རྨ་དུག་ལྕེ།
བོད་མིའི་ལོ་རྒྱུས་ཁྲོད་ཀྱི།།
ཧ་ཝར་སློབ་གླིང་འགྲིམ་ནས།
ཁྲིམས་ལུགས་འབུམ་རམས་ཐོག་མ།།
སྲིད་སྐྱོང་སྙིང་མ་རྗེ་བོ།།
རྡ་རམ་ས་ལར་ཡོད་རེད།
ལྷོ་གཞིས་ཁག་ལ་བསྐྱོད་ནས།།
ལག་པ་དགོང་ལ་གཡུག་བཞིན།།
གསུང་ད་ལ་མོ་གཏོང་དུས།།
སྲིད་སྐྱོང་སྙིང་མ་རྗེ་བོ།།
རེ་བའི་ཀློང་ན་ཡོད་རེད།།
ཇོ་ཤཱཀ་ཡིད་བཞིན་ནོར་བུ།།
༧གོང་ས་མཆོག་གི་མཚན་རེད།།
ཟེར་བཞིན་མཁས་རྟགས་སྟོན་དུས།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
ཐེ་ཚོམ་ཀློང་ན་ཡོད་རེད།།
སུམ་ཅུའི་དུས་དྲན་ཉིན་མོར།།
ཐེག་ཆེན་གཙུག་ལག་ཁང་དུ།།
བོད་ཡིག་ཆག་ཆོག་ཀློག་པའི།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
ངོ་ཚའི་ཀློང་ན་ཡོད་རེད།།
བོད་ནང་དམངས་གཙོ་ཟེར་བ།།
ང་ཚོས་རྩོད་ཀྱིན་མེད་ཅེས།།
ཐ་ཚིག་གནམ་ནས་བསྒྲགས་དུས།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
ཨ་མེ་རི་ཀར་ཡོད་རེད།།
ང་ཚོ་གངས་ཅན་བོད་པར།།
རྒྱལ་ཁབ་ཡོད་མྱོང་མེད་ཅེས།།
འཛམ་གླིང་ཡོངས་ལ་བསྒྲགས་དུས།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
འཇར་མན་ཡུལ་ན་ཡོད་རེད།།
ཤུགས་ལྡན་སྣང་མེད་བཞག་ཅིང་།།
སྐུ་ཚབ་དགོས་མེད་དོར་ནས།།
སྐུ་པར་མཁོ་མེད་བོར་དུས།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
བཀའ་ཤག་ནང་ན་ཡོད་རེད།།
སློབ་ཚན་དབྱིན་སྒྱུར་བྱས་ཤིང་།།
བོད་ཡིག་མཁོ་མེད་དོར་ནས།།
བོད་ཀྱི་རིག་གཞུང་གླེང་བའི།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
གངས་སྐྱིད་གཤོང་ལ་ཡོད་རེད།།
དུས་ལྟར་དུས་དབང་ཞུས་པ།།
དུས་འགྱང་བྱེད་དགོས་བྱུང་ནས།།
དུས་ཐོག་ལམ་སློང་མེད་པའི།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
འགྱོད་པའི་ཀློང་ན་ཡོད་རེད།།
ནིས་ཡོག་དུབ་བབས་སྟེང་དུ།།
ཁང་རིན་དོགས་སློང་བྱུང་དུས།།
གསལ་བཤད་གསལ་བོ་མེད་པའི།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
མི་ཁའི་ཀློང་ན་ཡོད་རེད།།
བཀའ་ཤག་གསར་བའི་འོག་ནས།།
ལས་བྱེད་གྲངས་མེད་བྲོས་ཤིང་།།
བཀའ་བློན་མཆན་ནས་བྲོས་དུས།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
མགོ་འཐོམས་ཀློང་ན་ཡོད་རེད།།
བགྲང་བྱ་བཞི་དང་ཕྱེད་ཀར།།
གྲུབ་འབྲས་ལྷིང་འཇགས་ཡིན་པའི།།
སྐུ་དྲག་གསར་བའི་མིང་ཅན།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
འོས་ཤོག་རེ་བཞིན་ཡོད་རེད།།
སྨར་ཁམས་ཆོས་འཕེལ་ཟེར་བས།།
ཨ་ཕ་བསད་སོང་ཟེར་དུས།།
ཁྲིམས་ལ་གཏུག་བཤེར་མེད་པའི།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
འོན་པའི་ཚུལ་དུ་ཡོད་རེད།།
པོ་ཏ་ལ་ཡི་གཞུང་ལམ།།
ཅི་ལྟར་བཟོས་ཚུལ་གསལ་དུས།།
རྫུན་གྱི་མཇུག་མ་མངོན་པའི།།
སྲིད་སྐྱོང་སྙིང་མ་རྗེ་བོ།།
ངོ་པགས་བསྣབ་ནས་ཡོད་རེད།།
གཞུང་ཞབས་འོས་བསྡུའི་ཁྲོད་ནས།།
བརྒྱ་ཆའི་བཅུ་ལ་ཟགས་དུས།།
སྲིད་དབང་སྒེར་སྤྱོད་མངོན་པའི།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
ཡི་ཆད་ཀློང་ན་ཡོད་རེད།།
མེར་བསྲེག་ལས་འགུལ་ཁྲོད་ནས།།
བཀྲ་བྷེ་རྒྱང་འཕུད་བཏང་ནས།།
ཡོད་ཚད་རང་བྱས་བརྩི་བའི།།
སྲིད་སྐྱོང་སྙིང་ལ་རྗེ་བོ།།
རྨོངས་པའི་ཁྲོད་ན་ཡོད་རེད།།
10/03/2016
སྤེན་ཚེ་ནག་ཚོགས་འགོ་པ།
ཤེས་ལྡན་ཨ་མདོའི་གསར་འབྱོར།
དངུལ་གྱི་གཡོག་པོར་བསྒྱུར་ཞིང་།
ཁུ་ཚུར་བཙན་པོར་ཞེད་འདུག
ལབ་རྒྱུ་གླེང་རྒྱུའི་དཀྲོགས་གཏམ་།
གང་བྱུང་མ་སྤེལ་གནང་རོགས་།
བདེན་དཔང་ཁུང་སྐྱེལ་ཡོད་ན་།
ཁྲིམས་ཁང་གཏུགས་པ་གནང་དང་།
ཁུང་སྐྱེལ་མེད་པའི་དཀྲོགས་གཏམ་།
དགྲ་དགའ་གཉེན་སྡུག་ཡིན་འགྲོ་།
ཁུང་སྐྱེལ་མེད་པའི་དཀྲོགས་གཏམ་།
ནང་ཁུལ་མཐུན་སྒྲིལ་གཏོར་ཤིག་།
མི་བདེན་རྫུན་བསྒྲིགས་ཡིན་ན།།
ཁྲིམས་སར་དཀར་འདོན་བྱོས་དང་།།
འབུམ་རམས་བློ་བཟང་སངས་རྒྱས།།
ཁྲིམས་ལུགས་མཁས་པ་ཡིན་པ།།
སྐྱོན་དང་ནོར་འཕྲུལ་མོལ་ཚད།།
ཁྲིམས་སར་གཏུགས་དགོས་ཨེ་ཡོད།།
ཇུང་ཏོག་ཁ་ཡི་བཤད་ཡམས།།
ཚང་མ་ཁྲིམས་གཏུགས་གནང་ངམ།།
སྤེན་ཚེའི་ཁུ་ཚུར་ཆེན་པོར།།
འཇིགས་རུང་ཞིག་ནི་ཡིན་འདྲ།།
སྡར་མ་འབའ་སྐལ་སོགས་ཀྱིས།།
མ་བྱན་སྔོན་ལ་འཕངས་སོང་།།
སྤེན་ཚེའི་བདེན་པའི་གཏམ་ལ།།
སྲིད་སྐྱོང་ལས་ཐོག་ཡིན་ཡང་།།
བྲོས་གཤོལ་ཐེངས་མང་ཐུག་པས།།
འཇིགས་རུང་མིན་ན་ཅི་ཡིན།།
དུག་ལྕེའི་དུག་རླང་འཕྱུར་འདུག། སེང་གེའི་གཟན་ལ་ཕོག་འདུག། སེང་གེ་གངས་ལ་བཞུགས་དུས།། སྙན་གྲགས་བསིལ་ལྗོང་ཁྱབ་མྱོང་།། སེང་གེ་དྷ་སར་ཕེབས་དུས།། བོད་མའི་རེ་འདུན་བཅོལ་མྱོང་།། སེང་གེས་སྟོང་ལབ་རྒྱག་དུས།། ཀུན་གྱི་ཡིད་དབང་འགུག་མྱོང་།། སེང་གེ་སྲིད་ཁྲིར་བཞུགས་ནས།། ཕྱེད་ལྔའི་་བགྲང་བྱ་གྲུབ་དུས།། གངས་སྐྱིད་གཞུང་ལས་ཁག་ནས།། བོད་དོན་འགྲུབ་རྒྱུ་ཕར་ཟད།། དྷ་སའི་མི་ཚོགས་ཁྲོད་དུ།། ཆོལ་ཁའི་དུང་ཞེན་དབང་གིས།། སྤུན་ཟླའི་ལག་སྡིང་འཐོར་བས།། ལྡོག་རྩ་ཆིག་སྒྲིལ་ཟློག་འདུག། བཟོ་ལས་འཛུག་བསྐྲུན་མེད་པར།། ཡོད་ཚད་གཞན་ལ་བརྟེན་པས། རང་ཁ་རང་སོས་བརླག་འདུག། སྔར་ཡོད་ཉམས་པ་མ་གཏོགས།། གསར་བསྟོད་བྱས་རབས་མེད་པས།། མདོར་ན་དེ་དག་ཡོད་ཚད།། སྟོང་ལབ་མིན་ན་ཅི་ཡིན།།
སྨྲ་བ་ཐོགས་མེད་སྨྲ་ལ་སྤོབས་པ་ཅན།།
ཧྥ་གླིང་ཡུལ་གྱི་སྤྱི་ཚོགས་ཉམས་མྱོང་ཅན།།
རྒྱུ་མཚན་གནས་ལུགས་ཆར་གྱི་ཟེག་མ་རེས།།
ལོགས་སྨྲའི་མེ་ལྕེ་འཇོམས་པའི་ངར་ཤུགས་ལྡན།།
ཧཧཧ།