སྨན་པ་གཡང་འབུམ་རྒྱལ་གྱིས་བསྒྱུར། (CNN གསར་ཁང་གི་འཕྲོད་བསྟེན་ལེ་ཚན།)
ཆེད་མཁས་རྣམ་པས་འཛམ་གླིང་གི་ནད་ཡམས་ཀྱིས་ཡོང་འཆར་མི་ལོ་ ༢༠ ནས་ ༣༠ ནང་དུ་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་གི་ཡིན་པའི་ཉེན་བརྡ་བཏང་ཡོད། དེར་བརྟེན་འདས་པའི་ནད་ཡམས་ཀྱི་བྱུང་རིམ་སྟེང་ནས་མ་འོངས་པའི་གནས་སྟངས་ལ་བློ་སྐྱེད་རེ་རྙེད་ཐུབ་པས། གཤམ་དུ་ལོ་རྒྱུས་སྟེང་གི་ནད་ཡམས་གཙོ་བོ་ཁག་ཅིག་ལོ་རིམ་བཞིན་བཀོད་ཡོད།
སྤྱི་ལོ་སྔོན་ ༤༣༠ །
ཝ་རིའོ་ནད་འབུ་ variola virus 天花病毒ཡིས་ལྷ་འབྲུམ་ Smallpox 天花སློང་བར་བྱེད་ཅིང་། ནད་འབུ་དེ་པགས་པ་ནས་པགས་པའམ་ལུས་ཀྱི་གཤེར་ཁུར་འབྲེལ་ཐུག་བྱུང་ནས་འགོ་ཁྱབ་འགྲོ་བ་ཞིག་ཡིན། སྤྱི་ལོ་སྔོན་ ༤༣༠ ལོར་གྷི་རིག་རྒྱལ་ཁབ་ཀྱི་ཨེ་ཐེན་Athensདུ་མི་གྲངས་ ༣༠༠༠༠ ལྷག་གི་ཚེ་སྲོག་འཕྲོག་ཏེ། ཨེ་ཐེན་གྲོང་ཁྱེར་གྱི་ཁྱོན་ཡོངས་མི་འབོར་ ༢༠ % ཡིས་ཉུང་རུ་བཏང་ཡོད།
སྤྱི་ལོ་ ༥༤༡ །
ལོ་རྒྱུས་ཀྱི་ཡིག་ཆ་ལྟར་ན། རྗུ་སི་ཊི་ནིན་རིམས་ཚད་ Plague of Justinian 查士丁尼瘟疫དེ་སྤྱི་ལོ་ ༥༤༡ ནས་དར་ཁྱབ་འགྲོ་འགོ་བརྩམས་ཏེ་ལོ་མང་རིང་མཆེད་རྒྱུན་མཚམས་མ་ཆད་ཅིང་ཤར་དཀྱིལ་ས་ཁུལ་Middle East དང་ཨེ་ཤེ་ཡ། མེ་ཌི་ཊེ་ར་ནེན་མཚོ་ཁུག་ Mediterranean basin བཅས་ཀྱི་མི་གྲངས་ས་ཡ་ ༥༠ ལྷག་འདས་གྲོངས་སུ་ཕྱིན་རྗེས་མི་ལོ་ ༢༠༠ རྗེས་ནས་ད་གཟོད་མཆེད་རྒྱུན་མཚམས་ཆད་པ་བྱུང་ཡོད། རིམས་ཚད་འདི་ལྗི་བའམ་ཁྱི་ཤིག་གིས་སོ་བཏབ་པའི་ཙི་ཙི་ནས་མཆེད་པའི་ཕྲ་སྲིན་ bacteria གྱིས་བསླངས་པ་ཞིག་ཡིན།
སྤྱི་ལོ་ ༡༣༣༤ །
ལོན་ཌོན་གྱི་རིམས་ཚད་ཆེན་མོ་ Great Plague of London伦敦大瘟疫ཞེས་པ་དོན་དངོས་སུ་སྤྱི་ལོ་ ༡༣༣༤ ལ་རྒྱ་ནག་ནས་མཆེད་འགོ་བརྩམས་ཤིང་ཚོང་ལམ་བརྒྱུད་ནས་ཁྱབ་གདལ་དུ་ཕྱིན་རྗེས་གྲོང་ཁྱེར་གྱི་མི་འབོར་ཡོངས་སུ་རྨེག་རྨེད་དུ་བཏང་། ཨི་ཊ་ལི་རྒྱལ་ཁབ་ཀྱི་ཕི་ལོ་རེན་སི་ Florence ས་ཁུལ་དུ་དུས་ཡུན་ཟླ་དྲུག་གི་ནང་དུ་མི་འབོར་སུམ་ཆའི་གཅིག་སྟེ་མི་གྲངས་ ༩༠༠༠༠ རྐྱེན་འདས་སུ་གྱུར། སྐབས་དེར་ཡུ་རོབ་ཁྱོན་ཡོངས་སུ་མི་གྲངས་ས་ཡ་ ༢༥ འདས་གྲོངས་སུ་གྱུར།
སྤྱི་ལོ་ ༡༥༡༩ །
དུས་དེར་ཧེར་ནན་རྡོ་ཀོར་ཊེ་སི་ Hernando Cortes埃尔南多·科尔特斯༼སི་པན་རྒྱལ་ཁབ་གྱི་འགྲུལ་བཞུད་རྟོག་ཞིབ་པ་དང་ལྷོ་ཨ་མེ་རི་ཀ་མི་སེར་སྤེལ་ཡུལ་དུ་བསྒྱུར་མཁན༽ཐོག་མར་དེང་སྐབས་མེ་ཞི་ཀོ་ཞེས་འབོད་པའི་ས་ཁུལ་དུ་འབྱོར་སྐབས་མི་གྲངས་ས་ཡ་ ༢༥ ཙམ་གནས་སྡོད་བྱེད་ཀྱི་ཡོད། ལྷ་འབྲུམ་smallpox ནད་རིམས་ཀྱིས་ལོ་གཉིས་ཀྱི་རིང་ས་གནས་ཡུལ་མི་ས་ཡ་ ༥ ནས་ ༨ ཡི་ཚེ་སྲོག་འཕྲོག དེའི་རྗེས་ཀྱི་དུས་རབས་གཅིག་གི་རིང་ཡུ་རོབ་འགྲུལ་བཞུད་རྟོག་ཞིབ་པས་འཁྱེར་ཡོང་བའི་འགོ་ཁྱབ་ཅན་གྱི་ནད་གཞི་འདི་དང་གཞན་དག་གི་རྐྱེན་བྱས་ནས་ས་ཁུལ་དེར་ཁྱོན་ཡོངས་མི་འབོར་ས་ཡ་ ༢ ལས་ཉུང་བ་ཞིག་མ་གཏོགས་ལྷག་མེད།
སྤྱི་ལོ་ ༡༦༣༣ །
ཕི་རན་སི་དང་། དབྱིན་ཇི། ནེ་རྡེར་ལན་ཌི་ཡི་གཞིས་སྤོར་བྱེད་མི་ཚོས་འཁྱེར་ནས་ཡོང་བའི་ལྷ་འབྲུམ་སྤྱི་ལོ ༡༦༣༣ ལ་ཨ་རིའི་མ་ས་ཆུ་སེ་ཊེ་ Massachusettsལ་སླེབས། དུས་དེ་བར་དུ་ཡོད་མ་མྱོང་བའི་ནད་ཡམས་དེ་ལམ་སེང་ཨ་རི་གདོད་མའི་མི་རིགས་ནང་ལ་ཁྱབ་པར་གྱུར། ལྷ་འབྲུམ་གྱིས་ཤི་བའི་མི་གྲངས་གསལ་བོ་ཞིག་མེད་ནའང་། ལོ་རྒྱུས་སྨྲ་བ་ཚོས་ཡུ་རོབ་མི་རྣམས་ཨ་མེ་རི་ཀར་སླེབས་རྗེས་མི་གྲངས་ས་ཡ་ ༢༠ ལྷག་རྐྱེན་འདས་སུ་གྱུར་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད།
སྤྱི་ལོ་ ༡༧༩༣ །
སྤྱི་ལོ་ ༡༧༩༣ ལ་ཕེ་ལ་ཌེལ་ཕི་ཡ་ Philadelphiaགྲོང་ཁྱེར་དུ་ཚད་པ་སེར་པོའི་ནད་རིམས་ yellow fever epidemic黄热病流行ཤིག་བྱུང་སྟེ་གྲོང་ཁྱེར་གྱི་མི་འབོར་ ༤༥༠༠༠ ནས་བཅུ་ཆའི་གཅིག་རྐྱེན་འདས་སུ་བཏང་།
སྤྱི་ལོ་ ༡༨༦༠ །
དེང་རབས་རིམས་ཚད་ Modern Plague 现代瘟疫ཟེར་བ་སྤྱི་ལོ་ ༡༨༦༠ ཙམ་ནས་དར་ཁྱབ་ཏུ་གྱུར་སྟེ་རྒྱ་ནག་དང་། རྒྱ་གར། ཧོང་ཀོང་དུ་མི་གྲངས་ས་ཡ་ ༡༢ ལྷག་འདས་གྲོངས་སུ་གྱུར། སྤྱི་ལོ་ ༡༨༩༠ ཙམ་ནས་མིའི་རིགས་ཀྱིས་ཕྲ་སྲིན་འགོ་ནད་ bacterial infection 细菌感染དར་ཁྱབ་ཏུ་འགྲོ་སྟངས་ཤེས་རྟོགས་བྱུང་ཞིང་འགོག་སྨན་ vaccine疫苗གསར་གཏོད་བྱས།
སྤྱི་ལོ་ ༡༩༠༡ །
སྤྱི་ལོ་ ༡༩༠༡ ལ་སྦོ་སི་ཊོན་དུ་མི་གྲངས་ ༡༥༠༠ ལ་ལྷ་འབྲུམ་ནད་རིམས་བྱུང་སྟེ་དེའི་ཁྲོད་ཀྱི་མི་ ༢༧༠ འདས་གྲོངས་སུ་གྱུར།
སྤྱི་ལོ་ ༡༩༡༠ །
དུས་རབས་ ༢༠ པའི་ཆེས་ཚབས་ཆེ་བའི་རིམས་ཚད་ Plague ཏེ་སྤྱི་ལོ་ ༡༩༡༠ ནས་ ༡༩༡༡ བར་མན་ཇུ་ Manchuria 满洲ས་ཁུལ་དུ་བྱུང་སྟེ་མི་གྲངས་ ༦༠༠༠༠ ལྷག་ཚེ་ལས་འདས། ནད་ཡམས་འདི་མཚམས་རེར་ཨ་ཕི་རི་ཀའི་ལྷོ་རྒྱུད་ sub-Saharan Africa ས་ཁུལ་དུ་ད་དུང་ཡང་བྱུང་དང་འབྱུང་བཞིན་པ་ཡིན།
སྤྱི་ལོ་ ༡༩༡༨ །
སྤྱི་ལོ་ ༡༩༡༨ དང་ ༡༩༡༩ ཡི་ཆམ་རིམས་འགོ་ནད་ཆེན་མོ་ The great flu pandemic 大流感大流行ཡིས་འཛམ་གླིང་ཁྱོན་ཡོངས་སུ་མི་གྲངས་ས་ཡ་ ༣༠ ནས་ ༥༠ ལྷག་གི་ཚེ་སྲོག་འཕྲོག དེའི་གྲས་ཀྱི་མི་གྲངས་ ༦༧༥༠༠༠ ནི་ཨ་རིའི་མི་སེར་ཡིན།
སྤྱི་ལོ་ ༡༩༥༢ །
ཨ་རིར་སྒལ་རྒྱུངས་གཉན་ཚད་ Polio 脊髓灰质炎ནད་རིམས་དར་ཁྱབ་ཆེ་ཞིང་བྱིས་པ་ ༦༠༠༠༠ ཙམ་ལ་འགོས་ཁྱབ་བྱུང་སྟེ་བྱིས་པ་གྲངས་ ༣༠༠༠ འདས་གྲོངས་སུ་གྱུར། ལོ་གསུམ་གྱི་རྗེས་སུ་ནད་རིམས་འདིའི་འགོག་སྨན་བཟོས་ཏེ་འགོ་ནད་སྔོན་འགོག་བྱེད་ཐུབ་པ་བྱུང་ཡོད།
སྤྱི་ལོ་ ༡༩༨༤ །
སྤྱི་ལོ་ ༡༩༨༤ ལ་ཚན་རིག་པས་ནད་འགོག་ནུས་ཤུགས་ཞན་པའི་ནད་འབུ་ human immunodeficiency virus人类免疫缺陷病毒 HIV འམ་ཨེ་ཙི་ནད་ AIDS 艾滋病ཀྱི་སློང་རྐྱེན་གསར་རྙེད་བྱུང་། ལོ་དེ་རང་ལ་ཨ་རི་ཁོ་ནར་སྲོག་གཅོད་ནད་གཞི་དེས་མི་གྲངས་5500 ཙམ་བསད། དེང་དུས་འཛམ་གླིང་ཁྱོན་ཡོངས་སུ་མི་གྲངས་ས་ཡ་ ༣༥ ལ་ནད་འགོག་ནུས་ཤུགས་ཞན་པའི་ནད་འབུ་ HIV ཡོད་ཅིང་། ནད་གཞི་འདི་གསར་དུ་བྱུང་ནས་ད་བར་མི་གྲངས་ས་ཡ་ ༢༥ ཡི་ཚེ་སྲོག་འཕྲོག་ཡོད།
སྤྱི་ལོ་ ༢༠༠༣ །
སྤྱི་ལོ་ ༢༠༠༣ ལ་རྒྱ་ནག་ཏུ་ཉེན་ཚབས་ཆེ་བའི་དབུགས་ལམ་ནད་རྟགས་སམ་གློ་ཚད་གཉན་རིམས་སར་སི་ Severe Acute Respiratory Syndrome 严重急性呼吸系统综合症SARS ཞེས་པ་ཁྱབ་གདལ་དུ་སོང་སྟེ་མི་གྲངས་ ༨༠༠༠ ལྷག་ལ་ནད་དེ་འགོས་ཤིང་མི་ ༧༧༤ འདས་གྲོངས་སུ་གྱུར།
སྤྱི་ལོ་ ༢༠༠༩ །
འཛམ་གླིང་རང་བཞིན་གྱི་ H1N1 flu H1N1流感ཆམ་རིམས་ཀྱིས་མི་གྲངས་ ༥༧༥༠༠༠ ལས་མང་བའི་ཚེ་སྲོག་འཕྲོག་ཡོད་ནའང་དངོས་སུ་འདས་གྲོངས་སུ་གྱུར་བ་མི་ ༡༨༥༠༠ མ་གཏོགས་ཐོ་གྲངས་སུ་བཀོད་མེད། H1N1 ནད་འབུ་ནི་ཕག་ནད་ཆམ་རིམས་ swine flu 猪流感རིགས་ཤིག་ཡིན་པ་དང་། དེ་ཡང་ཨེ་ཆམ་རིམས་ནད་འབུ་ A influenza virus流感病毒 ཡིས་བསླངས་པའི་ཕག་པའི་དབུགས་ལམ་གྱི་ནད་ཅིག་ཡིན།
སྤྱི་ལོ་ ༢༠༡༠ །
སྤྱི་ལོ་ ༢༠༡༠ ལ་ཧེ་ཏི་ Haiti རྒྱལ་ཁབ་ཏུ་ས་ཡོམ་བྱུང་རྗེས་རྒྱ་ནད་ཚད་འཁྲུའི་ cholera 霍乱ནད་རིམས་ཀྱིས་མི་གྲངས་ ༡༠༠༠༠ ལྷག་གི་ཚེ་སྲོག་འཕྲོག ནད་ཡམས་འདིས་རྒྱལ་ཁབ་འཛུགས་སྐྲུན་གྱི་བྱ་བར་འགོག་རྐྱེན་བཟོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བལ་ཡུལ་གྱི་ཞི་བདེ་སྲུང་དམག་ཚོས་སྲོག་གཅོད་ནད་ཡམས་འདི་བཞིན་ཧེ་ཏི་རྒྱལ་ཁབ་འདིར་འཁྱེར་ཡོང་བ་རེད་ཅེས་པའི་གཏམ་ཡན་ལ་སྐྱོན་བརྗོད་མ་བྱས་པར་དགོངས་སེལ་ཞུ་དགོས་བྱུང་ཡོད།
སྤྱི་ལོ་ ༢༠༡༢ །
ཕྱི་ལོ ༢༠༡༢ ལ། འགོ་ཚབས་ཆེ་བའི་སིབ་བུ་ནད་ measles麻疹ཀྱིས་འཛམ་གླིང་ཁྱོན་ཡོངས་སུ་མི་གྲངས་ ༡༢༢༠༠༠ ལྷག་གི་ཚེ་སྲོག་འཕྲོག་ཅིང་། རྒྱུ་ཚད་ནད་རིམས་ Typhoid fever 伤寒ཀྱིས་ལོ་གཅིག་ནང་མི་གྲངས་ ༢༡༦༠༠༠ བསད། གློ་གཅོང་ཊི་སྦི་ Tuberculosis 肺结核 རིམས་ནད་ཀྱིས་མི་གྲངས་ས་ཡ་ ༡།༣ ལྷག་རྐྱེན་འདས་སུ་བཏང་། ནད་གཞི་འདི་དག་ནི་གཞུང་འབྲེལ་འཕྲོད་བསྟེན་ལས་ཁུངས་ཁག་ལ་དཀའ་ངལ་ཆེ་ཤོས་སྤྲོད་པའི་ཉེན་ཚབས་ཆེ་བའི་འགོ་ནད་ཞེ་ཅིག་ཡིན་ནོ།
སྤྱི་ལོ་ ༢༠༡༤ །
སྤྱི་ལོ་ ༢༠༡༤ ལ། ཨ་ཕི་རི་ཀའི་ནུབ་ཕྱོགས་ས་ཁུལ་དུ་ཨེ་རྦོ་ལ་ Ebola hemorrhagic fever ནད་རིམས་ཁྱབ་གདལ་དུ་སོང་ཞིང་འདི་ནི་ལོ་རྒྱུས་ཐོག་དར་ཁྱབ་ཚབས་ཆེ་ཤོས་དེ་ཆགས་ཡོད། ནད་ཡམས་འདི་རྩ་མེད་དུ་བཟོས་ཚར་ཡོད་པ་ཡོང་ཁྱབས་གསལ་བསྒྲགས་བྱས་པའི་ལོ་དེ་སྤྱི་ལོ་ ༢༠༡༦ བར་དུ་མི་གྲངས་ ༡༡༣༠༠ ཡི་ཚེ་སྲོག་འཕྲོག་ཚར་ཡོད།
སྤྱི་ལོ་ ༢༠༡༦ །
འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ World Health Organization ཀྱིས་འགོ་ཚབས་ཆེ་བའི་རྫི་ཁ་ནད་འབུ་ཡིས་ཨ་མེ་རི་ཀ་གླིང་ཆེན་དུ་ལོ་གཅིག་ནང་དུ་མི་གྲངས་ས་ཡ་ ༣ ནས་ ༤ ལ་འགོ་ཁྱབ་འགྲོ་སྲིད་པའི་སྔོན་བརྡ་བཏང་སྟེ་རྒྱལ་སྤྱི་རང་བཞིན་གྱི་བློ་འཚབ་ཆེ་བའི་འཕྲོད་བསྟེན་ཉེན་ཚབས་ཞེས་གསལ་བསྒྲགས་བྱས་ཡོད། རྫི་ཁ་ནི་དུག་སྦྲང་ནས་བྱུང་ཞིང་མངལ་སྐྱེས་ཕྲུ་གུ་སྐྱོན་ཅན་སྐྱེ་བའི་རྒྱུ་རྐྱེན་བྱེད་ཐུབ་ལ། ཕྲུ་གུ་དེ་ཡང་མགོ་བོ་ཆུང་ལ་ལུས་པོ་ཆེ་བའི་ལུས་གཟུགས་ཅན་ཡོང་གི་ཡོད། ནད་འབུ་དེས་ད་དུང་ཕྲུ་གུ་དུས་མ་རན་པར་སྐྱེ་བ་དང་། མངལ་ནས་ཕྲུ་གུ་འཆི་བ། དབང་རྩ་སྐྱོན་ཅན་སློང་གི་ཡོད། ནད་ཡམས་གཞན་ལྟར་ཚེ་སྲོག་ལ་དེ་འདྲའི་རྒོལ་རྡུང་མི་བྱེད་ནའང་། ཕ་མ་རྣམས་ནད་འབུར་ཞེད་སྣང་སྐྱེས་ཏེ་མི་གྲངས་སྐྱེ་འཕེལ་ལ་བར་ཆད་བྱུང་སྟེ་མི་རབས་རྗེས་མའི་གྲངས་འབོར་ཇེ་ཉུང་དུ་གཏོང་བའི་རྒྱུ་རྐྱེན་ཆགས་ཡོད།
དབྱིན་རྩོམ་དྲ་ཐག https://www.cnn.com/interactive/2014/10/health/epidemics-through-history/
༼ཆེད་མཁས་རྣམ་པས་འཛམ་གླིང་གི་ནད་ཡམས་ཀྱིས་ཡོང་འཆར་མི་ལོ་ ༢༠ ནས་ ༣༠ ནང་དུ་འགྲོ་བ་མིའི་རིགས་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་བཟོ་གི་ཡིན་པའི་ཉེན་བརྡ་བཏང་ཡོད།༽ ཅེས་འདུག
དེ་ནས་མར་བཀླགས་མེད། མ་རྩོམ་རང་ཐེངས་གཅིག་བཀླགས་པས་ད་གཟོད་གོ་བ་ཙམ་རྙེད་པར་གྱུར།
༼ཡོང་འཆར་མི་ལོ་ ༢༠ ནས་ ༣༠ ༽ཞེས་པ་དང་༼ཡོང་རྒྱུའི་མི་ལོ་ ༢༠ ནས་ ༣༠ ༽འདི་གཉིས་དོན་གཅིག་ཏུ་འཁྲུལ་གཞི་བྱུང་བ་ཡིན་ནམ་ཅི།
༼འགོག་རྐྱེན་བཟོ་གི་ཡིན་པའི་ཉེན་བརྡ་བཏང་༽ཞེས་པས་འགོག་རྐྱེན་བཟོ་མཁན་དེ་ཆེད་མཁས་པ་དེ་ཚོ་ཡིན་པ་སྟོན།
༼བཟོ་གི་ཡིན༽དང་ ༼བཟོ་རྒྱུ་རེད༽ལབ་པ་གཉིས་ལ་ཁྱད་པར་ཡོད། བསམ་ཚུལ་ཙམ་ཡིན། ནོར་ཡོད་ན་དགོངས་སེལ་ཞུ།
སྒྱུར་རྩོམ་འདིའི་རིགས་ཕན་ཐོགས་ཆེ། བོད་ཡིག་སྤེལ། ཤེས་རྒྱ་ཆེ། བཀའ་དྲིན་ཆེ། ཐུགས་རྗེ་ཆེ། ལོ་གསར་བཟང་།།
ནད་རིགས་བཞི་བརྒྱ་རྩ་བཞིའི་གྲངས་ཀ་རྩིས་སྟངས་སུས་ཤེས་སམ། ལགས།
ལྕགས་བྱའི་ལོ་ལ་ནད་རིགས་མེད་པ་དང་། །
ལྕགས་བྱསི་ལོ་ལ་རྒྱུ་ནོར་འཕེལ་བ་དང་། །
ལྕགས་བྱའི་ལོ་ལ་ཆོལ་གསུམ་མཐུན་པ་དང་། །
ལྕགས་བྱའི་ལོ་ཡི་བསམ་དོན་འགྲུབ་པར་ཤོག །
ལྕགས་བྱའི་ལོ་ལ་ནད་རིགས་མེད་པ་དང་། །
ལྕགས་བྱསི་ལོ་ལ་རྒྱུ་ནོར་འཕེལ་བ་དང་། །
ལྕགས་བྱའི་ལོ་ལ་ཆོལ་གསུམ་མཐུན་པ་དང་། །
ལྕགས་བྱའི་ལོ་ཡི་བསམ་དོན་འགྲུབ་པར་ཤོག །
འདི།
ལྕགས་བྱིའི་ལོ་ལ་ནད་རིགས་མེད་པ་དང་། །
ལྕགས་བྱིའིལོ་ལ་རྒྱུ་ནོར་འཕེལ་བ་དང་། །
ལྕགས་བྱིའི་་ལོ་ལ་ཆོལ་གསུམ་མཐུན་པ་དང་། །
ལྕགས་བྱིའི་ལོ་ཡི་བསམ་དོན་འགྲུབ་པར་ཤོག །
ལ་བཅོས་སོ།།