སྲིད་སྐྱོང་འོས་མིར་བཞེངས་མཁན་ལྔ། Posted on 2015-10-152015-10-15 By ཁ་བརྡ 9 Comments on སྲིད་སྐྱོང་འོས་མིར་བཞེངས་མཁན་ལྔ། གློག་བརྙན་།
རང་རེའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་སྲིད་སྐྱོང་འོས་མིར་བཞེངས་མཁན་མང་དྲག་འདུག ཨ་རི་ལྟ་བུ་ལ་མི་གྲངས་ས་ཡ་སུམ་བརྒྱ་ལྷག་ཡོད་པ་རེད་དེ། སྲིད་འཛིན་འོས་མིར་ལངས་མཁན་གསུམ་བཞི་ལས་མི་འདུག དེ་གང་ཡིན་ནམ། ཧ་གོ་བར་གྱིས། བསམ་གཞིགས་ལེགས་པོ་བྱོས། །
སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་མེད་པ་དང་ཀླུ་མཁར་བྱམས་ལ་ངོ་རྒོལ་བྱས་པ་དེ། མི་མང་གིས་དྲང་པོ་བྱས་མ་སོང་ཟེར་བ་རེད་ཅེས་བརྗོད་སོང་། ༼བློ་བཟང་སེང་གེ་ངེད་གཉིས་བར་ཁྱད་པར་ལྔ་ཡོད།༽ བོད་ཀྱི་དུས་བབ། ༡༥:༥༠ རིག་པ། (༠) ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥།༠༠ སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ། སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོང་གཉིས་ལ་ཁྱད་པར་ལྔ་ཡོད་ཅེས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་བ་དང་། དྷ་ས་ཁུལ་གྱི་འོས་བསྡུར་དོ་སྣང་ཅན་སོགས་མི་གྲངས་ ༢༠ ལྷག་འཛོམས་འདུག unnamedགསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་རང་ཉིད་ངོ་སྤྲོད་གནང་སྐབས། སྔོན་མ་ང་རང་ངོ་སྤྲོད་ཞུས་ཟིན་ཡོད་ཀྱང་། མི་མང་པོར་མ་གསལ་བ་བྱུང་ཡོད་རྒྱུ་རེད། ངའི་ལོ་རྒྱུས་ནང་རང་ལོ་ ༡༦ བར་དུ་ལུག་རྫིར་ཕྱིན་བསྡད་པ་དང་དེ་ནས་དམག་མིའི་ནང་ལོ་ ༡༤ སོང་བ་ཡིན། ད་ལྟ་ང་རང་ལོ་ ༥༠ བསླེབས་ཡོད་ཀྱང་མི་མང་པོ་ཞིག་གིས་ད་དུང་ལུག་རྫི་ལབ་སྡོད་ཡོད་པ་རེད། ཐོག་མར་ངས་གསར་འགོད་གསལ་བསྒྲགས་བྱས་སྐབས་ལུག་རྫི་རེད་ཅེས་ཧ་ལས་མཁན་མང་པོ་ཞེ་དྲགས་བྱུང་སོང་། དེ་བཞིན་ལུག་རྫིའི་ཚིག་དེ་རྩ་ཆེན་པོ་རེད་ལབ་མཁན་ཡང་མང་པོ་ཞེ་དྲགས་བྱུང་སོང་། རྩ་ཆེན་པོ་རེད་ཟེར་མཁན་ཚོས་༧སྐྱབས་མགོན་རིན་པོ་ཆེ་ཡིས་གནང་པའི་དམངས་གཙོ་དེར་རྒྱ་ནག་གིས་ད་ལྟའི་བར་དུ་འགྲིག་མ་འགྲིག་གི་སྐད་ཆ་མང་པོ་བཤད་ཡོད་པ་རེད། དེའི་རྗེས་སུ་བློ་བཟང་སེང་གེ་སྲིད་སྐྱོང་བདམས་པ་དང་རྒྱ་ནག་གིས་བཤད་རྒྱུ་མེད་པར་ཆགས་པ་རེད། ཡིན་ཡང་ད་རེས་ལུག་རྫི་ཞིག་ཡར་ལང་དུས་དམངས་གཙོ་ངོ་སྤྲོད་བྱུང་བསྡད་པ་ཞིག་ཆགས་ཡོད་པ་དང་། དེར་རྒྱ་ནག་གིས་ག་རེ་ཡིན་མིན་འདྲི་དགོས་པ་དང་ང་ཚོས་ལན་རྒྱག་པའི་གནས་ཚུལ་ཞིག་བྱུང་ཡོད་ཀྱང་དེ་ལྟར་བྱུང་མེད་པ་མ་ཟད། སྐྱོན་བརྗོད་དེའི་སྒོ་བརྒྱབ་པ་ལྟ་བུ་ཞིག་ཆགས་ཡོད་སྟབས་ལུག་རྫི་ཡི་ཚིག་དེ་རྩ་ཆེན་པོ་ཞེ་དྲགས་བྱུང་སོང་ཟེར་མཁན་འདུག ང་རང་ལོ་ ༣༠ ནས་ ༥༠ བར་ག་འདྲ་བྱས་ནས་བསླེབས་པ་རེད་ཅེ་ན། ལོ་ ༢༠ དེ་འགན་ཁུར་ཆེན་པོ་ཞེ་དྲགས་ཡིན་ཡང་ལོ་ ༢༠ ཡོངས་རྫོགས་ལ་ངས་ཆབ་སྲིད་ཀྱི་འགན་ཁུར་བ་དང་བོད་སྤྱི་བའི་དོན་ལ་ལས་ཀ་བྱས་པ་ཡིན་ཟེར་ན་བདེན་པའི་སྐད་ཆ་མིན་ཡང་། ངས་གང་ལ་གང་ཙམ་ཞིག་བྱས་ཡོད། ཕྱི་ལོ་ ༢༠༠༣ ལོ་ནས་ཟམ་གདོང་རིན་པོ་ཆེའི་མདུན་ལ་བཅར་བ་དང་། དེ་བཞིན་རྒྱ་རི་སྒྲོལ་མ་ལགས་བཀའ་བློན་ཁྲི་པར་ལངས་པ་དང་ངས་རྒྱ་མཚོའི་ཆུ་ཐིགས་ཀྱི་ལས་འགུལ་སྤེལ་པ་དང་ལས་ཀ་བྱེད་དགོས་པ་སོགས་འགན་ཁུར་ཆེན་པའི་ཐོག་ནས་ལས་ཀ་བྱས་པ་ཡིན། ཞེས་སོགས་བརྗོད་སོང་། ཡང་ཁོང་གིས་གསར་འགོད་གསལ་བསྒྲགས་སྐོར་ལ། གསར་འགོད་གསལ་བསྒྲགས་བྱེད་པ་འདི་སྲིད་སྐྱོང་བློ་བཟང་སེང་གེ་དང་ངེད་གཉིས་བར་ལ་ཁྱད་པར་ཆེན་པོ་ལྔ་ཞེས་པའི་སྟེང་ནས་བྱས་པ་ཡིན། ༡༽ བློ་བཟང་སེང་གེ་རྒྱབ་ལྗོངས་ཡོད་པའི་ཧྭ་ཝོར་ཌི་ནས་རེད། ང་རྒྱབ་ལྗོངས་མེད་པའི་བྱང་ཐང་ནས་རེད། ༢༽ང་ལ་སྐྱེས་སྟོབས་ཀྱི་ཡོན་ཏན་ཡོད་པ་དང་ཁོ་ལ་སྦྱོང་སྟོབས་ཀྱི་ཡོན་ཏན་ཡོད་པ་རེད། ༣༽ངས་རྒྱལ་རབས་ལོ་རྒྱུས་བཟོ་རྒྱུ་ཟེར་བ་བཞིན་བཟོ་ཡི་ཡིན། ཁོ་རང་ལ་རྒྱལ་རབས་ལོ་རྒྱུས་བཤད་པའི་ནུས་པ་དང་ཆ་རྐྱེན་ཡོད་བསྡད་པ་རེད། ༤༽ཤེས་ཡོན་ཡར་རྒྱས་གཏོང་དགོས་པའི་གོ་སྐབས་སྟེང་། ཁོ་རང་གིས་ང་ཚོའི་དགེ་རྒན་སྐྱོ་བོ་ཡོད་པའི་ཚོར་སྣང་བྱུང་སྟབས། དགེ་རྒན་ཚོར་ཟབ་སྦྱོང་རབ་དང་རིམ་པ་སྤྲད་པ་རེད། ངའི་ཚོར་སྣང་ལ་ང་ཚོའི་དགེ་རྒན་དེ་ཚོ་འཛམ་གླིང་གི་དགེ་རྒན་ཡག་ཤོས་ཡིན་པའི་ཚོར་སྣང་ཡོད། ༥༽ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་དེ་ཁོ་རང་གི་ལྟ་གྲུབ་རེད། ངས་ལག་བསྟར་བྱེད་ཐུབ་ཀྱི་ཡོད། ངས་བྱ་རྒྱུ་ཡིན། དེ་ངེད་གཉིས་ཀྱི་ཁྱད་པར་ལྔ་རེད། ཁྱད་པར་ལྔ་དེར་བསྒྲུབ་དགོས་པ་དང་པོ་༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་གསུང་ཅི་སྒྲུབ་བྱེད་མཁན་གྱི་མི་ཞིག་དགོས་ཀྱི་ཡོད་ཀྱང་། ༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་གསུང་ཅི་སྒྲུབ་དང་དད་པ། ལྷག་བསམ་རྣམ་དག་བྱེད་མཁན་བརྒྱ་ཆའི་ལྔ་བཅུ་མ་གཏོགས་མེད་སྟབས། བརྒྱ་ཆའི་ལྔ་བཅུ་ལ་ངས་ལབ་དགོས་ཀྱི་འདུག་བསམ་སྟེ་ལབ་པ་ཡིན། དཔེར་ན་ངའི་ཕྲུ་གུ་རེད། སྔོན་མ་དབྱིན་ཇིའི་སློབ་གྲྭར་བཏང་མྱོང་ཡོད། ད་ལྟ་བོད་ཁྱིམ་ལ་གཏོང་གི་ཡོད། དེའི་འགྲོ་སོང་ཚང་མ་ངས་གཏོང་གི་ཡོད་སྟབས། ཁོ་ཚོས་ག་རེ་དྲན་གྱི་འདུག་ཅེ་ན་མཐུན་རྐྱེན་ཚང་མ་ཕ་མས་སྤྲོད་ཀྱི་འདུག ༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་དྲིན་ག་རེ་ཡིན་ནམ་ཟེར་བ་དང་། དུས་འཁོར་དབང་ཆེན་ངས་ཞུས་ཡིན་ཟེར་བ་དེ་འདྲ་ཞིག་མིན་ནམ་བསམ་པའི་ཚོར་སྣང་ཞིག་ཡོང་གི་འདུག དེར་ངས་འགྲེལ་བཤད་ག་རེ་རྒྱག་གི་ཡོད་ལབ་ན། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་དེ་མི་ཐོག་མང་པོར་ཡོད་པ་རེད། དང་པོ་ང་ཚོའི་ཕ་མ་འདིར་ཡོང་དུས་ཁོ་ཚོར་ཟ་ས་སྡོད་ས་ཚང་མ་གྲ་སྒྲིག་གནང་ཡོད་པ་རེད། དེ་ནས་ང་ཚོའི་མི་ཐོག་གམ་མི་ཐོག་གཉིས་པར་སློབ་སྦྱོང་བྱས་ཐུབ་མ་ཐུབ་དང་། བྱས་ཤེས་མ་ཤེས་རེད་མ་གཏོགས་སློབ་སྦྱོང་ག་ཚོད་བྱས་ནའང་གོ་སྐབས་བྱུང་ཡོད་པ་རེད། མི་ཐོག་གསུམ་པ་ངའི་ཕྲུ་གུ་ཚོར་ངས་སློབ་གྲྭའི་འགྲོ་སོང་གཏོང་ཐུབ་པ་དེ་༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་གྱིས་ག་རེ་བྱེད་ཐུབ་ཐུབ་ཡིན་སྟབས། ངས་ཁྱེད་རང་ཚོར་འགྲོ་སོང་གཏོང་ཐུབ་ཀྱི་ཡོད་པ་རེད། གལ་སྲིད་ངས་འགྲོ་སོང་གཏོང་མ་ཐུབ་པའི་ཉིན་མོ་དེར་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་ཁྱེད་རང་ཚོ་དངུལ་སྤྲོད་མ་དགོས་པར་སློབ་གྲྭ་འགྲོ་ས་ཡོད་པ་རེད། དེ་བཞིན་ངས་ཕྲུ་གུ་ཚོར། ཁྱེད་རང་ཚོས་སློབ་སྦྱོང་བྱས་ན་ཡག་པོ་ཡོད་པ་རེད། དེ་ཁྱེད་རང་ཚོའི་མི་ཚེ་རེད། ཁྱེད་རང་ཚོར་ཕན་ཐོགས་ཀྱི་རེད། ང་ཚོས་རེ་བ་བྱ་དགོས་པ་གང་ཡང་མེད། ང་ཚོར་༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་ལ་རྒན་གསོ་ཁང་ནང་འཛུལ་ཆོག་ཆོག་ཡིན་ཟེར་ནས་རྫིག་གཏམ་བཤད་ས་ཞིག་ཀྱང་ཡོད་པ་རེད། དེ་༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་རེད་ཅེས་ངོ་སྤྲོད་ཞུ་རྒྱུ་གལ་ཆེན་པོ་རེད། ད་ལྟ་༧སྐྱབས་མགོན་རིན་པོ་ཆེ་ཡི་ལྡོག་ཕྱོགས་ལ་ལས་ཀ་བྱེད་མཁན་དེ་ཚོར་རྒྱབ་སྐྱོར་ཤུགས་ཆེན་པོ་རག་གི་ཡོད་པ་རེད། དེ་སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་ངོ་སྤྲོད་མ་བྱུང་པའི་རྒྱུ་རྐྱེན་ཐོག་ནས་བྱུང་བསྡད་འདུག་བསམ་གྱི་ཡོད། ཅེས་དང་། ཁོང་གིས་མུ་མཐུད་དུ། དེ་རིང་ངས་གང་ཟག་ལ་ངོ་རྒོལ་བྱེད་ཀྱི་མེད། དོན་ལ་ངོ་རྒོལ་བྱེད་ཀྱི་ཡོད། སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་རང་བཙན་ལྟ་བུའི་ཐོག་ལངས་པ་རེད། ཡག་པོ་ཞེ་དྲགས་རེད། ཁོ་རང་མཁས་དབང་རེད། བོད་ཡིག་དང་རྒྱ་ཡིག་ཡག་པོ་ཞེ་དྲགས་ཡོད་པ་རེད། ང་ལས་ཞེ་དྲགས་ཀྱི་ཚད་མཐོ་བོ་རེད། དེ་བཞིན་ཆབ་སྲིད་ཀྱི་གནས་ཚད་མཐོ་བོ་རེད། ཡིན་ཡང་ཁོང་གིས་ག་རེ་ལབ་ཀྱི་འདུག་ཅེ་ན། ངས་ཆོས་ཁས་ལེན་གྱི་མེད་ཟེར་གྱི་ཡོད་པ་རེད། ང་ཚོའི་༧སྐྱབས་མགོན་རིན་པོ་ཆེ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཟེར་གྱི་ཡོད་པ་རེད། དེའི་སློབ་མ་ང་ཚོ་རེད། ང་ཚོར་ཆོས་མེད་མཁན་ཞིག་དང་ཆོས་ལ་ཁས་མི་ལེན་མཁན་གྱི་དབུ་ཁྲིད་ཞིག་དགོས་ཀྱི་ཡོད་པ་མ་རེད། དེ་ངས་གསལ་བོ་ལབ་ཀྱི་ཡོད། ཁོ་སྒེར་གྱིས་ཆོས་བྱེད་ཀྱི་ཡོད་མེད་ང་ལ་ཁྱད་པར་མེད། དེ་ཁོ་རང་སྒེར་རེད། ཁོ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱུང་བ་དེ་དག་ ༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་ངོ་མ་འཕྲོད་པར་བརྟེན་རྒྱབ་སྐྱོར་ཡོང་གི་ཡོད་པ་གསལ་བོ་རེད། དེ་ང་ཚོའི་མཛད་གཙོ་རྣམ་པ་དང་ཕ་མ། ལོ་རྒན་པ་ཚང་མས་ལོ་ཆུང་ཚོར་༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་དྲིན་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་ཆགས་འདུག ཅེས་བརྗོད་སོང་། མང་ཚོགས་ཀྱིས་དྲང་བདེན་བྱེད་ཀྱི་མེད་པའི་སྐོར་ལ་ཁོང་གིས། ང་ཚོའི་མི་ཡིས་ཁྱད་པར་ཆེན་པོ་ཞེ་དྲགས་རྩི་བཞིན་འདུག མི་ཁ་ཤས་ཀྱིས་བྱས་པ་འགྲིག་ཀྱང་དེ་མི་གཞན་གྱིས་བྱས་ན་མ་འགྲིག་པ། མི་ཁ་ཤས་ཀྱིས་བཤད་ན་འགྲིག་པ་དེ་མི་གཞན་ཁ་ཤས་ཀྱིས་བཤད་ན་མ་འགྲིག་པ། དཔེར་ན། ཀླུ་མཁར་བྱམས་ཀྱིས་༧སྐྱབས་མགོན་རིན་པོ་ཆེར་བླ་རྒན་ལབ་ཡོད་པ་རེད། དེ་ང་ལ་ཡང་བདེ་བོ་བྱུང་མ་སོང་། མི་མང་པོར་བདེ་བོ་བྱུང་ཡོད་པ་མ་རེད། དེ་བཞིན་ངོ་རྒོལ་ཡང་ཤུགས་ཆེན་པོ་བྱུང་ཡོད་པ་རེད། ཡིན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ ༢༠༠༣ ལོར་བཀའ་བློན་ཁྲི་པ་མ་ཆགས་སྔོན་ལ་དམངས་གཙོའི་ངོ་སྤྲོད་ཀྱི་རྩོམ་ཡིག་ཅིག་བྲིས་འདུག དེའི་ནང་ལ་ཏཱ་ལའི་བླ་མ་མ་གཏོགས་༧སྐྱབས་མགོན་ཏཱ་ལའི་བླ་མ་ (His Holiness the Dalai Lama) ཞེས་ཚིག་གཅིག་ཀྱང་བྲིས་མེད་པ་མ་ཟད། དེའི་ནང་བླ་མ་དཀྱུས་མ་ཞིག་བྱས་ནས་ཡིག་ཐོག་ལ་བཀོད་འདུག དེ་དང་བླ་རྒན་ཟེར་བ་གཉིས་ལས་ང་ལ་བླ་རྒན་ཟེར་བ་དེ་ཏོག་ཙམ་སྙན་པོ་ཡོད་པ་ལྟ་བུ་ཞིག་བྱུང་། སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་མེད་པ་དང་ཀླུ་མཁར་བྱམས་ལ་ངོ་རྒོལ་བྱས་པ་དེ། མི་མང་གིས་དྲང་པོ་བྱས་མ་སོང་ཟེར་བ་ཡིན། ད་ལྟ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་འགྲོ་ཡི་ཡོད་ཟེར་གྱི་ཡོད་ཀྱང་། དེའི་སྐབས་སུ་ག་རེ་ཡིན་ནམ་བསམ་པ་ཞིག་ཡོང་གི་འདུག ཚིག་དེ་བྲིས་པའི་སྐབས་སུ་དགོངས་པ་ག་རེ་བཞེས་ཀྱི་ཡོད་དམ། ༧སྐྱབས་མགོན་རིན་པོ་ཆེར་ཆེ་མཐོང་ག་ཚོད་ཡོད་མེད་གསལ་བོ་གསལ་རྐྱང་རེད་འདུག དེའི་དཔང་རྟགས་ཡིག་ཆ་འདིར་ཡོད། ༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་དྲིན་ངོ་སྤྲོད་ཡག་པོ་ཤེས་དགོས་པ་དང་དེར་འགན་ཁུར་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད་འདུག ཅེས་སོགས་བརྗོད་སོང་། མཇུག་ཏུ་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། གསར་འགོད་པ་ཞིག་གིས་ཁྱེད་རང་གིས་རྒྱ་གར་གཞུང་དང་ཕྱི་རྒྱལ་ཁག་ལ་འབྲེལ་བ་བྱ་སྟངས་སྐོར་གང་ཡང་གསུངས་མ་སོང་དེའི་སྐོར་ཏོག་ཙམ་གསུང་རོགས་ཞེས་པར་ཁོང་གིས། དེ་ཁ་སང་ངས་བཀའ་བློན་ ༧ བསྐོས་ཡོད། བཀའ་བློན་ཚང་མས་ལས་ཀ་ག་རེ་བྱ་དགོས་མིན་དེ་རེད། ངའི་ལས་ཀ་ང་ཚོའི་ནང་ལ་དཀའ་ངལ་ག་རེ་ཡོད་པ་དེ་སེལ་ཐབས་བྱ་དགོས་པ་དང་། ང་ཚོའི་ནང་ཞིབ་ཕྲ་བྱས་ནས་འགན་ཁུར་རྒྱུ་དེ་རེད། ཕྱི་ལོགས་སུ་འབྲེལ་བ་བྱ་རྒྱུ་དེ་ངས་བཀའ་བློན་སོ་སོའི་ལས་འགན་དུ་སྤྲད་ཡོད་པ་རེད། ཅེས་བརྗོད་སོང་། གསར་འགོད་པ་ཞིག་གིས་ད་ལྟའི་སྲིད་སྐྱོང་གིས་ངས་ཁང་པ་ཐོག་རྩེག་ཅིག་བརྒྱབ་ཡོད། དེའི་སྒང་ལ་ཐོག་རྩེག་གཉིས་གསུམ་ག་ཚོད་བརྒྱབ་པ་ཡིན་ན་རྒྱག་ཆོག་ཆོག་ཡིན་གསུངས་ཡོད་པ་དང་། ཁོ་རང་གིས་གསུངས་པའི་ནང་དེ་སྔོན་གང་ཡང་བྱས་མེད་པ་དང་སྒྲོམ་གཞི་དེ་ད་ལྟའི་སྲིད་སྐྱོང་གིས་བཏིང་ཡོད་པ་ཞིག་གོ་ཡི་འདུག དེར་བརྟེན་ཁྱེད་རང་གིས་ཁང་པ་འདྲ་བོ་ཞིག་བརྒྱབ་པ་ཡིན་ན་ཁང་པའི་སྒྲོམ་གཞི་ལོགས་སུ་གསར་པ་རྒྱག་གི་ཡིན་ནམ། ཡང་ན་བློ་བཟང་སེང་གེའི་ཁང་པ་དེའི་སྟེང་ལ་ཐོག་རྩེག་རྒྱག་གི་ཡིན། ཞེས་དྲིས་པར་ཁོང་གིས། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་གཙོ་བོ་གནང་སྟེ། ད་ལྟའི་བར་བཀའ་བློན་ཁྲི་པ་རབ་དང་རིམ་པ་བྱུང་པ་དེ་ཚོས་སྐུ་ངལ་བརྒྱབ་ནས་ཁྲ་ལམ་མེར་ཞིག་ཆགས་ཡོད་པ་རེད་མ་གཏོགས། སྲིད་སྐྱོང་བློ་བཟང་སེང་གེས་ཁང་པ་ཕར་ཞོག་རྨང་གཞི་ཡང་བཏིང་ཡོད་ན་མེད་ན་དྲན་གྱི་འདུག ཁོས་རྨང་གཞི་ཡག་པོ་བཏིང་ཡོད་པ་ངས་མཐོང་ན་ང་ལང་གི་མ་རེད། ལང་དགོས་ཀྱི་ཡོད་པ་མ་རེད། ངས་སུ་ལ་དགྲ་བཟོ་ཡི་མ་རེད། འགྲིག་གི་ཡོད་ན་འགྲིག་འདུག བོད་སྤྱི་པའི་རྩ་དོན་ལ་ཕན་ཐོགས་བྱུང་ན་སྐྱོན་བཙལ་བ་ཕར་ཞོག ངས་ཐུགས་རྗེ་ཆེ་ཞེས་ལག་ལ་ཁ་བཏགས་བཟུང་ནས་འགྲོ་ཡི་རེད། ཅེས་བརྗོད་སོང་། གསར་འགོད་པ། འཇིགས་མེད་རྒྱ་མཚོ།
ལུག་རྫི་བཀྲ་ཤིས་སྟོབས་རྒྱལ་ལགས་བཀའ་ཁྲི་ལ་ལངས་པ་དེ་ནི་བོད་མི་ས་ཡ་དྲུག་ལ་མཐོང་ཆུང་དང་། ཁྱད་བསད་མིན་ནམ་ཅི་རེད། ཁོང་གི་སྐད་ལ་ཉན་དང་དགོད་བྲོ་བ་རྐྱང་རེད།
ཅི་གང་མི་ལོ་བ་གསུམ་དང་། ཅི་ཐུབ་ལ་འབད་མཁན་གཉིས། མགོ་ན་བྱ་ལྟར་ལྡིང་བ་གཉིས། འོག་ན་ཁྱི་ལྟར་ཟུག་པ་གསུམ། ཧཧཧ།
ཀླུ་བྱམས་ལགས། ད་ལྟའི་ཁོ་རང་གི་ལས་ཀ་རག་ས་དེ་དབུ་མའི་ལམ་པ་རེད། ལས་ཀ་དེ་མ་བཞག་གོང་ལ། རང་བཙན་ལྟ་བ་བཟུང་ནས་སྲིད་སྐྱོང་ལངས་པ་དེ། མི་དེ་ཡི་ད་ལྟའི་ཞབས་འདྲེན་ཆེ་ཤོས་དེ་རེད་སྙམ་མོ།།
བོད་གཞིས་བྱེས་མི་མངས་དང་། ༸གོང་ས་༸སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་དགའ་མཁན་ཅིག་ཡིན་ན། ཀླུ་བྱམས་ལ་འོས་ནམ་ཡང་བླུགས་མི་ཉན་ནོ།།
བོད་མི་རིགས་ལ་མི་འདི་ལྔ་ལས་གཞན་མེད་པ་ཡིན་ནམ་ཧཧཧཧཧཧཧཧ ཁོ་རང་ཚོའི་འགྲོ་སྟངས་མ་ཤེས་ནས་གཞན་གྱི་གླ་ཕོག་ལ་བརྟེན་ནས་འཚོ་བ་བསྐྱེལ་མཁན་ལ་རྟེན་བོད་མིའི་སྲིད་སྐྱོང་ལ་ལང་པ་དེ་ཧམ་ཆེན་མ་རེད་དམ་། བོད་མིའི་བསོད་ནམས་ཟད་པའི་རྟགས་།
མདོ་ཏིང་ངེ་འཛིན་རྒྱལ་པོ་ལས། རྟག་ཏུ་སློབ་དཔོན་དང་ནི་ཕ་མ་དང་། །དེ་བཞིན་འགྲོ་བ་ཀུན་ལ་གུས་པར་གྱིས། ། ང་རྒྱལ་དག་གི་དབང་དུ་མ་འགྲོ་ཞིག ། སུམ་ཅུ་རྩ་གཉིས་མཚན་རྣམམས་ཐོབ་པར་འགྱུར། །
རང་རེའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་དུ་སྲིད་སྐྱོང་འོས་མིར་བཞེངས་མཁན་མང་དྲག་འདུག ཨ་རི་ལྟ་བུ་ལ་མི་གྲངས་ས་ཡ་སུམ་བརྒྱ་ལྷག་ཡོད་པ་རེད་དེ། སྲིད་འཛིན་འོས་མིར་ལངས་མཁན་གསུམ་བཞི་ལས་མི་འདུག དེ་གང་ཡིན་ནམ། ཧ་གོ་བར་གྱིས། བསམ་གཞིགས་ལེགས་པོ་བྱོས། །
སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་མེད་པ་དང་ཀླུ་མཁར་བྱམས་ལ་ངོ་རྒོལ་བྱས་པ་དེ། མི་མང་གིས་དྲང་པོ་བྱས་མ་སོང་ཟེར་བ་རེད་ཅེས་བརྗོད་སོང་།
༼བློ་བཟང་སེང་གེ་ངེད་གཉིས་བར་ཁྱད་པར་ལྔ་ཡོད།༽
བོད་ཀྱི་དུས་བབ། ༡༥:༥༠ རིག་པ། (༠)
ཁ་སང་ཕྱི་དྲོའི་ཆུ་ཚོད་ ༥།༠༠ སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ། སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་སྲིད་སྐྱོང་བློ་བཟང་སེང་གེ་དང་ཁོང་གཉིས་ལ་ཁྱད་པར་ལྔ་ཡོད་ཅེས་གསར་འགོད་ལྷན་ཚོགས་ཤིག་བསྐོངས་སོང་བ་དང་། དྷ་ས་ཁུལ་གྱི་འོས་བསྡུར་དོ་སྣང་ཅན་སོགས་མི་གྲངས་ ༢༠ ལྷག་འཛོམས་འདུག
unnamedགསར་འགོད་གསལ་བསྒྲགས་ཐོག་སྲིད་སྐྱོང་འོས་མི་བཀྲ་ཤིས་སྟོབས་རྒྱལ་གྱིས་རང་ཉིད་ངོ་སྤྲོད་གནང་སྐབས། སྔོན་མ་ང་རང་ངོ་སྤྲོད་ཞུས་ཟིན་ཡོད་ཀྱང་། མི་མང་པོར་མ་གསལ་བ་བྱུང་ཡོད་རྒྱུ་རེད། ངའི་ལོ་རྒྱུས་ནང་རང་ལོ་ ༡༦ བར་དུ་ལུག་རྫིར་ཕྱིན་བསྡད་པ་དང་དེ་ནས་དམག་མིའི་ནང་ལོ་ ༡༤ སོང་བ་ཡིན། ད་ལྟ་ང་རང་ལོ་ ༥༠ བསླེབས་ཡོད་ཀྱང་མི་མང་པོ་ཞིག་གིས་ད་དུང་ལུག་རྫི་ལབ་སྡོད་ཡོད་པ་རེད། ཐོག་མར་ངས་གསར་འགོད་གསལ་བསྒྲགས་བྱས་སྐབས་ལུག་རྫི་རེད་ཅེས་ཧ་ལས་མཁན་མང་པོ་ཞེ་དྲགས་བྱུང་སོང་། དེ་བཞིན་ལུག་རྫིའི་ཚིག་དེ་རྩ་ཆེན་པོ་རེད་ལབ་མཁན་ཡང་མང་པོ་ཞེ་དྲགས་བྱུང་སོང་། རྩ་ཆེན་པོ་རེད་ཟེར་མཁན་ཚོས་༧སྐྱབས་མགོན་རིན་པོ་ཆེ་ཡིས་གནང་པའི་དམངས་གཙོ་དེར་རྒྱ་ནག་གིས་ད་ལྟའི་བར་དུ་འགྲིག་མ་འགྲིག་གི་སྐད་ཆ་མང་པོ་བཤད་ཡོད་པ་རེད། དེའི་རྗེས་སུ་བློ་བཟང་སེང་གེ་སྲིད་སྐྱོང་བདམས་པ་དང་རྒྱ་ནག་གིས་བཤད་རྒྱུ་མེད་པར་ཆགས་པ་རེད། ཡིན་ཡང་ད་རེས་ལུག་རྫི་ཞིག་ཡར་ལང་དུས་དམངས་གཙོ་ངོ་སྤྲོད་བྱུང་བསྡད་པ་ཞིག་ཆགས་ཡོད་པ་དང་། དེར་རྒྱ་ནག་གིས་ག་རེ་ཡིན་མིན་འདྲི་དགོས་པ་དང་ང་ཚོས་ལན་རྒྱག་པའི་གནས་ཚུལ་ཞིག་བྱུང་ཡོད་ཀྱང་དེ་ལྟར་བྱུང་མེད་པ་མ་ཟད། སྐྱོན་བརྗོད་དེའི་སྒོ་བརྒྱབ་པ་ལྟ་བུ་ཞིག་ཆགས་ཡོད་སྟབས་ལུག་རྫི་ཡི་ཚིག་དེ་རྩ་ཆེན་པོ་ཞེ་དྲགས་བྱུང་སོང་ཟེར་མཁན་འདུག ང་རང་ལོ་ ༣༠ ནས་ ༥༠ བར་ག་འདྲ་བྱས་ནས་བསླེབས་པ་རེད་ཅེ་ན། ལོ་ ༢༠ དེ་འགན་ཁུར་ཆེན་པོ་ཞེ་དྲགས་ཡིན་ཡང་ལོ་ ༢༠ ཡོངས་རྫོགས་ལ་ངས་ཆབ་སྲིད་ཀྱི་འགན་ཁུར་བ་དང་བོད་སྤྱི་བའི་དོན་ལ་ལས་ཀ་བྱས་པ་ཡིན་ཟེར་ན་བདེན་པའི་སྐད་ཆ་མིན་ཡང་། ངས་གང་ལ་གང་ཙམ་ཞིག་བྱས་ཡོད། ཕྱི་ལོ་ ༢༠༠༣ ལོ་ནས་ཟམ་གདོང་རིན་པོ་ཆེའི་མདུན་ལ་བཅར་བ་དང་། དེ་བཞིན་རྒྱ་རི་སྒྲོལ་མ་ལགས་བཀའ་བློན་ཁྲི་པར་ལངས་པ་དང་ངས་རྒྱ་མཚོའི་ཆུ་ཐིགས་ཀྱི་ལས་འགུལ་སྤེལ་པ་དང་ལས་ཀ་བྱེད་དགོས་པ་སོགས་འགན་ཁུར་ཆེན་པའི་ཐོག་ནས་ལས་ཀ་བྱས་པ་ཡིན། ཞེས་སོགས་བརྗོད་སོང་།
ཡང་ཁོང་གིས་གསར་འགོད་གསལ་བསྒྲགས་སྐོར་ལ། གསར་འགོད་གསལ་བསྒྲགས་བྱེད་པ་འདི་སྲིད་སྐྱོང་བློ་བཟང་སེང་གེ་དང་ངེད་གཉིས་བར་ལ་ཁྱད་པར་ཆེན་པོ་ལྔ་ཞེས་པའི་སྟེང་ནས་བྱས་པ་ཡིན། ༡༽ བློ་བཟང་སེང་གེ་རྒྱབ་ལྗོངས་ཡོད་པའི་ཧྭ་ཝོར་ཌི་ནས་རེད། ང་རྒྱབ་ལྗོངས་མེད་པའི་བྱང་ཐང་ནས་རེད། ༢༽ང་ལ་སྐྱེས་སྟོབས་ཀྱི་ཡོན་ཏན་ཡོད་པ་དང་ཁོ་ལ་སྦྱོང་སྟོབས་ཀྱི་ཡོན་ཏན་ཡོད་པ་རེད། ༣༽ངས་རྒྱལ་རབས་ལོ་རྒྱུས་བཟོ་རྒྱུ་ཟེར་བ་བཞིན་བཟོ་ཡི་ཡིན། ཁོ་རང་ལ་རྒྱལ་རབས་ལོ་རྒྱུས་བཤད་པའི་ནུས་པ་དང་ཆ་རྐྱེན་ཡོད་བསྡད་པ་རེད། ༤༽ཤེས་ཡོན་ཡར་རྒྱས་གཏོང་དགོས་པའི་གོ་སྐབས་སྟེང་། ཁོ་རང་གིས་ང་ཚོའི་དགེ་རྒན་སྐྱོ་བོ་ཡོད་པའི་ཚོར་སྣང་བྱུང་སྟབས། དགེ་རྒན་ཚོར་ཟབ་སྦྱོང་རབ་དང་རིམ་པ་སྤྲད་པ་རེད། ངའི་ཚོར་སྣང་ལ་ང་ཚོའི་དགེ་རྒན་དེ་ཚོ་འཛམ་གླིང་གི་དགེ་རྒན་ཡག་ཤོས་ཡིན་པའི་ཚོར་སྣང་ཡོད། ༥༽ཆིག་སྒྲིལ་དང་གསར་གཏོད། རང་ཁ་རང་གསོ་དེ་ཁོ་རང་གི་ལྟ་གྲུབ་རེད། ངས་ལག་བསྟར་བྱེད་ཐུབ་ཀྱི་ཡོད། ངས་བྱ་རྒྱུ་ཡིན། དེ་ངེད་གཉིས་ཀྱི་ཁྱད་པར་ལྔ་རེད། ཁྱད་པར་ལྔ་དེར་བསྒྲུབ་དགོས་པ་དང་པོ་༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་གསུང་ཅི་སྒྲུབ་བྱེད་མཁན་གྱི་མི་ཞིག་དགོས་ཀྱི་ཡོད་ཀྱང་། ༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་གསུང་ཅི་སྒྲུབ་དང་དད་པ། ལྷག་བསམ་རྣམ་དག་བྱེད་མཁན་བརྒྱ་ཆའི་ལྔ་བཅུ་མ་གཏོགས་མེད་སྟབས། བརྒྱ་ཆའི་ལྔ་བཅུ་ལ་ངས་ལབ་དགོས་ཀྱི་འདུག་བསམ་སྟེ་ལབ་པ་ཡིན། དཔེར་ན་ངའི་ཕྲུ་གུ་རེད། སྔོན་མ་དབྱིན་ཇིའི་སློབ་གྲྭར་བཏང་མྱོང་ཡོད། ད་ལྟ་བོད་ཁྱིམ་ལ་གཏོང་གི་ཡོད། དེའི་འགྲོ་སོང་ཚང་མ་ངས་གཏོང་གི་ཡོད་སྟབས། ཁོ་ཚོས་ག་རེ་དྲན་གྱི་འདུག་ཅེ་ན་མཐུན་རྐྱེན་ཚང་མ་ཕ་མས་སྤྲོད་ཀྱི་འདུག ༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་དྲིན་ག་རེ་ཡིན་ནམ་ཟེར་བ་དང་། དུས་འཁོར་དབང་ཆེན་ངས་ཞུས་ཡིན་ཟེར་བ་དེ་འདྲ་ཞིག་མིན་ནམ་བསམ་པའི་ཚོར་སྣང་ཞིག་ཡོང་གི་འདུག དེར་ངས་འགྲེལ་བཤད་ག་རེ་རྒྱག་གི་ཡོད་ལབ་ན། ༧སྐྱབས་མགོན་རིན་པོ་ཆེའི་བཀའ་དྲིན་དེ་མི་ཐོག་མང་པོར་ཡོད་པ་རེད། དང་པོ་ང་ཚོའི་ཕ་མ་འདིར་ཡོང་དུས་ཁོ་ཚོར་ཟ་ས་སྡོད་ས་ཚང་མ་གྲ་སྒྲིག་གནང་ཡོད་པ་རེད། དེ་ནས་ང་ཚོའི་མི་ཐོག་གམ་མི་ཐོག་གཉིས་པར་སློབ་སྦྱོང་བྱས་ཐུབ་མ་ཐུབ་དང་། བྱས་ཤེས་མ་ཤེས་རེད་མ་གཏོགས་སློབ་སྦྱོང་ག་ཚོད་བྱས་ནའང་གོ་སྐབས་བྱུང་ཡོད་པ་རེད། མི་ཐོག་གསུམ་པ་ངའི་ཕྲུ་གུ་ཚོར་ངས་སློབ་གྲྭའི་འགྲོ་སོང་གཏོང་ཐུབ་པ་དེ་༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་གྱིས་ག་རེ་བྱེད་ཐུབ་ཐུབ་ཡིན་སྟབས། ངས་ཁྱེད་རང་ཚོར་འགྲོ་སོང་གཏོང་ཐུབ་ཀྱི་ཡོད་པ་རེད། གལ་སྲིད་ངས་འགྲོ་སོང་གཏོང་མ་ཐུབ་པའི་ཉིན་མོ་དེར་༧སྐྱབས་མགོན་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་ལ་ཁྱེད་རང་ཚོ་དངུལ་སྤྲོད་མ་དགོས་པར་སློབ་གྲྭ་འགྲོ་ས་ཡོད་པ་རེད། དེ་བཞིན་ངས་ཕྲུ་གུ་ཚོར། ཁྱེད་རང་ཚོས་སློབ་སྦྱོང་བྱས་ན་ཡག་པོ་ཡོད་པ་རེད། དེ་ཁྱེད་རང་ཚོའི་མི་ཚེ་རེད། ཁྱེད་རང་ཚོར་ཕན་ཐོགས་ཀྱི་རེད། ང་ཚོས་རེ་བ་བྱ་དགོས་པ་གང་ཡང་མེད། ང་ཚོར་༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་ལ་རྒན་གསོ་ཁང་ནང་འཛུལ་ཆོག་ཆོག་ཡིན་ཟེར་ནས་རྫིག་གཏམ་བཤད་ས་ཞིག་ཀྱང་ཡོད་པ་རེད། དེ་༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་རེད་ཅེས་ངོ་སྤྲོད་ཞུ་རྒྱུ་གལ་ཆེན་པོ་རེད། ད་ལྟ་༧སྐྱབས་མགོན་རིན་པོ་ཆེ་ཡི་ལྡོག་ཕྱོགས་ལ་ལས་ཀ་བྱེད་མཁན་དེ་ཚོར་རྒྱབ་སྐྱོར་ཤུགས་ཆེན་པོ་རག་གི་ཡོད་པ་རེད། དེ་སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་ངོ་སྤྲོད་མ་བྱུང་པའི་རྒྱུ་རྐྱེན་ཐོག་ནས་བྱུང་བསྡད་འདུག་བསམ་གྱི་ཡོད། ཅེས་དང་།
ཁོང་གིས་མུ་མཐུད་དུ། དེ་རིང་ངས་གང་ཟག་ལ་ངོ་རྒོལ་བྱེད་ཀྱི་མེད། དོན་ལ་ངོ་རྒོལ་བྱེད་ཀྱི་ཡོད། སྲིད་སྐྱོང་འོས་མི་ཀླུ་མཁར་བྱམས་རང་བཙན་ལྟ་བུའི་ཐོག་ལངས་པ་རེད། ཡག་པོ་ཞེ་དྲགས་རེད། ཁོ་རང་མཁས་དབང་རེད། བོད་ཡིག་དང་རྒྱ་ཡིག་ཡག་པོ་ཞེ་དྲགས་ཡོད་པ་རེད། ང་ལས་ཞེ་དྲགས་ཀྱི་ཚད་མཐོ་བོ་རེད། དེ་བཞིན་ཆབ་སྲིད་ཀྱི་གནས་ཚད་མཐོ་བོ་རེད། ཡིན་ཡང་ཁོང་གིས་ག་རེ་ལབ་ཀྱི་འདུག་ཅེ་ན། ངས་ཆོས་ཁས་ལེན་གྱི་མེད་ཟེར་གྱི་ཡོད་པ་རེད། ང་ཚོའི་༧སྐྱབས་མགོན་རིན་པོ་ཆེ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་ཡིན་ཟེར་གྱི་ཡོད་པ་རེད། དེའི་སློབ་མ་ང་ཚོ་རེད། ང་ཚོར་ཆོས་མེད་མཁན་ཞིག་དང་ཆོས་ལ་ཁས་མི་ལེན་མཁན་གྱི་དབུ་ཁྲིད་ཞིག་དགོས་ཀྱི་ཡོད་པ་མ་རེད། དེ་ངས་གསལ་བོ་ལབ་ཀྱི་ཡོད། ཁོ་སྒེར་གྱིས་ཆོས་བྱེད་ཀྱི་ཡོད་མེད་ང་ལ་ཁྱད་པར་མེད། དེ་ཁོ་རང་སྒེར་རེད། ཁོ་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་བྱུང་བ་དེ་དག་ ༧སྐྱབས་མགོན་རིན་པོ་ཆེ་ཡི་ཐུགས་རྗེ་བཀའ་དྲིན་ངོ་མ་འཕྲོད་པར་བརྟེན་རྒྱབ་སྐྱོར་ཡོང་གི་ཡོད་པ་གསལ་བོ་རེད། དེ་ང་ཚོའི་མཛད་གཙོ་རྣམ་པ་དང་ཕ་མ། ལོ་རྒན་པ་ཚང་མས་ལོ་ཆུང་ཚོར་༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་དྲིན་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་ཆགས་འདུག ཅེས་བརྗོད་སོང་།
མང་ཚོགས་ཀྱིས་དྲང་བདེན་བྱེད་ཀྱི་མེད་པའི་སྐོར་ལ་ཁོང་གིས། ང་ཚོའི་མི་ཡིས་ཁྱད་པར་ཆེན་པོ་ཞེ་དྲགས་རྩི་བཞིན་འདུག མི་ཁ་ཤས་ཀྱིས་བྱས་པ་འགྲིག་ཀྱང་དེ་མི་གཞན་གྱིས་བྱས་ན་མ་འགྲིག་པ། མི་ཁ་ཤས་ཀྱིས་བཤད་ན་འགྲིག་པ་དེ་མི་གཞན་ཁ་ཤས་ཀྱིས་བཤད་ན་མ་འགྲིག་པ། དཔེར་ན། ཀླུ་མཁར་བྱམས་ཀྱིས་༧སྐྱབས་མགོན་རིན་པོ་ཆེར་བླ་རྒན་ལབ་ཡོད་པ་རེད། དེ་ང་ལ་ཡང་བདེ་བོ་བྱུང་མ་སོང་། མི་མང་པོར་བདེ་བོ་བྱུང་ཡོད་པ་མ་རེད། དེ་བཞིན་ངོ་རྒོལ་ཡང་ཤུགས་ཆེན་པོ་བྱུང་ཡོད་པ་རེད། ཡིན་ཡང་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་ ༢༠༠༣ ལོར་བཀའ་བློན་ཁྲི་པ་མ་ཆགས་སྔོན་ལ་དམངས་གཙོའི་ངོ་སྤྲོད་ཀྱི་རྩོམ་ཡིག་ཅིག་བྲིས་འདུག དེའི་ནང་ལ་ཏཱ་ལའི་བླ་མ་མ་གཏོགས་༧སྐྱབས་མགོན་ཏཱ་ལའི་བླ་མ་ (His Holiness the Dalai Lama) ཞེས་ཚིག་གཅིག་ཀྱང་བྲིས་མེད་པ་མ་ཟད། དེའི་ནང་བླ་མ་དཀྱུས་མ་ཞིག་བྱས་ནས་ཡིག་ཐོག་ལ་བཀོད་འདུག དེ་དང་བླ་རྒན་ཟེར་བ་གཉིས་ལས་ང་ལ་བླ་རྒན་ཟེར་བ་དེ་ཏོག་ཙམ་སྙན་པོ་ཡོད་པ་ལྟ་བུ་ཞིག་བྱུང་། སྲིད་སྐྱོང་བློ་བཟང་སེང་གེ་ལ་ངོ་རྒོལ་མེད་པ་དང་ཀླུ་མཁར་བྱམས་ལ་ངོ་རྒོལ་བྱས་པ་དེ། མི་མང་གིས་དྲང་པོ་བྱས་མ་སོང་ཟེར་བ་ཡིན། ད་ལྟ་སྲིད་སྐྱོང་བློ་བཟང་སེང་གེ་ཡིས་༧སྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་གཞིར་བཟུང་འགྲོ་ཡི་ཡོད་ཟེར་གྱི་ཡོད་ཀྱང་། དེའི་སྐབས་སུ་ག་རེ་ཡིན་ནམ་བསམ་པ་ཞིག་ཡོང་གི་འདུག ཚིག་དེ་བྲིས་པའི་སྐབས་སུ་དགོངས་པ་ག་རེ་བཞེས་ཀྱི་ཡོད་དམ། ༧སྐྱབས་མགོན་རིན་པོ་ཆེར་ཆེ་མཐོང་ག་ཚོད་ཡོད་མེད་གསལ་བོ་གསལ་རྐྱང་རེད་འདུག དེའི་དཔང་རྟགས་ཡིག་ཆ་འདིར་ཡོད། ༧སྐྱབས་མགོན་རིན་པོ་ཆེ་ཡི་བཀའ་དྲིན་ངོ་སྤྲོད་ཡག་པོ་ཤེས་དགོས་པ་དང་དེར་འགན་ཁུར་དགོས་པ་གལ་ཆེན་པོ་ཞེ་དྲགས་རེད་འདུག ཅེས་སོགས་བརྗོད་སོང་།
མཇུག་ཏུ་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། གསར་འགོད་པ་ཞིག་གིས་ཁྱེད་རང་གིས་རྒྱ་གར་གཞུང་དང་ཕྱི་རྒྱལ་ཁག་ལ་འབྲེལ་བ་བྱ་སྟངས་སྐོར་གང་ཡང་གསུངས་མ་སོང་དེའི་སྐོར་ཏོག་ཙམ་གསུང་རོགས་ཞེས་པར་ཁོང་གིས། དེ་ཁ་སང་ངས་བཀའ་བློན་ ༧ བསྐོས་ཡོད། བཀའ་བློན་ཚང་མས་ལས་ཀ་ག་རེ་བྱ་དགོས་མིན་དེ་རེད། ངའི་ལས་ཀ་ང་ཚོའི་ནང་ལ་དཀའ་ངལ་ག་རེ་ཡོད་པ་དེ་སེལ་ཐབས་བྱ་དགོས་པ་དང་། ང་ཚོའི་ནང་ཞིབ་ཕྲ་བྱས་ནས་འགན་ཁུར་རྒྱུ་དེ་རེད། ཕྱི་ལོགས་སུ་འབྲེལ་བ་བྱ་རྒྱུ་དེ་ངས་བཀའ་བློན་སོ་སོའི་ལས་འགན་དུ་སྤྲད་ཡོད་པ་རེད། ཅེས་བརྗོད་སོང་།
གསར་འགོད་པ་ཞིག་གིས་ད་ལྟའི་སྲིད་སྐྱོང་གིས་ངས་ཁང་པ་ཐོག་རྩེག་ཅིག་བརྒྱབ་ཡོད། དེའི་སྒང་ལ་ཐོག་རྩེག་གཉིས་གསུམ་ག་ཚོད་བརྒྱབ་པ་ཡིན་ན་རྒྱག་ཆོག་ཆོག་ཡིན་གསུངས་ཡོད་པ་དང་། ཁོ་རང་གིས་གསུངས་པའི་ནང་དེ་སྔོན་གང་ཡང་བྱས་མེད་པ་དང་སྒྲོམ་གཞི་དེ་ད་ལྟའི་སྲིད་སྐྱོང་གིས་བཏིང་ཡོད་པ་ཞིག་གོ་ཡི་འདུག དེར་བརྟེན་ཁྱེད་རང་གིས་ཁང་པ་འདྲ་བོ་ཞིག་བརྒྱབ་པ་ཡིན་ན་ཁང་པའི་སྒྲོམ་གཞི་ལོགས་སུ་གསར་པ་རྒྱག་གི་ཡིན་ནམ། ཡང་ན་བློ་བཟང་སེང་གེའི་ཁང་པ་དེའི་སྟེང་ལ་ཐོག་རྩེག་རྒྱག་གི་ཡིན། ཞེས་དྲིས་པར་ཁོང་གིས། ༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་གཙོ་བོ་གནང་སྟེ། ད་ལྟའི་བར་བཀའ་བློན་ཁྲི་པ་རབ་དང་རིམ་པ་བྱུང་པ་དེ་ཚོས་སྐུ་ངལ་བརྒྱབ་ནས་ཁྲ་ལམ་མེར་ཞིག་ཆགས་ཡོད་པ་རེད་མ་གཏོགས། སྲིད་སྐྱོང་བློ་བཟང་སེང་གེས་ཁང་པ་ཕར་ཞོག་རྨང་གཞི་ཡང་བཏིང་ཡོད་ན་མེད་ན་དྲན་གྱི་འདུག ཁོས་རྨང་གཞི་ཡག་པོ་བཏིང་ཡོད་པ་ངས་མཐོང་ན་ང་ལང་གི་མ་རེད། ལང་དགོས་ཀྱི་ཡོད་པ་མ་རེད། ངས་སུ་ལ་དགྲ་བཟོ་ཡི་མ་རེད། འགྲིག་གི་ཡོད་ན་འགྲིག་འདུག བོད་སྤྱི་པའི་རྩ་དོན་ལ་ཕན་ཐོགས་བྱུང་ན་སྐྱོན་བཙལ་བ་ཕར་ཞོག ངས་ཐུགས་རྗེ་ཆེ་ཞེས་ལག་ལ་ཁ་བཏགས་བཟུང་ནས་འགྲོ་ཡི་རེད། ཅེས་བརྗོད་སོང་།
གསར་འགོད་པ། འཇིགས་མེད་རྒྱ་མཚོ།
ལུག་རྫི་བཀྲ་ཤིས་སྟོབས་རྒྱལ་ལགས་བཀའ་ཁྲི་ལ་ལངས་པ་དེ་ནི་བོད་མི་ས་ཡ་དྲུག་ལ་མཐོང་ཆུང་དང་། ཁྱད་བསད་མིན་ནམ་ཅི་རེད། ཁོང་གི་སྐད་ལ་ཉན་དང་དགོད་བྲོ་བ་རྐྱང་རེད།
རྒད་པོ་སྣང་སྐྱིད་ཅིག་རེད་འདུག
ཅི་གང་མི་ལོ་བ་གསུམ་དང་། ཅི་ཐུབ་ལ་འབད་མཁན་གཉིས།
མགོ་ན་བྱ་ལྟར་ལྡིང་བ་གཉིས། འོག་ན་ཁྱི་ལྟར་ཟུག་པ་གསུམ།
ཧཧཧ།
ཀླུ་བྱམས་ལགས། ད་ལྟའི་ཁོ་རང་གི་ལས་ཀ་རག་ས་དེ་དབུ་མའི་ལམ་པ་རེད། ལས་ཀ་དེ་མ་བཞག་གོང་ལ། རང་བཙན་ལྟ་བ་བཟུང་ནས་སྲིད་སྐྱོང་ལངས་པ་དེ། མི་དེ་ཡི་ད་ལྟའི་ཞབས་འདྲེན་ཆེ་ཤོས་དེ་རེད་སྙམ་མོ།།
བོད་གཞིས་བྱེས་མི་མངས་དང་། ༸གོང་ས་༸སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ལ་དགའ་མཁན་ཅིག་ཡིན་ན། ཀླུ་བྱམས་ལ་འོས་ནམ་ཡང་བླུགས་མི་ཉན་ནོ།།
བོད་མི་རིགས་ལ་མི་འདི་ལྔ་ལས་གཞན་མེད་པ་ཡིན་ནམ་ཧཧཧཧཧཧཧཧ
ཁོ་རང་ཚོའི་འགྲོ་སྟངས་མ་ཤེས་ནས་གཞན་གྱི་གླ་ཕོག་ལ་བརྟེན་ནས་འཚོ་བ་བསྐྱེལ་མཁན་ལ་རྟེན་བོད་མིའི་སྲིད་སྐྱོང་ལ་ལང་པ་དེ་ཧམ་ཆེན་མ་རེད་དམ་།
བོད་མིའི་བསོད་ནམས་ཟད་པའི་རྟགས་།
མདོ་ཏིང་ངེ་འཛིན་རྒྱལ་པོ་ལས།
རྟག་ཏུ་སློབ་དཔོན་དང་ནི་ཕ་མ་དང་། །དེ་བཞིན་འགྲོ་བ་ཀུན་ལ་གུས་པར་གྱིས། །
ང་རྒྱལ་དག་གི་དབང་དུ་མ་འགྲོ་ཞིག ། སུམ་ཅུ་རྩ་གཉིས་མཚན་རྣམམས་ཐོབ་པར་འགྱུར། །