སྲོག་ཁྲིམས་མ་བཅད་སྔོན་གྱི་དྲི་བ་དྲིས་ལན། Posted on 2013-08-08 By ཁ་བརྡ་ 7 Comments on སྲོག་ཁྲིམས་མ་བཅད་སྔོན་གྱི་དྲི་བ་དྲིས་ལན། འོས་སྦྱོར་བ། ཀླུ་སྨྱོན། གློག་བརྙན་།
འཛམ་གླིང་ལ་རྒྱ་ནག་འགྱུར་བ་ཏག་ཙམ་ཕྱིན་པའི་རྣམ་པ་སྟོན་སྤྱད་ཞིག་ལ་དམིགས་པ་ཡིན་པའི་རྒྱ་འདྲེ་ཚང་གི་གཡོ་སྒྱུའི་བཅོས་བརྙན་སྒྲུང་དངོས་འདི་ལ་དགའ་བོ་ནམ་ཡང་མེད། ཡིན་ན་ཡང་ཁག་གཅིག་ལ་ཚེ་ཐར་ཐོབ་པ་དེ་ཡག་པོ་རེད། རྗེས་སུ་ལེགས་ལམ་ནས་བྱ་བ་ཡར་འགྲོ་ཡོད་པའི་ཡིད་ཆེ་ཡོད། འདྲེ་རྒྱ་གཞུང་གིས་ག་ཚོད་གསོད་འདོད་པ་དེ་གསོད་ཆོག་པ་དང་། འབངས་ཀྱིས་འབངས་བསད་ན་ཉེས་བ་ལ་ཐར་ས་མེད་པ་འདི་རྒྱ་འདྲེ་གཞུང་གི་ཧམ་པ་ངོ་མ་དེ་རེད། གཉིས་ཆས་མྱི་བསད་པ་གཅིག་པ་རེད། གསོད་དོན་ལ་རྒྱུ་མཚན་ཡོད་པ་ཡང་གཅིག་པ་རེད། ད་རྒྱ་གཞུང་འདི་སུ་གསོད་དགོས་བ་རེད་དམ། དྲ་འབུ་ཚོ། དྲིས་བ་ཡིན།
ལྟ་མྱོང་མཁན་ཅིག་གིས་གསུངས་དང་ག་རེ་བཤད་ཀྱིན་འདུག ངེད་ནས་ལྟ་ཐུབ་ཀྱི་མི་འདུག ཡི་གེ་མ་གཏོགས་ཡོང་གི་མི་འདུག
འདི་ནི་སྲོག་ཁྲིམས་མ་བཅད་སྔོན་གྱི་དྲི་བ་དྲིས་ལན་ཞིག་མ་རེད། འདི་ནི་སྲོག་ཁྲིམས་བཅད་རྗེས་ཀྱི་དྲི་བ་དྲིས་ལན་ཞིག་རེད། ཡིན་ན་ཡང་། སྲོག་ཐོག་མ་བཏང་སྔོན་ཙམ་རེད། ཡིད་ཕངས་པ་ཞིག་ལ། སྲོག་ཐོག་ལ་འགྲོ་མཁན་་་པོ་རོན་ཐིན་་་གྱིས་ཆེས་མཐའ་མཇུག་གི་དྲི་བ་དྲིས་ལན་ཚར་རྗེས་བཅར་འདྲི་བ་ཏིན་གྱི་གདོང་ལ་བལྟས་ནས་ང་ལ་ལག་པ་ཞིག་བཏང་ན་འགྲིག་གམ་ཞེས་སེམས་སྐྱོ་བའི་རེ་བ་ཞིག་བཏོན་པར་་་བཅར་འདྲི་བ་ཏིན་གྱིས་འགྲིག་གི་རེད་ཞེས་མཛུབ་གུ་རྩེ་ནས་ཐུག་ཙམ་ལས་མ་བྱས་པ་དེ་ནི་ཅི་འདྲའི་སེམས་མེད་མ་ཅིག་རེད་འང་སྙམ་བྱུང་། དགོད་བྲོ་བ་ཞིག་ལ། པོ་རོན་ཐིན་་སྲོག་ཐོག་ལ་གཏོང་གཏན་འཁེལ་བའི་ལམ་བར་དུ་ད་ལྟ་ང་གང་དུ་འགྲོ་གི་ཡོད་པ་རེད་དམ། ང་རང་ལྷ་ཡུལ་དུ་འགྲོ་གི་ཡོད་པ་རེད་པ། ཞེས་ཁེར་བཤད་བྱེད་པ་དང་། དེ་ནས་ས་རྟགས་འགོད་སའི་ལས་བྱེད་པ་དེས་ཁྱོད་ལ་ཆེས་མཐའ་མཇུག་གི་བཤད་འདོད་པའི་སྐད་ཆ་ག་རེ་ཡོད་ཞེས་དྲིས་པའི་ལན་དུ། པོ་རོནཐིན་གྱིས་སུ་ལ་ཞེས་ལན་བཏབས་པ་དང་། ལས་བྱེད་པས། ནང་ན་མི་མེད་པས། ཁྱོད་ལ་བཤད་འདོད་པའི་སྐད་ཆ་ཡོད་དམ་ཞེས་དྲིས་པར། པོ་རོན་ཐིན་གྱིས་ཡང་བསྐྱར། ཁོང་ཚོ་ལ་ག་རེ་བཤད་དགོས་རེད་དམ། ང་ནི་ཤི་གི་འགྲོ་མཁན་རེད། མདེའུ་གཅིག་དང་མཉམ་དུ་ཤི་འགྲོ་གི་རེད་ཅེས་ལན་བཏབས། དེ་ནས། བཅར་འདྲི་བ་མཛེས་མ་ཏིན་གྱིས། པོ་རོན་ཐིན། ང་ཚོས་ཁྱོད་འགྲོ་བར་སྨོན་ལམ་ཡག་པོ་རྒྱག་གི་ཡིན་ཞེས་བཤད་པར། པོ་རོན་ཐིན་གྱིས་མིག་ཀོང་མཆི་མས་བཀང་བཞིན་ཏིན་ལ་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཟེར་བཞིན། ངེད་གཉིས་ལག་པ་ཞིག་བཏང་ན་འགྲིག་གི་རེད་པས། ཅེས་རེ་བ་མཐའ་མ་དེ་བཏོན། ཏིན་གྱིས་སེམས་ལ་ཅི་ཞིག་བྱེད་དགོས་མིན་མ་ཤེས་པར་རང་གི་ལག་པའི་མཛུབ་རྩེ་ནས་པོ་རོན་ཐིན་གྱི་མཛུབ་མོར་ཐུག་ཙམ་ལས་མ་བྱས། སྐབས་དེར་ངའི་སེམས་ལ་སྐྱོ་བ་ཡི་མུག་ཞིག་སྐྱེས་ན་ཡང་། ཏིན་གྱིས་པོ་རོན་ཐིན་ལ་ལག་འཇུ་དམ་པོ་ཞིག་བྱེད་མ་ཐུབ་པ་དེ་ཡང་རྒྱུ་མཚན་གཞན་གྱིས་ཡིན་ནམ་ཡང་ན་ཏིན་གྱིས་དངོས་ནས་ལག་པ་གཏོང་མ་འདོད་པ་ཡིན་ནམ་སྙམ།
འོས་སྦྱོར་བྱས་ན་བྱས་གོ་ཆོད་པ་ཞིག་བྱས་ན་ཡག་པོ་ག་འདྲས་མེད། ལྟ་མི་ཐུབ་ཀི
ཡི་གེ་འི་ཐོག་ཕབས་ན་ཕབས་པོའི་ཕྱོགས་སུ་ཕྱག་གསུམ་འཚལ། ལྟ་གཞི་མིན་འདུག
འགོ་ནས་འཇུག་བར་ཞིབ་ཀྱིས་བལྟས་པ་ཡིན། འོས་སྦྱོར་བར་ཐུགས་རྗེ་ཆེ། བསླབ་བྱ་ལེན་དགོས་པ་ཧ་ཅང་མང་པོ་འདུག
འཛམ་གླིང་ལ་རྒྱ་ནག་འགྱུར་བ་ཏག་ཙམ་ཕྱིན་པའི་རྣམ་པ་སྟོན་སྤྱད་ཞིག་ལ་དམིགས་པ་ཡིན་པའི་རྒྱ་འདྲེ་ཚང་གི་གཡོ་སྒྱུའི་བཅོས་བརྙན་སྒྲུང་དངོས་འདི་ལ་དགའ་བོ་ནམ་ཡང་མེད།
ཡིན་ན་ཡང་ཁག་གཅིག་ལ་ཚེ་ཐར་ཐོབ་པ་དེ་ཡག་པོ་རེད། རྗེས་སུ་ལེགས་ལམ་ནས་བྱ་བ་ཡར་འགྲོ་ཡོད་པའི་ཡིད་ཆེ་ཡོད།
འདྲེ་རྒྱ་གཞུང་གིས་ག་ཚོད་གསོད་འདོད་པ་དེ་གསོད་ཆོག་པ་དང་། འབངས་ཀྱིས་འབངས་བསད་ན་ཉེས་བ་ལ་ཐར་ས་མེད་པ་འདི་རྒྱ་འདྲེ་གཞུང་གི་ཧམ་པ་ངོ་མ་དེ་རེད། གཉིས་ཆས་མྱི་བསད་པ་གཅིག་པ་རེད། གསོད་དོན་ལ་རྒྱུ་མཚན་ཡོད་པ་ཡང་གཅིག་པ་རེད། ད་རྒྱ་གཞུང་འདི་སུ་གསོད་དགོས་བ་རེད་དམ། དྲ་འབུ་ཚོ། དྲིས་བ་ཡིན།
ལྟ་མྱོང་མཁན་ཅིག་གིས་གསུངས་དང་ག་རེ་བཤད་ཀྱིན་འདུག
ངེད་ནས་ལྟ་ཐུབ་ཀྱི་མི་འདུག
ཡི་གེ་མ་གཏོགས་ཡོང་གི་མི་འདུག
ནང་དོན་མདོར་བསྡུས་ཙམ་ཡིག་ཐོག་ལ་འགོད་རོགས་ཞུ། ཤེས་ལྷག་གཉིས་ལྡན་ཞིག་གིས་ཐུགས་རྗེས་གཟིགས།
འདི་ནི་སྲོག་ཁྲིམས་མ་བཅད་སྔོན་གྱི་དྲི་བ་དྲིས་ལན་ཞིག་མ་རེད།
འདི་ནི་སྲོག་ཁྲིམས་བཅད་རྗེས་ཀྱི་དྲི་བ་དྲིས་ལན་ཞིག་རེད།
ཡིན་ན་ཡང་། སྲོག་ཐོག་མ་བཏང་སྔོན་ཙམ་རེད།
ཡིད་ཕངས་པ་ཞིག་ལ། སྲོག་ཐོག་ལ་འགྲོ་མཁན་་་པོ་རོན་ཐིན་་་གྱིས་ཆེས་མཐའ་མཇུག་གི་དྲི་བ་དྲིས་ལན་ཚར་རྗེས་བཅར་འདྲི་བ་ཏིན་གྱི་གདོང་ལ་བལྟས་ནས་ང་ལ་ལག་པ་ཞིག་བཏང་ན་འགྲིག་གམ་ཞེས་སེམས་སྐྱོ་བའི་རེ་བ་ཞིག་བཏོན་པར་་་བཅར་འདྲི་བ་ཏིན་གྱིས་འགྲིག་གི་རེད་ཞེས་མཛུབ་གུ་རྩེ་ནས་ཐུག་ཙམ་ལས་མ་བྱས་པ་དེ་ནི་ཅི་འདྲའི་སེམས་མེད་མ་ཅིག་རེད་འང་སྙམ་བྱུང་།
དགོད་བྲོ་བ་ཞིག་ལ། པོ་རོན་ཐིན་་སྲོག་ཐོག་ལ་གཏོང་གཏན་འཁེལ་བའི་ལམ་བར་དུ་ད་ལྟ་ང་གང་དུ་འགྲོ་གི་ཡོད་པ་རེད་དམ། ང་རང་ལྷ་ཡུལ་དུ་འགྲོ་གི་ཡོད་པ་རེད་པ། ཞེས་ཁེར་བཤད་བྱེད་པ་དང་། དེ་ནས་ས་རྟགས་འགོད་སའི་ལས་བྱེད་པ་དེས་ཁྱོད་ལ་ཆེས་མཐའ་མཇུག་གི་བཤད་འདོད་པའི་སྐད་ཆ་ག་རེ་ཡོད་ཞེས་དྲིས་པའི་ལན་དུ། པོ་རོནཐིན་གྱིས་སུ་ལ་ཞེས་ལན་བཏབས་པ་དང་། ལས་བྱེད་པས། ནང་ན་མི་མེད་པས། ཁྱོད་ལ་བཤད་འདོད་པའི་སྐད་ཆ་ཡོད་དམ་ཞེས་དྲིས་པར། པོ་རོན་ཐིན་གྱིས་ཡང་བསྐྱར། ཁོང་ཚོ་ལ་ག་རེ་བཤད་དགོས་རེད་དམ། ང་ནི་ཤི་གི་འགྲོ་མཁན་རེད། མདེའུ་གཅིག་དང་མཉམ་དུ་ཤི་འགྲོ་གི་རེད་ཅེས་ལན་བཏབས།
དེ་ནས། བཅར་འདྲི་བ་མཛེས་མ་ཏིན་གྱིས། པོ་རོན་ཐིན། ང་ཚོས་ཁྱོད་འགྲོ་བར་སྨོན་ལམ་ཡག་པོ་རྒྱག་གི་ཡིན་ཞེས་བཤད་པར། པོ་རོན་ཐིན་གྱིས་མིག་ཀོང་མཆི་མས་བཀང་བཞིན་ཏིན་ལ་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཟེར་བཞིན། ངེད་གཉིས་ལག་པ་ཞིག་བཏང་ན་འགྲིག་གི་རེད་པས། ཅེས་རེ་བ་མཐའ་མ་དེ་བཏོན། ཏིན་གྱིས་སེམས་ལ་ཅི་ཞིག་བྱེད་དགོས་མིན་མ་ཤེས་པར་རང་གི་ལག་པའི་མཛུབ་རྩེ་ནས་པོ་རོན་ཐིན་གྱི་མཛུབ་མོར་ཐུག་ཙམ་ལས་མ་བྱས།
སྐབས་དེར་ངའི་སེམས་ལ་སྐྱོ་བ་ཡི་མུག་ཞིག་སྐྱེས་ན་ཡང་། ཏིན་གྱིས་པོ་རོན་ཐིན་ལ་ལག་འཇུ་དམ་པོ་ཞིག་བྱེད་མ་ཐུབ་པ་དེ་ཡང་རྒྱུ་མཚན་གཞན་གྱིས་ཡིན་ནམ་ཡང་ན་ཏིན་གྱིས་དངོས་ནས་ལག་པ་གཏོང་མ་འདོད་པ་ཡིན་ནམ་སྙམ།