དར་རྒྱས།
དེ་རིང་བརྒྱུད་ལམ་གང་སར་རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ཀྱི་དྲྭ་བ་ཞེས་པར། རང་རེའི་འོས་བསྡུ་དང་འབྲེལ་བའི་རྙོག་གླེང་ཁག་ཅིག་གི་གནས་སྟངས་ལ་འཚང་བྲུས་པའི་གསར་འགྱུར་ཞིག་ཐོན་འདུག གནད་དོན་དེ་དག་ནི། དུས་འཁོར་དབང་ཆེན་གྱི་སྐོར་དང་། ཨ་རིའི་དོན་ཁང་ནང་༧གོང་ས་མཆོག་གི་སྐུ་པར་སྲིད་སྐྱོང་གི་པར་ལས་རྩ་ཆེར་མ་བརྩིས་སྐོར། ཕྱི་དྲིལ་བཀའ་བློན་གྱིས་གློ་བུར་རྩ་དགོངས་ཞུས་སྐོར། གཞན་ཡང་ཚོགས་གཙོར་ཁུངས་མེད་ཀྱི་བསྙོན་འཛུགས་སོགས་རེད། གནད་དོན་འདི་དག་ལ་བཀའ་ཤག་གིས་ལན་འདེབས་དུས་ལྟར་ཞུ་དགོས་སྐོར། བོད་མི་མཁས་པ་མང་པོས་བསམ་ཚུལ་བཏོན་འདུག་པ་དེ་ནི་ཁ་ཚ་དགོས་གཏུག་ཅིག་རེད།
གླེང་རྙོག་འདི་དག་ནི་འོས་བསྡུ་དང་འབྲེལ་ཏེ། བཙན་བྱོལ་སྤྱི་ཚོགས་ནང་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་ཁོང་གི་རྒྱབ་སྐྱོར་པ་རེ་འགས་བཟོས་པ་ཡིན་སྟབས། དུས་ལྟར་ལན་འདེབས་མ་ཞུས་ཚེ། རྒྱ་ནག་ཤེས་ཡོན་ཅན་དང་མི་དམངས་ཙམ་མིན་པར། འཛམ་གླིང་གི་མདུན་སར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་གནོད་གཞིར་གྱུར་འདུག་ན། སྲིད་སྐྱོང་མཆོག་གིས་གང་མགྱོགས་གསལ་བོ་དག་པོ་བཟོ་གནང་ཡོང་བ་ཞུ།
གསར་འགྱུར་ལ་འདི་ནས་གཟིགས། http://news.sina.com.cn/c/nd/2016-03-01/doc-ifxpvysx1804642.shtml
རྨོངས་རྒན་དར་རྒྱས་འདིས་གུང་བྲན་གྱིས་བཤད་པ་ལ་ཆ་འཇོག་འདྲ་བྱས་ཁུལ་གྱིས། གུང་བྲན་གྱིས་ཕྱོགས་གང་ཐད་ནས་༼དབུས་སྒྲིག་འཛུགས་ཁང་།༽འདི་རྩ་མེད་གཏོང་ཀི་ཡོད་པས་དེར་རམ་འདེགས་ཨེ། ཕྱི་ནང་མེད་པའི་གྲོད་པུ་ཁ་རང་རེད་མི་འདུག་གམ།
་་་་་་་་་་་དར་རྒྱས་ཀྱིས།
དེ་རིང་བརྒྱུད་ལམ་གང་སར་རྒྱ་ནག་གཞུང་འབྲེལ་ཀྲུང་གོའི་བོད་ཀྱི་དྲྭ་བ་ཞེས་པར། རང་རེའི་འོས་བསྡུ་དང་འབྲེལ་བའི་རྙོག་གླེང་ཁག་ཅིག་གི་གནས་སྟངས་ལ་འཚང་བྲུས་པའི་གསར་འགྱུར་ཞིག་ཐོན་འདུག གནད་དོན་དེ་དག་ནི། ་་་་་་་་་་ སོགས་ཟེར།
ཏྲེ་བྱམས་ཁྱོད་རང་ངོ་མ་ཁ་འབུ་རུ་རང་གི་ཐོག་ནས་འཆན་བཀོད་པ་མ་གཏོགས་གནས་ཚུལ་དཔྱད་ལ་དཔྱད་ཞིབ་ནམ་ཡང་མི་བྱེད་མཁན་ཞིག་རེད་འདུག། དེས་ཁྱོད་རང་ཕམ་བཅུག་པ་ལས་ནམ་རྒྱལ་མི་ཐུབ། ཡིད་མ་ཆེས་ན་ལྟ་ཤོག་ཨ།།
གངས་ཕྲུག་ལགས། ངེད་གཉིས་རྒྱན་རྩེད་ཅིག་བྱས་ན་གང་འདྲ་འདུག་གམ། ཁྱོད་ངོ་མ་དེ་འདྲ་རྒྱུ་མ་ཕུ་འདེད་བྱ་རྒྱུ་ཡོད་ན་འགྲིག་འདུག་་་་་་ག་རེ་བྱས་ཀི་ཡིན་ནམ།
སྲིད་སྐྱོང་གིས། གཞོན་སྐྱེས་གླེང་སྟེགས་ལ།
https://www.facebook.com/ugyen.sotay/videos/835481759894935/
ལན་སྐྱོན་ན་ཡག་པོ་ཡོད་པ་རེད། སྲིད་སྐྱོང་དང་ཁོང་གི་མགྲིན་ཚབ་པ་ཚང་མས་ལན་སྐྱོན་ན་བདེན་པ་དག་འབུད་ཟེར་བ་དེ་ཆགས་ཀྱི་རེད།