ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
སྐུ་དྲག་རིང་ལུགས་དུས་འགྱུར་འོག་ཏུ་ལོ་རྒྱུས་རྫོགས།།
ཁ་མང་ཅན་གྱི་མང་གཙོ་དམངས་གཙོ་དོན་གཅིག་བསམ།།
གང་དྲན་བརྗོད་ནས་རང་བཙན་རང་དབང་བར་དོར་འཁྱམས།།
ང་ཚོ་རང་བཙན་ཁོང་ཚོ་དབུ་མ་ནང་འཁྲུགས་དར།།
བཅའ་ཁྲིམས་ནང་དུ་རང་བཙན་དབུ་མའི་དྲི་ཙམ་མེད།།
ཆོལ་ཁ་ལུང་ཚན་རྒྱབ་ལ་འཁྱེར་བའི་དར་ཆའི་འོག །
ཇུས་མེད་འགན་འཁུར་སྤྱི་ཚོགས་དཀྲུགས་པའི་ཌ་མ་རུ།།
ཉན་མཁན་མེད་ཀྱང་ཤོད་མཁན་མང་ནས་མི་མང་ཉོབ།།
ལྟ་བ་ལངས་ཕྱོགས་ངེས་བརྟན་མེད་པའི་སྤྱི་ཚོགས་ཁྲོད།།
ཐམས་ཅད་རང་བདེན་གཞན་རྫུན་སྨྲ་བའི་ཆབ་སྲིད་དར།།
ད་ལོའི་སྲིད་སྤྱིའི་འོས་བསྡུའི་འགྲན་རྩོད་གཟི་བརྗིད་ཆེ།།
ན་ཚ་བཅོས་མེད་ཆོལ་ཁ་ལུང་ཚན་ས་བོན་བཏབ།།
དཔའ་རྒོད་ཅན་གྱི་ཕྱོགས་གཏོགས་འོག་ཏུ་དམངས་གཙོ་འཁྲུངས།།
ཕ་ལམ་འདྲ་བའི་མང་གཙོའི་ལྟ་གྲུབ་གོ་རྟོགས་ཉུང་།།
བུ་རབས་ཚ་རྒྱུད་མ་འོངས་མདུན་ལམ་འཕྱུག་མི་ཉན།།
མ་རབས་སྤྱོད་པས་ཡར་བལྟ་མ་ཐུབ་བོད་མིའི་ལས།།
རྩ་བ་བརྟན་པོ་བོད་ཀྱི་མང་གཙོ་ཁྲིམས་སྒྲིག་འོག །
ཚད་སྒྲུབ་ཐ་སྙད་མང་གཙོའི་རང་དབང་ཁ་ལྕེར་བཟུང་།།
ཛ་དྲག་ཆེ་ཡང་ཁྲིམས་སྒྲིག་ངོ་ཚ་བསྲུང་ན་དགའ།།
ཝ་ལེར་སོམས་དང་ལས་ཁུངས་འགྲོ་ལུགས་རྡོག་རོལ་བཏང་།།
གཞན་ཟེར་རྗེས་འབྲང་མང་གཙོའི་འོས་བསྡུ་ཡིད་རེ་མུག །
ཟུར་གནས་བློ་ལྡན་ཕོ་རབས་མང་པོས་འོས་མ་འཕངས།།
འུར་ལངས་ཆེ་བའི་སྲིད་སྤྱིའི་འོས་བསྡུ་མཇུག་བསྡུས་ཀྱང་།།
ཡ་རབས་བཟང་སྤྱོད་བོད་མིའི་སྲོལ་རྒྱུན་བརླག་མི་ཉན།།
རང་དབང་མང་གཙོའི་འགན་འཁུར་ཞུ་ས་བཅའ་སྒྲིག་ཙམ།།
ལ་རྒྱ་ཞེན་ཁོག་ཆོལ་ཁ་ལུང་ཚན་ཆིག་སྒྲིལ་ཉམས།།
ཤ་ཚ་ཡོད་ན་བཅའ་སྒྲིག་སྲུང་ནས་རང་འགན་འཁུར།།
ས་ཕྱོགས་འདི་ནི་རང་ཡུལ་མ་རེད་གཞན་ཡུལ་རེད།།
ཧོལ་རྒྱུགས་ཅན་གྱིས་རང་ཚུགས་མ་ཟིན་གཞན་གཡོག་རྒྱུགས།།
ཨ་མས་བུ་ཚོ་མང་གཙོ་དམངས་གཙོ་ནོར་མི་ཉན།།
༸གོང་ས་མཆོག་གིས།
https://www.facebook.com/dolkar.tenzin.315/videos/417271841812345/
བཀའ་ཤག་ལོ་བཞིའི་ལས་ལྷག་ཕྱིན། །
ཁ་བདེ་ལྕེ་བདེའི་ངང་ལ་བསྐྱལ། །
ག་བར་བལྟས་ཀྱང་བློ་ཕམ་གནས། །
ང་ནི་ད་ནས་ཡི་མུག་གྱུར། །
ཅ་ལག་མང་པོ་ཀུན་གྱིས་བཏུས། །
ཆ་ལག་མ་ཚང་དཔྱ་ཁྲལ་དེབ། །
ཇ་ཆང་གཉིས་ལ་འཐུང་ཞོར་དུ། །
ཉ་པས་ལྕགས་སྐྱུ་གཏོར་ལྟར་གྱུར། །
ཏྰ་ལའི་བླ་མའི་བཀའ་དྲིན་བརྗེད། །
ཐ་ན་ཆོས་དད་ཡོངས་ལ་སྡང་། །
ད་ནི་བོད་རིགས་ཀླད་གསར་འགའ། །
ན་ཚོད་ཆེ་རིམ་ཀླ་ཀློར་གྱུར། །
པ་ཕ་ཨ་མའི་དྲིན་ལན་བརྗེད། །
ཕ་སྤུན་མིང་སྲིང་མཛའ་བརྩེ་ཡལ། །
བ་མོ་འབྲི་གཡག་ར་ལུག་བཙོང་། །
མ་བུ་ཁ་བྲལ་མང་པོར་གྱུར། །
རྩ་ཆེན་ལེགས་བྱང་སྲོལ་བཟང་ཉམས། །
ཚ་བོ་ཚ་མོའི་མིང་ཡང་བརྗེད། །
ྱཛ་ལང་ལང་ཤོང་སྨྱོ་སྤྱོད་མང་། །
ཝ་སྐྱེས་དཔའ་མེད་མང་པོར་གྱུར། །
ཞྭ་སེར་ཞྭ་ནག་ཞྭ་ཚོན་རྩོད། །
ཟ་འོག་རས་གོས་གཏུམ་ནས་བསྡད། །
འ་ཅག་ཆོས་པའི་མིང་ཅན་མང་། །
ཡ་མེད་སྤྱོད་ངན་ཇེ་མང་གྱུར། །
ར་ལྟར་གྱོང་བའི་སེམས་མ་བཏུལ། །
ལུག་ལྟར་བླུན་པའི་མུན་སྒོམ་མང་། །
ཤ་ཟ་ཆང་འཐུང་རྒྱུ་ལ་དགའ། །
ས་སྟེང་གྲྭ་བཙུན་ཉུང་བར་གྱུར། །
ཧ་ཧ་ཧ་ཅང་དམོད་ཚིག་དང་། །
ཨ་ཁ་ཁ་སྡིག་མང་པོ་བསགས། །
ཧོབ་སྟེ་བལྟས་ན་སྡིག་གསོག་འདྲ། །
ཨེ་མ་སེམས་བཟང་ཚིག་ངན་གྱུར། །
འབངས་གིས་ཁ་ལོ་བསྒྱུར་བ་དམངས་གཙོ་མང་གཙོར་བསྒྱུར།།
རང་བཙན་དོན་ལ་གནས་ཀྱང་དབུ་མའི་ལྟ་བར་བསྒྱུར།།
བདེན་དོན་ཁ་རུ་འོང་ཀྱང་བདེན་པའི་དབུ་ཚུགས་བསྒྱུར།།
རྨོངས་པ་ཐམས་ཅད་འདམ་གྱི་ཕུར་བཞིན་ཕྱོགས་བཅུར་བསྒྱུར།།
བླ་ཆེན་དག་གིས་གང་དུ་བསྒྱུར་ཀྱང་འགྱུར་འགྲོ་བའི།།
བོད་མི་ཀླད་ཆུང་རྨོངས་འཐོམ་ཡིན་པར་གཞི་ནས་ཤེས།།
བོད་དང་བོད་མིས།
ཀ་ནས་དང་པོ་ཉིད་ནས་བོད་འདི་རང་བཙན་ཡིན་པ་སེམས་ལ་ཞོགས། །
ཁ་ནས་དབུས་ལམ་གཉིས་སྨན་རྒྱ་བོད་མཐུན་འབྲེལ་དམངས་ནས་གདིང་། །
ག་སར་གར་སྡོད་ག་རེ་བྱས་ཀྱང་ས་ཡ་དྲུག་གི་བདེ་དོན་སོམས། །
ང་དང་ང་འདྲའི་བོད་རིགས་ཡོངས་ཀྱི་ལས་འགན་རེད་དོ་གདོང་དམར་བོད། །
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ལགས་ཁྱེད་ནི་བླ་མ་ཁྱེད་ནི་ཡིད་དམ་མཁའ་འགྲོ་ཆོས་སྐྱོང་དང་གཞན་རྣམས་ཚང་མ་སྐུ་དྲག་རིང་ལུགས་པ་དང་ ཇུས་མེད་འགན་འཁུར་སྤྱི་ཚོགས་དཀྲུགས་མཁན་གྱི་ཌ་མ་རུ་ ལྟ་བ་ལངས་ཕྱོགས་ངེས་བརྟན་མེད་མཁན་ མ་རབས་སྤྱོད་པས་ཡར་བལྟ་མ་ཐུབ་མཁན་ ཧོལ་རྒྱུགས་ཅན་གྱིས་རང་ཚུགས་མ་ཟིན་གཞན་གཡོག་རྒྱུགས་ཤིག་ཡིན་པར་བརྗོད་པ་དེ་བཟང་སྤྱོད་ཞིག་ཨེ་ཡིན་།
ཁྱེད་ནི་བློ་སེང་གི་རྒྱབ་སྐྱོར་བ་ངོ་མོ་བློ་སེང་དང་འདྲ་རང་བསྟོད་ཆེ་བ་ཞིག་མངོན་པ་ལས་གཞན་གང་ཡང་མ་ཡིན་། མི་རྒན་ཁྱེད་ཨ་མས་བུ་ངོ་མ་ཡིན་ན་རང་སྐྱོན་རང་གི་མཐོང་ཐུབ་པ་བགྱི་ན་མི་ལེགས་སམ་། ཕྱོགས་ལྷུངས་མཐེན་འཁྱེར་ཁྱེད་ལ་འདུག་། ཁེངས་དྲེགས་མི་ཆུང་ཆེ་ཙམ་འདུག་། ད་བདེ་མོ་བཞུགས་།
སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་ཆབ་སྲིད་རླུང་ལ་བཀུར་།
ཀླད་སྟོང་ཞེན་ཁོག་ཅན་གྱིས་རྒྱབ་སྐྱོར་ཐོབ་ན་ཡང་།
ང་རྒྱལ་ཁེངས་དྲེག་མ་རབ་གཤིས་སྤྱོད་ཀུན་གྱིས་མཐོང་།
ད་ནས་ཀུན་གྱི་གུས་བཀུར་སྔར་བཞིན་ཐོབ་མི་འགྱུར་།
༸དཔལ་རྒྱལ་དབང་ཀརྨ་པ་མཆོག་གིས།
https://www.facebook.com/migmar.dorjee.9/videos/10205404570266309/
ལྷག་བསམ་དཀར་པོའི་ཀ་བཤད་ཁ་བརྡར་བཀོད་།
ཕྱོགས་ལྷུང་དུག་སྦྲུལ་མ་བཟོད་ལྕེ་གཉིས་རྐྱངས་།
ལྷག་བསམ་དཀར་པོའི་ཀ་བཤད་ཤོག་སྟེང་བཀོད་།
ཕྱོགས་ལྷུང་དུག་སྣུམ་ཤོག་དཀར་སྟེང་དུ་ཐིག་།
མ་ཁྱོགས་དྲང་ཐིག་ཀ་བཤད་ཁ་བརྡར་བཀོད་།
ཕྱོགས་ཞེན་རིང་ལུགས་མ་བཟོད་སྐད་ངན་ཤོར་།
མ་ཁྱོགས་དྲང་གཏམ་གཅེར་བུ་ཁ་བརྡར་བཀོད་།
ཕྱོགས་ཞེན་རིང་ལུགས་ངུ་སྐད་དབང་མེད་ཤོར་།
གཞུང་པ་ཚེ་དབང་བསོད་ནམས་ལགས་ཁྱེད་ཀྱིས་བཤད་ཚད་
ལྷག་བསམ་དཀར་པོའི་གཏམ་དང་གཞན་གྱིས་མོས་མཐུན་མེད་པའི་བསམ་ཚུལ་གང་ཡོད་ཕྱོགས་ལྷུང་དུག་སྦྲུལ་དང་དུག་སྣུམ་དེ་འདྲ་ཨེ་ཡིན་།།
དམངས་གཙོ་དང་བཅའ་ཁྲིམས་སྐོར་ཀ་བཤད་བྲིས་མཁན་ཞིག་གི་བསམ་བློ་དེ་འདྲ་གུ་དོག་པོ་ཨེ་ཡིན་། ངོ་མ་བློ་སེང་གི་བསམ་བློ་དང་མཐུན་པ་ལའང་ཀརྡོ་གཉེར་ཕྱགས་ལགས་།