བློ་གྲོས་རབ་བརྟན།
སྔོན་གཏམ།
རང་ལ་ནུས་པ་ཡོད་ན་མང་གཙོའི་སྤྱི་ཚོགས་སུ་མི་སུ་ཡིན་ནའང་འོས་མི་ལང་ཆོག དེ་མང་གཙོའི་ཁེ་ཕན་གཙོས་གྲས་ཤིག་ཀྱང་རེད། རེད་དེ། འོས་མིར་ལངས་པ་དེ་ཁོ་ནས་ཁོ་ལ་སྲིད་སྐྱོང་བྱེད་ཐུབ་པའི་ནུས་པ་ཡོད་པ་མི་སྟོན་ཅིང་། ལངས་པ་དེའི་དམིགས་ཡུལ་གཞན་ཞིག་ཟུར་དུ་ཡོད་ཆོག དམིགས་ཡུལ་གཞན་དེ་མང་ཚོགས་ནས་དོ་སྣང་བྱེད་དགོས་པ་ལས་འོས་མིའི་རང་ཐོག་ནས་མངོན་འཇུག་གི་མེད། འོས་མི་དེའི་འདས་པའི་ལོ་རྒྱུས་དང་འབྲེལ་ཏེ་ལྟ་ཞིབ་བྱེད་དགོས་ཤིང་། ཐ་ན་ཁོའི་ཉེར་འཁོར་ན་སུ་དང་གང་གིས་གོམ་པ་སྤོ་ཡི་ཡོད་མེད་ཤེས་དགོས་པའང་གལ་ཆེན་རེད།
སྐལ་རྡོར་དང་གོང་ས་མཆོག
བློ་སེང་སྲིད་སྐྱོང་ཆགས་པ་དང་མཉམ་དུ་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་༼སྐལ་རྡོར་༽ཟེར་བ་ཞིག་གཞི་ནས་བོད་པའི་སྤྱི་ཚོགས་སུ་མངོན་ཡོད། བློ་སེང་གིས་སྐལ་རྡོར་ཨ་རིའི་དོན་གཅོད་ལ་བསྐོས་པ་རེད། དོན་གཅོད་མ་ཆགས་སྔོན་ཨ་རིའི་བྱང་ཁ་ལས་ཧྥོ་ནའེ་ཡར་སྡོད་མཁན་ཞིག་རེད། ཁོ་དོན་གཅོད་ཆགས་པ་དང་འབྲེལ་ཏེ། ༸གོང་ས་མཆོག་ལ་གུས་བཀུར་དང་སྐུའི་སྲུང་སྐྱོབ་ཐད་ནས་གནད་དོན་མང་པོ་ལྷག་སྟེ། བོད་པའི་སྤྱི་ཚོགས་ནས་གྲོས་ཚོགས་ར་བ་བར་དུ་བསླེབས་ཡོད།
དོན་གཅོད་ཁང་ནེའུ་ཡོག་ནས་ཨ་རིའི་རྒྱལ་སར་སྤོས་པ་དང་བསྟུན་ཏེ། སྐལ་རྡོར་གྱིས་དོན་ཁང་གི་གནད་ཆེའི་རྩིག་ངོར་ནམ་རྒྱུན་བཀལ་སྲོལ་ཡོད་པའི་༸གོང་ས་མཆོག་གི་སྐུ་པར་མ་བཞག་པར་ཚབ་ཏུ་བློ་སེང་གི་པར་བཀལ་བ་རེད། དེའི་ཐད་སྤྱི་ཚོགས་དང་གྲོས་ཚོགས་སུ་དོགས་འདྲི་མང་པོ་བྱུང་ཞིང་། བྱེད་སྟངས་དེར་འགྲིག་མེད་པའི་སྐྱོན་བརྗོད་རིམ་པར་ཕོག་སྟེ། མཐའ་མ་དེར་༸གོང་ས་མཆོག་གི་སྐུ་པར་རྩིག་ངོར་བསྒྲོན་དགོས་བྱུང་ཡོད།
སྐལ་རྡོར་གྱིས་ལས་ཀ་དེར་གསལ་བཤད་གནང་སྟེ། དོན་ཁང་གསར་པ་དེར་༸གོང་ས་མཆོག་སྐུ་པར་མར་ཕབ་རྒྱུ་ཞིག་ཡོད་པ་མ་རེད། རྩིག་པ་སྟོང་ངོར་བློ་སེང་གི་པར་བཀལ་བ་རེད། བློ་སེང་ནི་ཆབ་སྲིད་ཀྱི་མགོ་ཁྲིད་ཡིན་པས་འགྲིག་ཚུལ་ཤོད་ཀྱིན་ཡོད། རེད་དེ། བཤམས་དགོས་ས་ཞིག་དང་སྔོན་མ་ནས་བཤམས་སྲོལ་ཡོད་པའི་ས་དེར། ༸གོང་ས་མཆོག་གི་སྐུ་པར་བཤམས་མེད་པ་དེ་ཁས་ལེན་བྱས་ཡོད། བློ་སེང་ནི་ཆབ་སྲིད་འགོ་ཁྲིད་ཡིན་པར་རྩོད་པ་མེད་ཀྱང་། ༸གོང་ས་མཆོག་གི་སྐུ་པར་བསྒྲོན་སར་བློ་སེང་གི་པར་བཀལ་བ་ནི་ཚད་ལས་བརྒལ་བའི་བྱ་སྤྱོད་ཅིག་མ་ཡིན་ནམ། གལ་ཏེ་༸གོང་ས་མཆོག་གི་སྐུ་པར་ཚབ་ལ་བློ་སེང་གི་པར་བསྒྲོན་དགོས་ཀྱི་ཡོད་ན། སྒྲིག་འཛུགས་ནས་གཏན་འབེབས་ཀྱི་ཐག་གཅོད་ཅིག་སྔོན་དུ་འགྲོ་དགོས་པ་ལས་སྒེར་གྱི་ཁྱིམ་དུ་གང་བྱུང་བྱེད་ཆོག་པ་དང་མི་འདྲ། སྐལ་རྡོར་གྱི་སེམས་ལ་༸གོང་ས་མཆོག་ལས་བློ་སེང་གལ་ཆེ་བ་ཡིན་ཆོག་ཅིང་། གོང་ས་མཆོག་ལ་གུས་བཀུར་མེད་ནའང་དོན་གཅོད་ཁང་དེ་༸གོང་ས་མཆོག་གི་མཚན་ཐོག་ཏུ་སྒོ་ཕྱེས་ཡོད། ཆབ་སྲིད་ལ་འགྱུར་ལྡོག་དང་འགོ་ཁྲིད་སུ་ཡིན་མིན་དང་གནས་བབ་ཅི་ཞིག་ཆགས་ནའང་། བོད་མིའི་ངོ་བོ་ནམ་གནས་བར་དུ་༸གོང་ས་མཆོག་གང་ཐད་ནས་བོད་མི་ཚོས་ཆེས་བླ་རུ་བཀུར་རྒྱུ་ཡིན་པ་བསྙོན་དུ་མེད་ཅིང་། དེ་ནི་བྱུང་རབ་དང་དད་འདུན། བརྩེ་སེམས་བཅས་གཅིག་ཏུ་སྡོམ་པའི་དོན་དངོས་ཀྱི་གནད་དོན་ལྡོག་ཏུ་མེད་པ་ཞིག་རེད།
དེ་བཞིན་༸གོང་ས་མཆོག་སྐུའི་སྲུང་སྐྱོབ་ལ་ཉེན་ཁ་ཆེ་ཤོས་དེ་སྐལ་རྡོར་ཨ་རིའི་དོན་གཅོད་ཡིན་པའི་སྐབས་ལ་བྱུང་སོང་། ༢༠༡༤ལོར་སན་ཧྥི་རན་སི་སུ་ཁོར་ཕྱི་མི་དོལ་རྒྱལ་བ་བུད་མེད་ཅིག་༸གོང་ས་མཆོག་གི་མདུན་དུ་གོམ་གང་ཙམ་གྱི་སར་བསླེབས་ཏེ། དོལ་རྒྱལ་ཐད་ནས་༸གོང་ས་མཆོག་ལ་ཁ་རྩོད་ཧ་ལམ་སྐར་མ་གཅིག་གི་ཡུན་ལ་བརྒྱབ་པ་རེད། ཉིན་དེར་ས་གནས་ཀྱི་གསར་འགྱུར་ཚང་མ་དེའི་སྐོར་ནས་རེད་ལ། རྩོད་པ་བརྒྱབ་པའི་བརྙན་གསར་ལམ་ཁག་ཏུ་བསྟན་ཏེ། ༸གོང་ས་མཆོག་རླུང་ལངས་ཡོད་པའི་འགྲེལ་བརྗོད་བྱེད་མཁན་ཡང་བྱུང་སོང་། གལ་ཏེ་བུད་མེད་དེས་མཚོན་ཆ་ཞིག་བེད་སྤྱོད་བྱ་བའི་དབང་དུ་བཏང་ན་ལས་སླ་བོ་རེད་དེ། སྟབས་ལེགས་པ་ཞིག་ལ་དེ་འདྲ་མ་བྱུང་བ་རེད།
གནད་དོན་ཚབས་ཆེན་དེ་འདྲ་ཞིག་བྱུང་བ་རེད་དེ། དོན་གཅོད་དང་བོད་མིའི་སྒྲིག་འཛུགས་ནས་༸གོང་ས་མཆོག་གི་མདུན་དུ་བཅར་ཏེ་ངོ་རྒོལ་བ་བུད་མེད་དེ་སུ་ཡིན་པ་དང་། མོའི་རྒྱབ་ན་སུ་ཡོད་མེད། ག་འདྲ་བྱས་ནས་མགྲོན་ཁང་གི་ནང་སྒོའི་ནང་དུ་བསླེབས་པ། པར་རྒྱག་མཁན་དང་བརྩད་རྒྱག་མཁན་གྲ་སྒྲིག་འཐུས་ཚང་བྱས་པའི་ཐད་མི་མང་ནས་བརྩད་གཅོད་དགོས་པའི་རེ་འདུན་ཡང་ཡང་བཏོན་ཀྱང་ཡ་མེད་དུ་བཞག་སོང་། ཐ་ན་བུད་མེད་ངོ་རྒོལ་བ་དེའི་པར་ཙམ་ཡང་སྟོན་རྒྱུ་རེག་མེད།
སྐལ་རྡོར་སྲིད་སྐྱོང་འོས་མི་ལངས་པའི་འབོད་ཚིག་སྟེ། ཐོག་མར་རྒྱལ་ཁབ་གཅིག་དང་མི་རིགས་གཅིག འཐབ་རྩོད་གཅིག་ཅེས་འབོད་ཚིག་བསྒྲགས་ཡོད་ཅིང་། སྐབས་ཤིག་ནས་དབུ་ཁྲིད་གཅིག་ཟེར་ནས་༸གོང་ས་མཆོག་ཡར་བཅུག་སོང་། དེ་ནི་འོས་སློང་གི་སྐོར་སྐྱོད་ཁྲོད་འོས་ཐོབ་པར་ཆ་རྐྱེན་ཞིག་ཏུ་མཐོང་ནས་གསར་དུ་བསྣན་པ་ཞིག་ལས་དོན་དམ་པར་དབུ་ཁྲིད་གཅིག་གི་ངོས་འཛིན་ཡོད་པར་མི་མཐོང་། གལ་ཏེ་དོན་དམ་པའི་དབུ་ཁྲིད་ཅིག་གི་ངོས་འཛིན་ཡོད་ན་ཐོག་མ་ནས་འབོད་ཚིག་གྲལ་དུ་ཡོད་དགོས་ངེས་རེད།
སྐལ་རྡོར་དང་བློ་སེང་།
འདས་པའི་ལོ་འགའི་རིང་ཨ་རིའི་དོན་གཅོད་འཕོ་འགྱུར་ཁྲོད་བློ་སེང་གླེང་བ་དང་ལྷན་དུ་སྐལ་རྡོར་ཡང་ཐེངས་མང་གླེང་དགོས་བྱུང་ཞིང་། ཁོང་གཉིས་ཕན་ཚུན་གྲོགས་པོ་དང་གཅིག་ཕན་གཅིག་གྲོགས་ཀྱི་གནས་བབ་འོག་ནས། བོད་མིའི་སྤྱི་ཚོགས་ཀྱི་རྙོག་གླེང་ཚང་མར་ཧ་ལམ་མཉམ་དུ་ཐིམ་ཡོད། རེད་དེ། སྐལ་རྡོར་སྲིད་སྐྱོང་འོས་མིར་ལངས་པ་དང་ལྷན་དུ་ཁོ་སྲིད་སྐྱོང་བློ་སེང་གི་སློབ་སྟོན་པ་ཡིན་ཞེས་བསྒྲགས་སོང་། ང་ཚོའི་བསམ་བློར་ཁོང་གཉིས་གྲོགས་འབྲེལ་བརྒྱུད་དེ་སྐལ་རྡོར་ལ་གོ་གནས་སྤྲད་པ་ཞིག་ལ་ཡོངས་ཁྱབ་དངོས་འཛིན་བྱས་ཡོད།།
སྐལ་རྡོར་གྱི་སྐད་ཆར་འཇུས་ཏེ་བློ་སེང་དེད་ན། བློ་སེང་ལ་འཕྲད་པའི་དཀའ་ངལ་མང་དག་གི་སྣེ་མོར་སྐལ་རྡོར་ལ་མཐུད་འདུག དཔེར་མཚོན་གཅིག་བཞག་ན། དོན་གཅོད་ཀྱི་རྙོག་གླེང་ཡོང་རྩ་ནི་སྐལ་རྡོར་ལ་ཐུག་ཡོད་དེ། སྐལ་རྡོར་གྱིས་སྤེན་ཚེ་ལ་དོན་གཅོད་རྩིས་སྤྲོད་གནང་སྐབས། བོད་ཀྱི་ཐེབས་རྩ་དང་དོན་གཅོད་བར་བཞག་པའི་ཨ་སྒོར་ས་ཡ་གཅིག་དང་ཕྱེད་ཀ་དེ་བུ་ལོན་གྱི་ངོ་བོར་ཡིན་པའི་ཡིག་ཆ་དེ་སྤེན་ཚེ་ལ་སྤྲད་མེད་པ་དང་། རྗེས་སུ་སྤེན་ཚེས་བོད་ཀྱི་ཐེབས་རྩའི་ཡིག་ཆའི་ཁྲོད་ནས་བུ་ལོན་ཡིན་པ་མཐོང་སྟེ། དེ་ཅི་ཡིན་གྱི་བརྩད་གཅོད་བྱས་ཏེ་ཕྱི་གསལ་ནང་གསལ་བཟོས་ཡོང་དུས། སྐལ་རྡོར་དང་བློ་སེང་གི་ལས་ཀ་བྱེད་སྟངས་བརྟན་པོ་མེད་པ་དང་། ཁྲིམས་སྒྲིག་དང་མཐུན་མིན་གྱི་རྩོད་གླེང་རིམ་པར་བྱུང་ཞིང་། དེ་འབྲེལ་གྱི་རྙོག་གླེང་གཅིག་སྣེ་གཅིག་མཐུད་དེ་མཐར་སྤེན་ཚེ་དོན་གཅོད་ནས་འཕོ་འགྱུར་བཏང་། བློ་སེང་གི་རེ་བསྐུལ་ལྟར། སྤེན་ཚེས་བློ་སེང་ཁྲིམས་ཁང་དུ་བསྐྱལ་ཏེ་ཁ་མཆུ་ཐོབ་པས་མ་ཚད། བློ་སེང་གིས་དགོངས་སེལ་ཞུ་དགོས་ཐུག་པ་རེད། བློ་སེང་ལ་འཕྲད་པའི་དཀའ་ངལ་དེ་དག་ཚང་མའི་རྩ་བ་ཡར་འདེད་སོང་ན། སྐལ་རྡོར་ལ་ཐུག་འདུག་ཅིང་ཁོ་ནི་བློ་སེང་གི་སློབ་སྟོན་པ་རེད།
ང་ཚོས་སྐལ་རྡོར་དང་བློ་སེང་གཉིས་ལ་བལྟས་ཡོང་དུས། ཁོང་གཉིས་ཕན་ཚུན་བློས་གཏོང་མི་ཐུབ་པའི་འབྲེལ་བ་ཞིག་འདུག་ཅིང་། སྐལ་རྡོར་སྲིད་སྐྱོང་འོས་མིར་རྒྱབ་སྐྱོར་བ་གཙོ་བོ་ཡང་བློ་སེང་རེད་ལ། བློ་སེང་ལ་སྐལ་རྡོར་སྲིད་སྐྱོང་ཐོབ་དགོས་པ་དང་། ཐོབ་ན་ཁེ་ཕན་གང་དང་གང་ཡོད་དམ། བློ་སེང་གི་ལས་ཡུན་རྫོགས་རྗེས་སྲིད་སྐྱོང་གི་ཁྲི་ལ་སུ་ཕེབས་མིན་ནི་བློ་སེང་ལ་མཚོན་ན་གལ་ཆེན་ཡིན་ཏེ། ཁོའི་ལོ་བཅུ་རིང་ལ་འཛིན་སྐྱོང་གི་མི་སྣ་བསྐོ་འཇོག་དང་། ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་ནས་ཕྱོགས་རེས་དང་། གཡས་ཆད་གཡོན་ལྷུང་གི་གནད་དོན། ལས་ཀ་བྱེད་སྟངས་མ་ཤེས་པར་འཐུས་ཤོར་བཏང་བ་གང་ཡོད་ལིང་ལ་བཏོན་པའི་དུས་རེད། དེ་འདྲའི་སྐབས་སུ་སྐལ་རྡོར་ལ་སྲིད་སྐྱོང་ཐོབ་པ་ཡིན་ན་བློ་སེང་གི་འཐུས་ཤོར་མང་པོ་ཞིག་སྤྱི་ཚོགས་ཁྲོད་མངོན་གསལ་ཆགས་མི་དགོས་པ་དང་། བློ་སེང་གིས་བསྐོ་འཇོག་བྱས་པའི་བཀའ་བློན་དང་དོན་གཅོད་ཚོ་རང་འཇགས་གོ་སྐབས་ཡོད་ཅིང་། ཐ་ན་ཆེ་ཆུང་ལ་མ་ལྟོས་པར་ཐམས་ཅན་པོ་བཀྲ་ཤིས་པར་ངོས་འཛིན་དང་འབྲེལ་ཏེ། བློ་སེང་ཕེབས་སྐྱེལ་གནང་རྒྱུ་རེད་དེ་བློ་སེང་གི་གྲིབ་ནག་ཅིག་སྐལ་རྡོར་དང་མཉམ་དུ་མུ་མཐུད་དུ་བཀའ་ཤག་ཏུ་གནས་རྒྱུ་རེད།
སྐལ་རྡོར་དང་དབུ་མའི་སྲིད་ཇུས།
བོད་རྒྱའི་དཀའ་རྙོག་ནི་བོད་རྒྱའི་བར་ནས་སེལ་དགོས་ལ། དེ་སེལ་བའི་ཐབས་ལམ་ད་ལྟའི་ཆར་གཏན་འཁེལ་སྲིད་ཇུས་དེ་དབུ་མའི་ལམ་རེད། དབུ་མའི་ལམ་གྱི་སྲིད་ཇུས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་པ་བཞེས་སྟངས་ཤིག་རེད་ལ། བོད་རྒྱ་ཆེའི་མི་མང་གིས་དེར་རྒྱབ་སྐྱོར་ཐོབ་སྟེ། གྲོས་ཚོགས་ནས་མང་མོས་ཚད་མཐོ་བས་གཏན་ལ་ཕབ་པའི་སྲིད་ཇུས་འཐུས་ཚང་ཞིག་རེད། སྲིད་ཇུས་ཤིག་གཏན་འབེབས་ལ་ཚང་དགོས་པའི་བརྒྱུད་རིམ་དག་ཡོངས་སུ་བརྒྱུད་ནས་ཡོང་བའི་སྲིད་ཇུས་ཤིག་ཡིན་དུས། ལས་སླ་བོར་འགྱུར་བ་གཏོང་ཆོག་ཆོག་གི་སྲིད་ཇུས་ཤིག་གཏད་ནས་མ་རེད།
སྐལ་རྡོར་སྲིད་སྐྱོང་ཆགས་པ་ཡིན་ན། ལས་ཀ་གང་དང་གང་བྱེད་རྒྱུ་ཡིན་པའི་བསྒྲགས་གཏམ་ལ་བལྟས་ན། བོད་རྒྱའི་དཀའ་རྙོག་སེལ་ཐབས་སམ་དབུ་མའི་ལམ་གྱི་སྲིད་ཇུས་ཐད་ཁ་གསལ་གྱིས་འགྲེལ་བརྗོད་ཅི་ཡང་མི་འདུག དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་ཁོའི་བསྒྲགས་གཏམ་ཡོངས་སུ་ཐེངས་གཉིས་སྨྲས་པ་ཙམ་ལས་དམིགས་བསལ་དམ་དོན་གནང་བ་གང་ཡང་མི་འདུག་ཅིང་། གནད་དོན་གཞན་ལ་དོ་སྣང་མང་བ་གནང་སྟེ། དབུ་མའི་སྲིད་ཇུས་ལ་སྣང་ཆུང་གི་རྣམ་པ་ཞིག་ཀྱང་མངོན་ཡོད། ཁོས་བོད་ཀྱི་དཀའ་རྙོག་དང་བོད་རྒྱའི་བར་གྲོས་མོལ་རྒྱུད་མཐུད་མ་ཐུབ་པའི་ཐད་ལ། བློ་སེང་གི་སྐད་ཆར་བསྐྱར་ཟློས་བྱས་ཏེ། བོད་ཕྱོགས་ནས་གྲ་སྒྲིག་ཨང་གསར་ཡིན་ཡང་རྒྱ་ཕྱོགས་ནས་ཡ་ལན་མི་འདུག་ཅེས་རྒྱ་གཞུང་ལ་ཁག་དཀྲི་བྱེད་པ་གཅིག་མཚུངས་རེད། གྲོས་མོལ་ཡོང་བར་རྒྱ་ཕྱོགས་ལ་འབྲེལ་བ་ཡོད་ཀྱང་བོད་ཕྱོགས་ནས་འབད་བརྩོན་བྱེད་སྟངས་ལའང་འབྲེལ་བ་མེད་པ་མིན། གྲོས་མོལ་སྔོན་གྱི་འབྲེལ་མཐུད་ཀྱི་ལས་དོན་ཁག་བློ་སེང་གིས་སྒྲུབ་ཐུབ་ཀྱི་མེད། ལྷག་ཏུ་རྒྱལ་ལོ་དོན་གྲུབ་ཀྱིས་བོད་རྒྱའི་བར་དུ་གྲོས་མོལ་དངོས་གཞིའི་སྔོན་དུ་འབྲེལ་མཐུད་ཀྱི་ལས་ཀ་མཚམས་བཞག་པ་དེར་བློ་སེང་དང་འབྲེལ་བ་ཡོད་ཆོག་སྟེ། བཅར་འདྲི་ཁ་ཤས་ཀྱི་སྐབས་སུ། རྒྱལ་ལོ་དོན་གྲུབ་ཀྱིས་ “བར་སྐབས་ཤིག་ནས་ཟ་ངེ་ཟིང་ངེ་༼བོད་མིའི་སྒྲིག་འཛུགས་ལ་གོ༽ རེད། ལས་དོན་ཏག་ཏག་འགྲོ་གི་མི་འདུག་ “ཟེར་ནས་སྐད་ཤོར་སོང་། སྐད་ཆ་འདིའི་ཁྱབ་ཁོངས་ནས་བལྟས་ན། བློ་སེང་གི་ལས་ཀ་བྱེད་སྟངས་དེས། བོད་རྒྱ་གྲོས་མོལ་ལ་འགོག་རྐྱེན་བྱས་མེད་དམ་སྙམ་ལ། གནད་དོན་འདི་དག་གི་ཐད་སྲིད་སྐྱོང་འོས་མི་སུ་ཡིན་ནའང་ངེས་པར་དུ་ལས་འཆར་ཡོད་དགོས་པ་ཡིན། དེ་མེད་ན་ལས་དོན་གལ་ཆེ་ཤོས་དེ་བསྒྲུབ་ཐུབ་ཀྱི་མེད་པ་རེད། དེ་མིན་གཞིས་ཆགས་ཁག་དང་ཤེས་ཡོན། དཔལ་འབྱོར་སོགས་ཡར་རྒྱས་གཏོང་རྒྱུའི་སྐད་ཆ་དག་ནི་ལས་ཀ་དཀྱུས་མ་ཞིག་རེད།
སྲིད་སྐྱོང་འོས་མི་སྐལ་རྡོར་ལ་དབུ་མའི་ལམ་གྱི་སྲིད་ཇུས་དང་བོད་རྒྱ་གྲོས་མོལ་ཐད་ལས་འཆར་གང་ཡང་མི་གསལ་བས། དབུ་མའི་ལམ་གྱི་སྲིད་ཇུས་དེ་བློ་སེང་གི་པང་དུ་ལོ་༡༠ གཉིད་ལ་ཤོར་བ་བཞིན། གལ་ཏེ་སྐལ་རྡོར་སྲིད་སྐྱོང་ཐོབ་ནའང་ལོ་༡༠ གཉིད་ལ་ཤོར་རྒྱུ་རེད། བློ་སེང་རིང་ལ་༸གོང་ས་མཆོག་དགུང་ལོ་༧༥་ནས་༨༥ བསླེབས་པ་མ་ཡིན་ནམ། ད་དུང་ལོ་༡༠ བསྣན་ན་དགུང་ལོ་༩༥ བསླེབ་རྒྱུ་རེད།
སྐལ་རྡོར་དང་བོད་ཀྱི་སྐད་ཡིག
སྲིད་སྐྱོང་འོས་མི་སུ་ཞིག་ཡིན་ནའང་ངེས་པར་དུ་ཁོ་ལ་བོད་དབྱིན་གཉིས་ནས་ཤེས་ཚད་རང་རྐྱ་འཕེར་བ་ཞིག་ཡོད་དགོས། བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་དང་། དུས་བསྟུན་ཕྱི་ལ་འབྲེལ་བ་བྱེད་དགོས་པས་དབྱིན་ཡིག་གཉིས་མ་ཤེས་ཐབས་མེད་ཡིན། གནད་དོན་དེ་འོས་མིའི་ཆ་རྐྱེན་ཞིག་ཏུ་བརྩིས་ཏེ་སྐལ་རྡོར་ལ་ཚད་བརྒྱབ་ན་འདི་ལྟར་རེད།
སྐལ་རྡོར་འཚར་ལོང་བྱུང་བའི་ཁོར་ཡུག་ནི་བོད་ཀྱི་སྐད་ཡིག་དང་ཁ་བྲལ་བའི་དབྱིན་ཡིག་གི་སློབ་གྲྭ་རྐྱང་ནས་སློབ་སྦྱོང་བྱས་འདུག་ཅིང་། སློབ་མཐར་ཕྱིན་རྗེས་ཀྱང་བོད་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་ཏུ་བསྡད་མི་འདུག བོད་རིགས་དང་ཐག་ཉེར་བཅར་བ་ནི་བྱང་ཁ་ལས་ཧྥོ་ནའེ་ཡའི་བོད་རིགས་ཚོ་རེད། བྱང་ཁེར་བོད་ཚོགས་ཀྱི་ཚོགས་གཙོ་བྱེད་པའི་རིང་། བློ་སེང་གིས་ཁོ་དོན་གཅོད་བསྐོས་པས་ལས་ཡུན་མ་རྫོགས་སྔོན་ནས་ལས་མཚམས་བཞག་སྟེ། དྲུང་ཆེ་ཚེ་འཕེལ་གྱིས་ཚོགས་གཙོ་འགན་བླངས་འདུག ཁོས་ཨ་རིའི་དོན་གཅོད་ལོ་འགའ་བྱས་པ་དང་། དེ་ནས་རྡ་སར་སོང་ནས་ལོ་བཞི་ཙམ་ལས་ཀ་བྱས་འདུག ཧ་ལམ་ཁོའི་མི་ཚེའི་ནང་བོད་ཀྱི་སྐད་ཡིག་སློབ་གྲྭ་ནས་སྦྱང་མྱོང་མེད་ཚོད་རེད། བོད་ཀྱི་ཡི་གེ་ཤེས་པ་ཕར་བཞག་ཤོག་བོད་སྐད་ཡང་གནས་ཚད་མཐོང་གསལ་རེད།
འགོ་ན་འདུག་མཁན་དེར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྒྱུས་མངའ་ཞན་པོ་ཡིན་ན། དེས་བོད་ཀྱི་སྐད་ཡིག་གི་མདུན་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད་དེ། བློ་སེང་རིང་བཙན་བྱོལ་བའི་སྤྱི་ཚོགས་སུ་བོད་ཡིག་ཉམས་ཆག་ཏུ་ཕྱིན་ཡོད། དེ་སྔོན་གངས་སྐྱིད་དུ་ནང་ཁུལ་ཡིག་འབྲེལ་ཡོངས་རྫོགས་བོད་ཡིག་ཁོ་ནར་སྤྱོད་དགོས་ཀྱི་ཡོད་ཀྱང་། བློ་སེང་རིང་བོད་དབྱིན་གཉིས་ཀ་བྱས་ན་འགྲིག་པ་བཟོས་ཤིང་། ལྔ་དང་ལྔ་བཅུའི་ཚོགས་འདུ་ཟེར་ནས་བོད་མི་མཉམ་འཛོམས་ལ་དབྱིན་ཡིག་བེད་སྤྱད་ཡོད། དེ་ནི་བོད་མི་ནང་ཁུལ་ཚོགས་འདུ་ལ་གངས་སྐྱིད་དུ་དབྱིན་ཡིག་སྤྱད་པ་ཐོག་མ་རེད། འདི་དག་ཚང་མ་བོད་ཀྱི་སྐད་ཡིག་ལ་མཚོན་ན་ཉམས་རྒུད་རེད་ལ། བོད་ཡིག་གི་ཁོར་ཡིག་ཆུང་དུ་བཏང་བ་རེད། འདི་དག་གི་རྐྱེན་རྩ་ནི་འགོ་ན་འདུག་མཁན་དེར་བོད་ཡིག་དང་རིག་གཞུང་ལ་ཤེས་ཚད་དང་ངོས་འཛིན་ཡང་དག་ཅིག་ཡོད་མེད་ལ་རེག་ལས་ཡོད། བློ་སེང་གི་ལས་ཡུན་རྫོགས་ལ་ཉེ་ན་འང་། གལ་ཏེ་སྐལ་རྡོར་བསླེབས་ན་བོད་ཡིག་ཐོག་ལྟ་སྟངས་གཅིག་པ་ཡིན་པ་རྒྱབ་ལྗོངས་བསྔོགས་ན་ཤེས་ཐུབ། སྐལ་རྡོར་གྱི་འོས་སློང་གི་གཏམ་བཤད་ཡང་དབྱིན་སྐད་དུ་བཤད་འགོ་བརྩམས་འདུག་ཅིང་། དེ་ནི་དེ་སྔར་བྱུང་མེད་པའི་རྒྱུ་ཕྱོགས་གསར་པ་ཞིག་རེད།
བློ་སེང་དང་སྐལ་རྡོར་གཉིས་ཀ་གཞོན་རབས་པ་རེད། གཞོན་རབས་པས་བོད་པའི་མིང་ཞིག་འཁྱེར་རྒྱུ་རེད་དེ། བོད་པའི་སྐད་ཡིག་དེ་ག་ལེར་འཇོག་རྒྱུ་ཡིན་པའི་སྔ་ལྟས་ཇེ་མང་རེད། སྐད་ཡིག་ལ་འཛིན་པའི་རྒྱབ་ལྗོངས་དེ་རྒྱ་དམར་གཞུང་གི་བོད་ཀྱི་སྐད་ཡིག་ལ་འཛིན་པའི་ལྟ་སྟངས་དང་མཐུན་ས་མང་ཞིང་། གཞོན་རབས་པས་བོད་དོན་འཐབ་རྩོད་ཀྱི་རྒྱུན་སྐྱོང་དགོས་པ་རེད་དེ། སྐྱོང་སྟངས་ཐད་ནས་འགལ་ཟླ་མང་པོ་ཞིག་བོད་པའི་སྤྱི་ཚོགས་སུ་ལྷག་མུས་རེད།
མཐའ་དོན།
དེང་སང་མི་ཁ་ཤས་ལ་༸གོང་ས་མཆོག་གི་དགོངས་གཞི་དང་བོད་མི་ཚོར་གནང་བའི་ལམ་སྟོན་གཞི་རྩར་བཟུང་ནས། ལས་ཀ་བྱེད་སྟངས་འགྲིག་མིན་གྱི་སྐྱོན་བརྗོད་བྱས་ན། འཚིག་པ་ཟ་ཞིང་མ་རངས་པའི་རྣམ་འགྱུར་སྟོན་མཁན་ཡང་ཡོད་པས་མ་ཚད། ༸གོང་ས་མཆོག་དང་༸གོང་ས་མཆོག་ལབ་ན་ཉོབ་མདོག་སྟོན་ཅིང་། རང་གི་ཁོར་ཡུག་གི་ཁྱབ་ཁོངས་སུ་༸གོང་ས་མཆོག་མངོན་མ་དགོས་པའི་ལམ་ཁ་ཞིག་འཚོལ་གང་ཐུབ་བྱེད་ཀྱིན་ཡོད། ༸གོང་ས་མཆོག་བེད་སྤྱད་དེ་རང་གི་ཁེ་ཕན་སྒྲུབ་པ་དང་། ༸གོང་ས་མཆོག་གོང་དུ་བཀུར་ཏེ་ལས་དོན་སྒྲུབ་པ་གཉིས་ལོགས་ཀ་རེད། ༸གོང་ས་མཆོག་གི་ལམ་སྟོན་རྩ་འཛིན་དག་ནི་མི་རིགས་འདིའི་འཕྲལ་ཕུག་གི་ལས་དོན་སྒྲུབ་པའི་གཞི་རྟེན་ཉག་གཅིག་དེ་རེད། སྲིད་སྐྱོང་དང་སྲིད་སྐྱོང་འོས་མི་སུ་ཡིན་ནའང་ཁོའི་ལས་དོན་ཏག་ཏག་སྒྲུབ་ཀྱིན་ཡོད་མེད་ཀྱི་ཚད་འཇལ་བྱེད་ཀྱང་རེད།
སྐལ་རྡོར་དང་བློ་སེང་གཉིས་ལ་མཐུན་ས་ཧ་ཅང་མང་ཞིང་། གྲོགས་པོར་སློབ་སྟོན་པའི་འབྲེལ་བ་ནས། བསམ་བློ་གཏོང་སྟངས་དང་ལས་ཀ་བྱེད་སྟངས། ཉམས་མྱོང་། བོད་ཡིག་གི་ཤེས་ཚད། སྐལ་རྡོར་ལ་མཚོན་ན་བློ་སེང་དང་མཉམ་དུ་སྤྱི་ཚོགས་ཁྲོད་ནས་ངོ་རྒོལ་དངོས་སུ་ཕོག་མཁན་ཞིག་ཀྱང་རེད། གང་ལྟར་བློ་སེང་གི་ལས་ཀ་བྱེད་སྟངས་འགྲིག་ཡོད་ན་སྐལ་རྡོར་གྱིས་ཀྱང་དེ་ལྟར་བྱེད་ཐུབ་ངེས་རེད། དེ་མིན་༸གོང་ས་མཆོག་གི་དགོངས་གཞི་དང་ཐུགས་རེ། བོད་ཀྱི་རྩ་དོན་སྒྲུབ་ཐབས་དབུ་མའི་སྲིད་ཇུས། བོད་རྒྱ་གྲོས་མོལ། ནང་ཁུལ་མཐུན་སྒྲིལ། ལས་དོན་ཚེགས་ཚུད། སྤྱི་ཚོགས་མཉམ་གནས། ནུས་པ་མཉམ་སྤུངས་སོགས་ལ་བསམ་བློ་གཏོང་གི་ཡིན་ན། ཁྱོད་ཀྱི་འོས་ཤོག་འཕེན་སའི་སྲིད་སྐྱོང་དེ་འོས་མི་གཞན་ཚོའི་ནང་ན་ཡོད་ངེས་རེད།
གཏམ་བཤད་པ་ཉག་ཕྲན་མདའ་མོ་རེད།། མདའ་སུ་ལ་ཕོག་ན་རང་སྐྱོན་རེད།། མིག་ཡོད་ན་ཡར་ལྟ་མར་ལྟ་བྱོས།། སེམས་ཡོད་ན་སྔ་འདང་ཕྱི་འདང་རྒྱོབས།།
ཡང་ཅ་མ་ཟིང་། དད་པ་ལོག་སྤྱོད་ཀྱི་སྐད་ཆ་ཞིག་བྲིས་འདུག བོད་ཀྱི་སྲིད་སྐྱོང་སུའི་བྱེད་འདོད་ཡོད་ན་མ་འོངས་བོད་པའི་བདེ་སྡུག་སེལ་བའི་ལས་འཆར་གང་ཡོད་དང་། ད་ལྟའི་འཛམ་གླིང་གི་འགྱུ་འགྲོས་དང་བསྟུན་པའི་ལང་ཕྱོགས་སོགས་ལ་བགྲོ་གླེང་དགོས་པ་ལས་གོང་ས་མཆོག་དང་། ཁོང་ལ་དད་པ་ཡོད་མེད་ཀྱི་སྐད་ཆ་མ་རེད། གོང་ས་མཆོག་དངོས་སུ་ཆབ་སྲིད་ནས་རང་དབང་གིས་ཐུགས་མཉེས་པོས་དགོངས་པ་ཞུས་ནས་ཕེབས་ཟིན་ནའང་ད་དུང་ཁོང་གི་མཚན་དེ་བེད་སྤྱོད་ཀྱིས་མཁེ་ཕན་སྒྲུབ་ཐབས་བྱེད་པ་ཆེས་ཐ་ཤལ་དུ་མངོན། ཐུགས་རྗེའི་གཟིགས་གོང་ས་མཆོག་གི་མཚན་དེ་མཚམས་འཇོག་གནང་རོགས།
ང་ལ་ཆ་མཚོན་ན་སྲིད་སྐྱོང་འོས་མི་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ལགས་ཞེས་ན་ཚང་མས་བོད་སྤྱི་ལ་ཕན་པའི་ལས་དོན་ཞིག་སྒྲུབ་འདོད་པའི་ཡིན། ཡིན་ནའང་མི་རེ་ངོ་རེའི་འཆར་གཞི་གང་ཡོད་གསལ་པོ་བཟོ་དགོས་རྒྱུ་དེ་དམངས་གཙོ་སྤྱི་ཚོགས་ཤིག་ལ་བསམ་ལ་ཧ་ཅང་གི་གལ་ཆེན་པོ་རེད། འཆར་གཞི་གསལ་སྟོན་གནང་བའི་རེ་བ་ཡོད། བླ་མ་སུ་དད་པ་ཡོད་མེད་ཁྱད་པར་མེད། བོད་པའི་བདེ་སྡུག་སེལ་ཐུབ་ན་ཁ་ཆེ་ཡིན་ནའང་ཆོག
བཤད་བཤད་མང་པོ་བཤད་ཡོང། གནམ་ས་སློག་རྒྱུ་བཤད་ཡོང།
དཔེར་ན་བོད་རྒྱ་གཞི་མོལ་ལ་ཤུགས་བརྒྱབ་ནས་དཀའ་ངལ་སེལ་བ་བྱེད་ཀྱི་ཡིན་ཟེར་བ།
བོད་མི་ཚང་མའི་སེམས་ནང་ལ་ཡོད་པ་རེད།་ཡིན་ཡང་རྒྱ་དམར་པོའི་ཕྱོགས་ནས་ཡ་ལན་མེད་པར་
སུ་ལ་སྐད་ཆ་བཤད་དགོས། ལག་པ་གཉིས་ཀའི་ཐལ་མོ་བརྡབ་ན་སྐད་སྒྲ་ཞིག་རྒྱབ་ཀྱི་རེད་མ་གཏོགས་
ལག་པ་གཉིས་ཀ་མེད་ན་སྐད་སྒྲ་ཐོན་མི་ཐུབ་པ་ཤེས་བཞིན་པ་རེད།
སྐལ་རྡོར་གྱི་སྐྱོན་ཐན་ཐུན་ཞིག་ལས། བྱས་རྗེས་བཤད་མི་འདུག གཟུ་བོར་གནས་པའི་རྩོམ་མ་རེད། འོས་བསྡུའི་ཁྱབ་བསྒྲགས་རེད། ཆ་འཇོག་རིན་མི་འདུག ཚང་མས་འདི་ལྟ་བུའི་རྩོམ་ཡིག་ལ་ཆ་འཇོག་མ་བྱེད། རྒྱ་མིའི་སོ་བ་ཚོས་འདི་ལྟ་བུའི་རྩོམ་ཡིག་དང་འཆལ་གཏམ་སྤེལ་ནས་ངེད་ཚོའི་སྤྱི་ཚོགས་དཀྲུག་མྱོང་། ཚང་མ་གཟོབ།
སྐལ་རྡོར་ལྟ་བུ་ཞིག་ནི་སྲིད་སྐྱོང་ལ་ཐོབ་སྲིད་ཀྱི་མ་རེད་ལ། ཁོང་ལ་དེ་ལྟ་བུའི་དཔྱད་བསྡུར་བྱེད་དགོས་གལ་ཡང་མ་མཐོང་། བོད་མི་རིགས་དེ་ལྟ་བུའི་བསོད་ནམས་ཟད་པའི་ཚད་དུ་ད་དུང་སླེབས་མེད།
དབུ་དཀར་ཚང་སྐལ་རྡོར་ལགས་ཀྱི་སྐོར་ལ།
https://www.facebook.com/thupten.thokmey.3/videos/3731992926825089
བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་ནང་སྤྱི་འཐུས་ལ་དཱང་བླངས་བཞེངས་རྒྱུའི་ཆ་རྐྱེན་ཡོད་པ་ལས་སྲིད་སྐྱོང་ལ་དཱང་བླངས་བཞེངས་རྒྱུའི་ཆ་རྐྱེན་བཅའ་སྒྲིག་གཉིས་ཀྱིས་ནང་གསལ་མེད་ན་མི་མང་ནས་སྔོན་འགྲོའི་འོས་ཤོག་མ་བསྡུས་སྔོན་དུ་སྲིད་སྐྱོང་གི་འོས་མི་ཟེར་བའི་ཐ་སྙད་འདི་བཙན་བྱོལ་བོད་མིའི་བཅའ་སྒྲིག་དང་མཐུན་པ་ལ་ངོས་འཛིན་དགོས་པ་རེད་དམ་བཅའ་སྒྲིག་དང་འགལ་ནས་ཁྲིམས་འགལ་དང་སྒྲིག་འགལ་ལ་ངོས་འཛིན་དགོས་པ་རེད་འབྲེལ་ཡོད་དབུས་འོས་བསྡུ་ལྷན་ཁང་དང་མང་གཙོའི་ཀ་བ་གསུསམ་ནས་མང་ཚོགས་ལ་གསལ་པོ་བཟོ་དགོས་པ་མ་རེད་དམ་?
བསམ་ཤེས་ལ། དོན་དངོས་བཤད་འདུག སྐལ་རྡོར་གྱིས་གང་བྱས་དང་གང་ཡིན་པ་དེ་བྲིས་འདུག མི་ལ་དགེ་མཚན་མེད་ན་འདུག་ལབ་དགོས་རེད་པེ། བློ་རབ་སྐྱག་རྫུན་ཤོད་མཁན་ཞིག་མ་རེད། བདེན་པ་འབྲི་མཁན་ཞིག་རེད། བདེན་པ་བཤད་ན་རྒྱ་མིའི་སོ་བ་རེད་མདོག་མདོག སྙིང་རྗེ། བློ་རབ་ཀྱི་ཁ་མ་བསྔོག་མ་གཏོགས་སྐལ་རྡོར་སྐོར་་དུང་སྐྱག་ཡོང་། བདེན་་པ་བཤད་རྒྱུ་མེད་མཁན་ཚོ་སོ་བ་རེད་ཟེར་རྒྱུ་ཙམ་རེད་ཡ།
སྐལ་རྡོར་ལ་ཤེས་ཡོན་མེད། མཉམ་མྱོང་མེད། རང་ཚུགས་མེད། འཇོན་ཐང་མེད། ཁོ་་ང་ཚོའི་སྤྱི་ཚོགས་ནང་གྱོད་སྣ་འདྲེན་མཁན་དེ་ཡིན་པས་ཚང་མས་གཟབ་དགོས།
སྐལ་དོར་ནས་སིལ་སིར་འོས་བསྒྲགས་སྐབས།
༢༠༡༡ལོར་༧གོང་ས་མཆོག་གི་ཆབ་སྲིད་ཀྱི་དབང་ཆ་བཞག་ཚར་བ་རེད་པ། ང་ཚོའི་ཆབ་སྲིད་ཀྱི་༼ད་ལྟ་༽འགན་དབང་ཆ་ཚང་སྲིད་སྐྱོང་གི་འཁུར་གི་ཡོད་པ་རེད། འགོ་ཁྲིད་ཁོ་རང་རེད་པ། ཆབ་སྲིད་ཀྱི་འགོ་ཁྲིད་དེ་ལ་སོ་སོས་མཐོང་མ་སྤྲད་ན་སུ་མཐོང་སྤྲད་ཀི་རེད། ་་་་་་་
སྐལ་དོར་ལ་དྲི་བ།
བོད་ཀྱི་༼རྩ་ཁྲིམས་༽རིན་པོ་ཆེའི་ནང་༧གོང་ས་མཆོག་བོད་མི་མང་གི་མཚོན་བྱེད་ཡིན་གསུངས་ཡོད་པ་དེར་ཁྱོས་མཐོང་ཆུང་བྱས་པ་མ་ཡིན་ནམ།
ད་ཡང་གོང་ས་མཆོག ཅ་མ་ཟིང་།
ས་སྐྱ་ལེགས་བཤད་ལས།
གཡོ་ཅན་སྙན་པར་སྨྲ་བ་ནི།།
རང་དོན་ཡིན་གྱི་གུས་ཕྱིར་མིན།།
སྲིན་བྱ་སྙན་པར་དགོད་པ་ནི།།
ལྟས་ངན་སྟོན་ལས་དགའ་བས་མིན།།
ཞེས་བསྟན་པ་བཞིན།
སྐལ་རྡོར་ལ་བོད་ཀྱི་སྲིད་སྐྱོང་བྱེད་པའི་ལྷག་བསམ་དང་། འཇོན་ནུས་མེད་པ་ཉེ་བའི་ལོ་འགའི་རིང་གི་ཁོའི་བྱེད་སྤྱོད་ཀྱིས་གསལ་བར་བསྟན་ཡོད་ལ། དེང་ཁོས་ཁ་ཡག་ཚིག་སྙན་གྱིས་བསམ་བློར་མུ་གེ་ཐེབས་པའི་མི་རེ་འགའ་གཡོ་འོག་ཏུ་ཚུད་ཀྱི་ཡོད་པ་འདྲ། དངོས་གནས། བོད་སྤྱི་དོན་ལ་བསམ་བློ་གཏོང་གི་ཡོད་མཁན་ཞིག་ཡིན་ན། སྐལ་རྡོར་སྲིད་སྐྱོང་ལ་འདེམས་པ་ནི་སྤྱང་གི་ལུག་རའི་ནང་བཅུག་པ་དང་འདྲ་བ་ཤེས་དགོས།
དངོས་ཡོད་བོད་ལ་ཤ་ཚ་ཡོད་མཁན་ཞིག་ཡིན་ན་སྲིད་སྐྱོང་མ་ནོར་ཞིག་འདེམས་རྒྱུ་ནི་ཆེས་གལ་འགངས་ཆེ་བའི་མི་རེ་ངོ་རེའི་ནས་བོད་དོན་འཐབ་བརྩོད་ལ་འབུལ་ཐུབ་པའི་ལེགས་སྐྱེས་ཞིག་ཡིན།བླ་སེང་སྐབས་སྒྲིག་གཞི་ལྟོས་མེད་དང་དགའ་བོ་ཉེས་བོ་དང་དམིགས་བསལ་བུ་མེད་ཉེ་བོ་རྣམས་ལ་རྐུབ་སྟེགས་སྤྲད་ནས་གང་སྐྱིད་ལས་བྱེད་རྒན་གྲོས་མང་པོ་སེམས་ཕང་ཡོད།་དང་ཐོག་ནས་དོན་གཅོད་ཁག་ལ་གང་སྐྱིད་ནས་ལས་བྱེད་དྲུང་ཆེ་གནས་རིམ་ཐོག་མི་ཚེ་གཞུང་ལ་སྲིད་ཞུས་སྒྲུབ་མཁན་གཏང་སྲོལ་ཡོད་ཀྱང་གློ་བུ་སྐལ་རྡོར་ཞེས་པ་ཞིག་ཐད་བཀར་སྐོས་བར་ལས་བྱེད་རྒན་གྲས་མང་པོས་མི་དགའ་བའི་གནམ་རྒྱུད་སྟོན་ཡོད།དེ་ནས་ཨ་རི་དོན་གཅོད་གཟུང་དྲུང་ལ་དེ་ལས་བྱེད་ཟུང་དྲུང་རྙིང་པ་རྣམས་ནས་ཡིག་རྒྱུག་ལམ་ནས་འདེམས་སྲོལ་ཡོད་ཀྱང་གློ་བུར་དཔལ་སྐྱིད་ཟེར་བ་ཟླ་སྒྲོན་ཤར་གླིང་གི་གྲོགས་མོ་ཞིག་ཐད་བཀར་བསྐོས།དེ་ནས་སུ་སི་ལ་དཀོན་མཆཽག་གཡག་ར་ཟེར་སྲིད་སྐྱོང་གྲོགས་མོ་ཞིག་བཞག་ནས་སྐབས་ཞིག་སྲིད་སྐྱོང་གཞུང་འབྲེལ་ཕྱོགས་བསྐྱོད་སྐབས་ཉིས་ཤས་དེ་དང་མཉམ་དུ་ག་སོང་མེད་པས་སྐད་ཆ་ཡང་ཡོད།་དེ་དང་དེ་མཚུངས་དབང་ཆ་ལོག་སྤྱོད་བྱས་ནས་དགའ་བོ་ཉེ་བོ་མང་པོ་ལ་གོ་གནས་སྤྲད་ཡོད།ཡིན་ཡང་སེམས་སྐྱོ་བ་ཞིག་ལ་དེ་རྣམས་ཀྱི་རང་ནུས་གང་ཡོད་ཀྱིད་ལས་འགན་སྒྲུབ་མེད་ལ་རང་འདོད་ཀྱི་དགོངས་པ་ཞུ་ནས་ཕྱིན་ཡོད།སྐལ་རྡོར་ཡང་དེ་དེ་བཞིན་གྱི་མི་གཞུང་དྲང་དང་སེམས་ཤུགས་ཅན་ཞིག་མིན་པས་དོན་དངོས་རྟོགས་མེད་པས་རྒྱབ་སྐྱོར་བ་རྣམས་ཀྱི་གློ་ཟུར་བོ་གནས་དགོས་གལ་ཆེ་བ་མཐོང་།
༧གོང་ས་མཆོག་གི་མཚན་མ་འབོད་ཟེར་མཁན་དག་གིས་ངེས་པར་དུ་མཁྱེན་དགོས་པ་ཞིག་ནི། བོད་ཀྱི་དོན་གཅོད་ཁང་ཡོད་ཚད་༧གོང་ས་མཆོག་གི་མཚན་ཐོག་ལ་ཡོད་པས་ཁྲིམས་ཐོག་ནས་༧གོང་ས་མཆོག་ཁོ་ནར་དབང་བ་རེད། དེ་འདྲ་ཡིན་ཙང་༧གོང་ས་མཆོག་གི་པར་འཇོག་སར་མ་བཞག་པར་སྲིད་སྐྱོང་གི་པར་བཞག་པ་འདི་འོས་འཚམས་ཤིག་གཏན་ནས་མ་རེད། ཡང་བོད་ཀྱི་རྩ་ཁྲིམས་ཀྱིས་༧གོང་ས་མཆོག་བོད་དང་བོད་མིའི་མཚོན་དོན་ཡིན་པར་གཏན་ལ་ཕབས་པ་དེ་ཡང་བོད་ཀྱི་ཆབ་སྲིད་དང་༸གོང་ས་མཆོག་གི་མཚན་གནས་གཉིས་ཁ་འབྲལ་ཐབས་མེད་པ་གསལ་སྟོན་བྱས་ཡོད།
སྲིད་སྐྱོང་གི་པར་བཤམ་མི་ཆོག་པ་ག་ལ་ཡིན་ཏེ། ༧གོང་ས་མཆོག་གི་པར་འཇོག་སར་མ་བཞག་པ་ནི་རྩ་ཁྲིམས་ཀྱི་ཁས་ལེན་ལ་སྣང་འཇོག་མ་བྱས་པ་ཙམ་དུ་མ་ཟད་ངོ་ལོག་གི་ངན་ཇུས་ཤིག་ཀྱང་ཡིན་མི་སྲིད་པ་མ་རེད། དེར་བརྟེན་ང་ཚོས་ནམ་ཡང་མཚན་གནས་དང་ཆེ་མཐོང་འདི་བོད་ཀྱི་ཚེ་སྲོག་དང་སྟོབས་ཤུགས་ཡིན་པ་ངོས་ཤེས་པའི་ཐོག་ནས་གཅེས་སྲུང་བྱེད་དགོས་པ་ཡིན་ནོ།
སྐལ་རྡོར་བོད་ཀྱི་སྐད་ཡིག་རིག་གཞུང་ལ་རྒྱུས་མངའ་ཞན་པོ་རེད་འདུག ཟེར་བ་དེ་དཔེ་བདེན་པ་རེད་འདུག “འགོ་ན་འདུག་མཁན་དེར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྒྱུས་མངའ་ཞན་པོ་ཡིན་ན། དེས་བོད་ཀྱི་སྐད་ཡིག་གི་མདུན་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད་རེད་”ཟེར་བ་དེ་གནད་ལ་ཁེལ་པའི་གཏམ་རེད། གཏམ་དེ་ལ་གུས་བཀུར་ཡོད།
གཞན་དག་གི་སྐྱོན་བརྗོད་དེ་ཚོ་ལས།
༢༠༡༤ ལོར་སན་ཧྥི་རན་སི་སུ་ཁོར་ཕྱི་མི་དོལ་རྒྱལ་བ་བུད་མེད་ཅིག་༸གོང་ས་མཆོག་གི་མདུན་དུ་གོམ་གང་ཙམ་གྱི་སར་བསླེབས་ཏེ། སྐུའི་ཉེས་སྲུང་ལ་འཐུས་ཤོར་ཟེར་བ་དེ་གླེང་གཞི་ཆེ་ཤོས་ཡིན་ཡང་། དེའི་དུས་སུ་སྐལ་རྡོར་ལ་འོས་འགན་མི་འདུག གང་ཡིན་ཟེར་ན་དེའི་དུས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བླ་མ་ཞིག་གིས་གོ་སྒྲིག་ཆ་ཚང་གི་འགན་ཁུར་ཏེ། དོན་གཅོད་ལས་བྱེད་ཚོ་སྐུ་རྩ་ལ་བཅར་མ་འཇུག་པའི་སྐོར་དེའི་སྐབས་ཀྱི་སྤྱི་འཐུས་གྲོས་ཚོགས་ནས་གཏམ་བཤད་བགྲོ་གླེང་ལ་ཉན་ན་ཧ་གོ་ངེས། སྤྱི་འཐུས་ཚོགས་གཙོས་གཏམ་བཤད་གསལ་པོ་བྱས་འདུག དེ་ཚོ་ཉན་དང་གསལ་པོ་ཆགས་ངེས།
གཉིས་པ་༸གོང་ས་མཆོག་གི་སྐུ་པར་སྒྲིག་བཤམ་སྐོར་དེ་རེད། དེ་ཡང་དེ་སྔོན་སྐུ་པར་མེད་ས་ལ་བློ་སེང་གི་པར་གཅིག་བཞག་པ་དང་། གཞན་གོང་ས་མཆོག་གི་སྐུ་པར་༡༣ ཙམ་དོན་གཅོད་ནང་ལ་བཤམ་ཡོད་ཚུལ་༢༠༡༦་ ནས་ད་བར་དུ་བཤད་སྡད་ཡ་དེ་རེད། དེ་བསྐྱར་ཟློས་མི་དགོས་འདུག །གཞན་སྐལ་རྡོར་གྱི་སྐྱོན་ཡོན་གང་ལའང་རྒྱུས་མངའ་མེད་པས་བཟང་ངན་གང་ཡང་བཤད་མི་ཤེས་འདུག །
༼སྐལ་རྡོར་གྱི་ཕ་ཡི་ལོ་རྒྱུས་ལ་ཞིབ་འཇུག་རྒྱུས་ལོན་ཅུང་བྱས་པས། མི་འཇོན་ཐང་ཅན་ཞིག་རེད་འདུག་དྲན་སོང་།
ཀུན་གྱིས་ཤེས་རྟོགས་ཆེད་སྐལ་རྡོའི་ཕ་བྱམས་པ་སྐལ་ལྡན་གྱི་ལོ་རྒྱུས་ཟུར་ཙམ་བཀོད་ན།
ཕྱི་ལོ་ ༡༩༥༦ ལོར་ རྒྱ་དམག་ལ་འཐབ་རྒོལ་ཆེད། བོད་མི་ངོ་རྒོལ་བའི་འགོ་ཁྲིད་རྣམས་ཀྱིས་ལྷ་སར་གསང་བའི་ཐོག་ནས་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་འཛུགས་རྒྱུའི་གྲོས་འཆམ་བྱུང་སྐབས་དེར། སྐལ་རྡོར་ཕ་བྱམས་པ་སྐལ་ལྡན་ལགས་ཀྱང་ཆབ་མདོའི་སྐུ་ཚབ་ཏུ་ཆུ་བཞི་སྒང་དྲུག་ཐོག་མར་གསར་འཛུགས་གནང་མཁན་གྲས་སུ་ཡོད་འདུག
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པར་བོད་མི་ཚོས་ཞི་རྒོལ་ཆེན་མོའི་སྐབས་བྱམས་པ་སྐལ་ལྡན་ཀྱང་མཉམ་ཞུགས་གནང་ཡོད་འདུག
དེ་རྗེས་རྒྱ་དམག་གིས་ནོར་བུ་གླིང་གར་འབར་རྫས་ཀྱི་རྒོལ་རྡུང་གཏོང་སྐབས་བྱམས་པ་སྐལ་ལྡན་དང་ཆབ་མདོའི་རོགས་པ་ཁག་གཅིག་དང་ལྷན་ལྕོག་པོ་རིའི་གཤམ་གྱི་རི་རྩེ་ཞིག་ནས་གོ་མཚོན་ཐོགས་ཏེ་རྒྱ་དམག་དང་མཚན་གཉིས་ཙམ་འཐབ་འཛིང་བྱས་ནས་རྒྱ་མིའི་འབར་རྫས་དང་མེ་མདའི་གྱི་མདེའུ་ཆར་ཤུགས་ཆེ་དྲག་པར་བརྟེན་བྲོས་དགོས་ཐུག་ཡོད་འདུག
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ནས་འཛིན་བཟུང་དང་དམ་བསྒྲགས་བྱས་པ་དང་། ཕྱི་ལོ་ ༡༩༦༠ ལོར་པཎ་ཆེན་འོས་སྤྲུལ་གདན་ཞུ་དང་སྦྲགས། འབྲུག་བརྒྱུད་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ཐུབ་ཡོད་འདུག། ལོ་དེར་བདེ་སྲུང་ཁོངས་མཉམ་སྦྲེལ་ཚོང་ཁང་གི་འགན་འཛིན་གནང་བ་དང་།
དེ་རྗེས་མེ་གན་དུ་མི་མང་ཚོང་ཁང་གི་འགན་འཛིན་གནང་ཡོད་འདུག ། ཕྱི་ལོ་ ༡༩༦༢ ལོར་དང་སློབ་དམག་སྒར་གསར་འཛུགས་སྐབས་འགན་འཛིན་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༦༥ ཟླ་ ༡ ཚེས་ ༡ ནས་ཕྱི་ལོ་ ༡༩༧༦ ཟླ་ ༧ ཚེས་ ༡༥ བར་ཏེ་ལོ་༡༡ རིང་ལ་བཙན་བྱོལ་ནང་གི་ཆེས་ཐོག་མའི་མདའ་དཔོན་གྱི་ལས་འགན་བཞེས་ཡོད་འདུག ཁོང་བོད་དམག་གི་མདའ་དཔོན་ཡིན་དུས་སུ་བོད་དམག་གི་བྱས་རྗེས་རྒྱ་གར་རྒྱལ་ཡོངས་ལ་གྲགས་ཡོད་འདུག དེ་རྗེས་ཕྱི་ལོ་ ༡༩༧༦ ཟླ་ ༧ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༡༩ བར་ལོ་༡༢ རིང་དུ་གོང་ས་མཆོག་གི་སྐུ་རྩར་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་བཞེས་ཡོད་འདུག། ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༣ བར་དེ་མུར་ཕྱག་ལས་གནང་རྗེས་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད་འདུག
ལོ་རྒྱུས་དེར་བལྟས་རྗེས་སུ། ..ཕ་ཙན་དན་གྱི་སྡོང་པོ་ལས། བུ་ཆུ་ཤིང་གི་ཡལ་ག་ཞིག་སྐྱེས་མེད་ན། སྐལ་རྡོར་སྲིད་སྐྱོང་ལ་འོས་ས་རེད་དྲན་ཤོར་བ་ཞིག་རེད། …བསམ་ཚུལ་ཙམ་ཡིན།
སྐལ་རྡོར་བོད་ཀྱི་སྐད་ཡིག་རིག་གཞུང་ལ་རྒྱུས་མངའ་ཞན་པོ་རེད་འདུག ཟེར་བ་དེ་དཔེ་བདེན་པ་རེད་འདུག “འགོ་ན་འདུག་མཁན་དེར་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་རྒྱུས་མངའ་ཞན་པོ་ཡིན་ན། དེས་བོད་ཀྱི་སྐད་ཡིག་གི་མདུན་ལམ་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་ཡོད་རེད་”ཟེར་བ་དེ་གནད་ལ་ཁེལ་པའི་གཏམ་རེད། གཏམ་དེ་ལ་གུས་བཀུར་ཡོད།
གཞན་དག་གི་སྐྱོན་བརྗོད་དེ་ཚོ་ལས།
༢༠༡༤ ལོར་སན་ཧྥི་རན་སི་སུ་ཁོར་ཕྱི་མི་དོལ་རྒྱལ་བ་བུད་མེད་ཅིག་༸གོང་ས་མཆོག་གི་མདུན་དུ་གོམ་གང་ཙམ་གྱི་སར་བསླེབས་ཏེ། སྐུའི་ཉེས་སྲུང་ལ་འཐུས་ཤོར་ཟེར་བ་དེ་གླེང་གཞི་ཆེ་ཤོས་ཡིན་ཡང་། དེའི་དུས་སུ་སྐལ་རྡོར་ལ་འོས་འགན་མི་འདུག གང་ཡིན་ཟེར་ན་དེའི་དུས་དགའ་ལྡན་ཕོ་བྲང་གི་སྐུ་ཚབ་བླ་མ་ཞིག་གིས་གོ་སྒྲིག་ཆ་ཚང་གི་འགན་ཁུར་ཏེ། དོན་གཅོད་ལས་བྱེད་ཚོ་སྐུ་རྩ་ལ་བཅར་མ་འཇུག་པའི་སྐོར་དེའི་སྐབས་ཀྱི་སྤྱི་འཐུས་གྲོས་ཚོགས་ནས་གཏམ་བཤད་བགྲོ་གླེང་ལ་ཉན་ན་ཧ་གོ་ངེས། སྤྱི་འཐུས་ཚོགས་གཙོས་གཏམ་བཤད་གསལ་པོ་བྱས་འདུག དེ་ཚོ་ཉན་དང་གསལ་པོ་ཆགས་ངེས།
གཉིས་པ་༸གོང་ས་མཆོག་གི་སྐུ་པར་སྒྲིག་བཤམ་སྐོར་དེ་རེད། དེ་ཡང་དེ་སྔོན་སྐུ་པར་མེད་ས་ལ་བློ་སེང་གི་པར་གཅིག་བཞག་པ་དང་། གཞན་གོང་ས་མཆོག་གི་སྐུ་པར་༡༣ ཙམ་དོན་གཅོད་ནང་ལ་བཤམ་ཡོད་ཚུལ་༢༠༡༦་ ནས་ད་བར་དུ་བཤད་སྡད་ཡ་དེ་རེད། དེ་བསྐྱར་ཟློས་མི་དགོས་འདུག །གཞན་སྐལ་རྡོར་གྱི་སྐྱོན་ཡོན་གང་ལའང་རྒྱུས་མངའ་མེད་པས་བཟང་ངན་གང་ཡང་བཤད་མི་ཤེས་འདུག །
༼སྐལ་རྡོར་གྱི་ཕ་ཡི་ལོ་རྒྱུས་ལ་ཞིབ་འཇུག་རྒྱུས་ལོན་ཅུང་བྱས་པས། མི་འཇོན་ཐང་ཅན་ཞིག་རེད་འདུག་དྲན་སོང་།
ཀུན་གྱིས་ཤེས་རྟོགས་ཆེད་སྐལ་རྡོའི་ཕ་བྱམས་པ་སྐལ་ལྡན་གྱི་ལོ་རྒྱུས་ཟུར་ཙམ་བཀོད་ན།
ཕྱི་ལོ་ ༡༩༥༦ ལོར་ རྒྱ་དམག་ལ་འཐབ་རྒོལ་ཆེད། བོད་མི་ངོ་རྒོལ་བའི་འགོ་ཁྲིད་རྣམས་ཀྱིས་ལྷ་སར་གསང་བའི་ཐོག་ནས་བསྟན་སྲུང་དྭངས་བླང་དམག་གི་སྒྲིག་འཛུགས་འཛུགས་རྒྱུའི་གྲོས་འཆམ་བྱུང་སྐབས་དེར། སྐལ་རྡོར་ཕ་བྱམས་པ་སྐལ་ལྡན་ལགས་ཀྱང་ཆབ་མདོའི་སྐུ་ཚབ་ཏུ་ཆུ་བཞི་སྒང་དྲུག་ཐོག་མར་གསར་འཛུགས་གནང་མཁན་གྲས་སུ་ཡོད་འདུག
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་འཛུལ་བྱས་པར་བོད་མི་ཚོས་ཞི་རྒོལ་ཆེན་མོའི་སྐབས་བྱམས་པ་སྐལ་ལྡན་ཀྱང་མཉམ་ཞུགས་གནང་ཡོད་འདུག
དེ་རྗེས་རྒྱ་དམག་གིས་ནོར་བུ་གླིང་གར་འབར་རྫས་ཀྱི་རྒོལ་རྡུང་གཏོང་སྐབས་བྱམས་པ་སྐལ་ལྡན་དང་ཆབ་མདོའི་རོགས་པ་ཁག་གཅིག་དང་ལྷན་ལྕོག་པོ་རིའི་གཤམ་གྱི་རི་རྩེ་ཞིག་ནས་གོ་མཚོན་ཐོགས་ཏེ་རྒྱ་དམག་དང་མཚན་གཉིས་ཙམ་འཐབ་འཛིང་བྱས་ནས་རྒྱ་མིའི་འབར་རྫས་དང་མེ་མདའི་གྱི་མདེའུ་ཆར་ཤུགས་ཆེ་དྲག་པར་བརྟེན་བྲོས་དགོས་ཐུག་ཡོད་འདུག
ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་ནས་འཛིན་བཟུང་དང་དམ་བསྒྲགས་བྱས་པ་དང་། ཕྱི་ལོ་ ༡༩༦༠ ལོར་པཎ་ཆེན་འོས་སྤྲུལ་གདན་ཞུ་དང་སྦྲགས། འབྲུག་བརྒྱུད་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་ཐུབ་ཡོད་འདུག། ལོ་དེར་བདེ་སྲུང་ཁོངས་མཉམ་སྦྲེལ་ཚོང་ཁང་གི་འགན་འཛིན་གནང་བ་དང་།
དེ་རྗེས་མེ་གན་དུ་མི་མང་ཚོང་ཁང་གི་འགན་འཛིན་གནང་ཡོད་འདུག ། ཕྱི་ལོ་ ༡༩༦༢ ལོར་དང་སློབ་དམག་སྒར་གསར་འཛུགས་སྐབས་འགན་འཛིན་དུ་བསྐོ་གཞག་གནང་བ་དང་། ཕྱི་ལོ་ ༡༩༦༥ ཟླ་ ༡ ཚེས་ ༡ ནས་ཕྱི་ལོ་ ༡༩༧༦ ཟླ་ ༧ ཚེས་ ༡༥ བར་ཏེ་ལོ་༡༡ རིང་ལ་བཙན་བྱོལ་ནང་གི་ཆེས་ཐོག་མའི་མདའ་དཔོན་གྱི་ལས་འགན་བཞེས་ཡོད་འདུག ཁོང་བོད་དམག་གི་མདའ་དཔོན་ཡིན་དུས་སུ་བོད་དམག་གི་བྱས་རྗེས་རྒྱ་གར་རྒྱལ་ཡོངས་ལ་གྲགས་ཡོད་འདུག དེ་རྗེས་ཕྱི་ལོ་ ༡༩༧༦ ཟླ་ ༧ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༡༩ བར་ལོ་༡༢ རིང་དུ་གོང་ས་མཆོག་གི་སྐུ་རྩར་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེའི་ལས་འགན་བཞེས་ཡོད་འདུག། ཕྱི་ལོ་ ༡༩༨༧ ཟླ་ ༣ ཚེས་ ༢༣ བར་དེ་མུར་ཕྱག་ལས་གནང་རྗེས་བགྲེས་ཡོལ་དུ་ཕེབས་ཡོད་པ་རེད་འདུག
ལོ་རྒྱུས་དེར་བལྟས་རྗེས་སུ། ..ཕ་ཙན་དན་གྱི་སྡོང་པོ་ལས། བུ་ཆུ་ཤིང་གི་ཡལ་ག་ཞིག་སྐྱེས་མེད་ན། སྐལ་རྡོར་སྲིད་སྐྱོང་ལ་འོས་ས་རེད་དྲན་ཤོར་བ་ཞིག་རེད། …བསམ་ཚུལ་ཙམ་ཡིན།
མྱི་ལ་བསྙད་པ། ངས་བལྟས་ན། གོང་དུ་བློ་རབ་ཀྱིས་བྲིས་པ་དེ་ཧམ་བཤད་དང་མ་དགའ་བའི་སྐད་ཆ་མི་འདུག་སྙམ། དོན་དངོས་ཤིག་འབྲི་ཐུབ་བྱས་འདུག ང་ཚོས་སྐལ་རྡོར་བཤད་ས་ནས་ཁོང་གི་ཕ་རྒན་འདས་པོ་གླེང་དགོས་མ་རེད། ཕ་རྒན་ནས་བོད་མི་ཚོར་ཞབས་ཞུ་གང་འཚམས་ཞུས་ཡོད། དེར་གུས་བརྩི་ཡོད་ད་ཡོད། མི་རྒན་ཚོར་རིན་ཐང་ཆེ། ལྷག་ཏུ་གཞོན་པ་ཚོར་བལྟས་རིན་ཐང་ཇེ་ཆེ་རེད། ཕ་བྱམས་པ་སྐལ་ལྡན་མི་རྒན་པའི་རྒན་པ་རེད། བུ་སྐལ་རྡོར་མི་རབས་གཞོན་པ་རེད། ཕ་བུ་བསྡུར་ན་འང་འགྲིག་ས་རེད། འོས་མིའི་ཁར་མ་ཉན་པར་འོས་མིས་བྱས་པ་དག་ལས་ཁོ་ཅི་ཡིན་ཤེས་དགོས་པ་རེད། དེ་མིན་འོས་མི་ཁོ་རང་ནས་རང་ཉིད་བཟང་རབས་དང་བྱས་རབས་ཟེར་ནས་ཡག་པོ་རྐྱང་རྐྱང་ཤོད་ཀྱིན་འདུག དེ་ལ་ཡུད་ཆེས་བྱས་ན། དེར་ལ་རྒྱབ་སྐྱོར་བྱས་ན་ནོར་སོང་བ་རེད།
ཕ་བྱས་རྗེས་ཅན་རེད། དེའི་སྟབས་ཀྱིས་བུ་སྲིད་སྐྱོང་ལ་འདེམ་དགོས་ཟེར་བ་ཡིན་ནམ་་་་
ཕ་ཡུལ་བུ་འཛིན་གྱིས་ལམ་ལུགས་དེ་སྐུ་དྲག་གྲལ་རིམ་ལ་ཁ་ཕྱོགས་འདོད་མ་རེད་དམ་ཧཧཧ
བོད་ཀྱི་མ་འོངས་པའི་མདུན་ལམ་དང་། འཛམ་གླིང་གི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་ནས་གོམ་པ་སྤོ་ཐུབ་མཁན་ཞིག་སུ་འདུག་ན་དེ་ལ་འོས་ཤོག་བརྒྱ་ཆ་བརྒྱ་ཐམ་པ་བླུག་ཐག་ཆོད་ཡིན། དེ་མིན་གོང་ས་མཆོག་གི་མཚན་བེད་སྤྱོད་བྱེད་མཁན་གྱི་རིགས་བྱུང་ཚེ་ནམ་ཡང་འོས་ཤོག་བླུག་གི་མིན། ཐུགས་ལ་བཞག་རོགས། གཞན་མང་ཚོགས་ནས་ཀྱང་དེ་བཞིན་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་ཡིན།
འབྲོང་བུ་སོ་ཚ། རེད་རེད། ཁྱོད་ཤེས་སོང་། གོང་ས་མཆོག་གི་སྐུ་པར་དོན་ཁང་དུ་མི་བཤམས་མཁན་དང་། སྐུ་ཕྱ་ལ་ཉེན་ཁ་བཟོ་མཁན་སུ་ཡིན་ན། དེར་ཁྱོད་ཀྱིས་འོས་བླུགས་ཤོག བོད་མི་མང་ནི་གོང་ས་མཆོག་དང་ཁ་བྲལ་ཐབས་མེད་ལ། བློ་དཔོན་གཉིས་ཀ་ཁོང་རེད།། ཁྱོས་གོང་ས་མཆོག་ཟེར་བའི་དོན་ཤེས་སོང་།
རིན་ཆེན། གོང་ས་མཆོག་གི་སྐུ་པར་སྔར་བཤམས་ཡོད་ནའང་ད་མ་བཤམས་ནའང་ཆོག་པ་ཞིག་རེད། གང་ལགས་ཤེ་ན། དོན་ཁང་ཐམས་ཅད་བོད་ཀྱི་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཁང་ཞིག་ཡིན་ལ། གོང་ས་མཆོག་བོད་ཀྱི་ཆབ་སྲིད་ནས་དགོངས་པ་རྩ་དགོངས་ཞུས་ཟིན་པའི་རྒྱུ་མཚན་ཁོ་ནས་སོ། ཡང་ཁྱེད་ལྟར་ཡིན་ན་གོང་ས་མཆོག་གིས་ཞལ་རྫུན་གསུང་པའི་རྣམ་པ་ཞིག་སྟོན་ཡོང་གི་འདུག་པས་དེ་ལ་ངོས་ལེན་རྩ་བ་ནས་མེད། མདུན་ནས་དགོངས་ཞུ་དང་རྒྱབ་ནས་སྲིད་དོན་གྱི་གཡོ་འགུལ་སྣ་ཚོགས་སྤེལ་བའི་གཙོ་བོ་ཞིག་གི་ཚུལ་དུ་གསུངས་དེ་ལ་ངོས་ལེན་རྩ་བ་ནས་མེད། ཁོང་ང་ཚོ་ནང་ལྟར་ཁ་ཁོག་གཉིས་རྩ་བ་ནས་མེད། དེ་ངས་ཚིགས་ཐག་ཆོད་པོས་བཤད་ཐུབ། མ་གཞི་གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་སྐུ་ཚེའི་དཀྱིལ་ནས་ཧོར་སོག་གིས་དམག་རོགས་ལ་བརྟེན་ནས་ནང་དམེ་མཐུ་མོ་བྱས་མཐར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་ཕེབས་པ་ཞིག་ལས་དེའི་སྔོན་འབྲས་སྤུངས་ཚོགས་ཆེན་སྤྲུལ་སྐུ་ཙམ་ལས་གང་ཡང་མིན། རྒྱལ་བའི་རྣམ་ཐར་ལ་གཟིགས་ན་ཤེས། བོད་མི་དམངས་གོང་ས་མཆོག་ཁ་བྲལ་ཐབས་མེད་པའི་བཀའ་མོལ་ཞིག་གསུངས་འདུག་པས། སྔར་རྒྱལ་དབང་དྲུག་པ་ཚེ་དབྱངས་རྒྱ་མཚོ་སྐུ་འཚོ་བཞུགས་ལ། ཧོར་སོག་དང་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་གཉིས་ངན་འབྲེལ་གྱིས་ཡང་སྲིད་ངོ་མ་རྒྱ་ནག་ཏུ་བརྫངས་ཏེ། སོག་པོའི་ཕྲུ་གུ་ཞིག་ལ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་བཏགས་ནས་རྒྱལ་དབང་དྲུག་པའི་ཡང་སྲིད་འདི་ཡིན་ཟེར་ནས་ལོ་བཅུ་གྲངས་ཤིག་པོ་ཏ་ལར་བསྡད་པ་དེ་བོད་མི་དམངས་དང་ཁ་བྲལ་སོང་བ་མ་ཡིན་ནམ། ད་དུང་ཕྱི་ལོ་ ༡༦༤༢ ཙམ་ནས་བཟུང་བོད་ཀྱི་ལོ་རྒྱུས་ལ་གཟིགས་དང་གཞི་ནས་ཨ་མ་དང་མནའ་མ་ངོ་འཕྲོད་ཡོང་།
འབྲོག་བུ་སོག་ཙ། དུས་ཀྱི་འཕོ་འགྱུར་ཟེར་བ་ཞིག་ཨེ་ཤེས། ད་བར་དུ་ས་འདིའི་སྟེང་ལ་མི་ས་ཡ་མང་པོས་གུས་བཀུར་ཐོབ་པའི་བོད་མི་ཞིག་བྱུང་ཡོད། དེ་གོང་ས་མཆོག་རེད། ཁྱོས་རྒྱལ་དབང་ལྔ་གླེང་ཁུལ་གྱིས་ངས་བོད་མི་དང་གོང་ས་བསྟན་འཛིན་རྒྱ་མཚོ་ཁ་འབྲལ་ཐབས་མེད་པ་ཞིག་རེད་ཟེར་བར་མི་འདོད་པའི་རྣམ་འགྱུར་རེད། སྙིང་རྗེ། ད་དུང་རྡོག་རྡོག་བཤད་ན། དོན་གཅོད་གོང་ས་མཆོག་གི་མཚན་ཐོག་ལ་སྒོ་ཕྱེས་པ་རེད། དེ་མིན་སྒོ་ཕྱེ་ཐུབ་ཀྱི་མེད་པ་ཤེས་པར་གྱིས། ཆབ་སྲིད་ལ་འགྱུར་བ་ཐེབས་ཀྱང་གོང་ས་མཆོག་ལ་མ་བརྟེན་པར་བོད་མི་ཚོས་རང་མགོ་འཐོན་གྱིན་མེད་པ་དེ་རེད། དེ་གོང་ས་མཆོག་གིས་རྒྱབ་ནས་ཆབ་སྲིད་ལ་ཇུས་གཏོགས་གནང་གི་ཡོད་པའི་དོན་མ་རེད། གནས་སྟངས་དེ་འདྲ་ཞིག་གི་སྒང་ལ་བཙན་བྱོལ་བོད་མི་ཚོ་གནས་ཡོད་པ་དེ་སྟོན།
འབྲོག་བུ་སོག་ཙ་ལག་ནས་བོད་རྒྱའི་་འབྲེལ་བ་དགའ་ལྡན་ཕོ་བྲང་ནས་གནང་གི་ཡོད་པའི་གསལ་གྲགས་བོད་མི་མངད་སྤྱི་འཐུད་གྲོད་ཚོགས་ནང་སྐུ་ངོས་སྲིད་སྐྱོངས་བློ་བཟངས་སངས་རྒྱད་ལགས་ནས་གསུང་པ་གདན་ཡོད་ཚོད་མི་འདུགས
འབྲོག་བུ་སོག་ཙ་ལག་ནས་བོད་རྒྱའི་་འབྲེལ་བ་དགའ་ལྡན་ཕོ་བྲང་ནས་གནང་གི་ཡོད་པའི་གསལ་གྲགས་བོད་མི་མངད་སྤྱི་འཐུད་གྲོད་ཚོགས་ནང་སྐུ་ངོས་སྲིད་སྐྱོངས་བློ་བཟངས་སངས་རྒྱད་ལགས་ནས་གསུང་པ་གདན་ཡོད་ཚོད་མི་འདུགས
སྙིང་རྗེ་ཡ་རེད་མཆན་འབྲི་མཁན་འདི་དག་ལ། ཧ་ཧ་ཧ་དག་ཆ་ཙམ་ཡང་མི་ཤེས་པར་ག་རེ་འབྲི་ཡ་འདུག
བློ་སེང་དང་སྐལ་རྡོར་གཉིས་ཀྱིས་ཞབས་འདྲེན་ཞུ་སྟངས་དམིགས་བསལ་ཅན་ཞིག་འདི་ན་འདུ་གདའ།
་
https://www.facebook.com/photo?fbid=789812358521262&set=a.585384038964096
་
ཧ་གོ་འདོད་ཡོད་ན། ཐང་མ་ཅིག་ཀློགས་དང་།
ད་བློ་སེང་དང་སྐལ་རྡོར་གཉིས་ནི། ཉི་ཤུ་དགུའི་གླུད་ཆགས་ཚར་འདུག་གོ། །།
རིན་ཆེན། བྱས་ན་ཁྱོད་ཀྱི་ཆབ་སྲིད་དེ་གོང་ས་སྐུ་ཕྲེང་ ༡༤ པ་གཅིག་པུའི་དུས་ལས་མེད་པར་ཤུགས་ཀྱིས་ཁས་བླང་འདུག་པར་དེ་ལྟར་ཡིན་ན། གོང་ས་ཆེན་པོས་མ་འོངས་པར་ང་མེད་པ་ནང་བཞིན་ལས་ཀ་བྱེད་དགོས་གསུངས་པ་དེ་ཚོ་ལ་འཆར་གཞི་ག་འདྲ་ཡོད། གསལ་པོ་གསུང་རོགས།
འཛམ་གླིང་གི་མི་ས་ཡ་མང་པོས་གོང་ས་མཆོག་ལ་གུས་བཀུར་དང་། རྩི་བཀུར་བྱེད་པ་དེའི་རྒྱུ་མཚན་ཅི་ཡིན་ཤེས་པས། དྲང་པོ་ཞུས་ན་དེ་ནི་ཁོང་གི་ཐུགས་སྙིང་རྗེ་ཆེན་པོ་ལས་བྱུང་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་སེལ་བར་འདོད་པའི་ཐུགས་སེམས་དེ་ཉིད་ལས་བྱུང་བ་ཞིག་ཡིན། དེ་ནི་སངས་རྒྱས་ཀྱི་ཆོས་ལུགས་ཁོ་ན་སྦྱང་པའི་གྲུབ་འབྲས་ལས་གཞན་གང་ཡང་མིན། ཆབ་སྲིད་ཀྱི་ཐོག་ནས་ཁོང་འཇོན་ཐང་ལྡན་པའི་མི་ཞིག་འཛམ་གླིང་གི་སུ་ཡི་མི་བརྩི། གང་ལགས་ཤེ་ན། ཆབ་སྲིད་མ་འཇོན་ནས་རྒྱལ་ཁབ་མི་ལག་ཏུ་ཤོར་ཏེ་ད་ལྟ་བར་རང་དང་། རང་གི་མི་སེར་རྣམས་སྐྱབས་བཅོལ་དུ་ལྷུང་བཅུག་པ་འདིས་སོ། བསམ་བློ་ཡག་པོ་ཞིག་ཐོངས་དང་། གུས་བཀུར་གྱི་འབྱུང་ཁུངས་གང་ཡིན་པ་གསལ་པོར་ཤེས་པར་གྱིས་དང་།
འབྲོང་བུ་སོག་རྩས། ཆབ་སྲིད་ཀྱི་ཐོག་ནས་ཁོང་འཇོན་ཐང་ལྡན་པའི་མི་ཞིག་འཛམ་གླིང་གི་སུ་ཡི་མི་བརྩི། གང་ལགས་ཤེ་ན། ཆབ་སྲིད་མ་འཇོན་ནས་རྒྱལ་ཁབ་མི་ལག་ཏུ་ཤོར། ཅེས་པའི་ཁོང་དེ༌༸རྒྱལ་བ་རིན་པོ་ཆེ་མཆོག་ལ་གོ་ཡིན། གོང་གི་བརྗོད་བྱ་འདི་ངོས་མི་ལེན། ཆབ་སྲིད་ཟེར་དུས་རང་བཙན་འཛིན་ཐུབ་དང་མ་ཐུབ་ལ་གོ་མི་དགོས། དཔེ་ན་མི་རང་གི་ནང་མིའི་བདེ་སྡུག་ཁེ་རུང་ཧྲ་ཐག་ཐག་ལྟ་ཤེས་མཁན་ཞིག་ལའང་ཆབ་སྲིད་མཁས་པོ་ཡོད་པའི་དཔེ་རུ་འཇོག་མཁན་ཡོད། ཡང་རྒྱ་གར་རང་བཙན་འཐབ་རྩོད་དབུ་འཁྲིད་གྷན་དྷི་མཆོག་སོགས་འགའ་ཤས་ནས་འཚེ་མེད་ཞི་བའི་ཐོག་ནས་རང་བཙན་རྩོད་པས་ཆབ་སྲིད་པ་མིན་ཅེས་ཞུ་མཁན་བྱུང་ཡོད་ཀྱང་བསམ་ལོ་ཡར་ཐོན་ཅན་ཚོས་ཆབ་སྲིད་ཟབ་ཤོས་སུ་ངོས་འཛིན་ཞུ་བ་མ་ཚད་དུས་རབས་ཉེར་གཅིག་ནང་གནས་དོན་དེ་འདྲའི་ཐོག་ཆེར་སྦྱང་བརྩོན་མི་ཞུའམ། བོད་ཀྱི་གནད་དོན་ལ་ཞིབ་ནའང་རྒྱ་མིས་༸རྒྱལ་མཆོག་སྐུ་ཉིད་ལ་ཞེད་པ་ལས་བོད་མིར་མཐོང་དང་ཞེད་སྣང་ཕལ་ཆེར་མི་བྱེད། འཛམ་གླིང་ནང་༸གོང་ས་མཆོག་ལྟ་བུ་སྙན་གྲགས་ཀྱི་གཟེངས་བསྟོད་མང་པོ་བཞེས་ཐུབ་མཁན་མེད་ལ་ལུང་བ་མེད་པའི་ཡུལ་གྱར་ནང་ཆེར་དཀོན་པའི་གནས་སུ་གྱར། དེ་རྣམས་ཁོང་གི་སྲིད་ཀྱི་དགོངས་རྒྱ་ལ་མངགས་པའི་ཕུལ་རེད། ཆོས་ཕྱོགས་ནས་བོད་བརྒྱུད་ནང་པ་ལས་ནང་ཆོས་པ་གཞན་མང་བ་དང་དེ་ལས་ཀྱང་ཆོས་བརྒྱུད་གཞན་ཆེར་མང་བ་དང་དེ་ཚོ་ཡང་རང་རང་སོ་སོའི་ཆོས་ཟབ་པ་དང་ལེགས་པ་ངོས་ལེན་མཁན་ཤ་ཅིག་ཡིན། རང་བཙན་ཤོར་བ་དང་ད་བར་རག་མེད་པ་མཐོང་ཆོས་ཡིན་ཀྱང་དེ་དག་རྒྱུ་རྐྱེན་དུ་མ་ལས་བྱུང་བ་ལས་༸ཁོང་ཆབ་སྲིད་མི་ཤེས་པ་ལས་མིན། ཁོང་ནི་ཆབ་སྲིད་ཀྱི་མཁྱེན་རྒྱ་ཡངས་པས་འཛམ་གླིང་སྐྱེ་བོ་མཆོག་དམན་མང་པོས་གོང་བཀུར་གྱིས་གསུང་གི་བདུད་རྩི་དང་ཞལ་མཇལ་གྱི་སྐལ་བཟང་མ་ཐོབ་པའི་སྐོམ་པ་ཆུ་འདོད་ལྟར་རེ་སྨོན་ཞུ་བཞིན་པ་རྣ་བས་མ་མཐོས་པ་དང་མིག་གིས་མཐོང་བ་ནི་བསོད་ནམས་ཀྱི་འཕོངས་པ་ལས་གཞན་ཅི་ཞུ།།
༢༠༢༡ སྲིད་སྐྱོང་དུ་སྐལ་རྡོར་ཅུང་སྔ་མིན་ནམ་སྙམ། ཚང་མའི་ནང་ནས་འཇོན་ཤོས་དང་རན་ཤོས་དང་འཚམས་ཤོས་ནི་རྒྱ་རི་སྒྲོལ་མ་ལས་གཞན་སུ་འདུག ང་ཚོའི་དབུ་འཁྲིད་མཆོག་ནས་སྐྱེས་མའམ་བུད་མེད་ཞབས་ཞུ་བ་ཕན་བདེའི་བྱེད་པོ་རྣམས་སུ་མངགས་པ་ཇི་ཞུ་དང་ཐུགས་ཡིད་དང་ཐུགས་རེ་ཇི་ལྟར་གནང་མུས་ལ་བསམ་ཞིབ་ཀྱིས་ ༢༠༢༡ སྲིད་སྐྱོང་འོས་མི་ཁོངས་ནས་འདྲ་འདྲའི་ནང་ནས་ཡངས་རྩེ་རྒྱ་རི་སྒྲོལ་མ་ལགས་འོས་ངེས་ལ་སོང་འོས་གནང་ན་སོ་སོའི་འཇིག་རྟེན་གྱི་དགོས་འདུན་འགྲུབ་རྒྱུ་ཆེར་ཟབ་པ་མ་ཟད་༸ཁོང་གི་ཐུགས་རེ་ཡང་གསོན་རྒྱུའི་དམ་རྫས་ཤིག་ཀྱང་བསྐྲུན་ཐུབ་པའི་གོ་སྐབས་ཆུད་ཟོས་སུ་མ་བཏང་ན་འདི་ཕྱི་གཉིས་ཀྱི་ཕན་བདེའི་རྒྱུར་སྔོས་་ཡིན་ནོ།།
འབྲོང་བུ་སོག་ཚ། གོང་ས་མཆོག་ལ་ཆབ་སྲིད་ཐད་སྐྱོན་སྟོན་ཁུལ་བྱེད་པ་ནི་རང་ཉིད་ཆབ་སྲིད་མ་ཤེས་པའི་རྟགས་སུའོ།། ཁོང་གི་དགོངས་གཞི་ལྟར་མི་ཚང་མས་ཆབ་སྲིད་སྐྱོང་ཐུབ་ན། རང་རྒྱལ་གཞན་ཕམ་དང་བཙན་འཛུལ་དང་བརྙེས་བཅོས་མི་དགོས་པར་ཚང་མ་འཆམ་མཐུན་ངང་གནས་ཐུབ། རེད་དེ། རླབས་ཆེ་དགོངས་གཞི་དག་རླབས་ཆེ་སྐྱེས་བུ་དག་ཁོ་ནས་ཤེས་པ་ལས་འབྲོང་བུ་སོག་ཚ་ལྟ་བུ་ཚོས་གང་ནས་ཤེས། ད་དུང་མ་ཤེས་པའི་ཁར་ལོག་རྟོག་ཅིག་བསྣམས་ནས་གོང་ས་མཆོག་ལ་ཚད་འཇལ་བ་ནི་དངོས་གནས་རང་མདོག་བསྟན་པ་རེད།
ཞེ་ཕུག་ན་གོང་ས་མཆོག་མ་རངས་པའི་ནད་རྙིང་ཞིག་རུམ་ནས་ཁ་ཡར་བསྐོར་མར་བསྐོར་གྱིས་སྐད་ཆ་བཤད་སྟངས་འདིའི་དོན་སྙིང་རྟོགས་ཡོང་གི་འདུག མིང་རྫུན་མ་ཞིག་གི་འོག་ནས་ལས་ཀ་འདི་བྱེད་མཁན་སྐོར་ཞིག་ཡོད་ཡོད་པ་རེད། ང་ཚོས་ཤེས་ཡོད།
གོང་གསལ་བསོད་སྟོབས་དང་། རིན་རྣམ་ཟུང་ལ་དྲི་བརྒྱ་ལན་གཅིག་གིས་ཚུལ་དུ་འདེབས་ན། ཆོས་ཕྱོགས་ནས་མཁྱེན་པ་རྒྱས་པའི་སྐོར་ཇི་ཙམ་བརྗོད་ན་དེ་ལ་ང་ཡིད་ཆེས་དད་པ་དང་འདོད་ཞེ་ནས་ཡོད། འོན་ཀྱང་ཆབ་སྲིད་ཀྱི་ཐོག་ནས་ཁོང་ཆོས་ཕྱོགས་ནང་ལྟར་འཇོན་ཐང་ལྡན་པ་ཞིག་ཏུ་རྩ་བ་ནས་བརྩི་མཁན་མེད། གང་གི་ཞེས་ན། དཔེར་ན་ང་ཚོའི་ཁྱིམ་མཚེས་རྒྱལ་ཁབ་འབྲུག་ཡུལ་ལྟ་བུ་ཞིག་ལ་མཚོན་ན། རྒྱལ་པོ་འཇིགས་མེད་སེང་གེ་དབང་ཕྱུག་གི་ཡབ་རྗེ་དམ་པ་འཇིགས་མེད་རྡོ་རྗེ། འཇིགས་སེང་གུང་ལོ་ ༡༦ ཙམ་ལ་གློ་བུར་དགོངས་པ་རྫོགས་པར་ལམ་སེང་འཇིགས་སེང་ཕྲུ་གུ་དེས་ཆབ་སྲིད་རྩིས་བླང་ནས་མུ་མཐུད་བསྐྱངས་པར་ད་ཆ་འཛམ་གླིང་རྒྱལ་ཚོགས་ནང་ཞུགས་ཏེ་ཡར་རྒྱས་ཀྱི་རྣམ་པ་ལྡན་པ་འདི་བྱུང་ཡོད། ང་ཚོའི་དེ་ཙམ་ལའང་འགྲན་པའི་ལས་འགུལ་ཞིག་སྤེལ་མྱོང་མེད་ལ་མ་ཟད་སྐྱབས་བཅོལ་དུ་གྱར་དགོས་པ་འདིས་བོད་ཀྱི་ཆབ་སྲིད་སྐྱོང་ལུགས་ཇི་ལྟར་ཡིན་མིན་གསལ་པོར་མཚོན་པ་ཟུར་བལྟས་ལེབ་མཐོང་རེད། ད་དུང་མུ་མཐུད་ཆབ་སྲིད་ཐོག་མཁྱེན་རྒྱ་རྒྱས་པོ་ཡོད་པའི་ལོ་རྒྱུས་བཤད་ན་ངོ་ཚ་དང་བཞད་གད་ཀྱི་རྒྱུ་ལས་ཅི། ཚང་མ་ཆམ་མཐུན་ངང་གནས་དགོས་ཀྱི་ཡོད་ན་ཕྱི་ལོ་ ༡༩༥༩ ལོར་བོད་དུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚུལ་དུ་བཞུགས་དགོས་རྒྱུ་ལས་རྒྱ་གར་ནང་བཙན་བྱོལ་དུ་བྱོན་པའི་རྒྱུ་མཚན་ཅི། ད་དུང་དད་པ་ལོག་སྤྱོད་ཀྱི་ཚིག་ཟུར་རེ་ཟུང་བཏོན་ནས་གོང་ས་མཆོག་ལ་མ་རངས་པའི་སྙོན་འཛུགས་བྱས་པར། ཆབ་སྲིད་ཀྱི་ཐོག་ནས་ཁོང་ལ་དད་པ་རྩ་བ་ནས་མེད། དད་པའི་སྐད་ཆ་དེ་ཆོས་ཕྱོགས་ནས་བཤད་ན་ཡག་པ་ལས་ཆབ་སྲིད་ནང་བསྲེ་ཡོང་ན་སྤྲང་པོའི་དབྱུག་པའི་དང་མཚུངས་པས། ཁྱེད་རང་འདྲ་བའི་རེ་ཟུང་གི་ཁེ་ཕན་སྒྲུབ་རྒྱུ་ཙམ་ནས་གཞན་ཅི་ཡང་མི་ཡོང་། ད་དུང་བོད་ཀྱི་འདས་པ་དང་ད་ལྟ་བའི་ཆབ་སྲིད་དང་འབྲེལ་བའི་སྐོར་མཁྱེན་གལ་ཆེ་ན་མུ་མཐུད་གསུང་ཤོག་དང་། རྒྱལ་རབས་ལོ་རྒྱུས་དཔང་དུ་བཙུགས་ཏེ་སྐད་ཆ་བཤད་ཆོག
་་་་་་་་་་་་་་་་་ ཆབ་སྲིད་ལ་འགྱུར་ལྡོག་དང་འགོ་ཁྲིད་སུ་ཡིན་མིན་དང་གནས་བབ་ཅི་ཞིག་ཆགས་ནའང་། བོད་མིའི་ངོ་བོ་ནམ་གནས་བར་དུ་༸གོང་ས་མཆོག་གང་ཐད་ནས་བོད་མི་ཚོས་ཆེས་བླ་རུ་བཀུར་རྒྱུ་ཡིན་པ་བསྙོན་དུ་མེད་ཅིང་། དེ་ནི་བྱུང་རབ་དང་དད་འདུན། བརྩེ་སེམས་བཅས་གཅིག་ཏུ་སྡོམ་པའི་དོན་དངོས་ཀྱི་གནད་དོན་ལྡོག་ཏུ་མེད་པ་ཞིག་རེད། ་་་་་་་་་་་་་་་
་
འདི་བདེན་པ་རེད། དེང་སང་གི་སོག་པོ་གཞུང་གིས། ཅང་གེས་ཁྰན་གྱི་འདྲ་སྐུ་གང་ཆེ་ཆེ་བཟོས་པ་དང་། རྒྱ་ནག་གིས་མ་འོའི་པར་རིས་ཤོག་དངུལ་ཐོག་ལ་བཏབ་ནས་བེད་སྤྱོད་བྱས་པ་དང་
། ང་ཚོའི་བཙན་བྱོལ་སྒྲིག་འཛུགས་ཆགས་ས་རྒྱ་གར་ཡང་། རང་གི་ཤོག་དངུལ་ཐོག་ལ་མ་ཧྰཏ་མགྷན་དྷིའི་འདྲ་རིས་གང་ཐུབ་བཟོས་དགོས་པ་ལ་མཚོན་ན།
དིང་བོད་པའི་བོད་པའི་མགོ་བོར་ཀླད་པ་སྟོང་པ་མིན་ན་༸གོང་ས་མཆོག་དང་། ཁོང་གི་༸སྐུ་པར་སོགས་ལ་གུས་བཀུར་ཙམ་མ་ཟད། ཆབས་སྲིད་ཐོག་ལ་གལ་གནད་ཤིནད་ཏུ་ཡིན་པ་ནི་སྨོས་མ་དགོས་པ་རེད་དོ།། །།
མཁས་པའི་དབང་པོ་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་གིས།
སྙིང་སྟོབས་དགུ་འགྱུར་སྲོག་གི་དབྱུག་པ་ལ།། རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་པའི།། སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས།། སུམ་ཉིས་ས་ཡི་དཀྱིལ་འཁོར་བཟུང་ཞེས་གྲགས།། ཞེས་གསུངས་པའི་ས་ཆ་འདི་དག་ག་ན་ཡོད་སྟོན་ཤོག། མེད་ན་སུའི་སྐབས་དང་ལོ་དུས་གང་གི་ཚེ་མེད་སོང་བ་རེད། རྒྱལ་རབས་འདི་འདྲ་བའི་རིགས་ཞིབ་པར་ཀློག་ནས་དཔྱད་པ་ཞིག་གྱིས་དང་བོད་པ་ཞིག་ཡིན་ན་མཚན་མོ་གཉིད་དང་། ཉིན་མོའི་ཟས་ལ་བྲོ་བ་རིམ་ཟད་དུ་འགྲོ་བ་ལས་གཞན་གང་ཡང་མེད།
འབྲུང་བུ་སོག་ཚ། ཁྱོད་ལ་ལན་བརྒྱ་བཤད་ན་ཡང་གོང་ས་མཆོག་རྟོགས་ས་མ་རེད། འདས་པའི་ལོ་རྒྱུས་ཀྱི་མ་འདང་དག་ཁྱེར་ཏེ་གོང་ས་མཆོག་སྐུ་གོང་མ་ཚོའི་མགོ་ལ་གཡོག་གང་ཐུབ་རེད། ཕྱོགས་གཅིག་ལས་མི་མཐོང་བའི་མི་ལ་བདེན་པ་ཞིག་ཤོད་རྒྱུ་ནམ་ཡང་མེད། འདས་པའི་ལོ་རྒྱུས་ཀྱི་མ་འདང་བའི་ཆ་འགོ་འཛུགས་གང་ཡིན་མི་ཤེས་ན་ཚོད་ཚོད་ལ་ཅིག་བཤད་ནས་ཅི་ཡང་ཡོང་ལེ་མ་རེད། འབྲུག་ལ་ནུས་པ་ག་ཚོད་ཤེས་ཡོད། རྒྱ་དཀར་གྱིས་སྲུང་སྐྱོབ་འོག་བསྡད་ཡོད། འབྲུག་རྒྱལ་བོར་བསྟོད་ཁུལ་གོང་ས་མཆོག་ལ་ཟུར་ཟ་འདི་གཡོ་ཅན་ཞིག་གི་བྱེད་ལས་རེད། དཀར་པོ་ལ་དཀར་པོ་མི་མཐོང་ན་མི་མཐོང་མཁན་གྱི་སྐྱོན་ལས་དཀར་པོའི་སྐྱོན་ག་ལ་ཡིན། ད་དུང་དགེ་ཆོས་ཀྱི་ཚིགས་བཅད་ཅིག་བཟུང་སྟེ། རྒྱལ་རབས་ཐད་བཤད་ཆོག་ཟེར། བཤད་ལོས་ཆོག་སྟེ། དྲང་མོ་དང་དོན་དངོས་མི་མཐོང་བའི་མིའི་སྐད་ཆར་སུས་ཡིད་ཆེས་བྱེད། བཤད་པ་ཙམ་རེད། ངལ་བ་ཙམ་རེད། ཞེན་ཁོག་དང་མ་དགའ་བ་ཙམ་རེད་དོ། ཧ་ཧ་ཧ་
གྲོགས་པོ་རིན་ཆེན། ངས་ཁྱོད་དང་བགྲོ་གླེང་ཞིག་བྱས་ནས་གནའ་དིང་གི་ལེགས་བཤད་ཅིག་ཐོབ་རེ་སེམས་ཀྱང་། དེ་ནི་ངའི་ངོ་ལ་རི་བོང་གི་རྭ་ཡི་དབྱིབས་ལེགས་ཉེས་ལ་བལྟ་བ་དང་མཚུངས་པས་དོན་འབྲས་ཀྱིས་སྟོང་པ་མ་ཟད། ཆོས་རྗེ་ས་པཎ་གྱིས། ཁྱི་རྒན་ཡ་རྐན་ཕུག་པའི་ཁྲག རུས་པའི་བཅུད་དུ་སྒོམ་སྟེ་འཆའ། ཞེས་གསུངས་པ་ལྟར་མུ་མཐུད་རྒྱུན་གནས་སུ་འགྲོ་རྒྱུར་གོར་མ་ཆགས། མཐའ་སྡོམ། སློབ་དཔོན་ཟླ་བས། གལ་ཏེ་དེ་ཉིད་རྣམ་པར་དཔྱད་པ་ན། གཞན་གཞུང་འཇིག་པར་གྱུར་ལ་ཉེས་པ་མེད། ཅེས་གསུངས་པ་དེ་ངའི་ཡིད་ལམ་དུ་རྟག་ཏུ་འཆར་བར་ངེས་པས། བགྲོ་གླེང་བྱ་ཡུལ་རྟོག་དཔྱོད་ཀྱི་རང་བཞིན་དང་ལྡན་པ་ཞིག་མ་བྱུང་བར་མཚམས་འཇོག་བྱེད་རྒྱུ་ཡིན། བཀྲ་ཤིས་བདེ་ལེགས།
འབྲོང་བུ་སོན་ཚ། “ མ་མཐོང་ཕྱིར་ན་མེད་འཛིན་པ།།ཁྲོམ་པར་ཞེན་པའི་རྐྱལ་རྩལ་ཅན།། དགོང་སྔོན་མཐའ་ཡི་རྒྱུས་གཏམ་གྱིས།། དྲན་པ་འཐོར་བའི་བྱུང་བ་ཡོད།” འདི་བཞེས་རོགས། བདེན་གཏམ་དང་དོན་དངོས་ཀྱིས་དབུལ་ཞིང་ཚོད་ཚོད་ལ་གོང་ས་མཆོག་ལ་ཟུར་ཟ་མཁན་ཚོར་སྐད་ཆ་དེ་ཙམ་བཤད་འདོད་མི་འདུག ག་ལེ་འགྲོ་རོགས་གནང། ངའི་ཕྱོགས་ནས། རྒྱུགས།
དྲ་གྲོགས་རྙིང་པ་བློ་གྲོས་ལགས་སླར་ཡང་ཕེབས་འདུག་གའ་། ད་དུང་ཀློག་ལོང་བྱུང་མ་སོང་། བཀླགས་རྗེས་སུ་དེའི་ལན་དུ་བདག་ལ་བཤད་རྒྱུ་མང་དག་ཅིག་ཡོད་ངེས། ཧ་ཧ་ཧ། ད་ལན་རང་གི་འོས་མིའི་ཆེ་བ་བརྗོད་པ་མིན་པར་གཞན་གྱི་འོས་མིའི་ཆུང་བ་བརྗོད་ཡོད་ཚོད་འདུག ད་ལྟའི་སྐབས་སུ་ང་ཚོའི་སྤྱི་ཚོགས་ལ་ད་དུང་འདི་འདྲ་འབྲི་བའི་དུས་ཚོད་ལེགས་པོ་ཞིག་སྨིན་མི་འདུག་གའ་།
ཨ་མཆོག་ལགས། ངས་ཉིད་ཤེས་མ་སོང་ལགས། གསུང་ཡ་ཡོད་ན་གསུང་དང་།
སྤེན་པ་ཚེ་རིང་ལགས་ཀྱིས། མཆོད་ཆང་བཅད་པའི་སྐོར།
chrome-error://chromewebdata
སྐལ་རྡོར་གྱི་བོད་མི་སྒྲིག་འཛུགས་digitise དེང་དུས་ཅན་དུ་སྒྱུར་རྒྱུ་ཟེར་བ་གད་མོ་ཤོར་གི་འདུག།དཔལ་འབྱོར་ལས་ཁུངས་ལ་སྡད་ཤུལ་རིང་blue book དེ་digitise བྱེད་ཡ་ཡིན་ལབ་ནས་མཐའ་མ་དེ་གང་ཡང་སྟོན་ཡ་མེད་པར་ཕྱིན་སོང་།ལྔ་དང་ལྔ་ཅུ་ཟེར་ནས་སྔོན་རྩིས་ནས་འབུམ་བརྒྱ་རེ་ཚོགས་འདུ་རེ་ལ་བེད་སྤྱད་ནས་གྲུབ་འབྲས་གང་ཡང་བྱུང་བ་སོང་།མཐའ་མ་གྲོས་ཚོགས་ནས་ལྔ་དང་ལྔ་ཅུའི་དྲིས་བ་མང་པོ་སླེབས་པས་དེ་ལ་མགོ་སྐོར་གཏོང་ཆེད་རྒྱ་གར་སྐྱེས་མེད་ཞིག་ཕྲིད་ཡོང་ནས་follow up ཟེར་ནས་ཟླ་རེ་གླ་སྟོང་༦༠་ཙམ་སྤྲད་པ་མ་ཟད་་སྐྱེས་མེད་དེ་བདུན་རེ་ལས་ཁུངས་ལ་ཐེངས་གཉིས་ཙམ་མ་གཏོགས་ཡོང་དགོས་མེད་གསལ་གོ།དངོས་ནས་ལས་ཀ་བྱེ་སྟང་ཚང་མ་སྐྱུག་འགྲོ་ཡ་རེད།ད་ཁོང་གི་ལས་ངན་གཟོགས་པའི་ལེའུ་རྫོགས་ཡོད་པའི་རེ་བ་ཡོད།ཡང་སྐྱར་དེ་འདྲའི་མི་ཞིག་མི་དགོས་པའི་ཐུགས་བསམས་བཞེས།
གོ་ཐོས་ལ་སྲིད་སྐྱོང་དང་ཁོང་གཉིས་ཀྱི་ཨ་སྒོར་ས་ཡ་1.5་དེ་རྩིས་ཁྲ་ནས་མེད་པར་ནག་ཟུབ་གཏོང་ཆེད་རྩིས་ཞིབ་འགན་འཛིན་ཟུར་པ་མགོན་པོ་ལགས་ལ་ཡང་གནོན་ཤུགས་གང་མང་སྤྲད་འདུག།་ད་དུང་TCD ཞེས་པའི་ཚོགས་པ་ཨ་རི་ཡོད་པ་དེ་སྐལ་རྡོར་གྱི་མིང་ཐོག་ལ་དེབ་སྐྱེལ་བྱེད་ནས་མ་འོངས་བར་ཨ་རི་གཞུང་གི་རོགས་དངུལ་ཚང་མ་ཚོགས་པ་དེ་ལ་ཁ་སྒྱུར་ནས་བོད་མི་སྒྲིགས་འཛུགས་ལ་གཏོང་ཡ་ཡི་ཇུས་ངན་སྔ་མོ་ནས་བཤམས་ཚར་ཡོད་རེད།
སྲིད་སྐྱོང་།
བློ་སེང་དང་སྐལ་རྡོར་ད་འགྲིགས་སོང་ངོ་། །
ཨ་རི་ནས་མི་དགོས་རྒྱ་གར་ནས་དགོས། །
འོས་མི་རུ་འོས་ཚད་ད་ལན་བཞུགས་རོགས། །
ད་ལན་འདིར་སྤེན་ཚེ་སྲིད་སྐྱོང་འཁོད་དགོས། །
འོས་འསྡུ་ཉེར་གཅིག་སྤེན་ཚེ་རྒྱལ། །
སྒྲོལ་མ་ཉེར་གཅིག་ད་སྐྱོངས་ཤིག །
ཉེར་གཅིག་སྲིད་སྐྱོང་སྤེན་ཚེ་ཕྱིར། །
ངས་ཀྱང་སྒྲོལ་མ་ཉེར་གཅིག་འདོན། །
སྤེན་ཚེ་ཞྭ་ནག་བཀོན་པ་དེ། །
ད་ལྟ་མི་དཀར་མི་བཟང་ཞིག །
སྤེན་ཚེ་ཁྲིམས་ཐོག་རྒྱལ་བ་དེ། །
བཙན་འབྱོལ་སྒྲིག་འཛུགས་རྒྱལ་བ་རེད། །
ད་དུང་སྤེན་ཚེ་ཆང་རག་སྤངས། །
སྤེན་ཚེ་སེམས་ཤུགས་མ་ཆག་པར། །
ད་ལན་ཡང་བསྐྱར་སྲིད་སྐྱོང་ལངས། །
འོས་མི་སྤེན་ཚེ་སྲིད་སྐྱོང་འོས། །