བསྟན་འཛིན་ནམ་མཁའ།
སྲིད་སྐྱོང་འོས་མི་གཉིས་བར་བགྲོ་གླེང་ཐེངས་གསུམ་པ་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྡ་རམ་ས་ལར་བཀོད་སྒྲིག་བྱས་འདུག་པ་དེར་དྲ་ལམ་ནས་བལྟ་ཉན་བྱས་པ་ཡིན། རང་ཉིད་ཀྱི་རྣ་བར་ཡིད་མི་ཆེས་པ་ལྟ་བུའི་ཚོར་བ་ཐེངས་ཁ་ཤས་བྱུང་། བགྲོ་གླེང་གི་དུམ་བུ་འགའ་ལ་བསྐྱར་དུ་བལྟ་ཉན་རེ་ཡང་བྱས་པ་ཡིན། རང་ཉིད་ལ་གོ་ལོག་བྱུང་མི་འདུག བློ་བཟང་སེང་གེས། ༼ངའི་ལས་ཀའི་བརྒྱ་ཆ་ལྔ་བཅུ་དེ་ཕྱི་ལོགས་ལ་བཤད་ཡ་མ་རེད། གསང་བ་བྱས་ནས་ཉར་དགོས་ཀྱི་ཡོད་པ་རེད།༽ ཟེར།
བློ་བཟང་སེང་གེ་ཡིས་སྤྱི་འཐུས་ཚོའི་དྲི་བར་ལན་འདེབས་དྲང་བཞག་་དང་གསལ་བོ་བྱས་མ་སོང་ཞེས་སྤྱི་ཚོགས་ནང་གླེང་སློང་འགྲོ་བཞིན་པ་དང་། སྲིད་སྐྱོང་འོས་བསྡུའི་ལས་རིམ་སྐབས་ཀྱི་དྲི་བ་་ཁག་ལའང་ལན་འདེབས་དྲང་བཞག་དང་གསལ་བོ་བྱས་མ་སོང་ཞེས་གླེང་བཞིན་པ། གཞན་ད་དུང་། ལོ་བཞི་དང་ཕྱེད་ཀའི་རིང་གི་གྲུབ་འབྲས་གཙོ་བོ་༼ལྷིང་འཇགས༽་པོ་བྱུང་བ་ཡིན་ཟེར་བ་མང་ཚོགས་ཀྱིས་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་མེད་པ་དང་། འཛིན་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད་ལབ་པའང་མང་ཚོགས་ཀྱིས་ཧམ་བཤད་ཙམ་ལས་གྲུབ་འབྲས་ཤིག་ལ་ངོས་འཛིན་བྱེད་ཀྱི་མེད་པའི་གནས་སྟངས་འོག དོ་སྣང་ཅན་མང་པོས། བདེན་པ་བཤད་ཀྱིན་འདུག མང་ཚོགས་ལ་འགན་ཁུར་གྱིན་འདུག་ཅེས་ཚོགས་གཙོ་སྤེན་པ་ཚེ་རིང་གི་ཕྱོགས་སུ་ལངས་བཞིན་པ་ཚུར་འགུག་ཐབས་སུ། བློ་བཟང་སེང་གེས་༼ངའི་ལས་ཀའི་བརྒྱ་ཆ་ལྔ་བཅུ་གསང་བ་ཡིན༽་ལབ་པ་ཡིན་ན་ནི། མང་ཚོགས་ལ་མགོ་སྐོར་གཏོང་བའི་རྫུན་གཏམ་ཞིག་ཆགས་ཀྱི་ཡོད་པ་རེད།
མ་གཞི་བྱས་ན། གསང་བ་ཟེར་བ་ཡོད་ཆོག་པ་དང་ཡོད་འོས་པ་ཞིག་ཀྱང་རེད། འོན་ཀྱང་། ལས་ཀའི་བརྒྱ་ཆ་ལྔ་བཅུ་གསང་བ་ཡིན་ལབ་ན། དེའི་དོན་དག་ཧ་གོ་དཀའ། གང་ལ་ཟེར་ན། ༢༠༠༨ ས་བྱི་ཞི་རྒོལ་ཆེན་མོའི་སྐབས། གོང་ས་མཆོག་གིས་ང་ཚོའི་ལས་དོན་རིགས་ཕྱི་གསལ་ནང་གསལ་ཡིན། ཐ་ན་ང་ཚོའི་ཡིག་ཕེལ་བསྔོགས་པ་ཡིན་ནའང་དགའ་བསུ་ཡོད་ཅེས་གསུང་མྱོང་བ་དང་། དེ་བཞིན་མཁས་དབང་ཟམ་གདོང་རིན་པོ་ཆེས། ང་ཚོའི་ཆབ་སྲིད་དེ་ཕྱི་གསལ་ནང་གསལ་ཞིག་དགོས་པ་རེད། མང་ཚོགས་ཀྱིས་ཧ་གོ་ཐུབ་པ་ཞིག་དགོས་ཞེས་སྤྱི་འཐུས་ཚོགས་གཙོ་སྐབས་དང་པོ་གནང་རྒྱུན་རིང་ལ་གསུངས་པ་ལོ་ངོ་ཉི་ཤུའི་རིང་རྩ་འཛིན་གནང་སྟེ། གཞུང་གི་ལས་དོན་གང་ཡང་ཕྱི་གསལ་ནང་གསལ་གནང་ཡོད་པ་དང་བསྡུར་ན། བློ་བཟང་སེང་གེས་རང་ཉིད་ཀྱི་ལས་ཀའི་བརྒྱ་ཆ་ལྔ་བཅུ་གསང་བ་ཡིན་ཟེར་བ་འདི་ལ་ཧམ་བཤད་གཡའ་མང་ཙམ་འདུག
དངོས་གཞིའི་འོས་བསྡུའི་ལས་རིམ་མགོ་ཚུགས་པ་ནས། དོན་དག་མང་པོ་ཞིག་འོས་མི་གཉིས་ཀྱི་ངོས་འཛིན་དང་གླེང་སྟངས་ཐ་དད་ཆགས་པ་དེས། མང་ཚོགས་ཀྱིས་ཁོང་གཉིས་ལ་ལྟ་སྟངས་དེ་ཡང་དྲི་བ་ཞིག་རེད། དྲི་བ་དེ་ནི། སུས་བདེན་པ་བཤད་ཀྱིན་འདུག སུས་རྫུན་གཏམ་བཤད་ཀྱིན་འདུག་ཟེར་བ་འདི་རེད། བགྲོ་གླེང་འདི་དག་གིས་སྤེན་པ་ཚེ་རིང་ལ་ཕན་སོང་བསམ་པ་བྱུང་། བློ་བཟང་སེང་གེ་ལ་ཕན་མ་སོང་བསམ་པ་བྱུང་། གང་ལ་ཟེར་ན། མང་ཚོགས་ནང་ན། སྤེན་པ་ཚེ་རིང་གིས་བདེན་པ་བཤད་ཀྱིན་འདུག བློ་བཟང་སེང་གེས་མགོ་སྐོར་གཏོང་གིན་འདུག ལྷག་པར་དུ་བློ་བཟང་སེང་གེའི་གཏམ་བཤད་ཀྱི་ནང་ལ་ནང་འགལ་ཅན་ཇེ་མང་དུ་འགྲོ་གི་འདུག་ཟེར་བ་ཞིག་ཁྱབ་འཕེལ་འགྲོ་བཞིན་འདུག འདི་ནི་མང་ཚོགས་ཀྱིས་བགྲོ་གླེང་ལ་དོ་སྣང་བྱས་པའི་རྙེད་དོན་ཅིག་རེད། ཡིན་ནའང་། བློ་བཟང་སེང་གེས་རང་གི་ལས་ཀའི་བརྒྱ་ཆ་ལྔ་བཅུ་གསང་བ་ཡིན་ལབ་དོན་ལྟར། གསལ་བཤད་གསལ་པོ་ཞིག་བྱ་ཐབས་མ་བྱུང་བའང་ཡིན་སྲིད་པ་རེད་དེ། འདི་ལ་ཡིད་ཆེས་བྱེད་མཁན་མང་པོ་མེད་པ་ཞིག་ཆགས་ཡོད།
གང་ལྟར། བློ་བཟང་སེང་གེས་རང་ཉིད་ཀྱི་ལས་ཀའི་བརྒྱ་ཆ་ལྔ་བཅུ་གསང་བ་ཡིན་ཟེར་བ་འདི་བརྒྱ་ཆ་བརྒྱ་བདེན་པ་ཡིན་པའི་དབང་དུ་བཏང་ན། ད་རེས་འོས་བསྡུའི་ལས་རིམ་ནང་ནས་ཁོང་ལ་གྱོང་ཆེན་པོ་ཕོག་འདུག གང་ལ་ཟེར་ན། ལས་ཀའི་བརྒྱ་ཆ་ལྔ་བཅུ་གསང་བ་ཡིན་པ་དེས། དྲི་བ་ཁག་ལ་ལན་འདེབས་གསལ་པོ་བྱེད་ཐབས་མེད་པར་གྱུར་པ་དང་། ལོ་བཞི་དང་ལྷག་རིང་གི་གྲུབ་འབྲས་དེ་ཡང་མང་ཚོགས་ཀྱི་སེམས་ངོར་གྲུབ་འབྲས་ཤིག་ཆགས་མ་ཐུབ་པ། མ་འོངས་པའི་འཆར་གཞི་དེ་ཡང་མང་ཚོགས་ཀྱི་སེམས་ངོར་རི་མོ་ཞིག་ཏུ་སྣང་མ་ཐུབ་པར་བཤད་ཆོག་ནའང་། གཞུང་དང་སྒྲིག་འཛུགས་ཀྱི་གསང་བའི་ཡིག་ཆའི་གྲས་སུ་བགྲངས་ཆོག་པ་སྟེ། བཀའ་ཤག་གི་བཀའ་བློན་རྣམ་པས་ནང་མོལ་གནང་བའི་ཚིག་ཐོ་ཁག་མི་སྒེར་གྱི་ལོ་རྒྱུས་ནང་ཁ་གསལ་གཏིང་གསལ་བཀོད་ནས་ཐོན་མྱོང་ཡོད་པ་སོགས་ལ་གཞིགས་ན། མི་ལོ་དྲུག་ཅུར་ཉེ་བའི་རིང་ལ་བྱུང་མ་མྱོང་བའི་གསང་བ་ཆེན་པོ་དེ་འདྲ་ཞིག་ཉར་དགོས་ཆགས་སྟངས་མེད་སྟབས། ལོ་ངོ་བཞི་ལྷག་གི་རིང་ལ་ལས་ཀ་བྱས་པའི་བརྒྱུད་རིམ་དང་གྲུབ་འབྲས་ཀྱི་བརྒྱ་ཆ་ལྔ་བཅུ་གསང་བ་ཡིན་ལབ་སྟངས་འདི། སྲིད་སྐྱོང་འོས་མིའི་གཏམ་གླེང་རིམ་པའི་ནང་ལ། བློ་བཟང་སེང་གེས་གཏམ་བཤད་ནང་འགལ་ཅན་མང་པོ་བྱས་སོང་བ་དེ་ཚོ་འགེབས་ཐབས་ཙམ་ཡིན་པ་འདྲ། ཡང་ན། གནང་སྟངས་འདི་སྐུ་དྲག་གསར་པའི་འཁྲབ་སྟངས་ཤིག་ཡིན་ཡང་སྲིད།
བསྟན་འཛིན་ནམ་མཁའ་ལགས། ཕྱོགས་ཞེན་གྱིས་སྒྲིབ་མ་སྡོད་ལགས། ཆབ་སྲིད་ཀྱིས་ལས་ཀ་ཤེས་ཀྱི་ཨེ་ཡོད་དམ། བློ་སེང་གིས་ལས་ཀ་ལ་གསང་བ་ཡོད་དགོས་ཀྱང་། གྲོད་ཁོག་ནང་གི་རྒྱུ་མ་ཚང་མ་གྲོད་སྤུ་ནང་བཞིན་མ་རེད་གདའ། ཤེས་སོང་ངམ།
བློ་སེང་གི་ལས་ཀའི་བརྒྱ་ཆ་ལྔ་བཅུ་གསང་བ་ཡིན་ཟེར་བ་བདེན་པ་རེད། བཀའ་ཁྲི་ནས་སྲིད་སྐྱོང་ལ་མིང་བསྒྱུར་ཡོང་ཆེད་བཀའ་བློན་ཚོར་ངན་བསྐུལ་བྱས་པ་གསང་བ་རེད། ༧གོང་ས་མཆོག་གི་སྐུ་དཔར་མར་ཕབས་ཏེ་རང་གི་འདྲ་ཡར་འཇོག་དགོས་པའི་ངན་བྱུས་སྤེལ་བ་གསང་བ་རེད། ཁང་རིན་སྤྲོད་མ་རན་གོང་ལ་སྤྲད་པ་དང་། ཁང་རིན་གང་ནས་སྤྲད་དཔང་རྟགས་སྟོན་རྒྱུ་མེད་པ་གསང་བ་རེད། བལ་ཡུལ་ལ་ས་གཡོས་ཀྱི་དཀའ་སེལ་སླད་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་རིགས་རྣམས་ཀྱིས་ཌོ་ལར་ཁྲི་ཕྲག་མང་པོ་ཞལ་འདེབས་བསྡུས་པ་རྣམས་མིང་ཙམ་མེད་པར་རོགས་དངུལ་ཚང་མ་བཀའ་ཤག་ནས་སྤྲད་པ་ཡིན་ཟེར་བ་གསང་བ་རེད། xxxxx དུས་དབང་སྐོར་དང་པོ་བཀའ་ཤག་ནས་མི་མང་གི་བསལ་ཚུལ་སྤྱི་དང་། ལྷག་པར་བསྟན་བདག་བླ་ཆེན་རྣམས་ཀྱི་དགོངས་འཆར་ལྟར་༧གོང་ས་མཆོག་སྐུ་ངལ་གསོ་དགོས་ཡར་སྙན་གསན་ཞུས་པ་ཡིན་ཟེབ་དང་། ཡང་མ་རེད་༧གོང་ས་མཆོག་སྐུ་སྙུང་གི་ཡོད་ཙང་༧གོང་ས་མཆོག་ནས་ཐུགས་དམ་བརྟག་པ་ཐེངས་མང་གནང་སྟེ་དུས་དབང་ཕྱིར་འགྱངས་གནང་བ་བཟང་ཕེབས་བྱུང་ལྟར་མར་གནང་བ་རེད་ཟེར་སོགས་གསང་བ་རེད། གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་མིང་ཁྱེར་ཏེ་འོས་བསྡུའི་གསལ་བསྒྲགས་བར་མཚམས་ཆད་མེད་བའཡས་དང་བྱེད་བཞིན་པ་ཚང་བ་གསང་བ་རེད། ད་དུང་དེ་མིན་གསང་བ་འགའ་ཞིག་བདེ་སྐྱིད་ཚེ་རིང་གི་གསང་བའི་སྒམ་ཆུང་ནང་ཡོད་པ་རེད། དགོས་གལ་བྱུང་ན་ཁེ་ཕྱེ་བགྱི་རེད།
བདེ་སྐྱིད་ཆོས་དབྱངས་ལ་བཅོས།
ཨ་ཁུ་འབྲོག་པ་ལགས། ཁྱོད་ཀྱིས་བཤད་པར་ལྟ་ན་གོང་ས༧མཆོག་གིས་ཞལ་རྫུན་གསུང་གི་རེད་དམ། དུས་དབང་ཕྱིར་འཐེན་སྨན་བཅོས་ཆེད་དུ་ཡིན་ཟེར་ཐེངས་གསུམ་གསུང་ཚར་རེད་གདའ། འབྲོག་པ་རྐས་འཛེགས་ནས་བབ་དུས་ཞི་མི་འབབ་སྟངས་བཟོ་ན་ཡག་པོ་ཡོད་མ་རེད་གདའ། ཤེས་སོང་ངམ། བཤད་པའི་གཏམ་ལ་ཁུངས་སྐྱེལ་བདེན་དཔང་ཨེ་ཡོད་དམ། གཟབ་གཟབ། བདེན་དཔང་ཡོད་ན་གདོང་དངོས་སུ་ཐོན་དང་བགྲོ་གླེང་བྱས་ཆོག་རེད་དོ།།
ཏྲེ་ཧོར་བྱམས་རིན། ངའི་བདེན་དཔང་བཀའ་ཤག་གི་གསལ་བསྒྲགས་སྔ་རྗེས་གཉིས་པོ་དེ་ཡིན། རྗེས་མ་དེ་བདེན་པ་ཡིན་ན། སྔོན་མ་དེ་རྫུན་མ་མ་རེད་དམ།
བཀའ་ཤག་གི་མིང་ཐོག་ནས་དུས་དབང་ཞུ་དོན་བློ་བཟང་སེང་གེར་འོས་ཤོག་ཐོབ་པའི་ཆ་རྐྱེན་དུ་བེད་སྤྱོད་བྱེད་བསམ་པ་དེ་རེད། གོང་ས་མཆོག་གིས་ཕྱིར་འགྱངས་གནང་དོན་ཆབ་སྲིད་ལག་ཆ་མི་ཆགས་པའི་ཆེད་རེད། བློ་བཟང་སེང་གེ་དང་བཀའ་ཤག་གིས་ཕྱིར་འགྱངས་ཀྱི་བྱུང་རིམ་མི་གླེང་དོན་མི་མང་བློ་ཕམ་ན་འོས་ཤོག་བརླག་འགྲོ་བས་རེད། བཀའ་ཤག་གིས་དུས་དབང་ཕྱིར་འགྱངས་སྐོར་ལ་གསལ་བསྒྲགས་ནང་འགལ་ཅན་སྤེལ་བ་རེད། མང་ཚོགས་ནང་ལ་དོགས་གཞི་བཟོ་མཁན་སྲིད་སྐྱོང་དང་བཀའ་ཤག་རེད།
དུས་དབང་ཕྱིར་འགྱངས་རྙོག་གླེང་སྐོར་ཤེས་འདོད་ན། གཤམ་གྱི་དྲ་ཐག་ན་ཡོད་པའི་རྩོམ་དེ་ཀློགས་དང་ཕན་ས་རེད།
http://www.khabdha.org/?p=81071
སྲིད་སྐྱོང་གི་བརྒྱ་ཆ་ལྔ་བཅུ་ཙམ་གསང་བ་ཡིན་མིན་སོགས་འཛིན་སྐྱོང་གི་སྒྲིག་སྲོལ་གཞིར་བཞག་གིས་ཕྱག་ལེན་བསྟར་གནང་གི་ཡོད་གྱི་རེད། ཁོང་འཛམ་གླིང་ནང་ངོས་ལེན་ཡོད་པའི་མཁས་དབང་ཞིག་རེད། ལྐུགས་པ་ལུག་འདྲ་བ་དེ་འདྲ་མ་རེད།
ང་ཚོ་བོད་རིགས་ནང་རིགས་ཞེན་མེད་པའི་མི་མང་པོ་འདུག། དེ་སྔ་ང་ཚོའི་ཁ་ནས་གཞོན་སྐྱེས་ཚོ་ང་ཚོའི་གསོན་རྩ་ཡིན་ཞེས་མ་ཎི་བཏོན་བཏོན་ལྟར་བཤད་པ་རེད། ད་ཆ་ཤེས་ཡོན་ཅན་གྱི་གཞོན་སྐྱེས་ཀྱིས་རང་གི་སྤྱི་ཚོགས་ལ་གྲུབ་འབྲས་ཐོན་པའི་ཞབས་འདེགས་ཞུ་སྐབས་འབུར་འཇོམས་གཏོང་ཐབས་ཁོ་ན་བྱེད་ཀྱི་འདུག། དེ་འདྲའི་ཡ་མཚན་པོ།། མ་འོངས་པར་ཤེས་ཡོན་ཅན་གྱི་གཞོན་སྐྱེས་སྤྱི་དོན་ཞབས་འདེགས་ཞུ་མཁན་དཀོན་པོ་ཆགས་ཉེན་ཡོག་རེད་ད། ང་ཚོའི་མི་རིགས་མཁས་དབང་སྙན་གྲགས་ཅན་བྱུང་ན་ང་ཚོ་བོད་པ་ཚོ་དགའ་སྤོབས་བྱ་འོས་པ་ཞིག་མ་རེད་པས། དེ་ལས་ལྡོག་སྟེ་ཕྲག་དོག་བྱེད་ཀྱི་ཡོད་པ་འདྲ་པོ་འདུག།
ང་ཁོང་ལ་འོས་ཤོག་འཕེན་མཁན་ཞིག་ཡིན་པ་ལས་ཕྱོགས་གཏོགས་སོགས་གང་ཡང་མིན། ང་ཚོ་བོད་པའི་ནང་སྐད་ཆ་མང་པོ་ཤོད་མཁན་ཡོད་ཙང་གསལ་བཤད་ཞུས་པ་ཡིན།
སྲིད་སྐྱོང་གི་ཕྱག་ལས་ལ་བཅོས་རོགས་གནང་།།
འདི་ན་རྩོད་ཡ་ལྷག་མི་འདུག ལམ་མ་འདྲ་པ་གཉིས་རེད། གོང་ས་མཆོག་ལ་ཐུགས་ཕམ་བཟོ་བསམ་མཁན་ཚོས་སྤེན་ཚེ་ཡི་ལབ་སྟངས་ལ་ཡིད་ཆེས་བྱོས། དེ་ལས་ལྡོག་མཁན་ཚོས་གོང་ས་མཆོག་གིས་གསུངས་ཟིན་པ་བཀའ་ཤག་གིས་བསྐྱར་བཟློས་གནང་བཞིན་པ་ལྟར་གྱིས།