་ལྔ་ཡི་རྗེས་ནས་འཕེན་དགོས་ཡ་འདྲ་ཞིག་འདུག། ཧ་ཧ་ཧ།
སྲིད་སྐྱོང་འོས་མི་གཉིས་བར་གྱི་བགྲོ་གླེང་ཐོག་ཏུ་དཔྱོད་གླེང་བྱས་པ་རེད་མི་འདུག་ག དབུས་གཙང་བ་དང་ཨ་མདོ་བ་ཚོས་དཔུང་སྒྲིག་ནས་སེང་གེའི་ཐོག་ཏུ་དགག་པ་བརྒྱབ་ཀྱི་འདུག་་་ཧཧཧ དཔྱོད་གླེང་པ་རྣམས་ཀྱི་ནང་དུ་ཁམས་པ་གཅིག་ཀྱང་མི་འདུག་ག་་་་་བྱེད་སྟངས་ལས་སྟངས་འདི་འདྲ་བྱས་ན་ཆོལ་ཞེན་གྱི་མེ་ལྕེ་ཇེ་ཆེར་འགྲོ་ངེས་རེད་པ།
དུས་འཁོར་བཀའ་དབང་ཕྱིར་འཐེན་གནང་བའི་སྐོར་དེ་རྙོག་གླེང་ཆེ་ཙམ་བྱུང་སོང་། གནས་ཚུལ་དེ་ཆེ་རུ་འགྲོ་དོན་ཡང་སྙིང་སུས་ནོར་ཡོད་མེད་གསལ་པོ་བྱས་ནས་ཡིད་ཆེས་འཕེར་ངེས་གཅིག་ད་དུང་གསལ་པོ་མི་འདུག སྐུ་མདུན་ནས་ད་རེས་ཨ་རིར་གནང་བའི་བཀའ་སློབ་རྩིས་ན་ཡོངས་གྲགས་ཐེངས་གསུམ་ཙམ་བཀའ་གནང་སོང་བ་དེ་ལ་ཆ་འཇོག་དགོས་ངེས་རེད། འོན་ཀྱང་བཀའ་ཤག་ནས་ཀྱང་མང་ཚོགས་ནང་དེའི་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྔ་ཕྱི་གཉིས་གནང་སོང་བ་དེས་ཀྱང་འཁྲུག་ཆེན་པོ་ཐེབས་སོང་བ་དང་། ད་དུང་ཚོགས་གཙོ་སྤེན་པ་ཚེ་རིང་ནས་ཀྱང་གསལ་བཤད་གནང་བ་ཁག་ལ་རྒྱུ་མཚན་རྩ་བ་ནས་མེད་པ་དེ་འདྲ་མ་རེད། གཅིག་ཁོང་སྤྱི་འཐུས་ཚོགས་གཙོ་ཡིན་མུས་གཅིག་ནས་རྫུན་གཏམ་དེ་འདྲ་གསུངས་མི་སྲིད་ལ་གཉིས་ནས་སྐུ་མདུན་ལ་མཛད་དཀའ་གཅིག་བཀའ་ཤག་ནས་ཀྱང་བཟོས་ཡོད་རྐྱང་རེད་འདུག་པ་ནི་ཚོགས་གཙོས་གང་ཡང་མ་གསུངས་སྔོན་ནས་སྤྱི་ཚོགས་ནང་གང་འཚམས་རྙོག་གླེང་བྱུང་སོང་། དུས་དབང་གི་ཆེད་དུ་མི་ག་ཚོད་ཙམ་དང་ལྷག་པར་དུ་བོད་ནང་ནས་མི་ག་ཚོད་ཙམ་གྱིས་གྲྭ་སྒྲིག་བྱས་མེད་དམ། ད་དུང་གོ་སྒྲིག་ཚོགས་ཆུང་ནས་ཀྱང་གྲྭ་སྒྲིག་གི་ཆེད་དུས་ཚོད་དང་འགྲོ་སོང་མང་པོ་བཏང་ཡོད་ཤག་རེད། དེའི་ཕྱིར་ངའི་བསམ་པར་༧སྐུ་མདུན་ནས་སྐུའི་འཕྲོད་བཞེས་གཅིག་པུའི་རྒྱུ་མཚན་གྱིས་ཕྱིར་འཐེན་གནང་བ་ཡིན་པར་མཐོང་གི་མེད། དེ་ལ་དམིགས་བསལ་མང་ཚོགས་ནང་གསུངས་སྟབས་མི་བདེ་བའི་རྒྱུ་མཚན་གཞན་ཞིག་ངེས་པར་དུ་ཡོད་ངེས། དེ་མ་གཏོགས་སྐུའི་འཕྲོད་བཞེས་གཅིག་པུའི་ཆེད་དུ་ཡིན་ན་ལྷོ་ཕྱོགས་སུ་མཛད་རིམ་ཁག་དང་བཀའ་ཆོས་ཉིན་ག་ཚོད་ཙམ་གནང་སོང་བ་ང་ཚོ་ཚང་མས་ཤེས་གསལ་མ་ཡིན་ནམ། གང་ལྟར་ཡང་གནས་ཚུལ་དེའི་སྐོར་ནས་ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་ནས་༧སྐུ་མདུན་ལ་མཛད་དཀའ་དང་ཐུགས་དགོངས་དཀྲུགས་སོང་པ་ཞིག་བྱུང་སོང་བས་༧སྐུ་མདུན་དང་རྒྱ་ཆེའི་མང་ཚོགས་ལ་དགོངས་སེལ་ཞིག་ནི་ངེས་པར་དུ་ཞུ་དགོས་ངེས་ཆགས་སོང་།
ཅོ་རི། ཨ་མདོ་བ་དེ་ཚོ་ཆོལ་ཁའི་རྗེས་སུ་རྒྱུག་ནས་ཆོལ་ཁ་དཀྲུག་འདོད་ཡོད་རྒྱུ་མ་རེད་འདོད། གཅིག་ནི་ཤེས་ཡོན་ཡོད། གཉིས་ནི་དྲིན་དྲེན་ཤེས། གསུམ་ནི་ཁ་གྲངས་ཉུང་། དེ་ཡིས་མི་ཚད། ཨ་མདོ་བས་ཨ་མདོ་བ་བསད་ནས་ཆོལ་གསུལ་རྡོག་རྡོག་གཅིག་ལ་བཞག་པའི་དམ་ཚིག་ཡོད་པ་རེད་ཟེར། རང་གིས་དེ་འདྲ་གོ་ཡོད་འགྲོ།
ཅོ་རི་ཉི་མ་ཟེར་མཁན་དེ་རྨོངས་ཞེན་རང་རེད། བགྲོ་གླེང་དཔྱད་གླེང་ནང་ཞུགས་མཁན་ཁོངས་ཀྱི་གྲྭ་ངག་དབང་འོད་འབར་ལགས་མདོ་སྟོད་ནས་ཡིན་པ་བརྗེད་སོང་བ་འདྲ། དེ་སྔོན་མདོ་སྟོད་སྤྱི་འཐུས་ལ་ལངས་པ་མ་ཤེས་པ་འདྲ། ཨ་མདོ་དང་དབུས་གཙང་ལ་ཞྭ་ནག་རྐྱང་རྐྱང་མ་གཡོགས།
རྒྱལ་བ་རིན་པོ་ཆེ་རང་གིས་ཞལ་ནས་དུས་དབང་ཕྱིར་འཐེན་དེ་སྐུའི་འཕྲོད་བརྟེན་གྱི་ཆེད་དུ་ཡིན་གསུང་ཟིན་ཀྱང་། ཚོགས་གཙོས་དགོངས་དབང་གི་ཆེད་དུ་རེད་ཟེར། ཚོགས་གཙོས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་མེད་པ་འདྲ་པོ་གདའ།
དུས་འཁོར་དབང་ཆེན་དེ་གནད་དགག་ག་རེ་ལ་མཐོང་གི་ཡོད་པ་དེ་ཅང་མི་ཤེས། གསར་འགོད་པ་འདི་ཚོ་དཀྲུགས་ལོང་གི་ལས་ཀ་མ་གོཏགས་མེད་པ་འདྲ། བོད་མི་སྒྲིགས་འཛུགས་ཀྱིས་གོ་ས་ཆེ་ོཤོས་འགྲན་རྩོད་དེར་དུས་དབང་གགླེང་བ་ནི་ཐབས་སྐྱོ་པོར་མཐོང། ཆོས་ཕྱོགས་ཀྱིས་བྱེད་སྒོ་དེ་བོད་མིའི་རྩ་དོན་ལས་ལྷག་པ་ཞིག་ཏུ་བརྩི། བོད་ནང་ངོ་ཤེས་གྲོགས་པ་མཉམ་དུ་ཁ་བརྡ་སྐབས་ཁོ་ཚོར་དུས་དབང་གནད་དོན་དེ་རིན་པོ་ཆེ་རང་གི་གསལ་ཁ་བཟོ་དགོས་བསམ་འཆར་བཏང་གི་འདུག་ལ་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་ད་དུང་ཡང་མངོན་གྱུར་མེད་ཀྱང་ལྐོག་ཏུ་ཤུགས་ཆེན་པོ་ཡིན་པའི་བརྡ་ལན་གསལ་པོ་རེད་ཀྱང་བཤད། ་་ཨེ་རླུང་ཚང་གིས་གསར་འགོད་པ་གཉིས་ཕྱིའི་བཀོད་པ་ནས་རྣམ་འགྱུར་སྐྱོ་ལ་ མརབས་་ཧམ་ཆེན་ཞིག་ཚོར་ཤུགས་ཆེན་ཚོགས་ཁང་དུ་མི་མང་པོས་གླེང།
དུས་དབང་གི་སྐོར་གྱི་གནས་ཚུལ་ངོ་མ་འདི་རེད། སྲིད་སྐྱོང་དང་ཚོགས་གཙོས་བཤད་པ་གཉིས་ཀ་བདེན། སྲིད་སྐྱོང་གིས་བཀའ་ཤག་དང་འབྲེལ་བ་མེད་ཟེར་བ་དེ་རེད། མེད་པ་བཟོ་མཁན་ནམ་ཡར་ཞུ་མཁན་དང་མར་གནང་ས་དེ་”བཀའ་ཤག་”མ་རེད། དེ་སྲིད་སྐྱོང་དང་ཆོས་དོན་བཀའ་བློན་སོགས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་གཙོ་བོ་དག་རེད། འདི་ཤེས་དགོས། བྱས་ཙང་། སྲིད་སྐྱོང་གིས་རྟག་ཏུ་བཀའ་ཤག་ཅེས་གསུངས་པ་རེད། ཚོགས་གཙོས་གསུངས་པ་དེ་ཆུ་སྒང་གི་བརྟན་བཞུགས་དང་འབྲེལ་བའི་ཐད་རེད། འདི་རྙོག་དྲ་ཆེན་པོ་རེད། འདི་ལ་མི་ལོ་ཉི་ཤུ་ཡས་མས་ཀྱི་རྙོག་དྲའི་ལོ་རྒྱུས་རེད། རྙོག་དྲའི་ལོ་རྒྱུས་འདིས་མདོ་སྟོད་ནང་ཁུལ་ཙམ་མ་ཟད་བཙན་བྱོལ་བོད་མི་སྤྱི་ཚོགས་ཧྲིལ་པོ་མི་བདེ་བ་ཡང་ཡང་བཟོས་ཡོད། མདོར་བསྡུས་ན། སྲིད་སྐྱོང་གིས་འབབ་ས་དངོས་དེའི་ཐོག་སྐད་ཆ་མ་བཤད་པར་ཚོགས་གཙོས་བཤད་པའི་ཚིག་དུ་མར་འཇུས་ཏེ་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད། ཚོགས་གཙོས་རྙོག་དྲ་དེ་གཏིང་ནག་པས་གསལ་པོ་དེ་ཙམ་གསུང་ཐུབ་ཀྱི་མེད། མདོར་ན། གཉིས་ཀ་བདེན་པ་ཡིན་ཡང་། ནག་ངོ་མ་དེ་དུས་དབང་གོ་སྒྲིག་བྱེདམཁན་ལ་ཡོད། དོན་ངོ་མ་འདི་རེད།
ཨ་རླུང་དང་ཨེ་རླུང་གི་ལས་བྱེད་འདི་ཚོས་གཞན་གྱི་རྒྱུན་ཤེས་དང་གསར་འགོད་ལས་རིགས་ཡག་པོ་ཞིག་ཤེས་པ་ཕཪ་ཞོག རང་ཉིད་བོད་པ་ཡིན་པའི་འདུ་ཤེས་ཤིག་གི་ཐོག་ནས་བོད་མིའི་ཁྲོད་དུ་བོད་ལྭ་གྱོན་པའི་མིག་དཔེ་ཙམ་ཡང་འཇོག་མི་ཐུབ་པ་འདི་ཧ་ཅང་གི་ཐབས་སྐྱོ་བོ་རེད།
ཁོང་གཉིས་སུ་ལ་སྲིད་སྐྱོང་ཞབས་བསྟེགས་ཐོབ་ཀྱང་བྱ་རྒྱུ་དེ་ཙམ་མེད། སྲིད་སྐྱོང་བློ་སེང་ལགས་ནས་སྐྱག་རྫུན་དང་ཧམ་པ་བཤད་རྒྱུ་གོམས་སྲོལ་ངན་པ་འདུག དེ་ནི་ཉེན་ཚབ་ཆེན་པོ་ཡིན་སྟབས་ཚང་མས་ཡིད་གཟབ་བྱ་དགོས་མཐོང་།
དང་པོར་སྲིད་སྐྱོང་མི་སྐྱ་ཞིག དེའི་ནང་ནས་ཧར་བ་དྲི་སློབ་ཆེན་ཐོན་པའི་འབུམ་རམས་པ། དེའི་སྒང་ལ་བློ་སེང་ཁོང་གིས་འུར་རྒྱངས་པའི་བྱེད་སྤྱོད་ལ་བོད་མི་ཚང་མས་འོས་འཕེན་གྱིས་སྲིད་སྐྱོང་ལངས་པ་རེད། ལོ་བཞི་དང་ཕྱེད་རིང་གྲུབ་འབྲས་དང་འཐུས་ཤོར་གཉིས་ལས་འཐུས་ཤོར་གྱི་རྒྱ་གྲངས་ལྕི་གྲགས་པ་ཚང་མས་ངོས་ཟིན་ཐོབ་ནའང་ཁོས་ད་དུང་ཁས་ལེན་རྩ་ནས་བྱེད་ཀྱི་མེད། ངེད་ཅག་ལ་དམངས་གཙོའི་གོ་རྟོགས་ཞན་པ་དང་རིག་སྟོབས་ཀྱི་དཔྱོད་ཤེས་མེད་པའི་མང་ཚོགས་ལ་རང་ཉིད་ཀྱི་རྐུབ་སྟེགས་བརྟན་ཆེད་ཁ་ཡག་བསླུ་བྲིད་དང་མགོ་བོ་རྨོངས་པའི་བཀའ་ཀོལ་ནམ་ཞར་ཡང་གསུང་གི་ཡོད། ཇི་འདྲའི་སྲིད་སྐྱོང་ཐབས་སྡུག་ཅིག མིག་ཡོད་མཁན་གྱིས་ལྟ་ཐུབ་པ་དང་རྣ་ཡོད་མཁན་གྱིས་ཉན་ཐུབ་པ་ཡིན་ན་ཨེ་རང་ཚང་གི་དྲི་བའི་ལན་ལ་བལྟས་ཀྱང་བོད་ཀྱི་སྲིད་སྐྱོང་ཞིག་གིས་ལན་བསྐྱོན་སྟངས་མ་རེད། དེ་ནི་རང་ཉིད་ལ་ཉེས་པ་ཡོད་ཙང་བསམ་བློ་འཁྲུགས་ནས་བློ་རྣལ་དུ་ཕབ་ནས་ལན་རྒྱག་ཐུབ་ཀྱི་མེད་པའང་འདི་ལ་ཐུག་འདུག སྐྱོ་བ་ལ།
གང་ལྟར་ཡང་། ཚེས་པ་བརྒྱད་དང་བཅུ་གཅིག་གི་བགྲོ་གླེང་གཉིས་ཀྱི་ཐོག་ནས། སྤེན་ཚེས་བློ་སེང་སླ་སླ་ཤོག་བུ་ནང་བཞིན་བཟོས་སོང་། ཧམ་རྫུན་རྣམས་རེ་རེ་བཞིན་དུ་བྲུས་སོང་བ།
ཨ་ཡོ་་་་་་མཆན་བཏབ་མཁན་མང་ཤོས་དེ་བློ་སེང་གིས་འདོད་པ་མ་གང་བ་རེད་འདུག་ཨ། ཡག་མོ་རེད། དང་པོ་རང་གི་ལག་པ་རང་གིས་བྲང་ཁོག་སྟེང་འཇོག་ནས་སོ་སོས་བོད་སྤྱི་དོན་ཐད་ལ་ག་རེ་བྱས་འདུག་མནོ་བསམ་ཡག་པོ་ཐོངས་ཤིག་་་་དེ་ནས་བློ་སེང་ལ་དཔྱད་པ་ཐོངས། ལར་ནས་ཞང་པོས་འཇོན་དང་ཚ་བོས་འཇོན་ཁྱད་པར་མེད་པས་སུས་འཇོན་ན་གངས་ཅན་སྐྱིད་སྐྱོང་ལ་ཕེབས་ནས་དབུས་བོད་མིའི་སྒྲིག་ཁོངས་སུ་ཞབས་ཞུ་ཕེབས་དང་དགའ་བསུ་ཡོད།
བོད་མི་བསོད་ནམས་ཟད་པ་རེད། འཛམ་གླིང་གི་འགྲོ་སྟངས་བྱེད་ན་མི་བསད་ལག་དམར་གྱི་ནག་ཉེས་ཡོད་ན་འོས་འགྲན་ཁོངས་སུ་གཏན་ནས་འགྲོ་ཆོག་གི་མ་རེད། འོན་ཀྱང་སྤེན་ཚེ་འཛམ་གླིངའགྲོ་སྟངས་ལས་བརྒལ་ཏེ་བཀའ་བློན་འོས་མི་དང་། ད་དུང་དུས་དབང་སྐོར་སྐྱག་རྫུན་བཤད་ཀྱང་སུས་ཁོང་ལ་བཀའ་སྐྱོན་བཏང་མཁན་བྱུང་མྱོང་མེད། རག་གིས་བཟི་སྟེ་རྒྱ་ནག་བཀའ་དྲིན་ཆེ་རབས་དང་། རག་གི་བཟི་སྟེ་འཁྲུག་པ་རྒྱགས་པ། ཁོང་ཚོགས་གཙོ་སྐབས་སུ་གྲོས་ཚོགས་ཐེངས་མ་གཉིས་གཏོར་བ་དེ་སྔོན་བྱུང་མྱོང་མེད། སྦེལ་མཇམ་དུ་གསར་འབྱོར་བ་རྣམས་ཀྱི་ཡིག་ཆ་ནག་པོར་བསྒྱུར་བ། ཁོང་གི་རྒྱབ་རྩར་ངོ་མ་སུ་ཡོད་དམ། ངོ་མ་ཁོང་ལ་དབུ་རྒྱལ་བ་རིན་པོ་ཆེ་ནས་བཀའ་ཁྲི་ལ་སོགས་པ་ཞེད་དགོས་པ་འདྲ་པོ་འདུག ཁོང་གི་རྒྱབ་རྩར་གལ་ཆེན་མི་སྣ་ཞིག་འདུག གང་ལགས་ཞེ་ན་སྲིད་སྐྱོང་ལ་ནག་ཉེས་ཡིག་ཆ་གང་སར་བཀྲམ་པ་ལ་ལྟོས་དང་དེ་འདྲའི་འགྲོ་སོང་ཕང་མེད།
ཨེ་རླུང་འདི་བློ་སེང་ལ་སྡང་ཙམ་དང་སྤེན་ཚེ་ལ་ཤ་ཚ་ཆེ་བ་འདུག དྲི་བ་ཚང་མ་བློ་སེང་གི་རྙོག་ཁྲ་དེ་ཚོར་ཚྭ་བཏབ་ནས་བཤམ་སོང་། དི་རིང་བློ་སེང་སྙིང་མ་རྗེ་འགྲམ་ལྕག་མང་པོ་བཟེད་སོང་། ཕལ་ཆེར་ཚང་མས་ཚོར་བ་བཞིན་བློ་འེང་ཕམ་སོང་། ཅི་སྟེ་བློ་སང་འོས་ཤོག་ཕམ་ན། བགྲོ་གླེང་འདི་དང་འབྲེལ་བ་ཡོད་སྙམ་པའི་བག་ཆགས་བཞག་སོང་། བགྲོ་གླེང་མགོ་མ་ཚུགས་གོང་བློ་སེང་གིས་ཨེ་རླུང་ལ་སྤྲེལ་ལད་བཤད་སོང་རུང་ཕན་མ་སོང་། ཐུག་མ་ཙམ་ནས་ཁ་དང་སྣ་དང་མིག་ལ་ཚོད་མེད་བཞུས་ནས། བློ་སེང་ཁྲག་དྲི་མ་ཡལ་གོང་ནས་བགྲོ་གླེང་བསྡུས་ནས། སྐལ་ལྡན་བློ་གྲོས་དང་། རོགས་པ་ ཨ་མདོ་དཔལ་ལྡན་རྒྱལ་ཁྲིད་ནས། ཡང་བསྐྱར་བློ་སེང་བརྡུང་སོང་། སྙིང་མ་རྗེ། ངའི་སྲིད་སྐྱོང་། ཁ་མིག་ཁྲག་གིས་མཚོས་ནས། རོ་ལ་བདག་པོ་རྒྱག་ས་མེད་པ་ལྟ་བུ་བཟོས་སོང་། སྲིད་སྐྱོང་ལ་བཏང་བའི་ཨ་མདོའི་གཞས་དེ་ཡང་དྲན་སོང་། ཨེ་མ། བློ་བཟང་སེང་གེ་ཤོག ཕོ་རྒོད་ཡིན་ན། ཨེ་རླུང་ཚང་ལ་ཤོག ་་་་
ཡཡཡ་་་སྤེན་ཚེ་སྲིད་སྐྱོང་ལ་བསླེབ་ན་རིག་གནས་གསར་བརྗེ་གཉིས་པ་ཞིག་ཡོང་ངེས་རེད། བླ་མ་མཁྱེན། ད་བོད་མི་རྣམས་
གལ་སྲིད་སྤེན་ཚེ་ལ་སྲིད་སྐྱོང་ཐོབ་ན་རྒྱ་མིའི་གཞུང་དགའ་ཐག་ཆོད་ཀྱི་རེད། གོང་ས་མཆོག་ནས་མི་གསོད་ལག་དམར་དོགས་གཞི་ཡོད་མཁན་དང་སྐྱེས་དམན་ཚོར་ཁྲེལ་མེད་བྱེད་མྱོང་མཁན་ཞིག་སྲིད་སྐྱོང་ལ་བསྐོས་སོང་ཞེས་བསྒྲགས་ཀྱི་རེད་ལ། གོང་ས་མཆོག་ལ་ཡ་མི་བྱེད་དོན་ཡང་དེ་དག་ཡིན་ཚུལ་ལབ་ངེས། དེ་དུས་འཛམ་གླིང་མི་མང་ཡང་དོགས་པའི་ཀློང་དུ་འཇུག་ངེས་ཡིན། ནུབ་ཕྱོགས་སུའང་མི་གསོད་དོགས་གཞི་ཅན་ཞིག་དང་སྐྱེས་དམན་ཚོར་ཁྲེལ་མེད་བྱེད་མྱོང་མཁན་ཞིག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་མི་སྲིད།
སྤེན་ཚེས་ང་། ཆུང་དུས་ནས་སྤྱོད་ངན་པོ་ཡོད་པ་ཁོ་རང་གིས་སྤོབས་ཆེན་པོའི་ངང་ལ་ཐེངས་མང་། མངས་ཚོགས་ལ་བཤད་པ་དག་མ་བརྗེད་པར་གྱིས།།
སྐུ་ངོ་སྤེན་པ་ཚེ་རིང་དང་། སྤྱི་འཐུས་ཟླ་བ་ཚེ་རིང་། འོས་བསྡུ་འགན་འཛིན་གསུམ་རྒྱ་ནག་གི་ཁ་འོག་ཏུ་ཡོད་ན། ཀྲོ་ཡོ་ཁང་དང་མཉམ་དུ་ད་ལྟ་བཙོན་ཁང་དུ་ཡོད་ངེས་རེད། ཡིན་ནའང་ང་ཚོའི་གཞུང་དེ་ཆོས་བྱེད་མི་སྣ་དང་། སྐུ་དྲག་རིང་ལུགས་ཀྱི་འབག་བཙོག་གི་འོག་ནས་མ་ཐར་ཙམ་གང་ཟག་དབང་སྒྱུར་དང་། བཀས་བཀོད་ལས་མ་འདས་པ་ཤེས་ཡོད།
དབུས་གཙང་མི་དམངས་ལ་དྲན་སྐུལ། བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་འདེམས་ནི་སྔར་ལས་འཁྲུགས་ཆ་དོད་པ་ཆགས་ཤིང། ད་ལྟའི་ཆར་སྔོན་འགྲོ་ལས་ཀྱང་དངོས་གཞི་འཁྲུགས་་ཆ་ཆེ་བར་གྱུར། འཁྲུགས་ཆ་ཆེན་པོ་ཡོད་པ་དེ་དགའ་འོས་པ་ཞིག་ཡིན་ཀྱང། འདས་པའི་ཟླ་འགའ་ཞིག་ནང་སྤྱི་ཚོགས་ཀྱི་ཕྱི་ནང་གསང་གསུམ་ལ་ཞིབ་ལྟ་དང་མྱུལ་ཞིབ་བྱེད་སྐབས། དབུས་གཙང་མི་དམངས་ལ་དྲན་སྐུལ་འགའ་ཞིག་མ་ཞུ་ཐབས་མེད་ཆགས་སོང། དང་པོ། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་དང་ཁོང་གི་རྒྱབ་སྐྱོར་བ་སྐོར་ཞིག་གིས་སྡིག་པ་མིག་འཚུམ་གྱིས་དབུས་གཙང་མི་བེད་སྤྱོད་བཏང་ནས་དབུས་གཙང་པ་ཕམ་ཐབས་བྱེད་ཀྱི་འདུག དཔེར་ན། སྐད་ཆ་དང་། བརྙན་འཕྲིན། པར་རིས་རྙིང་པ་བཀོལ་ནས་མགོ་སྐོར་གཏོང་བཞིན་པ་དང་། དགོས་དབང་གིས་ཚད་ལས་བརྒལ་བའི་ཟོལ་བསྟོད་དང་། གཡོ་ཇུས་བཅོས་སླད་ཀྱིས་གུས་བཀུར་ཆེ་མཐོང་ཡོད་མདོག་གིས་ར་སྤུས་བཟོས་པའི་འུར་རྡོ་ར་མགོ་ལ་ཞུ་ཐབས་བྱེད་ཀྱི་ཡོད་པ་ངེས་པར་ཤེས་དགོས། གཉིས་པ། དབུས་གཙང་པ་ཞིག་གིས་བློ་སེང་གེ་ལ་རྒྱབ་སྐྱོར་མ་བྱས་ན། ཆོལ་ཁའི་འཐེན་འཁྱེར་ཡིན་ཚུལ་གྲགས་ཤིང། ཁམས་པ་ཞིག་ཡིན་ན་ངེས་པར་བློ་སེང་གེ་ལ་རྒྱབ་སྐྱོར་བྱེད་པ་དང་བྱེད་དགོས་ཚུལ་དེ་ཆོལ་ཁའི་ལ་རྒྱ་ལས་འཐེན་འཁྱེར་དུ་མི་བརྩིས། འོ་ན། ཆོལ་ཁ་གཅིག་སྒྲིལ་ཟེར་བ་དེ་དབུས་གཙང་པ་གཅིག་པོར་བདག་པའི་ལས་འགན་ཞིག་རེད་དམ། གནད་དོན་འདི་ཐད་ནས་དབུས་གཙང་པ་ཚོས་ངེས་པར་དུ་སོ་སོ་གང་དུ་འཐེན་ཞིང་ཚུད་ཐབས་བྱེད་ཀྱི་ཡོད་པ་ཤེས་དགོས། གསུམ་པ། དབུས་གཙང་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ལས་ཐོག མི་དམངས་དཀྱིལ་མ་ཚོས་སྤེན་པ་ཚེ་རིང་ལགས་རྒྱབ་སྐྱོར་བྱས་ན་ཁོང་གི་རྒྱུགས་ཁྱི་ཆགས་ཚུལ་བརྗོད་པ་དང་། དེ་ལས་ལྡོག་ཏེ་བློ་སེང་གེ་ལ་རྒྱབ་སྐྱོར་བྱས་ན་རྒྱུགས་ཁྱི་མི་ཆགས་པའི་གནས་ལུགས་ཤོད་རྒྱུ་ཡོད་མེད་ལ་ངེས་པར་དྭོགས་སློང་བྱེད་དགོས། བཞི་པ། དབུས་གཙང་གི་མིང་འཁྱེར་ནས་དབུས་གཙང་དབར་དཀྲུགས་ཤིང་དང་། དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་ཚུལ་ཙམ་གྱི་གཞན་དབང་དུ་གྱུར་ནས་འོས་འཕེན་གྱི་ཐོབ་ཐང་སྤྱོད་པ་ནི། འོས་འཕེན་གྱི་ཐོབ་ཐང་མེད་པ་ལས་ཀྱང་སྡུག་གི་ཡོད་པ་ཤེས་དགོས། དབུསགཙང་པ་ཚོས། བླུན་པོ་རང་གི་རྗེས་སུ་མི་འབྲངས་ཀྱང། རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་པའི་དམ་བཅའ་དགོས་སོ།། ཕྱི་ལོ་༢༠༡༦ཟླ་༠༣ཚེས་༠༨རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་དབུས་གཙང་པ་ན་གཞོན་ཞིག་གིས་ལྷག་བསམ་གྱིས་ཕུལ།
དབུས་གཙང་པའི་ཆོལ་ཁ་ལ་མི་ཟད་སོང་བ་ཡིན་པ་འདྲ། ཡང་ན་དབུས་གཙང་ཆོལ་ཁའི་ནང་དུ་སྲིད་སྐྱོང་འོས་པའི་ཤེས་ཡོན་ཅན་གྱི་མི་སྣ་མེད་པ་འདྲ། ཡང་ན་དབུས་གཙང་ཆོལ་ཁའི་མི་རྣམས་ལ་ལྷག་བསམ་ཡོད་མཁན་མེད་པ་འདྲ། ཡང་ན་དབུས་གཙང་ཆོལ་ཁའི་མི་རྣམས་ལ་རང་རིགས་ཀྱི་ཤ་ཞེན་མེད་པ་འདྲ། ཡང་ན་དབུས་གཙང་གི་ཆོལ་ཁའི་མི་རྣམས་གཞན་ཟེར་གྱི་རྗེས་སུ་འབྲེང་མཁན་ཤ་སྟག་ཡིན་པ་འདྲ། གང་ལྟར་དེ་འདྲ་ཡིན་ན་མ་གཏོགས་རྒྱུ་མཚན་གཞན་གང་ཡང་མི་འདུག མི་འབོར་ནི་དབུས་གཙང་པ་མང་ཤོས་རེད་ཟེར། དབུས་གཙང་ནང་ནས་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་ནས་སེར་ཐིག ཅེས་པ་ལྟར་དབུས་གཙང་པ་ཞིག་སྲིད་སྐྱོང་འོས་མི་ཞིག་བཏོན་མོད། དེ་ལ་བརྒྱབ་སྐྱོར་ཇི་ལྟར་ཡོད་མེད་སྔོན་འགྲོའི་འོས་འབྲས་ལས་ཤེས་སོང། དེ་ནས་ཨ་མདོ་བ་ཞིག་དངོས་གཞིའི་འོས་མིར་བཏོན་སོང་རང་ཉིད་ཀྱི་ཆོལ་ཁ་ལ་ཤེས་འཇོན་ཅན་གྱི་མི་སྣ་ཟད་སོང་བ་འདྲ། ད་དེ་འདྲ་རེད་གདའ།
ང་ཚོའི་དབུས་གཙང་གི་མི་རིགས་ལ་ཁྱད་པར་འབྱེད་ཀྱི་མེད། རྒྱལ་བ་རིན་པོ་ཆེ་ཡང་ཨ་མདོ་རེད། པན་ཆེན་རིན་པོ་ཆེ་ཡང་ཨ་མདོ་རེད། དེ་རྗེས་འོས་ཐོབ་པའི་བཀའ་ཁྲི་མཁས་དབང་ཟམ་གདོང་ཡང་ཁམས་པ་རེད། ཡང་སྐྱར་འོས་ཐོབ་ཆེ་ཤོས་བློ་སེང་རེད། ད་དུང་ཡང་མི་རིགས་ལ་ཞབས་འདེབས་ཞུ་མཁན་སུ་ཡོད་ན་དེ་ལ་རྒྱབ་སྐྱོར་གཙང་མ ཡོད།
མ་གཞི་ཨེ་རླུང་རང་ཨ་རིའི་གྲོས་ཚོགས་མཐུས་མིའི་སྙན་ཞུའི་ནང་ནག་ཉེས་ཕོགས་ཟིན་བརྒྱུད་ལམ་ཞིག་ཡིན་ཙང་དྲང་བདེན་དང་མི་རིགས་ཀྱི་འཐབ་རྩོད་ཐོག་དྲི་བ་ཞིག་གཏོང་མི་ཤེས་པ་དེ་རེད། འོས་མི་གཉིས་ཀྱི་མི་གཞི་དང་ཀུན་སྤྱོད་ལ་བལྟས་ན་བློ་སེང་དང་སྤེན་ཚེ་གཉིས་གནམ་སའི་བར་ཁྱད་འདུག། བློ་སེང་ལ་འདྲ་མཉམ་གྱི་འདུ་ཤེས་ཆེ་ཙམ་འདུག། སྤེན་ཚེ་ནི་རང་གདོང་མི་མཐོང་སེང་གེའི་ཤགས་ཟེར་བ་དེ་རེད། ཁོས་ཀླུ་བྱམས་ལ་འཛིན་པའི་འདུ་ཤེས་དེས་རྐུན་པོ་ཧམ ཆེན་ཆེན་ཞིག་རེད། ཡ་མཚན་སྐྱེ་དགོས་པ་དེ་རྒྱལ་བའི་བཀའ་ལ་དྲང་ངེས་ཕྱེས་པ་དེ་རེད། མ་གཞི་བྱས་ན་འདས་པོ་ཀརྨ་ཆོས་འཕེལ་གྱིས་དྲང་ངེས་ཀྱིས་སྐད་ཟུར་ཙམ་གྱིས་ང་མ་བིན་བཟོས་སོང་གསུངས་པ་རེད་ལ། གངས་སྐྱིད་ཀྱིས་འཐབ་འཛིང་དེའི་འོག་ནས་ཚེ་ཐར་མ་སོང་ང་། འོན་ཀྱང་ད་ལན་སྤེན་ཚེ་ཁོས་རྒྱལ་བ་རིན་པོ་ཆེས་བཀྲ་ཤིས་ལྷུན་པོ་དང་ཨ་རི་ཇཱི་ནི་ཝ་བཅས་སོ་སོར་ཡང་ཡང་དེའི་བསྐོར་བཀའ་གནང་འདུག་ཀྱང་ད་དུང་ཧམ་པ་བཤད་སྟངས་དེ་ཡག་རྟགས་ཅིག་མ་རེད་ལ། སྤེན་ཚེ་དང་ཀརྨ་ཆོས་འཕེལ་གཉིས་དྲང་ངེས་ཕྱེས་མཁན་མཚུངས་ཀྱང་མ་བིན་གྱིས་བཀའ་ཉེས་ལ་དྲང་བདེན་ཟེར་བ་ཞིག་ཡོད་བཟོ་མི་འདུག། མ་གཞི་ད་ལོའི་འོས་བསྡུ་དེ་འོས་བསྡུ་ལས་ཁུངས་འགོ་རང་ནས་འཁྱོག་སོང་བས་གཞུག་གུ་ནི་ཨ་ཅང་ཅང་། བྱས་ཙང་ཆོལ་ཁའི་རྒྱབ་ལངས་དང་དྲང་བདེན་དང་འདྲ་མཉམ་གྱི་འདུ་ཤེས་མེད་ལ། རྩོད་གཞི་ཅན་གྱི་སྲིད་སྐྱོང་ཞིག་སླེབས་ན་དུས་དེ་ནས་བཟུངས་ངས་དང་བླངས་བཅའ་ཁྲལ་འཚམས་འཇོག་བྱེད་རྒྱུའི་ཐག་གཅོད་ཟིན་པ་ཡིན།
རྒྱུན་པར་སྲིད་སྐྱོང་གིས་གྲོས་ཚོགས་ལ་ལན་འདེབས་དང་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དྲི་བ་མགོ་ཚོས་ཀི་ཡོད་ན་མེད་ན་བསམ་གི་འདུག གང་ཡིན་ཟེར་ན་དྲི་བ་གང་འདྲ་ཞིག་དྲིས་ནའང་འབྲེལ་མེད་དོན་གཞན་གྱི་ལན་ཞིག་མེད་ན་སྲིད་སྐྱོང་གིས་ལན་མ་ཡིན་པས་ཁྱབ་པ་ལྟར་རེད་མི་འདུག་གེ
གཞོལ་གཡག་གིས་དང་བླངས་དཔྱ་དངུལ་མི་སྤྲད་ཟེར། གལ་ཡོད་པ་མ་རེད་ལོ། སྐུ་ངོ་བློ་སེང་གིས་ང་ཚོའི་གཞུང་དེ་ག་ཚོད་པེ་ཤོག་བ་ལ་ཞིག་ཡིན་པ་བཤད་པ་དེ་མ་གོ་འམ། མ་ཟད། དང་བླངས་མི་སྤྲད་པ་དེས་ཁྱེད་རང་རྩ་དྭངས་མ་ཞིག་མིན་པ་གསལ་སྟོན་བྱས་བ་ཙམ་རེད། བདེ་མོ་བྱོས།
གནམ་ངན་འདིས་དྲག་ཆར་རླུང་འཚུབ་བརྒྱག་གིས། ངའི་དང་བླངས་བཅའ་ཁྲལ་དེ་སྤྱི་རྒྱུ་སྒེེ་བདག་དང་ལྐོགས་ཟ་རུལ་སྲུང་། ད་དུང་མི་གསོད་ཀྱི་གྱོད་གཞི། ཆོལ་ཁའི་འཐེན་འཁྱེར། བྲན་གཡོག་གི་གཤིས་ཀ། དད་པ་ལོག་སྤྱོད་བཅས་ཀྱི་གཞུང་ཞིག་ལ་སྤྲད་འདོད་མེད་པ་དེ་ངའི་རང་དབང་རེད་ལ་ངོ་རྒོལ་གྱི་ལས་འགུལ་ཡང་ཡིན། འདི་ལ་རྩ་ཚང་ཡོད་མེད་ཁྱོད་རང་གིས་བསྡོམས་བརྒྱག་དགོས་མ་རེད།
དཔྱ་དངུལ་དེ་སོ་སོའི་པད་གོག་ལ་བྲིས་བའི་གནས་བབ་ཞིག་ལས། ལུང་ཚན་དང་དགའ་སྡུག་ཞིག་གི་ངོ་བོར་བཞག་ནས། ཅིག་ཅིག་མུག་མུག་ལ་ཁ་གཡོག་དེ་མི་སྤྲད་ཟེར་ན། སོ་སོའི་གདོང་པགས་མ་རིག་པའི་སྐད་ཆ་ཞིག་ལས། འཆི་གསོན་གང་ཐུག་ན་ཡང་ལངས་ཐུབ་པའི་བོད་མི་རྣལ་མ་ཞིག་གི་ཤ་ཁྲག་མ་ཡོད་པའི་མངོན་རྟགས་རེད། སྐད་ཆ་འདི་ཚོ་བཤད་མཁན་ལ། འཕྲེལ་ཕུག་གང་ལ་ཡང་ལོང་ཞར་ཡིན་པའི་ངན་མཚང་ཡིན་པ། ངས་སྐད་མགོ་མཐོ་ཞིག་བྱས་ནས་ཞུ་སྤོབས། དགའ་དགའ་ཁྱོས་གོ་ཨེ་ཐལ།་
དུས་འཁོར་དབང་ཆེན་ཕྱིར་འཐེན་སྐོར་ལ་བློ་བཟང་སེང་གེས་གསུངས་པ་ལྟར་བདེན་པ་འདྲ་བོ་འདུག བོད་རྒྱ་གྲོལ་མོལ་སྐོར་ལ་བློ་བཟང་སེང་གེས་གསུངས་སྟངས་ལ་གདེངས་ཚོད་མི་འདུག གང་ལྟར་ཀྱང་ཁོང་གཉིས་ཀྱི་སུ་ལ་ཐོབ་ཀྱང་རེ་བ་ཆེན་པོ་དེ་ཙམ་མེད། །
སོ་སོའི་མགོ་དེ་སོ་སོའི་འཇིང་པའི་སྒང་ལ་ཡོད་ན། ད་རེ་སྤན་ཚེ་ལ་ཐོབ་ཡ་རེད་འདོད།
སོ་སོའི་མགོོ་དེ་ཆོལ་ཁའི་འཇིང་པའི་སྒང་ལ་ཡོད་ན། བློ་སེང་ལ་ཡང་འོས་ཐོབ་ཡ་ཡིན་འགྲོ།
བོད་ནང་གི་བོད་མི་ཚོའི་དོན་དུ་མགོ་ཞིག་དགོས་ན། འོས་དེ་ལོ་ལྔ་ཡི་རྗེས་ནས་འཕེན་དགོས་ཡ་འདྲ་ཞིག་འདུག།
ཧ་ཧ་ཧ།
སྲིད་སྐྱོང་འོས་མི་གཉིས་བར་གྱི་བགྲོ་གླེང་ཐོག་ཏུ་དཔྱོད་གླེང་བྱས་པ་རེད་མི་འདུག་ག དབུས་གཙང་བ་དང་ཨ་མདོ་བ་ཚོས་དཔུང་སྒྲིག་ནས་སེང་གེའི་ཐོག་ཏུ་དགག་པ་བརྒྱབ་ཀྱི་འདུག་་་ཧཧཧ དཔྱོད་གླེང་པ་རྣམས་ཀྱི་ནང་དུ་ཁམས་པ་གཅིག་ཀྱང་མི་འདུག་ག་་་་་བྱེད་སྟངས་ལས་སྟངས་འདི་འདྲ་བྱས་ན་ཆོལ་ཞེན་གྱི་མེ་ལྕེ་ཇེ་ཆེར་འགྲོ་ངེས་རེད་པ།
བློ་སེང་གིས་རྫུན་ལབ་ལབ་ནས་གདོང་ལྤགས་མཐུག་པོ་ཆགས་ཡོད།
དུས་འཁོར་བཀའ་དབང་ཕྱིར་འཐེན་གནང་བའི་སྐོར་དེ་རྙོག་གླེང་ཆེ་ཙམ་བྱུང་སོང་། གནས་ཚུལ་དེ་ཆེ་རུ་འགྲོ་དོན་ཡང་སྙིང་སུས་ནོར་ཡོད་མེད་གསལ་པོ་བྱས་ནས་ཡིད་ཆེས་འཕེར་ངེས་གཅིག་ད་དུང་གསལ་པོ་མི་འདུག སྐུ་མདུན་ནས་ད་རེས་ཨ་རིར་གནང་བའི་བཀའ་སློབ་རྩིས་ན་ཡོངས་གྲགས་ཐེངས་གསུམ་ཙམ་བཀའ་གནང་སོང་བ་དེ་ལ་ཆ་འཇོག་དགོས་ངེས་རེད། འོན་ཀྱང་བཀའ་ཤག་ནས་ཀྱང་མང་ཚོགས་ནང་དེའི་སྐོར་ཡོངས་ཁྱབ་གསལ་བསྒྲགས་སྔ་ཕྱི་གཉིས་གནང་སོང་བ་དེས་ཀྱང་འཁྲུག་ཆེན་པོ་ཐེབས་སོང་བ་དང་། ད་དུང་ཚོགས་གཙོ་སྤེན་པ་ཚེ་རིང་ནས་ཀྱང་གསལ་བཤད་གནང་བ་ཁག་ལ་རྒྱུ་མཚན་རྩ་བ་ནས་མེད་པ་དེ་འདྲ་མ་རེད། གཅིག་ཁོང་སྤྱི་འཐུས་ཚོགས་གཙོ་ཡིན་མུས་གཅིག་ནས་རྫུན་གཏམ་དེ་འདྲ་གསུངས་མི་སྲིད་ལ་གཉིས་ནས་སྐུ་མདུན་ལ་མཛད་དཀའ་གཅིག་བཀའ་ཤག་ནས་ཀྱང་བཟོས་ཡོད་རྐྱང་རེད་འདུག་པ་ནི་ཚོགས་གཙོས་གང་ཡང་མ་གསུངས་སྔོན་ནས་སྤྱི་ཚོགས་ནང་གང་འཚམས་རྙོག་གླེང་བྱུང་སོང་། དུས་དབང་གི་ཆེད་དུ་མི་ག་ཚོད་ཙམ་དང་ལྷག་པར་དུ་བོད་ནང་ནས་མི་ག་ཚོད་ཙམ་གྱིས་གྲྭ་སྒྲིག་བྱས་མེད་དམ། ད་དུང་གོ་སྒྲིག་ཚོགས་ཆུང་ནས་ཀྱང་གྲྭ་སྒྲིག་གི་ཆེད་དུས་ཚོད་དང་འགྲོ་སོང་མང་པོ་བཏང་ཡོད་ཤག་རེད། དེའི་ཕྱིར་ངའི་བསམ་པར་༧སྐུ་མདུན་ནས་སྐུའི་འཕྲོད་བཞེས་གཅིག་པུའི་རྒྱུ་མཚན་གྱིས་ཕྱིར་འཐེན་གནང་བ་ཡིན་པར་མཐོང་གི་མེད། དེ་ལ་དམིགས་བསལ་མང་ཚོགས་ནང་གསུངས་སྟབས་མི་བདེ་བའི་རྒྱུ་མཚན་གཞན་ཞིག་ངེས་པར་དུ་ཡོད་ངེས། དེ་མ་གཏོགས་སྐུའི་འཕྲོད་བཞེས་གཅིག་པུའི་ཆེད་དུ་ཡིན་ན་ལྷོ་ཕྱོགས་སུ་མཛད་རིམ་ཁག་དང་བཀའ་ཆོས་ཉིན་ག་ཚོད་ཙམ་གནང་སོང་བ་ང་ཚོ་ཚང་མས་ཤེས་གསལ་མ་ཡིན་ནམ། གང་ལྟར་ཡང་གནས་ཚུལ་དེའི་སྐོར་ནས་ཚོགས་གཙོ་དང་སྲིད་སྐྱོང་རྣམ་གཉིས་ནས་༧སྐུ་མདུན་ལ་མཛད་དཀའ་དང་ཐུགས་དགོངས་དཀྲུགས་སོང་པ་ཞིག་བྱུང་སོང་བས་༧སྐུ་མདུན་དང་རྒྱ་ཆེའི་མང་ཚོགས་ལ་དགོངས་སེལ་ཞིག་ནི་ངེས་པར་དུ་ཞུ་དགོས་ངེས་ཆགས་སོང་།
ཅོ་རི། ཨ་མདོ་བ་དེ་ཚོ་ཆོལ་ཁའི་རྗེས་སུ་རྒྱུག་ནས་ཆོལ་ཁ་དཀྲུག་འདོད་ཡོད་རྒྱུ་མ་རེད་འདོད། གཅིག་ནི་ཤེས་ཡོན་ཡོད། གཉིས་ནི་དྲིན་དྲེན་ཤེས། གསུམ་ནི་ཁ་གྲངས་ཉུང་། དེ་ཡིས་མི་ཚད། ཨ་མདོ་བས་ཨ་མདོ་བ་བསད་ནས་ཆོལ་གསུལ་རྡོག་རྡོག་གཅིག་ལ་བཞག་པའི་དམ་ཚིག་ཡོད་པ་རེད་ཟེར། རང་གིས་དེ་འདྲ་གོ་ཡོད་འགྲོ།
ཅོ་རི་ཉི་མ་ཟེར་མཁན་དེ་རྨོངས་ཞེན་རང་རེད། བགྲོ་གླེང་དཔྱད་གླེང་ནང་ཞུགས་མཁན་ཁོངས་ཀྱི་གྲྭ་ངག་དབང་འོད་འབར་ལགས་མདོ་སྟོད་ནས་ཡིན་པ་བརྗེད་སོང་བ་འདྲ། དེ་སྔོན་མདོ་སྟོད་སྤྱི་འཐུས་ལ་ལངས་པ་མ་ཤེས་པ་འདྲ། ཨ་མདོ་དང་དབུས་གཙང་ལ་ཞྭ་ནག་རྐྱང་རྐྱང་མ་གཡོགས།
རྒྱལ་བ་རིན་པོ་ཆེ་རང་གིས་ཞལ་ནས་དུས་དབང་ཕྱིར་འཐེན་དེ་སྐུའི་འཕྲོད་བརྟེན་གྱི་ཆེད་དུ་ཡིན་གསུང་ཟིན་ཀྱང་། ཚོགས་གཙོས་དགོངས་དབང་གི་ཆེད་དུ་རེད་ཟེར། ཚོགས་གཙོས་རྒྱལ་བ་རིན་པོ་ཆེ་ལ་ཡིད་ཆེས་མེད་པ་འདྲ་པོ་གདའ།
དུས་འཁོར་དབང་ཆེན་དེ་གནད་དགག་ག་རེ་ལ་མཐོང་གི་ཡོད་པ་དེ་ཅང་མི་ཤེས། གསར་འགོད་པ་འདི་ཚོ་དཀྲུགས་ལོང་གི་ལས་ཀ་མ་གོཏགས་མེད་པ་འདྲ། བོད་མི་སྒྲིགས་འཛུགས་ཀྱིས་གོ་ས་ཆེ་ོཤོས་འགྲན་རྩོད་དེར་དུས་དབང་གགླེང་བ་ནི་ཐབས་སྐྱོ་པོར་མཐོང། ཆོས་ཕྱོགས་ཀྱིས་བྱེད་སྒོ་དེ་བོད་མིའི་རྩ་དོན་ལས་ལྷག་པ་ཞིག་ཏུ་བརྩི། བོད་ནང་ངོ་ཤེས་གྲོགས་པ་མཉམ་དུ་ཁ་བརྡ་སྐབས་ཁོ་ཚོར་དུས་དབང་གནད་དོན་དེ་རིན་པོ་ཆེ་རང་གི་གསལ་ཁ་བཟོ་དགོས་བསམ་འཆར་བཏང་གི་འདུག་ལ་ཆོས་སྲིད་ཟུང་འབྲེལ་གྱི་རྣམ་པ་ད་དུང་ཡང་མངོན་གྱུར་མེད་ཀྱང་ལྐོག་ཏུ་ཤུགས་ཆེན་པོ་ཡིན་པའི་བརྡ་ལན་གསལ་པོ་རེད་ཀྱང་བཤད། ་་ཨེ་རླུང་ཚང་གིས་གསར་འགོད་པ་གཉིས་ཕྱིའི་བཀོད་པ་ནས་རྣམ་འགྱུར་སྐྱོ་ལ་ མརབས་་ཧམ་ཆེན་ཞིག་ཚོར་ཤུགས་ཆེན་ཚོགས་ཁང་དུ་མི་མང་པོས་གླེང།
དུས་དབང་གི་སྐོར་གྱི་གནས་ཚུལ་ངོ་མ་འདི་རེད། སྲིད་སྐྱོང་དང་ཚོགས་གཙོས་བཤད་པ་གཉིས་ཀ་བདེན། སྲིད་སྐྱོང་གིས་བཀའ་ཤག་དང་འབྲེལ་བ་མེད་ཟེར་བ་དེ་རེད། མེད་པ་བཟོ་མཁན་ནམ་ཡར་ཞུ་མཁན་དང་མར་གནང་ས་དེ་”བཀའ་ཤག་”མ་རེད། དེ་སྲིད་སྐྱོང་དང་ཆོས་དོན་བཀའ་བློན་སོགས་དུས་དབང་གོ་སྒྲིག་ཚོགས་ཆུང་གི་གཙོ་བོ་དག་རེད། འདི་ཤེས་དགོས། བྱས་ཙང་། སྲིད་སྐྱོང་གིས་རྟག་ཏུ་བཀའ་ཤག་ཅེས་གསུངས་པ་རེད།
ཚོགས་གཙོས་གསུངས་པ་དེ་ཆུ་སྒང་གི་བརྟན་བཞུགས་དང་འབྲེལ་བའི་ཐད་རེད། འདི་རྙོག་དྲ་ཆེན་པོ་རེད། འདི་ལ་མི་ལོ་ཉི་ཤུ་ཡས་མས་ཀྱི་རྙོག་དྲའི་ལོ་རྒྱུས་རེད། རྙོག་དྲའི་ལོ་རྒྱུས་འདིས་མདོ་སྟོད་ནང་ཁུལ་ཙམ་མ་ཟད་བཙན་བྱོལ་བོད་མི་སྤྱི་ཚོགས་ཧྲིལ་པོ་མི་བདེ་བ་ཡང་ཡང་བཟོས་ཡོད།
མདོར་བསྡུས་ན། སྲིད་སྐྱོང་གིས་འབབ་ས་དངོས་དེའི་ཐོག་སྐད་ཆ་མ་བཤད་པར་ཚོགས་གཙོས་བཤད་པའི་ཚིག་དུ་མར་འཇུས་ཏེ་མང་ཚོགས་ལ་མགོ་སྐོར་གཏོང་གི་ཡོད། ཚོགས་གཙོས་རྙོག་དྲ་དེ་གཏིང་ནག་པས་གསལ་པོ་དེ་ཙམ་གསུང་ཐུབ་ཀྱི་མེད། མདོར་ན། གཉིས་ཀ་བདེན་པ་ཡིན་ཡང་། ནག་ངོ་མ་དེ་དུས་དབང་གོ་སྒྲིག་བྱེདམཁན་ལ་ཡོད། དོན་ངོ་མ་འདི་རེད།
ཨ་རླུང་དང་ཨེ་རླུང་གི་ལས་བྱེད་འདི་ཚོས་གཞན་གྱི་རྒྱུན་ཤེས་དང་གསར་འགོད་ལས་རིགས་ཡག་པོ་ཞིག་ཤེས་པ་ཕཪ་ཞོག རང་ཉིད་བོད་པ་ཡིན་པའི་འདུ་ཤེས་ཤིག་གི་ཐོག་ནས་བོད་མིའི་ཁྲོད་དུ་བོད་ལྭ་གྱོན་པའི་མིག་དཔེ་ཙམ་ཡང་འཇོག་མི་ཐུབ་པ་འདི་ཧ་ཅང་གི་ཐབས་སྐྱོ་བོ་རེད།
ཁོང་གཉིས་སུ་ལ་སྲིད་སྐྱོང་ཞབས་བསྟེགས་ཐོབ་ཀྱང་བྱ་རྒྱུ་དེ་ཙམ་མེད། སྲིད་སྐྱོང་བློ་སེང་ལགས་ནས་སྐྱག་རྫུན་དང་ཧམ་པ་བཤད་རྒྱུ་གོམས་སྲོལ་ངན་པ་འདུག དེ་ནི་ཉེན་ཚབ་ཆེན་པོ་ཡིན་སྟབས་ཚང་མས་ཡིད་གཟབ་བྱ་དགོས་མཐོང་།
དང་པོར་སྲིད་སྐྱོང་མི་སྐྱ་ཞིག དེའི་ནང་ནས་ཧར་བ་དྲི་སློབ་ཆེན་ཐོན་པའི་འབུམ་རམས་པ། དེའི་སྒང་ལ་བློ་སེང་ཁོང་གིས་འུར་རྒྱངས་པའི་བྱེད་སྤྱོད་ལ་བོད་མི་ཚང་མས་འོས་འཕེན་གྱིས་སྲིད་སྐྱོང་ལངས་པ་རེད། ལོ་བཞི་དང་ཕྱེད་རིང་གྲུབ་འབྲས་དང་འཐུས་ཤོར་གཉིས་ལས་འཐུས་ཤོར་གྱི་རྒྱ་གྲངས་ལྕི་གྲགས་པ་ཚང་མས་ངོས་ཟིན་ཐོབ་ནའང་ཁོས་ད་དུང་ཁས་ལེན་རྩ་ནས་བྱེད་ཀྱི་མེད། ངེད་ཅག་ལ་དམངས་གཙོའི་གོ་རྟོགས་ཞན་པ་དང་རིག་སྟོབས་ཀྱི་དཔྱོད་ཤེས་མེད་པའི་མང་ཚོགས་ལ་རང་ཉིད་ཀྱི་རྐུབ་སྟེགས་བརྟན་ཆེད་ཁ་ཡག་བསླུ་བྲིད་དང་མགོ་བོ་རྨོངས་པའི་བཀའ་ཀོལ་ནམ་ཞར་ཡང་གསུང་གི་ཡོད། ཇི་འདྲའི་སྲིད་སྐྱོང་ཐབས་སྡུག་ཅིག མིག་ཡོད་མཁན་གྱིས་ལྟ་ཐུབ་པ་དང་རྣ་ཡོད་མཁན་གྱིས་ཉན་ཐུབ་པ་ཡིན་ན་ཨེ་རང་ཚང་གི་དྲི་བའི་ལན་ལ་བལྟས་ཀྱང་བོད་ཀྱི་སྲིད་སྐྱོང་ཞིག་གིས་ལན་བསྐྱོན་སྟངས་མ་རེད། དེ་ནི་རང་ཉིད་ལ་ཉེས་པ་ཡོད་ཙང་བསམ་བློ་འཁྲུགས་ནས་བློ་རྣལ་དུ་ཕབ་ནས་ལན་རྒྱག་ཐུབ་ཀྱི་མེད་པའང་འདི་ལ་ཐུག་འདུག སྐྱོ་བ་ལ།
གང་ལྟར་ཡང་། ཚེས་པ་བརྒྱད་དང་བཅུ་གཅིག་གི་བགྲོ་གླེང་གཉིས་ཀྱི་ཐོག་ནས། སྤེན་ཚེས་བློ་སེང་སླ་སླ་ཤོག་བུ་ནང་བཞིན་བཟོས་སོང་། ཧམ་རྫུན་རྣམས་རེ་རེ་བཞིན་དུ་བྲུས་སོང་བ།
ཨ་ཡོ་་་་་་མཆན་བཏབ་མཁན་མང་ཤོས་དེ་བློ་སེང་གིས་འདོད་པ་མ་གང་བ་རེད་འདུག་ཨ། ཡག་མོ་རེད། དང་པོ་རང་གི་ལག་པ་རང་གིས་བྲང་ཁོག་སྟེང་འཇོག་ནས་སོ་སོས་བོད་སྤྱི་དོན་ཐད་ལ་ག་རེ་བྱས་འདུག་མནོ་བསམ་ཡག་པོ་ཐོངས་ཤིག་་་་དེ་ནས་བློ་སེང་ལ་དཔྱད་པ་ཐོངས། ལར་ནས་ཞང་པོས་འཇོན་དང་ཚ་བོས་འཇོན་ཁྱད་པར་མེད་པས་སུས་འཇོན་ན་གངས་ཅན་སྐྱིད་སྐྱོང་ལ་ཕེབས་ནས་དབུས་བོད་མིའི་སྒྲིག་ཁོངས་སུ་ཞབས་ཞུ་ཕེབས་དང་དགའ་བསུ་ཡོད།
བོད་མི་བསོད་ནམས་ཟད་པ་རེད། འཛམ་གླིང་གི་འགྲོ་སྟངས་བྱེད་ན་མི་བསད་ལག་དམར་གྱི་ནག་ཉེས་ཡོད་ན་འོས་འགྲན་ཁོངས་སུ་གཏན་ནས་འགྲོ་ཆོག་གི་མ་རེད། འོན་ཀྱང་སྤེན་ཚེ་འཛམ་གླིངའགྲོ་སྟངས་ལས་བརྒལ་ཏེ་བཀའ་བློན་འོས་མི་དང་། ད་དུང་དུས་དབང་སྐོར་སྐྱག་རྫུན་བཤད་ཀྱང་སུས་ཁོང་ལ་བཀའ་སྐྱོན་བཏང་མཁན་བྱུང་མྱོང་མེད། རག་གིས་བཟི་སྟེ་རྒྱ་ནག་བཀའ་དྲིན་ཆེ་རབས་དང་། རག་གི་བཟི་སྟེ་འཁྲུག་པ་རྒྱགས་པ། ཁོང་ཚོགས་གཙོ་སྐབས་སུ་གྲོས་ཚོགས་ཐེངས་མ་གཉིས་གཏོར་བ་དེ་སྔོན་བྱུང་མྱོང་མེད། སྦེལ་མཇམ་དུ་གསར་འབྱོར་བ་རྣམས་ཀྱི་ཡིག་ཆ་ནག་པོར་བསྒྱུར་བ། ཁོང་གི་རྒྱབ་རྩར་ངོ་མ་སུ་ཡོད་དམ། ངོ་མ་ཁོང་ལ་དབུ་རྒྱལ་བ་རིན་པོ་ཆེ་ནས་བཀའ་ཁྲི་ལ་སོགས་པ་ཞེད་དགོས་པ་འདྲ་པོ་འདུག ཁོང་གི་རྒྱབ་རྩར་གལ་ཆེན་མི་སྣ་ཞིག་འདུག གང་ལགས་ཞེ་ན་སྲིད་སྐྱོང་ལ་ནག་ཉེས་ཡིག་ཆ་གང་སར་བཀྲམ་པ་ལ་ལྟོས་དང་དེ་འདྲའི་འགྲོ་སོང་ཕང་མེད།
ཨེ་རླུང་འདི་བློ་སེང་ལ་སྡང་ཙམ་དང་སྤེན་ཚེ་ལ་ཤ་ཚ་ཆེ་བ་འདུག དྲི་བ་ཚང་མ་བློ་སེང་གི་རྙོག་ཁྲ་དེ་ཚོར་ཚྭ་བཏབ་ནས་བཤམ་སོང་། དི་རིང་བློ་སེང་སྙིང་མ་རྗེ་འགྲམ་ལྕག་མང་པོ་བཟེད་སོང་།
ཕལ་ཆེར་ཚང་མས་ཚོར་བ་བཞིན་བློ་འེང་ཕམ་སོང་། ཅི་སྟེ་བློ་སང་འོས་ཤོག་ཕམ་ན། བགྲོ་གླེང་འདི་དང་འབྲེལ་བ་ཡོད་སྙམ་པའི་བག་ཆགས་བཞག་སོང་།
བགྲོ་གླེང་མགོ་མ་ཚུགས་གོང་བློ་སེང་གིས་ཨེ་རླུང་ལ་སྤྲེལ་ལད་བཤད་སོང་རུང་ཕན་མ་སོང་། ཐུག་མ་ཙམ་ནས་ཁ་དང་སྣ་དང་མིག་ལ་ཚོད་མེད་བཞུས་ནས། བློ་སེང་ཁྲག་དྲི་མ་ཡལ་གོང་ནས་བགྲོ་གླེང་བསྡུས་ནས། སྐལ་ལྡན་བློ་གྲོས་དང་། རོགས་པ་ ཨ་མདོ་དཔལ་ལྡན་རྒྱལ་ཁྲིད་ནས། ཡང་བསྐྱར་བློ་སེང་བརྡུང་སོང་།
སྙིང་མ་རྗེ། ངའི་སྲིད་སྐྱོང་། ཁ་མིག་ཁྲག་གིས་མཚོས་ནས། རོ་ལ་བདག་པོ་རྒྱག་ས་མེད་པ་ལྟ་བུ་བཟོས་སོང་། སྲིད་སྐྱོང་ལ་བཏང་བའི་ཨ་མདོའི་གཞས་དེ་ཡང་དྲན་སོང་།
ཨེ་མ། བློ་བཟང་སེང་གེ་ཤོག ཕོ་རྒོད་ཡིན་ན། ཨེ་རླུང་ཚང་ལ་ཤོག ་་་་
ཡཡཡ་་་སྤེན་ཚེ་སྲིད་སྐྱོང་ལ་བསླེབ་ན་རིག་གནས་གསར་བརྗེ་གཉིས་པ་ཞིག་ཡོང་ངེས་རེད། བླ་མ་མཁྱེན། ད་བོད་མི་རྣམས་
གལ་སྲིད་སྤེན་ཚེ་ལ་སྲིད་སྐྱོང་ཐོབ་ན་རྒྱ་མིའི་གཞུང་དགའ་ཐག་ཆོད་ཀྱི་རེད། གོང་ས་མཆོག་ནས་མི་གསོད་ལག་དམར་དོགས་གཞི་ཡོད་མཁན་དང་སྐྱེས་དམན་ཚོར་ཁྲེལ་མེད་བྱེད་མྱོང་མཁན་ཞིག་སྲིད་སྐྱོང་ལ་བསྐོས་སོང་ཞེས་བསྒྲགས་ཀྱི་རེད་ལ། གོང་ས་མཆོག་ལ་ཡ་མི་བྱེད་དོན་ཡང་དེ་དག་ཡིན་ཚུལ་ལབ་ངེས། དེ་དུས་འཛམ་གླིང་མི་མང་ཡང་དོགས་པའི་ཀློང་དུ་འཇུག་ངེས་ཡིན། ནུབ་ཕྱོགས་སུའང་མི་གསོད་དོགས་གཞི་ཅན་ཞིག་དང་སྐྱེས་དམན་ཚོར་ཁྲེལ་མེད་བྱེད་མྱོང་མཁན་ཞིག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་མི་སྲིད།
སྤེན་ཚེ་ལས་བྱེད་བྱེད་དགོས་སྟངས་དེ་ཕ་མའི་བཀའ་ཡིན་ཟེར་བ་དང་།
སྤེན་ཚེས་ང་། ཆུང་དུས་ནས་སྤྱོད་ངན་པོ་ཡོད་པ་ཁོ་རང་གིས་སྤོབས་ཆེན་པོའི་ངང་ལ་ཐེངས་མང་། མངས་ཚོགས་ལ་བཤད་པ་དག་མ་བརྗེད་པར་གྱིས།།
སྐུ་ངོ་སྤེན་པ་ཚེ་རིང་དང་། སྤྱི་འཐུས་ཟླ་བ་ཚེ་རིང་། འོས་བསྡུ་འགན་འཛིན་གསུམ་རྒྱ་ནག་གི་ཁ་འོག་ཏུ་ཡོད་ན། ཀྲོ་ཡོ་ཁང་དང་མཉམ་དུ་ད་ལྟ་བཙོན་ཁང་དུ་ཡོད་ངེས་རེད། ཡིན་ནའང་ང་ཚོའི་གཞུང་དེ་ཆོས་བྱེད་མི་སྣ་དང་། སྐུ་དྲག་རིང་ལུགས་ཀྱི་འབག་བཙོག་གི་འོག་ནས་མ་ཐར་ཙམ་གང་ཟག་དབང་སྒྱུར་དང་། བཀས་བཀོད་ལས་མ་འདས་པ་ཤེས་ཡོད།
དབུས་གཙང་མི་དམངས་ལ་དྲན་སྐུལ།
བཙན་བྱོལ་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་འདེམས་ནི་སྔར་ལས་འཁྲུགས་ཆ་དོད་པ་ཆགས་ཤིང། ད་ལྟའི་ཆར་སྔོན་འགྲོ་ལས་ཀྱང་དངོས་གཞི་འཁྲུགས་་ཆ་ཆེ་བར་གྱུར། འཁྲུགས་ཆ་ཆེན་པོ་ཡོད་པ་དེ་དགའ་འོས་པ་ཞིག་ཡིན་ཀྱང། འདས་པའི་ཟླ་འགའ་ཞིག་ནང་སྤྱི་ཚོགས་ཀྱི་ཕྱི་ནང་གསང་གསུམ་ལ་ཞིབ་ལྟ་དང་མྱུལ་ཞིབ་བྱེད་སྐབས། དབུས་གཙང་མི་དམངས་ལ་དྲན་སྐུལ་འགའ་ཞིག་མ་ཞུ་ཐབས་མེད་ཆགས་སོང།
དང་པོ། སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་དང་ཁོང་གི་རྒྱབ་སྐྱོར་བ་སྐོར་ཞིག་གིས་སྡིག་པ་མིག་འཚུམ་གྱིས་དབུས་གཙང་མི་བེད་སྤྱོད་བཏང་ནས་དབུས་གཙང་པ་ཕམ་ཐབས་བྱེད་ཀྱི་འདུག དཔེར་ན། སྐད་ཆ་དང་། བརྙན་འཕྲིན། པར་རིས་རྙིང་པ་བཀོལ་ནས་མགོ་སྐོར་གཏོང་བཞིན་པ་དང་། དགོས་དབང་གིས་ཚད་ལས་བརྒལ་བའི་ཟོལ་བསྟོད་དང་། གཡོ་ཇུས་བཅོས་སླད་ཀྱིས་གུས་བཀུར་ཆེ་མཐོང་ཡོད་མདོག་གིས་ར་སྤུས་བཟོས་པའི་འུར་རྡོ་ར་མགོ་ལ་ཞུ་ཐབས་བྱེད་ཀྱི་ཡོད་པ་ངེས་པར་ཤེས་དགོས།
གཉིས་པ། དབུས་གཙང་པ་ཞིག་གིས་བློ་སེང་གེ་ལ་རྒྱབ་སྐྱོར་མ་བྱས་ན། ཆོལ་ཁའི་འཐེན་འཁྱེར་ཡིན་ཚུལ་གྲགས་ཤིང། ཁམས་པ་ཞིག་ཡིན་ན་ངེས་པར་བློ་སེང་གེ་ལ་རྒྱབ་སྐྱོར་བྱེད་པ་དང་བྱེད་དགོས་ཚུལ་དེ་ཆོལ་ཁའི་ལ་རྒྱ་ལས་འཐེན་འཁྱེར་དུ་མི་བརྩིས། འོ་ན། ཆོལ་ཁ་གཅིག་སྒྲིལ་ཟེར་བ་དེ་དབུས་གཙང་པ་གཅིག་པོར་བདག་པའི་ལས་འགན་ཞིག་རེད་དམ། གནད་དོན་འདི་ཐད་ནས་དབུས་གཙང་པ་ཚོས་ངེས་པར་དུ་སོ་སོ་གང་དུ་འཐེན་ཞིང་ཚུད་ཐབས་བྱེད་ཀྱི་ཡོད་པ་ཤེས་དགོས།
གསུམ་པ། དབུས་གཙང་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ལས་ཐོག མི་དམངས་དཀྱིལ་མ་ཚོས་སྤེན་པ་ཚེ་རིང་ལགས་རྒྱབ་སྐྱོར་བྱས་ན་ཁོང་གི་རྒྱུགས་ཁྱི་ཆགས་ཚུལ་བརྗོད་པ་དང་། དེ་ལས་ལྡོག་ཏེ་བློ་སེང་གེ་ལ་རྒྱབ་སྐྱོར་བྱས་ན་རྒྱུགས་ཁྱི་མི་ཆགས་པའི་གནས་ལུགས་ཤོད་རྒྱུ་ཡོད་མེད་ལ་ངེས་པར་དྭོགས་སློང་བྱེད་དགོས།
བཞི་པ། དབུས་གཙང་གི་མིང་འཁྱེར་ནས་དབུས་གཙང་དབར་དཀྲུགས་ཤིང་དང་། དངོས་ཤུགས་བརྒྱུད་གསུམ་ནས་ཕྱི་ཚུལ་ཙམ་གྱི་གཞན་དབང་དུ་གྱུར་ནས་འོས་འཕེན་གྱི་ཐོབ་ཐང་སྤྱོད་པ་ནི། འོས་འཕེན་གྱི་ཐོབ་ཐང་མེད་པ་ལས་ཀྱང་སྡུག་གི་ཡོད་པ་ཤེས་དགོས། དབུསགཙང་པ་ཚོས། བླུན་པོ་རང་གི་རྗེས་སུ་མི་འབྲངས་ཀྱང། རང་ཉིད་བླུན་པོའི་རྗེས་སུ་མི་འབྲངས་པའི་དམ་བཅའ་དགོས་སོ།།
ཕྱི་ལོ་༢༠༡༦ཟླ་༠༣ཚེས་༠༨རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོར་དབུས་གཙང་པ་ན་གཞོན་ཞིག་གིས་ལྷག་བསམ་གྱིས་ཕུལ།
འཇིགས་མེད་ལགས་ཀྱི་དྲན་སྐུལ་ལ་ངས་མཁས་ལེན་ཞུ་ཐུབ་མ་སོང་དགོངས་དག ང་རང་དབུས་གཙང་བ་ཡིན།
དབུས་གཙང་པའི་ཆོལ་ཁ་ལ་མི་ཟད་སོང་བ་ཡིན་པ་འདྲ། ཡང་ན་དབུས་གཙང་ཆོལ་ཁའི་ནང་དུ་སྲིད་སྐྱོང་འོས་པའི་ཤེས་ཡོན་ཅན་གྱི་མི་སྣ་མེད་པ་འདྲ། ཡང་ན་དབུས་གཙང་ཆོལ་ཁའི་མི་རྣམས་ལ་ལྷག་བསམ་ཡོད་མཁན་མེད་པ་འདྲ། ཡང་ན་དབུས་གཙང་ཆོལ་ཁའི་མི་རྣམས་ལ་རང་རིགས་ཀྱི་ཤ་ཞེན་མེད་པ་འདྲ། ཡང་ན་དབུས་གཙང་གི་ཆོལ་ཁའི་མི་རྣམས་གཞན་ཟེར་གྱི་རྗེས་སུ་འབྲེང་མཁན་ཤ་སྟག་ཡིན་པ་འདྲ། གང་ལྟར་དེ་འདྲ་ཡིན་ན་མ་གཏོགས་རྒྱུ་མཚན་གཞན་གང་ཡང་མི་འདུག མི་འབོར་ནི་དབུས་གཙང་པ་མང་ཤོས་རེད་ཟེར། དབུས་གཙང་ནང་ནས་ཨ་ཡོད་ནང་གི་ད་ཡོད། སྒོ་ངའི་ནང་ནས་སེར་ཐིག ཅེས་པ་ལྟར་དབུས་གཙང་པ་ཞིག་སྲིད་སྐྱོང་འོས་མི་ཞིག་བཏོན་མོད། དེ་ལ་བརྒྱབ་སྐྱོར་ཇི་ལྟར་ཡོད་མེད་སྔོན་འགྲོའི་འོས་འབྲས་ལས་ཤེས་སོང། དེ་ནས་ཨ་མདོ་བ་ཞིག་དངོས་གཞིའི་འོས་མིར་བཏོན་སོང་རང་ཉིད་ཀྱི་ཆོལ་ཁ་ལ་ཤེས་འཇོན་ཅན་གྱི་མི་སྣ་ཟད་སོང་བ་འདྲ། ད་དེ་འདྲ་རེད་གདའ།
ང་ཚོའི་དབུས་གཙང་གི་མི་རིགས་ལ་ཁྱད་པར་འབྱེད་ཀྱི་མེད། རྒྱལ་བ་རིན་པོ་ཆེ་ཡང་ཨ་མདོ་རེད། པན་ཆེན་རིན་པོ་ཆེ་ཡང་ཨ་མདོ་རེད། དེ་རྗེས་འོས་ཐོབ་པའི་བཀའ་ཁྲི་མཁས་དབང་ཟམ་གདོང་ཡང་ཁམས་པ་རེད། ཡང་སྐྱར་འོས་ཐོབ་ཆེ་ཤོས་བློ་སེང་རེད། ད་དུང་ཡང་མི་རིགས་ལ་ཞབས་འདེབས་ཞུ་མཁན་སུ་ཡོད་ན་དེ་ལ་རྒྱབ་སྐྱོར་གཙང་མ
ཡོད།
མ་གཞི་ཨེ་རླུང་རང་ཨ་རིའི་གྲོས་ཚོགས་མཐུས་མིའི་སྙན་ཞུའི་ནང་ནག་ཉེས་ཕོགས་ཟིན་བརྒྱུད་ལམ་ཞིག་ཡིན་ཙང་དྲང་བདེན་དང་མི་རིགས་ཀྱི་འཐབ་རྩོད་ཐོག་དྲི་བ་ཞིག་གཏོང་མི་ཤེས་པ་དེ་རེད། འོས་མི་གཉིས་ཀྱི་མི་གཞི་དང་ཀུན་སྤྱོད་ལ་བལྟས་ན་བློ་སེང་དང་སྤེན་ཚེ་གཉིས་གནམ་སའི་བར་ཁྱད་འདུག། བློ་སེང་ལ་འདྲ་མཉམ་གྱི་འདུ་ཤེས་ཆེ་ཙམ་འདུག། སྤེན་ཚེ་ནི་རང་གདོང་མི་མཐོང་སེང་གེའི་ཤགས་ཟེར་བ་དེ་རེད། ཁོས་ཀླུ་བྱམས་ལ་འཛིན་པའི་འདུ་ཤེས་དེས་རྐུན་པོ་ཧམ
ཆེན་ཆེན་ཞིག་རེད།
ཡ་མཚན་སྐྱེ་དགོས་པ་དེ་རྒྱལ་བའི་བཀའ་ལ་དྲང་ངེས་ཕྱེས་པ་དེ་རེད། མ་གཞི་བྱས་ན་འདས་པོ་ཀརྨ་ཆོས་འཕེལ་གྱིས་དྲང་ངེས་ཀྱིས་སྐད་ཟུར་ཙམ་གྱིས་ང་མ་བིན་བཟོས་སོང་གསུངས་པ་རེད་ལ། གངས་སྐྱིད་ཀྱིས་འཐབ་འཛིང་དེའི་འོག་ནས་ཚེ་ཐར་མ་སོང་ང་། འོན་ཀྱང་ད་ལན་སྤེན་ཚེ་ཁོས་རྒྱལ་བ་རིན་པོ་ཆེས་བཀྲ་ཤིས་ལྷུན་པོ་དང་ཨ་རི་ཇཱི་ནི་ཝ་བཅས་སོ་སོར་ཡང་ཡང་དེའི་བསྐོར་བཀའ་གནང་འདུག་ཀྱང་ད་དུང་ཧམ་པ་བཤད་སྟངས་དེ་ཡག་རྟགས་ཅིག་མ་རེད་ལ། སྤེན་ཚེ་དང་ཀརྨ་ཆོས་འཕེལ་གཉིས་དྲང་ངེས་ཕྱེས་མཁན་མཚུངས་ཀྱང་མ་བིན་གྱིས་བཀའ་ཉེས་ལ་དྲང་བདེན་ཟེར་བ་ཞིག་ཡོད་བཟོ་མི་འདུག།
མ་གཞི་ད་ལོའི་འོས་བསྡུ་དེ་འོས་བསྡུ་ལས་ཁུངས་འགོ་རང་ནས་འཁྱོག་སོང་བས་གཞུག་གུ་ནི་ཨ་ཅང་ཅང་། བྱས་ཙང་ཆོལ་ཁའི་རྒྱབ་ལངས་དང་དྲང་བདེན་དང་འདྲ་མཉམ་གྱི་འདུ་ཤེས་མེད་ལ། རྩོད་གཞི་ཅན་གྱི་སྲིད་སྐྱོང་ཞིག་སླེབས་ན་དུས་དེ་ནས་བཟུངས་ངས་དང་བླངས་བཅའ་ཁྲལ་འཚམས་འཇོག་བྱེད་རྒྱུའི་ཐག་གཅོད་ཟིན་པ་ཡིན།
རྒྱུན་པར་སྲིད་སྐྱོང་གིས་གྲོས་ཚོགས་ལ་ལན་འདེབས་དང་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས་དྲི་བ་མགོ་ཚོས་ཀི་ཡོད་ན་མེད་ན་བསམ་གི་འདུག གང་ཡིན་ཟེར་ན་དྲི་བ་གང་འདྲ་ཞིག་དྲིས་ནའང་འབྲེལ་མེད་དོན་གཞན་གྱི་ལན་ཞིག་མེད་ན་སྲིད་སྐྱོང་གིས་ལན་མ་ཡིན་པས་ཁྱབ་པ་ལྟར་རེད་མི་འདུག་གེ
གཞོལ་གཡག་གིས་དང་བླངས་དཔྱ་དངུལ་མི་སྤྲད་ཟེར། གལ་ཡོད་པ་མ་རེད་ལོ།
སྐུ་ངོ་བློ་སེང་གིས་ང་ཚོའི་གཞུང་དེ་ག་ཚོད་པེ་ཤོག་བ་ལ་ཞིག་ཡིན་པ་བཤད་པ་དེ་མ་གོ་འམ།
མ་ཟད།
དང་བླངས་མི་སྤྲད་པ་དེས་ཁྱེད་རང་རྩ་དྭངས་མ་ཞིག་མིན་པ་གསལ་སྟོན་བྱས་བ་ཙམ་རེད།
བདེ་མོ་བྱོས།
གནམ་ངན་འདིས་དྲག་ཆར་རླུང་འཚུབ་བརྒྱག་གིས། ངའི་དང་བླངས་བཅའ་ཁྲལ་དེ་སྤྱི་རྒྱུ་སྒེེ་བདག་དང་ལྐོགས་ཟ་རུལ་སྲུང་། ད་དུང་མི་གསོད་ཀྱི་གྱོད་གཞི། ཆོལ་ཁའི་འཐེན་འཁྱེར། བྲན་གཡོག་གི་གཤིས་ཀ། དད་པ་ལོག་སྤྱོད་བཅས་ཀྱི་གཞུང་ཞིག་ལ་སྤྲད་འདོད་མེད་པ་དེ་ངའི་རང་དབང་རེད་ལ་ངོ་རྒོལ་གྱི་ལས་འགུལ་ཡང་ཡིན། འདི་ལ་རྩ་ཚང་ཡོད་མེད་ཁྱོད་རང་གིས་བསྡོམས་བརྒྱག་དགོས་མ་རེད།
དཔྱ་དངུལ་དེ་སོ་སོའི་པད་གོག་ལ་བྲིས་བའི་གནས་བབ་ཞིག་ལས། ལུང་ཚན་དང་དགའ་སྡུག་ཞིག་གི་ངོ་བོར་བཞག་ནས། ཅིག་ཅིག་མུག་མུག་ལ་ཁ་གཡོག་དེ་མི་སྤྲད་ཟེར་ན། སོ་སོའི་གདོང་པགས་མ་རིག་པའི་སྐད་ཆ་ཞིག་ལས། འཆི་གསོན་གང་ཐུག་ན་ཡང་ལངས་ཐུབ་པའི་བོད་མི་རྣལ་མ་ཞིག་གི་ཤ་ཁྲག་མ་ཡོད་པའི་མངོན་རྟགས་རེད།
སྐད་ཆ་འདི་ཚོ་བཤད་མཁན་ལ། འཕྲེལ་ཕུག་གང་ལ་ཡང་ལོང་ཞར་ཡིན་པའི་ངན་མཚང་ཡིན་པ། ངས་སྐད་མགོ་མཐོ་ཞིག་བྱས་ནས་ཞུ་སྤོབས། དགའ་དགའ་ཁྱོས་གོ་ཨེ་ཐལ།་