མགོན་པོ་བསོད་ནམས།
ཀ་མེད་གལ་ལ་ཐུག་དུས་སྐུ་རྟེན་སྐུལ།། ཁ་རྗེ་དབང་ཐང་ཉམས་ཤིང་མགོ་མེད་བོད།།
ག་བར་ཁྲིད་ན་ཆུ་སྣ་གར་འཐེན་འདིས།། ང་ཚོར་ཇུས་ཉེས་ཐེབས་པའི་ལོ་རྒྱུས་མང་།།
ཅ་ཅོས་མ་འདྲོག་ཞིབ་ཏུ་བརྟག་དགོས་ཆེ།། ཆ་རྒྱུས་མ་ལོན་སྲུང་མས་སྲུང་ངོ་ཞེས།།
ཇ་བག་ཙམ་གྱི་ཁེ་ཕན་ལེན་འདོད་དག། ཉ་འགུགས་གཤིན་རྗེའི་ཕོ་ཉས་ཟིན་ཉིན་འགྱོད།།
ཏ་སྒུར་བཞིན་འཁྱོག་བོད་ཀྱི་མདུན་ལམ་ཆེད།། ཐ་ཆུང་མཐེའུ་མི་སྟོན་མཐེ་བོང་སྟོན།།
ད་ནས་བཟུང་སྟེ་སྨྱོ་རྫུ་སྐུ་རྟེན་ཚོར།། ན་ནོག་ལྷ་ཞུ་ཀླུ་ཞུ་ཅམ་གྱིས་ཞོག།
པ་སངས་དཀར་འདི་ཉི་མའི་མཐུ་རེད་སོགས།། ཕ་རོལ་ལྐོག་གྱུར་བརྟོལ་མཁས་དཔྱོད་ལྡན་དག།
བ་སྤུ་གཡོ་ཞིང་འདར་བའི་སྐུ་རྟེན་ཕལ།། མ་རུངས་ཁོག་བཅུག་རྫུན་མར་མི་ངེས་སམ།།
རྩམ་པས་མི་ཚིམས་དམར་རྔམ་ཅན་འདི་དག། ཚ་གྲང་དབར་གྱི་སྨན་པ་མི་ནུས་ཤིང་།།
ཛ་དྲག་ཉིན་མོ་གར་བཞུད་མི་ཚོར་བ།། ཝ་ལེར་བསམས་ན་བོད་མགོ་གཡོགས་མཁན་ཙམ།།
ཞྭ་སེར་གྱོན་པའི་ཁྲོད་ན་ཀླུ་སྨྱོན་བཞིན།། ཟ་ཕོར་ལས་ཀྱང་བདེན་པ་གཙིགས་འཛིན་དཀོན།།
འ་འུར་གྲགས་པ་མཐོ་ཡང་དངུལ་བསྟན་ན།། ཡ་ཡ་སྲུང་མར་བཅོལ་ཞེས་ཞལ་བཞེས་འཆོར།།
རྭ་ཁ་ནང་ལ་བསྐོར་ལས་མི་འཇོན་པ།། ལ་ལུང་གང་སར་བོད་ལ་སྲུང་མ་མང་།།
ཤ་ཞེན་གློ་སྙིང་སྲུང་མར་གཏད་ཆེས་པས།། ས་ཁུལ་གང་སར་བོད་ལ་འཐེན་ཁྱེར་འཚུབ།།
ཧ་ཅང་མ་ངེས་སྲུང་མས་སྐྱོབ་མི་སྐྱོབ།། ཨ་ཁུས་ལས་འབྲས་མི་སྲུང་སྲུང་མ་སྲུང་།།
ཧ་ཧ་སྲུང་མས་འཇིགས་སྣང་སྐུལ་ནུས་པས།། ཨ་ལགས་ཨ་མཆོད་མང་བོས་བསྟེན་པ་འདྲ།།
ཞེས་མཁྱེན་ལྡན་ཨ་ལགས་ཀླུ་སྨྱོན་ཧེ་རུ་ཀ་ཚང་གིས། ནུས་མེད་སྲུང་མ་ཚོར་ཁ་མེད་སྣ་མེད་དུ་བསྡིགས་པ་ཞེས་པའི་ཀ་རྩོམ་དེ་བཀླགས་རྗེས་རྒྱབ་སྐྱོར་མཚོན་ཕྱིར་བྲིས་སོ།།
དེ་ག་རང་རེད་བོད་འདི་ཨུ་ཐུག་དུས་ལྷ་དེ་ཚོ་གོ་རྒྱུ་ཚོར་རྒྱུ་མེད་པ་གསལ་པོ་རེད།གནས་ཆུང་སྐུ་རྟེན་གཙོས་ལྷ་ཀླུ་སྐུ་རྟེན་ཐམས་ཅད་ལྟོགས་གོས་ཙམ་གྱི་ཆེད་དུ་མ་གཏོགས་དོན་ལ་ཕན་པའི་ལུང་བསྟན་སྣ་གཅིག་རྒྱག་མེད་པར་དེང་རབས་བོད་ཀྱི་གཞོན་སྐྱེས་མཁས་པ་ཚོས་ཤེས་ཟིན་འདུག།
ངའི་མེས་པོ་དེ་ཡང་ལྷ་བབས་མཁན ཞིག་རེད་འདུག
ཕ་རྒན་དང་དེ་འབྲེལ་གྱི་མི་ཚོས་བཤད་རྒྱུར། བོད་སྡེ་བ་གཞུང་གིས་མེས་པོ་ཁོང་ལ་གོ་གནས་སུ་རྟ་ལ་ཨོག་དོམ་འདོགས་ཆོག་པའི་གནང་བ་ཡོད་འདུག
གཞན་ཡུལ་པ་སྤྱི་སྒེར་གང་ཡང་རུང་བུ་ལོན་དགོས་རིགས་ནས་ལྷ་ཁོག་ཞུགས་པས་ཁ་ནས་གསེར་ཁབ་དང་གསེར་ཀྲམ་སོགས་སྐྱུགས་ནས་སྐྱིན་པ་དང་དུས་ཡུན་རྫོགས་མཚམས་གང་གཡར་བའི་བབ་དེ་གཙང་མར་ཁྲུས་ནས་ཕུལ་རྗེས་ཁ་ལག་བཞིན་ཆོབ་སྒྲ་དང་བཅས་མིད་འགྲོ་གི་ཡོད་པ་དང་། ཁབ་དང་དུང་དཀར་ཆུང་ངུ་སོགས་སྐྱུག་ནས་དད་རྟེན་སྦྱིན་གི་ཡོད་པ་ལས་དུང་ཆུང་ངུ་ཞིག་མིག་མཐོང་བྱུང་ལ། དེ་འདྲའི་དངོས་པོ་ཡོད་མཁན་མི་ཞིག་ད་ལྟའང་ཡོད་ཟེར་དེ་ཐབས་ཤེས་གང་མང་བྱས་ཀྱང་ཐུག་མ་སོང་།
དངོས་ཡོད་ལོ་རྒྱུས་ཡིན།
མཚོན་ཁ་ནང་ལ་གཟེད་པའི་སྲུང་མ་མང་རབ་ཡོད་། ཝལ་ཁ་ཕྱི་ལ་བརྟན་པའི་སྲུང་མ་གོ་མ་མྱོང་། མགོན་པོ་གླུ་སྨྱོན་གཉིས་གྱི་གཅིག་རྒྱབ་གཅིག་ལབསྟེན་། བདེན་པའི་བདེན་ཕུག་དེ་ཡང་མྱོང་བའི་གཞལ་ན་ཤེས་།
རྐུན་མའི་རྒྱབ་རྩ་ཁྲམ་པས་བྱེད་ཅེས་པ་བདེན་རེད་འདུག་བ། མ་ཚད་རང་བྱས་ངན་པས་ལྷ་ལ་ལོག་ལྟ་ཟེར་བར་དེ་ཡང་བདེན་ངེས། དུས་ནི་མི་འགྱུར་མི་རྣམས་འགྱུར་ཅེས་པ་དེ་ཡང་བདེན་ངེས། ཀླུ་སྨྱོན་ཟེར་བར་དེ་ངས་ངོ་མི་ཤེས། ཡིན་ན་ཡང་ང་ཁོས་རྩོམ་པའི་རྩོམ་ཡིག་དེ་ཚོར་དགའ་མཁན་ཞིག་ཡིན། ད་དེ་འདྲའི་འཆལ་གཏམ་བྲིས་ན་དད་གུས་དང་དགའ་ཞེན་དེ་ཡང་བརླག་པའི་ཉེན་ཁ་ལ་ལྷུང་སོང། ལྷ་དང་སྲུང་མ་ལ་མེད་རབས་བཤད་ན་ཆོས་དེ་ཡང་ཁྱེད་དང་འགལ་ཡོད་པ་ཐག་གི་ཆོད་འདུག། ཆོས་དང་འགལ་ན་ལས་རྒྱུ་འབྲས་ཅེས་པ་དེ་ལ་ཡང་འཁང་ར་བྱེད་པ་ནི་བཤད་ཅི་དགོས། གྲྭ་པ་བྱེད་མྱོང་བའི་མི་ཞིག་ཡིན་པ་མ་ཚད་རྣམ་དཔྱོད་ཀྱང་ཡག་པོ་ཡོད་མཁན་ཞིག་གི་ལྷ་མེད་གི་ལྟ་བར་བཤད་ན་མི་མང་ལ་སྐྱོན་ཆ་ཡོང་བའི་ཉེན་ཚབས་ཡོད་དུས། དེ་འདྲའི་དོན་མེད་གང་བྱུང་མ་བཤད་རོགས། གལ་སྲིད་དེ་ལྟར་མུ་མཐུད་ནས་ཡིན་ན་ངོས་རྒོལ་མཐའ་གཅིག་ཏུ་ཡོད། ལྷ་དང་སྲུང་མ་ལ་མེད་རབས་བཤད་ན་གནས་སྐྱོངས་གིས་སྐྱབས་མགོན་རིན་པོ་རྒྱ་གར་བྲོས་བྱོལ་དུ་ཕེབས་ན་ལེགས་གསུངས་པ་དེ་ཡང་བརྫུན་མ་རེད་བས། གལ་སྲིད་དེ་བརྫུན་མ་ཡིན་ན་སྐྱབས་མགོན་རིན་པོ་ཆེའི་གནས་སྐྱོངས་གསོལ་མཆོད་མཛད་པ་དེ་ཡང་ནོར་བ་རེད་བས། དེ་ཡང་ནོར་ཡོད་ན་གོང་ས་སྐྱབས་མགོན་རིན་པོ་ཆེ་ལས་ལྷག་པའི་མཛད་པ་དང་ཕྲིན་ལས་ཁྱེད་གཉིས་ལ་ཡོད་བས།
ཀ་དག་གདོད་མའི་མགོན་པོ་ནས་བཟུང་སྟེ།
ཁ་སང་དེ་རིང་བྱུང་བའི་སྤྲུལ་སྐུའི་བར།
ག་ལེར་གངས་དཀར་སེམས་ལ་ཤར་ཚོད་ལ།
ང་ཚོ་རེ་ས་སྲུང་མ་ཁོ་ན་རེད།
ཅ་ལག་རྐུན་མ་ཤོར་བའི་ཚུན་ཆད་དང་།
ཆ་འཇོག་ན་ཚ་བྱུང་བ་ཕན་ཆོད་དུ།
ཇ་སྐྱེམས་མཆོད་ཁ་འཕངས་ནས་གསོལ་བ་ལས།
ཉ་ཉོག་དེ་རིང་བར་དུ་བཤད་མྱོང་མེད།
ཏཱ་ལའི་བླ་མས་གུས་པས་མཆོད་པ་ན་།
ཐ་ཚིགས་ཀླུ་སྨྱོན་སང་གིས་སྒྲོགས་པ་འདི།
ད་ལྟ་སྲུང་མ་མངོན་སུམ་མ་མཐོང་ཡང་།
ནཱ་གས་གང་བྱུང་གསུང་ན་མི་ལེགས་བསམ།
པ་ཏྲའི་རི་མོར་འཁོར་འཁྱིལ་མང་བ་བཞིན།
ཕ་རོལ་སྲུང་མས་ནུས་ཤུགས་མི་རྟོགས་པས་།
བ་གླང་ལུག་ཁྱུའི་ནང་ན་འགྱིང་འདྲ་བའི།
མ་རུང་ཚིག་སྦྱོར་བྲིས་ན་མི་ལེགས་བསམ།
ཙ་ཏུར་མཆེ་ལྡན་གནས་ཆུང་རྒྱལ་བོ་སོགས།
ཚ་བའི་ཡུལ་ནས་གྲང་བའི་བོད་ཡུལ་གྱི།
ཛ་ཡའི་བསྟན་སྲུང་ལོ་རྒྱུས་ཁུངས་བཙན་པས།
ཝ་མ་ཝོལ་ལ་བསྡིགས་ན་མི་ལེགས་བསམ།
ཞྭ་མོ་ཕུད་ནས་བསང་གསོལ་བྱེད་པ་འདི།
ཟ་འཐུང་ཙམ་གྱི་དོན་ལ་མ་ཡིན་པར།
འ་ཅག་བོད་དོན་ཕྲིན་ལས་བཅོལ་བ་ལ།
ཡ་མེད་དམའ་འབེབས་བྱས་ན་མི་ལེགས་བསམ།
ར་བ་གངས་ཅན་བོད་པའི་ལུགས་སྲོལ་བཞིན།
ལ་ལུང་ཀུན་ནས་རང་གིས་མ་མཆོད་ཀྱང་།
ཤ་ཞེན་ཆེ་བའི་རང་རིགས་དད་ལྡན་ལ།
ས་ཆ་གང་ནས་མཆོད་ན་མཆོད་ག་ཆུག
ཧ་ལམ་ཟེར་ནས་བསྡིགས་ར་མི་གཏོང་བར།།
ཨ་རོགས་ཚང་མས་སྤྱི་ཡི་མཆོད་གནས་བྱེད།
ཧ་ཅང་གནག་པའི་ལས་སྐུལ་བ་དང་།
ཨ་ཐང་ཆད་དུས་མཁོ་བའི་དུས་ཞིག་ཡོད།
སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་ན་ཡིན་གཅིག་མིན་གཅིག་སྲུང་མ་ལ་ཡིད་ཆེས་བྱེད་དགོས་སམ།
ལས་རྒྱུ་འབྲས་ལ་ཡིད་ཆེད་ཡོད་ན་ཡིན་གཅིག་མིན་གཅིག་སྲུང་མ་ལ་ཡིད་ཆེས་བྱེད་དགོས་སམ།
བོད་པ་ཞིག་ཡིན་ན་ཡིན་གཅིག་མིན་གཅིག་སྲུང་མ་ལ་ཡིད་ཆེས་བྱེད་དགོས་སམ།
ང་ཚོར་སྲུང་མ་མི་འདྲ་བ་ག་ཚོད་ཡོད་དམ་་་་་དེ་ཚོར་ང་ཚོས་ཡིད་ཆེད་ལོ་ག་ཚོད་བྱས་པ་ཡིན་ནམ།
ད་བར་ང་ཚོ་རང་གི་འབད་བརྩོན་བྱས་པ་ཕུད་་་་དེ་མིན་ད་ལྟ་ང་ཚོར་ག་རེ་སྲུང་ནས་ལྷག་ཡོད་དམ།? ???
སངས་རྒྱས་ཆོས་ལུགས་པ་ཞིག་ཡིན་ན་ཡིན་གཅིག་མིན་གཅིག་སྲུང་མ་ལ་ཡིད་ཆེས་བྱེད་དགོས་སམ།
༡ དགོས་གི་མ་རེད།
ལས་རྒྱུ་འབྲས་ལ་ཡིད་ཆེད་ཡོད་ན་ཡིན་གཅིག་མིན་གཅིག་སྲུང་མ་ལ་ཡིད་ཆེས་བྱེད་དགོས་སམ།
༢ ལས་འབྲས་ལ་ཡིད་ཆེས་ཡོད་ན་སྲུང་མ་ལའང་ཤུགས་ཀྱིས་ཡིད་ཆེས་སླེབས་གི་རེད།
བོད་པ་ཞིག་ཡིན་ན་ཡིན་གཅིག་མིན་གཅིག་སྲུང་མ་ལ་ཡིད་ཆེས་བྱེད་དགོས་སམ།
༣ དགོས་པ་མ་རེད། དཔེར་ན་བོད་པ་ཡི་ཤུ། བོད་པ་ཁ་ཆེ། དེ་བཞིན་སྲུང་མ་ལ་ཡིད་ཆེས་མེད་ཟེར་མཁན་ཁ་བརྡའི་མཆན་བུ་བ་དག་འདྲ་པོ།
ང་ཚོར་སྲུང་མ་མི་འདྲ་བ་ག་ཚོད་ཡོད་དམ་་་་་དེ་ཚོར་ང་ཚོས་ཡིད་ཆེད་ལོ་ག་ཚོད་བྱས་པ་ཡིན་ནམ།
ང་ཚོར་སྲུང་མ་རིགས་མི་འདྲ་བ་མང་ཡང་བསྡུ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྲུང་མ་གཉིས་སུ་བསྡུ།
བོད་མི་རིགས་ཆགས་ནས་བཟུང་ལྷ་མཆོད་འདྲེ་འདུལ་འགོ་ཚུགས། ཡིན་ནའང་ཆོས་སྲུང་ནི་གཙོ་བོ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ནས་བཟུང་བསྟེན་འགོ་ཚུགས།
ད་བར་ང་ཚོ་རང་གི་འབད་བརྩོན་བྱས་པ་ཕུད་་་་དེ་མིན་ད་ལྟ་ང་ཚོར་ག་རེ་སྲུང་ནས་ལྷག་ཡོད་དམ།? ???
དྲི་བ་ཁ་གསལ་མིན་འདུག
མི་འུ་ཐུག་གི་ལྷ་ལ་དྲི་།ལྷ་འུ་ཐུག་གི་སྐྱག་རྫུན་བཤད་།ད་