—ཡོང་ཁུངས། བོད་ཀྱི་དུས་བབ།
སྲིད་སྐྱོང་འོས་མི་གཉིས་ཀྱིས་གསར་འགོད་ལྷན་ཚོགས་བསྐངས་ཏེ་༧གོང་ས་མཆོག་གི་དབུས་བོད་མི་རྣམས་ལ་བཟོད་གསོལ་ཞུས་བ་དང་སྦྲགས་བོད་མི་ཚང་མས་བོད་ཀྱི་རྩ་དོན་ཐོག་ནུས་པ་མཉམ་དུ་སྤུངས་དགོས་པའི་འབོད་སྐུལ་གནང་སོང་།
དེ་རིང་སྔ་དྲོའི་ཆུ་ཚོད་ ༡༡ ཐོག་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་ཤག་སྐབས་ ༡༥ པའི་སྲིད་སྐྱོང་འོས་མི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྲིད་སྐྱོང་འོས་མི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་རྣམ་གཉིས་ནས་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། ༧གོང་ས་མཆོག་གི་དབུས་བོད་མི་རྣམས་ལ་བཟོད་གསོལ་ཞུས་བ་དང་སྦྲགས། འོས་བསྡུའི་སྐབས་སུ་ལ་རྒྱབ་སྐྱོར་བྱས་ཡོད་མེད་ལ་མ་ལྟོས་པར་ད་ནས་བཟུང་བོད་མི་ཚང་མས་རྡོག་རྩ་ཆིག་སྒྲིལ་གྱིས་བོད་ཀྱི་རྩ་དོན་ཐོག་ནུས་པ་མཉམ་དུ་སྤུངས་དགོས་པའི་འབོད་སྐུལ་གནང་སོང་།
གསར་འགོད་ལྷན་ཚོགས་ཐོག་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་གིས། རྩ་བའི་ཆ་ནས་ང་ཚོས་གསར་འགོད་ལྷན་ཚོགས་དེ་འདྲ་ཚོགས་སྐབས། མར་ཞུ་དགོས་པ་དེ་ཚོ་ཞུས་རྗེས་དྲི་བ་དྲིས་ལན་གྱི་དུས་ཚོད་ཅིག་ཕུལ་གྱི་ཡོད་པ་རེད། དེ་རིང་གཙོ་བོ་དཔལ་ལྡན་སྲིད་སྐྱོང་མཆོག་ངེད་གཉིས་ཀྱི་ངོས་ནས་ཞུ་བ་དེ་མང་ཚོགས་ཀྱི་བདེ་རྩའི་ཆེད་དུ་ཡིན་སྟབས། ཞུ་དགོས་དོན་གཙོ་བོ་དེ་གང་ཡིན་པ་མང་ཚོགས་ལ་ཞུ་ཆེད་ཡིན། མ་འོངས་པར་ང་ཚོས་གསར་འགོད་ལྷན་ཚོགས་བསྐང་དགོས་པ་དང་དྲི་བ་དྲིས་ལན་བྱེད་དགོས་པའི་དུས་ཚོད་ཏན་ཏན་ཤར་སྲིད་པ་རེད། དེ་དུས་དྲི་བ་དྲིས་ལན་གྱི་དུས་ཚོད་འབུལ་ཆོག་པ་ཞུ་ཞེས་ཞུ་རྒྱུ་ཡིན།
དེ་རིང་དཔལ་ལྡན་སྲིད་སྐྱོང་མཆོག་དང་ངེད་གཉིས་ཀྱིས་བཀའ་སྤྱི་ལྷན་རྒྱས་ཀྱི་ཐོག་ནས་ཡིན་ན་རེད། ངེད་གཉིས་སྲིད་སྐྱོང་འོས་མི་གཉིས་ཀྱང་ཆགས་བསྡད་ཡོད་སྟབས། བར་ལམ་ཕྱི་ཟླ་ ༣ ཚེས་ ༢༣ ཉིན་ང་རང་ཚོའི་ལས་དོན་བྱེད་ཕྱོགས་སྤྱི་དང་། བཟང་སྤྱོད་ཀྱི་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ལ་མ་བབས་པའི་གནས་ཚུལ་ཞིག་བྱུང་ཡོད་པ་རེད། དེ་བཞིན་ལྷ་སྲུང་མ་ཆོས་སྐྱོང་རྣམ་པ་ཚོའི་བཀའ་ལུང་གི་ནང་དུའང་བར་ལམ་གྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་ཐོག་ནས་འོས་མིར་བཞེང་མཁན་དང་། དེ་བཞིན་རྒྱབ་སྐྱོར་བྱེད་མཁན་ཚོའི་བྱ་སྤྱོད་ཀྱི་རྣམ་པའི་ཐོག་ཆོལ་ཁའི་འཐེན་འཁྱེར་དང་ཕྱོགས་རེས་ཀྱི་རྣམ་འགྱུར་མང་པོ་ཞིག་ཐོན་པའི་རྒྱུ་མཚན་ལ་བརྟེན་ཏེ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐུགས་ཕམ་བྱུང་བའི་གནས་ཚུལ་ཡོང་ཡོད་པས། སྙིང་ཁོང་རུས་པའི་གཏིང་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཟོད་གསོལ་ཞུ་བའི་མཇལ་ཁ་གནང་བར་ངང་སྒུག་ཞུ་བསྡད་ཡོད།
འོས་བསྡུའི་ལས་རིམ་གྱི་ཐོག་ནས་ད་ལྟ་བར་དུ་བྱུང་ཚར་བ་དེ་ཚར་བ་རེད་ལ། དེ་ཚོ་བཅོས་པའི་ཐབས་ལམ་ཡོད་པ་མ་རེད། ཡིན་ནའང་། གཙོ་བོ་དེ་མ་འོངས་པར་ང་རང་ཚོས་ག་འདྲ་ཞིག་བྱེད་དགོས་ཀྱི་ཡོད་མེད་དེའི་ཐོག་ལ་རེད། ང་རང་གཉིས་སྒེར་གྱི་ངོས་ནས་མ་འཆམ་དགོས་པའི་རྒྱུ་མཚན་རྩ་བ་ཉིད་ནས་ཡོད་པ་མ་རེད། དེ་བཞིན་ཕར་ཚུར་འཁོན་འཛིན་བྱེད་དགོས་པའི་གནས་སྟངས་རྩ་བ་ཉིད་ནས་མེད་ལ། མང་ཚོགས་ཀྱི་ངོས་ནས་ཀྱང་མ་འོངས་པར་ང་རང་ཚོ་བོད་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་ཏེ་ནུས་པ་མཉམ་སྤུངས་བྱེད་དགོས་པའི་ལས་འགན་དེ་ང་ཚོ་ཚང་མར་ཡོད་སྟབས། དེ་སྔོན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནམ་ཐང་དུ་བཀའ་སློབ་གནང་བ་ནང་བཞིན་རེད། སྐུ་མདུན་གྱི་ཕྱག་གིས་ངེད་གཉིས་ཀྱི་ལག་པ་ནས་འཇུས་ཏེ། ཆོལ་ཁ་གསུམ་ཆིག་སྒྲིལ་ཡོང་བའི་འགན་དེ་ཁྱེད་རང་གཉིས་ཀར་ཡོད་རེད་དཱ་ཞེས་གསུངས་པ་ལྟར། དེ་རིང་སླར་ཡང་ངེད་གཉིས་ཀྱི་ཐོག་ནས་འབོད་སྐུལ་ཞུ་བ་དེ་ང་ཚོའི་འོས་བསྡུའི་ལས་རིམ་ཟིན་པ་རེད། འོས་བསྡུའི་ལས་རིམ་སྐབས་སོ་སོའི་ངོས་ནས་སུ་ལ་རྒྱབ་སྐྱོར་བྱེད་སོ་སོའི་འདོད་པ་རེད། ཡིན་ནའང་། གཞི་མེད་ཀྱི་སྐྱོན་བརྗོད་བྱེད་པ་དང་། ད་ལྟ་ཡིན་ནའང་དཔེར་ན་ཉེ་ཆར་ཆོས་སྐྱོང་སྤྱན་འདྲེན་ཞུ་སྐབས་བསྟན་མའི་བཀའ་ལུང་དེ་ཚོར་བཟོ་བཅོས་བརྒྱབ་སྟེ། གང་བྱུང་བཏང་བསྡད་པ་དེ་ཚོའི་གྲས་དེ་ཐབས་སྐྱོ་བོའི་གནས་ཚུལ་རེད། ང་ཚོ་མི་ཙམ་ཕར་བཞག་སྟེ་ལྷ་ཚོ་ཡིན་ནའང་དེ་ངས་བཤད་མེད་དཱ་ཅེས་གསུང་དགོས་པའི་གནས་སྟངས་འདྲ་པོ་ཆགས་བསྡད་ཡོད་པ་རེད། དེར་བརྟེན་ཕྱོགས་ཕན་ཚུན་ཚང་མས་གནོད་སྐྱེལ་བའི་ལས་ཀ་དེ་ཚོ་མི་བྱེད་པར་༧རྒྱལ་བ་རིན་པོ་ཆེའི་བཀའ་སྒྲུབ་རྒྱུ་དང་། དེ་བཞིན་བོད་དོན་བདེན་མཐའ་སེལ་བའི་ཆེད་དུ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ལས་ཀ་བྱེད་རོགས། སྐུ་ངོ་སྲིད་སྐྱོང་མཆོག་ལ་རྒྱབ་སྐྱོར་གནང་མཁན་ཡིན་ན་རེད། ང་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་ཡིན་ནའང་རེད། ཚང་མས་ད་ལྟ་ཕན་ཆད་ཀྱི་གནས་ཚུལ་ཚང་མ་ཕར་བཞག་སྟེ་ཆིག་སྒྲིལ་གྱི་ནུས་པ་སྤུངས་ནས་མཉམ་རུབ་ཀྱིས་འགྲོ་དགོས་པ་དེ་གལ་ཆེན་པོ་རེད། ད་ཕན་ནས་གཅིག་གིས་གཅིག་ལ་གནོད་པ་དང་ང་རང་ཚོའི་ཆིག་སྒྲིལ་གྱི་ནུས་པར་གཏོར་བཤིག་གཏོང་བའི་ལས་ཀ་སུས་བྱེད་ཀྱི་ཡོད་ནའང་དེ་ཚོ་མ་བྱེད་རོགས་ཞེས་ཞུ་རྒྱུ་དང་། སྲུང་མའི་བཀའ་ལུང་ཕེབས་པ་བཅོས་བ་དེ་དོལ་རྒྱལ་བསྟེན་མཁན་ཡིན་ན་རེད། ཡང་མིན་ན་རྒྱ་ནག་གཞུང་གི་རྒྱུག་ཁྱི་དེ་འདྲ་ཞིག་གིས་བྱེད་ཀྱི་ཡོད་པའི་དོགས་པ་ཤར་ཡོང་གི་འདུག ད་ནས་བཟུང་ང་ཚོར་རྒྱབ་སྐྱོར་བྱེད་མཁན་ཚོ་ཆིག་སྒྲིལ་བྱེད་དགོས་པ་རེད། ཕྱིས་སུ་དེ་འདྲ་བྱུང་བ་ཡིན་ན་དེ་ཚོའི་གྲས་དེ་དངོས་གནས་དྲང་གནས་རྒྱ་ནག་གི་རྒྱུག་ཁྱི་དང་དོལ་རྒྱལ་བསྟེན་མཁན་གྱི་ལག་ཆར་འགྱུར་གྱི་ཡོད་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡིན་ཞེས་ངས་ལག་གཉིས་ཐལ་མོ་སྦྱར་ཏེ་ཞུ་ཡི་ཡོད། ང་རང་ལ་རྒྱབ་སྐྱོར་གནང་མཁན་ཚོ་ལ་ངས་དེ་སྔའང་ཞུས་པ་ཡིན། སོ་སོས་བཤད་དགོས་པ་དེ་ཚོ་གཞི་རྩ་ཡོད་པའི་ཐོག་ནས་བཤད་དགོས་པ་རེད་མ་གཏོགས་གཞི་རྩ་མེད་པའི་རྫུན་བཤད་པ་དེ་ཚོའི་གྲས་དེ་མ་བཤད་རོགས། སྐད་འཕྲིན་གྱི་ཚོགས་པ་དེ་ཚོ་ཡིན་ནའང་འོས་བསྡུའི་ལས་རིམ་ཚར་རྗེས་མཚམས་བཞག་རོགས་ཟེར་ནས་ཞུ་བ་ལྟར་མང་པོ་ཞིག་གིས་དེ་འདྲ་གནང་འདུག ང་ལ་རྒྱབ་སྐྱོར་གནང་མཁན་ཚོའི་ངོས་ནས་ཡིན་ནའང་དེ་རིང་ནས་བཟུང་ཚང་མས་མཚམས་འཇོག་རོགས། གང་གནང་བ་ཚང་མ་བོད་སྤྱི་པའི་དོན་དུ་ནུས་པ་སྤུངས་གནང་རོགས་ཞེས་ངས་འབོད་སྐུལ་ཞུ་ཡི་ཡོད། ཅེས་གསུངས་སོང་།
སྲིད་སྐྱོང་འོས་མི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསུངས་དོན། དེ་རིང་འདིར་སྲིད་སྐྱོང་འོས་མི་དཔལ་ལྡན་ཚོགས་གཙོ་ནས་བཀའ་གནང་བ་དང་། དེ་བཞིན་མི་མང་ལ་འབོད་སྐུལ་ཞུས་པ་དེར་ང་རང་ཡིན་ན་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད། མོས་མཐུན་ཡོད་ཅེས་ཞུ་བ་ཡིན། ཚང་མས་མཁྱེན་གསལ་རེད། ཉེ་ཆར་བཀའ་ལུང་ནང་དུ་ཕེབས་པ་ལྟར་གཙོ་ཆེ་ཤོས་མི་མང་ནང་དམ་ཚིག་དང་ཆིག་སྒྲིལ་དགོས་པ། དེ་ཡོད་པ་ཡིན་ན་སྤྱི་མཐུན་གྱི་བསོད་ནམས་གསོག་གི་ཡོད་པ་རེད། སྤྱི་མཐུན་གྱི་བསོད་ནམས་ག་ཚོད་ཡོད་པ་ཡིན་ན་དེ་ལ་དཔག་པའི་༧གོང་ས་མཆོག་གི་སྐུ་ཚེ་དང་ཐད་ཀར་འབྲེལ་བ་ཡོད་དུས། ང་ཚོའི་སྤྱི་ཚོགས་ནང་ལ་དེ་སྔ་ཡང་ཞུས་བསྡད་པ་ཡིན། ང་ཚོའི་ནང་དམ་ཚིག་གཙང་མ་དགོས་པ་དང་རྡོག་རྩ་ཆིག་སྒྲིལ་དགོས་པ། མཐུན་སྒྲིལ་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེར་བརྟེན་འོས་བསྡུའི་སྐབས་རྒྱབ་སྐྱོར་གནང་མཁན་རེད། མི་མང་ཚང་མར་འབོད་སྐུལ་ཞུ་རྒྱུར། འོས་བསྡུའི་ལས་རིམ་དེ་ཚར་བ་ཡིན་པས་ད་ང་ཚོ་ཚང་མས་རྡོག་རྩལ་ཆིག་སྒྲིལ་གནང་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད་ཅེས་ཞུ་བ་ཡིན། འོས་བསྡུའི་སྐབས་ཏན་ཏན་མི་མང་ནང་ཐུགས་ཕམ་དགོས་པའི་གནས་ཚུལ་ཆགས་ཡོད་པ་རེད། དེ་ངོས་ལེན་ཞུ་ཡི་ཡོད། ངོས་ལེན་ཞུས་བ་དང་སྦྲགས་མི་མང་ལའང་བཟོད་གསོལ་ཞུ་ཡི་ཡོད། ཉེ་ཆར་༧གོང་ས་མཆོག་ནས་བཀའ་སློབ་ནན་པོ་ཞེ་དྲགས་ཕེབས་ཡོད་པ་རེད། བཀའ་སློབ་ཕེབས་པ་དེ་ཚོ་སེམས་ལ་ཉར་བའི་ཐོག་ནས་དགོངས་པ་མ་དྭངས་བར་དུ་དགོངས་སེལ་ཞུ་རྒྱུ་རེད། དེ་ལས་གལ་ཆེ་བ་དེ་བཀའ་སློབ་གནང་བ་དེ་ཚོ་སེམས་ལ་བཞག་པའི་ཐོག་ནས་ལག་བསྟར་བྱེད་དགོས་པ་དེ་གལ་ཆེ་ཤོས་རེད། བཀའ་ཤག་འདིའི་ཐོག་ནས་ཡིན་ནའང་ལས་རིམ་བང་སྒྲིག་བཞིན་ཡོད། འཕྲོད་བསྟེན་དང་ཉམ་ཐག བཟང་སྤྱོད། འོས་བསྡུའི་སྒྲིག་གཞི་བཅས་ཀྱི་ཐོག་ནས་ད་ལྟའི་བར་དུ་བཀའ་སློབ་ཕེབས་པ་དེ་ཚོ་གལ་ཆེན་པོར་རྩིས་ཏེ་ལས་རིམ་བང་སྒྲིག་བཞིན་ཡོད་ལ། མ་འོངས་པར་བཀའ་ཤག་གིས་ཏན་ཏན་ལག་བསྟར་གནང་གི་ཡོད་པར་ངོས་འཛིན་གྱི་ཡོད། གང་ཡིན་ཟེར་ན། ང་རང་ཚོའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལས་ལྷག་ཡོད་པ་མ་རེད། བོད་ཀྱི་ལོ་རྒྱུས་ནང་གཟིགས་པ་ཡིན་ན་རེད། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་རྡོག་རྩ་ཆིག་སྒྲིལ་ལ་གཟིགས་ནའང་རེད། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་གཟིགས་ན་རེད། དེ་བཞིན་བཙན་བྱོལ་ནང་གང་ཡང་མེད་པ་ནས་ད་ལྟའི་ཆར་ང་ཚོར་ཆ་ཚང་ཡོད་ཐུབ་པ་དང་། འཛམ་གླིང་གི་སྡིངས་ཆའི་སྒང་ལ་འགྲོ་ཐུབ་པ་དེ་ཁོང་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་བོད་རྩ་དོན་ཆེད་དུ་ཡིན་ན་རེད། ལོ་རྒྱུས་ཀྱི་ཐོག་ནས་ཡིན་ནའང་རེད་གང་ཅིའི་ཐད་ནས་ཁོང་ལས་ལྷག་པའི་བཀའ་དྲིན་ཆེ་བ་ཞིག་མེད་སྟབས། ང་ཚོའི་བླ་ན་མེད་པའི་དབུ་ཁྲིད་ཀྱིས་བཀའ་སློབ་གནང་བཞག་པ་དེ་ཚོ་ལག་བསྟར་བྱེད་དགོས་པ་དེ་ཤིན་ཏུ་གལ་ཆེན་པོ་རེད། དེ་ལག་བསྟར་བྱེད་པར་ང་རང་ཚོའི་ངོས་ནས་དམ་བཅའ་གཙང་མ་ཡོད། ད་ལན་ནས་བཟུང་སྟེ་ང་ཚོའི་སྤྱི་ཚོགས་ནང་དམ་ཚིག་དང་མཐུན་སྒྲིལ། ཆིག་སྒྲིལ་སྔར་ལྷག་གིས་ཚད་མཐོ་བོ་བྱུང་ཐུབ་པར་འབད་བརྩོན་ཞུ་བར་གྲ་སྒྲིག་ཨང་གསར་ཡོད། ཏན་ཏན་རང་འབད་བརྩོན་ཞུ་ཡི་ཡིན་ཞེས་ཞུ་བ་ཡིན།
ད་ལན་གྱི་འོས་བསྡུའི་སྐབས་སུ་བྱུང་ཡོད་ལ། ད་ལྟ་ཡིན་ནའང་ཆོལ་ཁ་འཐེན་འཁྱེར་དང་འཁྱོག་བཤད་དེ་ཚོ་མུ་མཐུད་དུ་འགྲོ་ཡི་འདུག ང་རང་གིས་ཐད་ཀར་ཞུ་ཐུབ་པ་དེ་ད་ལྟ་དཔལ་ལྡན་ཚོགས་གཙོ་ནས་བཀའ་གནང་བ་གཞིར་བཟུང་ཁོང་ལ་རྒྱབ་སྐྱོར་གནང་མཁན་ཚོར་མ་གནང་རོགས་ཞེས་བཀའ་གནང་བ་ལྟར། ང་རང་གི་ཐོག་ནས་ཡིན་ནའང་ང་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས་འོས་བསྡུའི་ལས་ཀ་མཚམས་འཇོག་བྱས་ཏེ། བོད་མི་ཞིག་ཡིན་པའི་ཆ་ནས་ང་ཚོའི་ཆིག་སྒྲིལ་ལ་ཕན་པའི་འགན་འཁུར་གནང་བའི་ཐོག་ནས་ཕྱག་ལས་གནང་རོགས་ཞེས་ཞུ་བ་གཙོ་བོ་དེ་ཡིན། མི་མང་གི་ནང་ནས་ཡིན་ནའང་ང་ཚོ་སྤྱི་པར་བསམ་བློ་བཏང་སྟེ་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་མངོན་འདོད་འགྲུབ་པའི་ཆེད་དུ་སྐུ་ལས་སྐྱོན་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དེའི་སྒང་ལ་རྡོག་རྩ་ཆིག་སྒྲིལ་གྱིས་ནུས་པ་སྒྲིག་རོགས་གནང་ཞེས་ཞུ་བ་གཙོ་བོ་དེ་ཡིན། ཞེས་གསུངས་སོང་།
མཇུག་ཏུ་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་ནས་བོད་ནང་དུ་ཡོད་པའི་བོད་མི་ཚོ་ཐུགས་ཕམ་བྱུང་ཡོད་ན། ངེད་གཉིས་ཀྱི་ངོས་ནས་དགོངས་སེལ་ཞུ་བ་དང་། མ་འོངས་པར་བོད་ནང་དུ་ཡོད་པའི་བོད་མི་ཚོ་བློ་བདེ་བོ་བྱས་ནས་བཞུགས་རོགས་གནང་། ངེད་གཉིས་ཀའི་ཐོག་ནས་མཐུན་སྒྲིལ་ཡོང་བར་གང་ཐུབ་ཐུབ་ཀྱིས་འབད་བརྩོན་ཞུ་ཡི་ཡིན་ཞེས་ཞུ་བ་ཡིན། ཞེས་གསུངས་རྗེས། དྲི་བ་དྲིས་ལན་གྱི་དུས་ཚོད་མེད་པས་གསར་འགོད་ལྷན་ཚོགས་གྲོལ་སོང་།
གསར་འགོད་པ། པདྨ་མཚོ།
ཁོང་གཉིས་ཀྱི་འབོད་སྐུལ་ལ་འདི་ནས་གསན་གཟིགས་ཞུ། https://www.youtube.com/watch?v=-xYO37I8nK0
དོངས་གནས་དཀའ་བཞིན་གཅིག་སྒྲིལ་ངེར་གནང་རོགས་
དོན་དམ་གྱི་ཆིག་སྒྲིལ་དགོས་ན་སྤྱི་འཐུས་གྲོས་ཚོགས་འགོ་འཛུགས་དགོས། ཁ་རྡ་དྲ་བ་འདི་ཡང་སྒོ་རྒྱག་དགོས།
དོན་དམ་གྱི་ཆིག་སྒྲིལ་དགོས་ན་སྤྱི་འཐུས་གྲོས་ཚོགས་ནང་རྙོག་གྲའི་རིགས་གླེང་མི་རུང་། ཁ་རྡ་དྲ་བ་འདི་ཡང་སྒོ་རྒྱག་དགོས།
དེ་རེ་ནག་ཉེས་དང་འཐེན་ཁྱེར་དང་ཆིག་སྒྲིལ་ལ་ག་ཚད་གཏོར་ཞིག་གི་ལས་བསགས་མཁན་དེ་ཚོ་སློབ་བཟང་སངས་རྒྱས་དང་ཁོའི་རྐུན་རྒྱབ་ཇོག་ལངས་བྱེད་པ་ཚོ་ཡིན།
ལོ་རྒྱུས་དང་དཀའ་ངལ་འདི་འདྲ་ལ་ཐུག་དུས། ཆིག་སྒྲིལ་གྱི་ཁ་དབྱངས་ཙམ་གྱི་ནང་ནས་བོད་ཀྱི་རྩ་དོན་དང་བོད་རིགས་རྩ་གཏོར་གྱི་བྱེད་གཏེ་ཚོ་ངོས་ཟིན་པ་བྱས་ནས་འབོར་མི་ཉན།
ན་ཚ་འདི་དེ་རེ་འཇམ་ན་ཕྱི་ནས་འབྱུང་འབྱུང་བ་ཞིག་རེད། མི་ལོ་ལྔ་བཅུ་ལྷག་ལ་ཕྱི་མིག་བྱེད་ས་ཡོད།
མ་གཞི་ད་རེ་ཡི་དཀའ་ངལ་འདི་ཆིག་སྒྲིལ་བྱུང་མ་བྱུང་གི་དཀའ་ངལ་མ་རེད། བོད་གཞི་བྱེས་གཉིས་ཀྱི་བདེ་སྡུག་ལ་དོ་ཁུར་མེད་པར། ཁ་རྒོད་ཁོག་སྟོང་ལ་ཕྱིན་པའི་མི་ལོ་ལྔ་དེ་བཅུ་ལ་བསྐྱལ་དགོས་དུས། དགྲ་དམར་རྒྱ་ཡི་བཙན་གནོད་མི་ཟློག་པས་ཡིན།
ཁྱེད་ཚོ་རྩེ་ཐང་རེ་རྒྱབ། ཟློས་གར་ཁང་རེ་ཕུག། ཕྱི་མི་མགོ་སེར་ལ་སློང་རེ་བྱེད་ཐུབ་ན། སྐུ་ངོས་འཇོན་པ་ཞིག་དང་ཡིད་ཚིམ་པ་ཞིག་བྱུང་ན་ཡང་། ཆབ་སྲིད་པའི་བཙན་བྱོལ་བ་ཞིག་ཡིན་ན་དེ་འདྲ་ཞིག་ནི་ཡིན་མདོག་མེད།
ཁ་བརྡ་དྲ་བ་ཅི་ལྟར་སྒོ་རྒྱག་དགོས་བ་རེད། ཡོད་པ་དེ་མེད་པ་བཟོ་མཁན་ཁྱེད་ཚོ་ཡིན། ན་ཚ་བཤད་ནས་བསེལ་དགོས་བ་རེད། ངན་པ་བསྒྲག་ནས་ཤེས་དགོས་བ་རེད།
ཧ་ཧ་ཧ། ཁ་བརྡས་ག་རེ་བྱས་སོང་། འདི་མོ་དྲ་ཚིགས་སྐྱིད་པོ་ཞིག་མེད་ཀི་ ཡར་མར་ཚང་མས་སྤྱང་སྟུག་གཡུག་ན་འགྲིག་གི་
མཚམས་རེ་ཁ་བརྡ་ཚང་ལ་དོན་མེད་སྡུག་ན་ལ་འགྲིག་གི
ཨ་ཁུ་འབྲོག་པ། བླུན་རྟགས་མ་སྟོན། ཧ་ཧ་ཧ།
ཧཧཧཧཧ་་་་་་ནོར་འཁྲུལ་ཚང་མ་བློ་སེང་གི་མགོ་ལ་གཡུག་ནས་ཁ་བརྡ་དྲ་བ་སྒོ་རྒྱག་དགོས་ཟེར་དུས་སེམས་པ་ཐང་པོ་མེད་པའི་བཀའ་མོལ་ལས་མ་འདས། གོང་ས༧མཆོག་གིས་འཐུས་ཤོར་གསུང་དུས་གང་ལ་ཆད་ཡོད་པ་དེར་ཚགས་ཚུད་སྒྲུབ་དགོས་རྒྱུ་གལ་ཆེ་རེད་མ་གཏོགས་་་་་གོང་ས༧མཆོག་དགོངས་པ་དྭངས་པ་ཙམ་གྱིས་འཐུས་ཤོར་ཡོ་བསངས་ཐུབ་ཀི་ཨེ་ཡོད་དམ། མིའི་ཁོག་ཏུ་ལྷ་འདྲེ་ཞུགས་ཚུལ་བཀའ་ལུང་རྫུན་མ་ལ་ཡིད་ཆེས་མང་དྲགས་པའི་གནས་རེད། དེ་ལས་མཐུན་སྒྲིལ་རྡོག་རྩ་ཅིག་སྒྲིལ་གྱིས་རྣམ་དཔྱོད་བེད་སྤྱོད་གཏོང་ནས་སྤྱི་དོན་ལ་འབུངས་ན་དགེ་སྐྱོན་གཉིས་ཀ་ཡོང་གི་ཡོད་ལ་བློ་འགྱོད་ཀྱང་ཡོང་གི་མེད་དོ།།
དམངས་གཙོའི་དྲྭ་བ་ལྟར་བྱས་ན་ཁ་བརྡ་དྲྭ་བ་ནི་དམངས་གཙོ་ཚད་ལྡན་གྱི་དྲྭ་བ་ལྟར་དྲང་ཤག་གི་གསར་འགྱུར་ཡོང་ཁུངས་དང་། སྨྲ་བརྗོད་རང་དབང་གི་སྒེའུ་ཁུང་ཞིག་ལ་ངོས་འཛིན་བྱས་ན་མི་ཆོག་པ་མི་འདུག ད་དུང་སྨྲ་བརྗོད་རང་དབང་ཆེ་ཙམ་ཡོང་བའི་གཞན་བསྐུལ་དུ་ཕུལ། དེ་མིན་དམར་ཕྱོགས་རྒྱལ་ཁབ་ཀྱི་དྲྭ་བ་ལྟར་ཆགས་ན་ཕམ་པོ་རེད། དེ་ལས་མེད་ན་ལེགས།
བྷྱོ༠ མ་གཅིག་དཔལ་ལྡན་ལྷ་མོ་རང་བྱུང་མ། །
སྔོན་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །
ལུང་དང་རྟོགས་པའི་བསྟན་པ་འཛིན་སྤེལ་པོ། །
དེ་ལ་སྲུང་སྐྱོབ་བྲན་དང་ཕོ་ཉར་བྱེད། །
གལ་ཏེ་མ་བྱས་ལུས་སྲོག་མེ་འབར་ནས། །
མནར་མེད་དམྱལ་བར་སྐྱེ་བའི་དམོད་བོར་བའི། །
དམ་བཅའ་དམ་ཚིག་གཉན་པོའི་དུས་ལ་བབས། །
དམ་ཉམས་སྨྲ་བ་ངན་འདི་ཐལ་བར་སློག །
་་་་་་་་ འོས་བསྡུའི་སྐབས་ཏན་ཏན་མི་མང་ནང་ཐུགས་ཕམ་དགོས་པའི་གནས་ཚུལ་ཆགས་ཡོད་པ་རེད། དེ་ངོས་ལེན་ཞུ་ཡི་ཡོད། ངོས་ལེན་ཞུས་བ་དང་སྦྲགས་མི་མང་ལའང་བཟོད་གསོལ་ཞུ་ཡི་ཡོད། ཉེ་ཆར་༧གོང་ས་མཆོག་ནས་བཀའ་སློབ་ནན་པོ་ཞེ་དྲགས་ཕེབས་ཡོད་པ་རེད། བཀའ་སློབ་ཕེབས་པ་དེ་ཚོ་སེམས་ལ་ཉར་བའི་ཐོག་ནས་དགོངས་པ་མ་དྭངས་བར་དུ་དགོངས་སེལ་ཞུ་རྒྱུ་རེད། དེ་ལས་གལ་ཆེ་བ་དེ་བཀའ་སློབ་གནང་བ་དེ་ཚོ་སེམས་ལ་བཞག་པའི་ཐོག་ནས་ལག་བསྟར་བྱེད་དགོས་པ་དེ་གལ་ཆེ་ཤོས་རེད། ་་་་་་་་་་་
ཁ་བརྡ་དྲྭ་བ་ཁ་རྒྱག་དགོས་དོན་མེད། ཁ་བརྡས་ད་ལྟའི་བར་སྟངས་འཛིན་གང་ལེགས་གནང་སོང་སྙམ་ལགས།
བཀའ་སྤྱི་གཙོ་བོ་གཉིས་ཀྱི་བརྙན་འཕྲིན།
https://www.youtube.com/watch?v=-xYO37I8nK0
ངས་ཀྱང། མཆན་བུ་བཀོད་དུས་ཚིག་ཐལ་ཤོར་ཡོད་ན། དེ་ཚོ་ཡང་དགོངས་དག་ཞུའོ། ཧ་ཧ།།
༢༠༡༦ ནས་ བཀའ་ཤག་སྐབས་གཉིས་པ་བློ་སེང་། ༢༠༢༡ ནས་བཀའ་ཤག་སྐབས་གསུམ་པ་སྤེན་ཚེ། རྣམ་པ་གཉིས་ནི་ཨ་མདོ་རྒད་པོ་དང་རྒྱ་ལོ་དང་། ཁམས་པ་རྒད་པོ་འཇུ་ཆེན་གཉིས་དང་འདྲ་གི་མི་འདུག མ་གཞི་ཁྱེང་རང་གཉིས་ཕྱག་ལས་དང་བཀའ་མོལ་གནང་ཡག་ལ་ཡག་པོ་འདུག
ཁ་རྡ་སྒོ་སྒྱག་དགོས་དོན་མེད། ཁ་བརྡ་ངེས་པར་དུ་དགོས། རྒྱུ་ལམ་ཚང་མ་སྒོ་རྒྱག་དགོས་སམ།
དང་པོ་སྐད་འཕྲིན། གཉིས་པ་ངོ་དེབ། ཧཧཧ་་་དབང་པོ་ལྔ་ཡང་སྒོ་རྒྱག་དགོས་སམ།
སླར་ཡང་ཁ་ཆེའི་བུད་མེད་ཚོ་བཞིན་དུ་མགོ་ལ་སེང་རས་ནག་པོས་འགེབས་དགོས་སམ།
དེ་འདྲ་རང་ད་དགོས་དོགས་མེད།
སྲིད་སྐྱོང་གིས་བོད་ཀྱི་རྩ་དོན་ལ་མ་དགོངས་པར་སོ་སོའི་རྐུབ་རྐྱག་ཐོབ་ཐང་གི་ཆེད་དུ་བྱས་པའི་ནོར་འཁྲུལ་ཆེ་ཤོས་ནི། སྲིད་སྐྱོང་གི་གོ་གནས་་ཐོབ་ཆེད་ཕ་ཡུལ་གཅིག་པའི་ཞེན་ཁོག་དེ་བོད་སྤྱི་བའི་སྒྲིག་འཛུགས་ཀྱི་ས་དམིགས་གལ་ཆེ་ཤོས་དེ་ཐོབ་པའི་ཆེད་དུ་འཛེམས་མེད་ཀྱི་བེད་སྤྱོད་བྱས་པ་དེ་རེད། སྤྱིར་སྟངས་ཆོལ་ཁའི་ཞེན་ཁོག་ནི་སྒེར་གྱི་འཇིག་རྟེན་མི་ཚེའི་ནང་ཕན་པ་འདྲ་ཡོང་སྲིད་ཀྱང་། བོད་སྤྱི་བའི་ཆེད་དུ་བེད་སྤྱོད་བྱས་ན་སྨན་དུག་ཏུ་སོང་བ་རེད། ནང་མི་བྱེ་བྲག་པ་ཞིག་གི་ཆེད་དུ་ནང་མི་ཆ་ཚང་རྩ་མེད་བཏང་བ་དང་གཅིག་པ་རེད།
ཆོལ་ཁའི་ཞེན་ཁོག་བྱེད་སྲོལ་གྱི་གཅོང་ནད་འདི་༧གོང་ས་མཆོག་དང་མི་རབས་རྒན་པ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་ཕལ་ཆེར་ཡལ་འགྲོ་བའི་སྐབས་ལ། སྲིད་སྐྱོང་གིས་ ༢༠༡༡ ལོའི་འོས་བསྡུའི་སྐབས་ནས་རོ་ལངས་རྒྱབ་བཅུག་པའི་ཉེར་ལེན་ལ་བརྟེན་ནས་ད་ཆ་གནས་ཚུལ་འདི་ཆགས་པ་རེད། ད་ཆ་འདི་ཙམ་ཡང་ངོས་ལེན་མེད་ཁར་ད་དུང་”བོད་ཀྱི་སྤྱི་མཐུན་གྱི་བསོད་ནམས་”ཞེས་འདྲ་ཆགས་པོའི་སྐད་ཆ་བཤད་ནས་མུ་མཐུད་མགོ་སྐོར་གཏོང་ཐབས་བྱེད་ཀྱི་འདུག མཐུན་སྒྲིལ་གྱི་གོང་བུ་གཏོར་གཤིགས་བཏང་བར་་གཞི་ལུས་བོད་མི་རྣམས་ལ་སྒེར་གྱིས་དགོངས་དག་ཅེས་ངེས་པར་དུ་ཞུ་དགོས། ངོ་ཚ་དགོས་ན་གཞིས་ལུས་ཀྱི་བོད་མི་རྣམས་ལ་ངོ་ཚ་དགོས་ཀྱི་རེད། ༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་སྐབས་སུ་ཆོལ་ཁའི་ཞེན་ཁོག་བེད་སྤྱོད་མ་གནང་འང་། ལྷག་བསམ་དང་ཤེས་འཇོན་ལ་བརྟེན་ནས་འོས་ཐོབ་ཀྱི་ཡོད་པ་མཁྱེན་གསལ་རེད།
དཔལ་ལྡན་ཚོགས་གཙོ་དང་དཔལ་ལྡན་སྲིད་སྐྱོང་གཉིས་ཀ་འགྲིག་མཐུན་ངང་རྩ་དོན་ལ་བློ་སེམས་མཐུན་ཏེ་དམིགས་ཡུལ་གཅིག་ཏུ་སྒྲིལ་བ་ལ་རྗེས་སུ་ཡི་རེངས་ཡོད། དེ་མིན་རང་བཙན་རང་དོན་ཅན་དང་། ཆོས་བརྒྱུད་ནད་རྙིང་ཅན། ཆོལ་ཁའི་ཕྱོགས་རིས་པ། རྒྱ་མིའི་སོ་ཉུལ་བ། རང་དོན་ཁོག་བཅུག་མཁན། གཞུང་སར་སྡངས་སྡིག་ཅན་རྣམས་ཀྱིས་ཐེངས་འདིའི་འོས་བསྡུ་བརྒྱུད་དེ་དཀྲུགས་ཤིང་དང་རྙོག་གླེང་མང་པོ་བཟོས་ཡོད། ངས་སྔོན་མ་ནས་ཚོད་དཔག་བྱས་ཏེ་གཟབ་གཟབ་ངང་ལྟ་ཞིབ་བྱས་བ་ཡིན། འོས་བསྡུའི་སྐབས་ཕྱོགས་གཉིས་ཀའི་རྒྱབ་སྐྱོར་བའི་བར་དུ་སྐབས་འཚོལ་བ་སྐོར་ཞིག་གིས་ཐབས་དང་ཇུས་ཀྱིས་དཀྲུགས་ཤིང་རྒྱག་ཐུབ་ཚོད་རྒྱབ་ཡོད། དེའི་ནང་ཆོས་བརྒྱུད་ནད་རྙིང་ཅན་འགའ་ཤས་ཀྱིས་འོས་བསྡུ་བརྒྱུད་དེ་༧གོང་ས་མཆོག་ལའང་རྒོལ་བ་བརྩམས་ཡོད་ལ། རང་བཙན་རང་དོན་ཅན་དང་ལག་སྟོང་རང་བཙན་པ་རྣམས་ཀྱིས་ཀྱང་གོ་སྐབས་དམ་འཛིན་གྱིས་སྦྱོར་བ་བརྩམས་ཏེ། སྤྱི་ཚོགས་ནང་དབུ་མ་པ་རྣམས་ནང་འཁྲུག་རྒྱབ་སྟེ་རྐུབ་ལྕགས་ཁོ་ན་རྩོད་ཀྱི་ཡོད་ཚུལ་གྱི་རྣམ་པ་ཞིག་ཁྱབ་བཅུག་ཡོད་མོད། སྲིད་སྐྱོང་འོས་མི་གཉིས་ཀྱི་རྒྱབ་སྐྱོར་བ་ཚོས་བསམ་ཞིབ་མེད་པར་ཁོང་ཚོའི་ཁ་ལ་རྒྱུགས་པའང་ཉུང་ཉུང་མིན། ཁོང་ཚོ་རང་ཉིད་ལ་འཇོན་ཐང་དང་ནུས་པ་གང་ཡང་མེད་པར་༧གོང་ས་མཆཽག་གིས་བཙུགས་པའི་གཞུང་ས་གཏོར་རྒྱུ་མ་གཏོགས་དེའི་ཚབ་ཏུ་ཅིག་འཛུགས་རྒྱུ་ལ་བསམ་བློ་གཏོང་གི་མེད་ལ་འཇོན་ཐང་གང་ཡང་མེད་པ་རེད། ད་སྐབས་ཁ་སྟོང་རང་བཙན་པ་ཚོས་རང་བཙན་ནི་རང་ཉིད་སྤྱི་ཚོགས་ནང་རྒྱལ་གཅེས་པ་ཞིག་གི་སྣང་བརྙན་བསྐྲུན་བྱེད་དུ་བེད་སྤྱོད་བྱས་ཏེ་ཁ་ནས་སྨྱོ་ལབ་སྣ་ཚོགས་རྒྱབ་སྟེ་སྤྱི་ཚོགས་ཟིང་ཟིང་བཟོ་གི་ཡོད། དོན་དངོས་ཐོག་རང་བཙན་ནི་ང་ཚོས་ཐོབ་ཐང་དང་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཡིན་ནའང་རང་བཙན་འཐབ་རྩོད་པ་འགའ་ཤས་མ་གཏོགས་མང་ཆེ་བ་ནི་འཇོན་ཐང་གང་ཡང་མེད་པར་རྩོམ་འཆལ་འབྲི་མཁན་འཇམ་དབྱངས་ནོར་བུ་ལྟ་བུ་དང་། འཇོན་ཐང་གང་ཡང་མེད་པར་རང་བཙན་འུར་གྱིས་སྐྱེལ་མཁན་དང་འཚོ་བ་རང་བཙན་དང་དབུ་མ་གཉིས་ཀའི་འོག་ནས་བསྒྲུབས་མཁན་ཁ་སྟོང་ཀླུ་མཁར་བྱམས་ལྟ་བུ། འཇོན་ཐང་གང་ཡང་མེད་པར་ཕྱོགས་རིས་འཐེན་འཁྱེན་བྱེད་མཁན་དོན་གྲུབ་ལྷ་དར་ལྟ་བུ། ཆོལ་ཁའི་གླེང་ཕྱོགས་འོག་ནས་སྤྱི་རྒྱུ་སྒེར་གཉེར་བ་གསེར་རྟ་ཚུལ་ཁྲིམས་ལྟ་བུ་བཅས་རེད། མི་འདི་ཚོ་ལྟ་བུས་རང་བཙན་བཤད་ནས་རང་བཙན་ལ་མཐོང་དང་ཆ་འཇོག་རེག་རྒྱུ་ཕར་ཞོག་རང་བཙན་གྱི་རེ་བའི་འོད་སྣང་དེའང་ཉམས་རྒྱུ་ལས་ཅང་མེད་པ་རེད། ཁོང་ཚོ་ལྟ་བུ་ལས་དཔལ་ལྡན་ཚོགས་གཙོ་སྤེན་པ་ཚེ་རིང་དང་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་ལྟ་བུའི་ཤེས་འཇོན་གཉིས་ལྡན་གྱི་སྐྱེ་བོ་ཚོས་རང་བཙན་གླེང་ནས་ཡོང་རྒྱུ་གང་ཡང་མེད་པ་ཤེས་པ་མ་གཏོགས་ཅིག་གླེང་རྒྱུ་དང་ལས་རྒྱུ་ཡོད་པར་གཟིགས་ཚེ་ཁོང་ཚོས་གླེང་ན་རིན་ཐང་ཡོད་པ་དང་ཅིག་ལས་ན་ལས་རྒྱུའི་འཇོན་ཐང་ཡང་ཡོད་པ་རེད་ལ། དོན་སྙིང་ཡང་ཡོད་པ་རེད། དེ་མིན་གོང་གསལ་གྱི་མི་འདི་ཚོས་རང་བཙན་གྱི་དཔུང་སྟོབས་སྤེལ་རྒྱུ་ལྟ་ཞོགས། རང་བཙན་གྱི་ངོ་བོ་དང་རྣམ་པ་ཁོ་རང་ཁ་ཕྱོགས་ལོག་པ་ཞིག་ཏུ་བསྒྱུར་གི་འདུག རང་བཙན་ལངས་ཕྱོགས་འཛིན་མཁན་ཚོགས་པ་དང་། རང་བཙན་པ། རྒྱལ་ཞེན་པ་ཚོས་རང་ཉིད་ལངས་ས་ནས་གཟབ་གཟབ་བྱས་ན་མ་གཏོགས་མི་འདི་ཚོའི་ཁར་རྒྱུགས་ན་རང་བཙན་ལྟ་ཅི་རང་གི་ལངས་ཕྱོགས་དེའང་མག་མོག་བཟོ་རྒྱུ་ཉག་གཅིག་རེད། གང་ལྟར་དབུ་མ་པ་དང་རང་བཙན་པ་གཉིས་ཀས་གཟབ་གཟབ་བྱེད་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད་སྙམ།
ཧ་ཧ་ཧ་ཧ་་་ཁ་བརྡ་དྲྭ་བ་སྒོ་རྒྱག་དགོས་དོན་གང་ཡིན་ནམ། སྒོ་རྒྱག་དགོས་ན་དྲྭ་འབུ་ཚོའི་ཁ་དེ་དག་སྒོ་རྒྱག་ངེས་རེད་་
བཀུར་འོས་ཁ་བརྡའི་དྲྭ་བདག་མཆོག་ལ་གུས་མིང་པ་འཇམ་གཅེས་ཀྱིས་ཆེད་ཞུ། དེང་སྐབས་གུས་པས་སྨྱུག་མིང་ལྷ་རྒོད་འདི་བཞིན་དྲྭ་ལམ་དག་ལ་བེད་སྤྱོད་གཏང་བཞིན་པ་ཡིན་པས་མཆན་བུ་ཡང་ལྷ་རྒོད་མིང་ཐོག་ལ་ངོས་ལེན་ཡོང་བར་ཞུ།
ཁ་བརྡ་སྒོ་རྒྱབ་དགོས་པ་ཟེར་ན་བཙན་བྱོལ་ནང་གསར་འགོད་ཀྱི་རང་དབང་ལ་བརྡོ་ཕོག་བཏང་ནས་རྒྱ་ནག་གི་ལཙ་ལུགས་དགོས་ཟེར་གྱི་ཡོད་དམ་
ཧཧཧདེ་ལས་ཁ་བརྡའི་ནང་རྩོམ་དང་མཆན་ག་འདྲ་ཞིག་བྲི་གི་ཡོད་ན་ཡང་རང་གི་དངོས་མིང་བཀོད་དགོས་པ་ཤིན་ཏུ་ནས་གལ་ཆེའོ་།
སྤེན་པ་ཚེ་རིང་གིས་འོས་བསྡུའི་འགྲོན་རྩོད་དེས་བཙན་བྱོལ་བ་ཚོ་གཏོར་སོང་། ཁོ་པར་རྒྱབ་སྐྱོར་བ་ཚོ་ཆུ་ནང་དུ་གཡུགས་སོང་། ལྷ་སྲུང་བླ་མ་དང་བཅས་པ་འཇིག་རྟེན་ཕལ་པའི་ཚུལ་གྱི་ཐོན་སོང་། ཕལ་པའི་ཚུལ་གྱི་གླེང་སོང་། ཕལ་པའི་ཚུལ་གྱི་ཁྲོས་སོང་། ལྷ་མི་གང་མང་གི་རང་འདོགས་ཐོན་སོང་། མི་བཟང་ཅན་མིང་དག་གི་ཡང་རང་འདོགས་ངོ་མ་ཐོན་སོང་། ལྷག་བསམ་མིང་ཅན་པ་དག་གི་མངོན་འདོད་ཐོན་སོང་། བླ་མས་ལྷ་སྲུང་བེད་སྤྱོད། ལྷ་སྲུང་གིས་བླ་མ་བེད་སྤྱོད། སྐུ་དྲག་རྙིང་པས་མི་དྲག་རྙིང་པ་བེད་སྤྱོད། སྐུ་དྲག་གསར་པས་མི་ཐོག་གསར་པ་བེད་སྤྱོད། མི་ཆེན་རྣམས་ཀྱིས་རྒྱུ་ཆེན་རྣམ་པ་བེད་སྤྱོད། མི་ཆུང་རྣམས་ཀྱིས་འབྱོར་ཆུང་རྣམ་པ་བེད་སྤྱོད། ཆོལ་ཁ་བེད་སྤྱོད། བླ་སློབ་བེད་སྤྱོད། མདོར་ན། བེད་སྤྱོད་ཡོད་ཚོད་སྒེར་སྤྱོད་དུ་བྱས་སོང་།
དོ་ལོ་འོས་བསྡུའི་ཁྲོད་ཀྱི་ནང་འཁྲུག་ཀྱི་རྩ་བ་དབུས་གཙང་དབུས་རྒྱུན་དང་། མདོ་སྨད་དབུས་རྒྱུན། མངའ་རིའི་སྤྱི་འཐུན་ཚོགས་པ། གངས་ཅན་གླིང་སྐད་འཕྲིན་ཚོགས་པ་སོགས་ལ་ཐུག་ཡོད། དང་པོ་དབུས་གཙང་དབུས་རྒྱུན་གྱིས་ཆོལ་ཁའི་མི་མིང་ཐོག་ནས་སྤེན་ཚེ་འོས་མིར་སྟོན། སྔོན་འགྲོའི་འོས་བསྡུའི་ནང་རྒྱལ་ཁ་མ་ཐོབ་པས་ཡིག་ངག་གཉིས་ཐོག་ནས་དབུས་གཙང་མི་མང་ལ་ཆོལ་ཞེན་དགོས་པའི་སྐུལ་མ་བྱས། གངས་ཅན་གླིང་སྐད་འཕྲིན་ཚོགས་པ་བཙུགས་ནས་སྲིད་སྐྱོང་ནག་པོ་བཟོ་ཐབས་དང་། ཁམས་པའི་མི་དྲག་ཚོ་ནག་པོ་བཟོ་ཐབས་ཀྱི་སྐད་ཆ་སྣ་ཚོགས་བཀྲམ། སྲིད་སྐྱོང་གིས་ཨ་རིའི་དོན་གཅོད་ནང་གི་གོང་ས་མཆོག་གི་སྐུ་པར་མར་ཕབས་ནས་རང་གི་པར་ཡར་བཞག་པ་རེད་ཅེས། གཞིས་ཆགས་རྒན་རྒོན་དད་པ་ཅན་ཚོ་མགོ་སྐོར་བཏང་ནས་དད་པ་ལོག་སྤྱོད་བྱས། ད་དུང་ངོ་ཚ་ཞེ་ཁྲེལ་མེད་པར་སྲིད་སྐྱོང་དོལ་རྒྱལ་བ་དང་རྒྱ་ཁྱི་ཚུན་ཆད་སྒྲུབ་ཐབས་བྱས་ནས་ཡིག་ཆ་སྟོང་ཕྲག་མང་པོ་བཀྲམ་སྟེ་སྤྱི་པའི་དཔལ་འབྱོར་འཕྲོ་བརླག་ལ་བཏང་། དུས་འཁོར་དབང་ཆེན་ཕྱིར་འགྱང་གནང་བ་དེ་ཁོང་སྐུ་ངལ་གསོ་ཆེད་ཡིན་ཞེས་གོང་ས་མཆོག་གིས་ཐེང་གསུམ་ལ་གསུངས་ཡང་ད་དུང་འགྲེལ་བཤད་ལོག་པ་རྒྱག་རྒྱུ་མཚམས་འཇོག་མེད་པར་མུ་མཐུད་ནས་བཤད་སྟེ་མི་མང་གི་སེམས་ཁམས་དཀྲུག མདོ་སྨད་དབུས་རྒྱུན་དང་མངའ་རིའི་སྤྱི་འཐུན་ཚོགས་པ་གཉིས་ཀྱིས་སྐྱག་པའི་རྒྱབ་ལ་རྙང་པའི་ཞ་ལ་འཐེན་ནས་ཆོལ་ཁ་དཔུང་སྒྲིག་གི་རྣམ་པ་སྟན། རྒྱུ་མཚན་འདི་དག་ལ་རྟེན་ནས་བོད་མི་ནང་ཁུལ་ལ་གླེང་རྙོག་རྫོགས་རྒྱུ་མེད་པ་འདི་བཟོས་ཡོད།
བློ་སེང་གིས་བཀའ་ཤག་གསར་པའི་ནང་བཟང་སྤྱོད་གོང་འཕེལ་གྱི་ལྷན་ཁང་གསར་བཙུགས་ཀྱིས་ཁོ་པ་རང་ཉིད་ལྷན་ཁང་དེའི་བཀའ་བློན་གཅིག་ཅོག་གི་འགན་འཁུར་བྱེད་རྒྱུའི་གླེང་མོལ་དང་བཀའ་བློན་ལས་ཐོགས་གཉིས་ཀྱིས་སོ་སོར་ཕྱི་རྒྱལ་དོན་གཅོད་བསྐོ་གཞག་ཡོང་རྒྱུའི་རེ་བ་བྱེད་བཞིན་པ་གོ་རྒྱུ་འདུག་པར་ཡ་མཚན་ཆེ་། བཟང་སྤྱོད་དང་བློ་སེང་ ཁྱི་དང་ཤ་།
བཀའ་ཤག་གི་བཟང་སྤྱོད་གོང་འཕེལ་དགོས་ཟེར་ན། དང་པོ་སྲིད་སྐྱོང་བློ་སེང་ཁོ་རང་ལ་བཟང་སྤྱོད་དགོས་འདུག སྲིད་སྐྱོད་ལ་མི་མང་གི་དྲི་བ་ཕུལ་དུས་ལམ་སེང་སྐུ་རླུང་བཞེངས་ནས་བཀའ་སྐྱོན་གནང་བ་ཐེངས་མང་པོ་མཐོང་བྱུང་། དེ་བཟང་སྤྱོད་རེད་དམ། མ་གཞི་ཆོལ་ཁ་དང་ལུང་ཚན་གྱི་རྙོག་ཁྲ་འགོ་བཙུགས་མཁན་སྲིད་སྐྱོང་ཁོ་རང་རེད། བརྙན་ཐུང་ནང་དུ་ང་ཚོ་ལི་ཐང་དཔུང་བསྒྲིགས་དགོས་འདུག་ཟེར་བ་དང་། དེ་མིན་གྱི་གསང་བའི་སྐད་ཆ་མང་པོ་གོ་རྒྱུ་འདུག རྒྱུ་མཚན་དེ་ལ་བརྟེན་ནས་མི་མང་པོར་ཕོག་ཐུག་འགྲོ་འདུག
སྲིད་སྐྱོང་དགོངས་པ་འཚོམས་པ་ཆུང་ཆུང་རེད། ད་ལོ་འོས་བསྡུའི་ཁྲོད་མི་ལ་ལས་གོང་ས་མཆོག་རྫུན་མ་བཟོས་སོང་ལ། རྒན་རྒོན་ཚོ་མགོ་སྐོར་བཏང་སོང། འདི་ཚོ་ནི་བཟང་སྤྱོད་དང་འགལ་བ་མ་ཚད་རྒྱུ་འབྲས་དང་ཡང་འགལ་བའི་བྱ་སྤྱོད་རེད།
མི་མང་ལ་མགོ་བསྐོར་གཏོང་མཁན་ཐོག་མར་༢༠༡༡ ལོའི་འོས་བསྡུའི་སྐབས་ནས་བཟུང་བློ་སེང་གི་ད་བར་མགོ་བསྐོར་བཏང་སོང་། ད་དུང་མི་མང་ཚོ་གཉིད་བསད་མེད་པ་འདྲ། ད་ལོ་གནས་ཆུང་གིས་ཀྱང་འདུན་ན་འདོན་ཞེས་དམིགས་སུ་བཀར་ནས་གསུངས་ཡོད། ཡིན་ནའང་ད་རེས་སྲིད་སྐྱོང་གི་ནོར་འཁྲུལ་ཡོད་པ་ཁས་བླངས་ནས་མི་མང་ལ་དགོངས་སེལ་ཞུས་སོང་། དེ་ཡག་པོ་རེད། ཚོགས་གཙོ་ཡང་མཉམ་དུ་དགོངས་སེལ་ཞུས་སོང་། ལར་ནས་བློ་སེང་བཀའ་ཤག་ལ་སླེབས་ནས་ལྷིང་འཇགས་མེད་པ་ཆགས་་འདུག མཐུན་བསྒྲིལ་སྐྱོ་རུ་ཕྱིན་འདུག དེ་ཚོ་དངོས་ཡོད་རེད་མ་གཏོགས་སྒྲོ་བཏགས་མིན།
བློ་སེང་གིས་སྔ་བར་ཕྱི་གསུམ་ལ་དྲང་པོ་དྲང་བཞག་ཁོ་ན་ལས་མི་མང་མགོ་སྐོར་གྱི་བྱ་བཞག་གང་ཡང་སྤེལ་མེད། དེས་རྐྱེན་པས་མི་མང་གིས་ཁོང་ལ་ཡིད་ཆེས་ནས་འོས་བསྡུའི་སྐབས་ཐམས་ཅད་ལ་རྒྱལ་ཁ་ཐོབ་ཡོད། སྲིད་སྐྱོང་གིས་ནོར་འཁྲུལ་བཟོས་མེད་ཀྱང་བཟང་སྤྱོད་ཀྱི་ཐོག་ནས་མི་མང་ལ་དགོངས་སེལ་ཞུས་ཡོད། འོན་ཀྱང་ཚོགས་གཙོས་གོང་ས་མཆོག་གི་བཀའ་དགོངས་ལོག་འབྲེལ་བྱས་པ་ལ་དགོངས་སེལ་སེམས་བདེ་བ་ཞིག་ཞུས་ན་སོང་། འཐུན་སྒྲིལ་མེད་པ་ནི་འོས་བསྡུའི་རྒྱུད་རིམ་ནས་བྱུང་ཡོད་ལ། དེའི་རྐྱེན་རྩ་ནི་དབུས་གཙང་དང་མདོ་སྨད་དབུས་རྒྱུན་མངའ་རི་སྤྱི་འཐུན་ཚོགས་པ་གསུམ་ལ་ཐུག་ཡོད། སྔོན་འགྲོའི་འོས་བསྡུའི་སྐབས་སུ་ཟིང་ཆ་ཅང་མེད་ཀྱང་སྔོན་འགྲོའི་ནང་སྤེན་ཚེ་ལ་རྒྱལ་ཁ་མ་ཐོབ་པས། གོང་གསལ་གྱི་ཚོགས་པ་དེ་དག་རྡོ་ལེབ་ཚ་པོའི་སྒང་གི་གྲོག་མ་བཞིན་སྡོད་མི་ཚུག་པར་ཆགས་ནས། ངོ་ཚ་ཁྲེལ་གཞུང་བྲལ་བའི་བྱ་སྤྱོད་མང་དག་ཅིག་སྤེལ་བ་ལ་རྟེན་ནས་བཙན་བྱོལ་སྤྱི་ཚོག་ཞོ་ལྟར་ཆགས་པ་དེ་ཁྲག་ལྟར་དཀྲུག་སོང་།