བསྟན་འཛིན་ཆོས་སྐྱོང་།
དྲང་བདེན་དང་སྲོལ་མེད་གཡོ་མེད་ཀྱི་སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཨ་རི་དང་ཡུ་རོབ་སོགས་སུ་འོས་འགྲན་གྱི་གསུང་བཤད་གནང་སྟེ་རྒྱ་གར་དུ་སླེབས་རྗེས་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གཞུང་འབྲེལ་ཐོག་ཨ་རིར་ཕེབས་རྗེས་སྤེན་པ་ཚེ་རིང་མཆོག་ལ་ལམ་ཐིགས་མ་འཆོལ་བའི་རྗེས་འདེད་གནང་སྟེ་འོས་འགྲན་གསུང་བཤད་གནང་བཞིན་ཡོད་པ་དང་། དེའི་ནང་དུ་ཞལ་རྫུན་དང་ཆ་མ་ཚང་བ། བྱུང་རིམ་མི་གསལ་བའི་གསུང་བཤད་མང་དག་ཅིག་ཕེབས་ཡོད་པ་ནི་སྲིད་སྐྱོང་གིས་མི་མང་ལ་གཟིགས་ཚུལ་ཆུང་བའམ་མཐོང་ཆུང་གི་རྣམ་པ་ཞིག་ལས་མེད། ད་ལན་ཡང་དྲ་ལམ་དུ་བློ་བཟང་སེང་གེ་མཆོག་གི་རྒྱབ་སྐྱོར་བའི་དགོངས་ཚུལ་དྲི་བ་ཉེར་ལྔ་སྲོང་བཙན་ཞུ་བ་ཞིག་གི་མཚན་ཐོག་ཡིན་ཤག་གིས་བཀོད་འདུག་ཅིང་། དེ་རུ་“དྲི་བ་འདི་དག་ནི་དངོས་ཡོད་དང་ད་བར་སྤྱི་ཚོགས་སུ་འགྲོ་བཞིན་པའི་གནད་དོན་ཤ་སྟག་ཡིན་པ་ལས་བསྙོན་འཛུགས་རིགས་སུ་གཏོགས་པ་ཞིག་གཏན་ནས་མིན།” ཞེས་རྩ་བའི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཀའ་འདྲི་ཡིན་ཚུལ་བརྗོད་འདུག་ཀྱང་། ལམ་ནོར་རང་བློས་མ་ཟིན་པ་བྱུང་འདུག་གཤིས་དེ་ལ་ངོས་རང་གསེད་བཀྲོལ་གྱི་ཚུལ་དུ་ལན་དུ་གདབ་པ་གཤམ་གསལ།
1 སྲིད་སྐྱོང་གིས་༸གོང་ས་མཆོག་ལ་མཛད་དཀའ་བཟོ་ས་རེད་ཅེས་སྐུ་ཉིད་ཀྱིས་གསུངས་འདུག་ན། ཇི་ལྟར་མཛད་དཀའ་བཟོ་ལུགས་དང་། དེ་སྔར་མཛད་དཀའ་འདི་བཟོས་སོང་ཞེས་དཔེ་མཚོན་གང་དང་གང་ཡོད་དམ།
༡ ལན། ༧གོང་ས་མཆོག་ལ་དད་པ་དམ་ཚིག་གཙང་བའི་ཚོགས་པ་ཞིག་གིས་བརྟན་བཞུགས་ཕུལ་རྒྱུར་བཀག་འགོག་བྱས་པ་དང་། དུས་དབང་ཕྱིར་འགྱང་གིས་སྤྱི་ཚོགས་ནང་གླེང་གཞི་འདྲ་མིན་ཡོང་བཞིན་པའི་མཛད་དཀའ། བཀའ་བློན་རྣམ་པའི་མཛད་རྗེས་སྒེར་བདག་བྱས་པའི་མཛད་དཀའ། རྒྱལ་སྤྱིའི་ལྡིང་ཆ་སྤྲད་ཀྱང་བོད་དོན་མི་གླེང་བར་སོ་སོ་ངོ་སྤྲོད་ཀྱིས་དུས་ཚོད་བསྐྱལ་བའི་མཛད་དཀའ། མདོར་ན་ལོ་ངོ་བཞི་ལྷག་རིང་༧གོང་ས་མཆོག་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ལ་དགོངས་ནས་ཕྱི་མིའི་མདུན་སྲིད་སྐྱོང་ལས་ཐོག་ལ་བསྔགས་བརྗོད་གནང་ཡང་། སྲིད་སྐྱོང་ལས་ཐོག་གཉའ་བ་སྦོམ་རུ་སྦོམ་རུ་སོང་བའི་མཛད་དཀའ་སོགས་ཧ་ཅང་མང་ངོ་།
2 སྐུ་ཉིད་ཀྱིས་སྲིད་སྐྱོང་གིས་བཀའ་ཤག་ལ་འགན་མཉམ་ཁུར་མ་བྱེད་པར་ལས་དོན་རེ་འགའ་ཁོང་སྒེར་གྱིས་གནང་གི་ཡོད་ལུགས་གསུངས་པ་ལ་ཉེ་ཆར་སྲིད་སྐྱོང་གིས་ལན་འདེབས་བྱས་ཏེ། ཨ་རི་དང་རྒྱ་གར་གྱི་གནད་དོན་དེ་སྲིད་སྐྱོང་གིས་ཐད་ཀར་གཏོང་འཛིན་བྱེད་བཞིན་པ་ནི་ཟམ་གདོང་རིན་པོ་ཆེ་ནས་དེ་བཞིན་གནང་གི་ཡོད་ལུགས་གསུངས་འདུག་པས་སྐུ་ཉིད་ཀྱིས་གསལ་བཤད་ཁ་གསལ་གནང་རོགས།
༢ ལན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ཡིས་བཀའ་ཤག་ལ་འགན་མཉམ་ཁུར་བྱེད་ཀྱི་མེད་པ་ནི་ཁོང་གིས་ངོས་ལེན་གནང་པ་དེ་ལྟར་ཡང་། བཀའ་ཤག་སྐབས་སྔོན་མའི་སྐབས་སུའང་ཨ་རི་དང་རྒྱ་གར་གྱི་གནད་དོན་ཟམ་གདོང་རིན་པོ་ཆེས་ཐད་ཀར་གཏིང་འཛིན་གནང་གི་ཡོད་ལུགས་ཀྱིས་ལན་འདེབས་བྱས་འདུག སྲིད་སྐྱོང་ལས་ཐོག་བློ་སེང་འདི་བ་ཁྲིམས་ཀྱི་སློབ་སྦྱོང་ཐོན་པ་རེད་ཅེས་ང་ཚོར་ཡང་ཡང་གོ་ཐོས་བྱུང་བ་མ་རེད་དམ། མང་གཙོའི་ལམ་ལུགས་ནང་དུ་འཛིན་སྐྱོང་གི་གནང་ཕྱོགས་སྔོན་མའི་སྲོལ་ལ་བལྟས་ནས་འགྲོ་དགོས་སམ། ཡང་ན་ཁྲིམས་ལྟར་འགྲོ་དགོས། ཁྲིམས་སྒྲིག་ཏུ་ཁ་གསལ་བཀོད་པའི་ལས་དོན་བྱེད་ཕྱོགས་ཡོད་བཞིན་དུ་སྔོན་མ་ཅིག་གནང་འདུག་ཅེས་གཡོ་སྲོལ་བྱེད་པ་ནི་མང་གཙོ་བརྡལ་བཤིག་བཏང་བ་མ་རེད་དམ། སྤྱིར་ན་བློ་སེང་འདི་ལ་མང་གཙོའི་གོ་རྟོགས་ཡོད་ཀྱང་མོས་པ་ནི་དེ་ཙམ་མེད་པ་འདྲ་སྟེ། སྐབས་ཤིག་ཨ་རིར་གནད་ཡོད་མི་སྣ་ཡོད་སར་ང་ཚོར་མང་གཙོ་དགོས་པའི་དགོས་འདུན་འདོན་གྱི་མེད་ཅེས་བཤད་ཐལ་བས་གྲོས་ཚོགས་ནས་གླེང་གཞི་ཆེན་པོ་བྱུང་།
3 སྐུ་ཉིད་ཀྱིས་ད་ལྟའི་བཀའ་ཤག་གིས་བོད་རྒྱལ་འབྲེལ་མོལ་གནང་མ་ཐུབ་པ་དེ་འཐུས་ཤོར་ཡིན་ཚུལ་གསུངས་འདུག་པས། འདིའི་ཐད་རྒྱ་ནག་གིས་ཁ་ཡ་མ་བྱེད་ན་བཀའ་ཤག་ལ་ནུས་པ་གང་ཡང་མེད་པ་མ་རེད་དམ། འོ་ན་༸གོང་ས་མཆོག་གིས་ད་བར་རང་དབང་བསྐྱར་གསོ་གནང་མ་ཐུབ་པ་དེ་༧གོང་ས་མཆོག་གི་འཐུས་ཤོར་ལ་ངོས་འཛིན་བྱེད་དགོས་སམ།
༣ ལན། བོད་རྒྱ་འབྲེལ་མོལ་གནང་མ་ཐུབ་པ་ནི་འཐུས་ཤོར་ཡིན་དང་ཡིན། བཀའ་ཤག་སྔོན་མའི་སྐབས་སུ་རྒྱུད་ལམ་གཅིག་གི་སྲིད་བྱུས་བཟུང་ནས་ཤེས་འབྱོན་གཉིས་ལྡན་གྱི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ལགས་དང་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་(སྤྱི་འཐུས་དེ་མིན།) གཉིས་བརྒྱུད་ནས་འབྲེལ་མོལ་རིམ་པ་མང་པོ་སོང་མྱོང་ཡོད་པ་དང་། ཁོང་རྣམ་པ་གཉིས་བརྒྱུད་ནས་རྒྱ་ནག་ལ་འབྲེལ་བ་བྱེད་པའི་ལམ་ཁ་ཡག་པོ་ཡོད་ཀྱང་། སྲིད་སྐྱོང་ལས་ཐོག་བློ་སེང་ལགས་ཀྱིས་ཁོང་གཉིས་ལ་ལྟོས་མེད་ཀྱིས་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གསར་འཛུགས་བྱས་ཏེ་སྔོན་མའི་འབྲེལ་ལམ་ཡོངས་སུ་བཅད་པ་དང་། ཁོང་རྣམ་པ་གཉིས་ཀྱང་རིམ་པས་དགོངས་པ་ཞུ་དགོས་འཁེལ། འབྲེལ་མོལ་གྱི་འཐུས་ཤོར་དེ་རང་དབང་བསྐྱར་གསོ་དང་བསྡུར་བ་ནི་བྱིས་བློ་རང་རེད་དོ།
4 དུས་དབང་ཕར་འགྱངས་གནང་བ་དེ་སྐུ་ཉིད་ཀྱིས་གསལ་པོ་མཁྱེན་གྱི་ཡོད་ལུགས་གསུངས། ཡང་ཆ་ཚང་ཤེས་མི་འདུག་གསུངས། དེའི་རྗེས་སྲིད་སྐྱོང་གིས་ལན་འདེབས་གནང་སྟེ། ཚོགས་གཞོན་བརྩིས་པའི་མི་བཞི་དཔང་པོ་ཡོད། ཁོང་བཞི་པོའི་མདུན་ནས་ཁྱེད་ལ་ཁ་པར་ནས་གསལ་པོ་བཤད་ཡོད་ཅེས་གསུངས་འདུག་པས། སྐུ་ཉིད་ལ་ཆ་ཚང་གསུངས་མེད་པའི་དཔང་པོ་དང་ཁུངས་ཡོད་དམ།
༤ ལན། དུས་དབང་ཕར་འགྱང་སྐོར་གྱི་ཚོགས་གཙོའི་གསུང་བཤད་ནི་བདེན་པ་ཡིན་པ་དང་། བཀའ་ཤག་ལ་གཟུགས་མེད་གྲིབ་བཟོ་གང་ཡང་ཞུས་མེད་སྐོར་བཀའ་ཤག་ལ་སྙན་ཞུ་ཕུལ་ཏེ་ལན་ལ་སྒུག་ཡོད་སྐོར། དེ་བཞིན་ཟླ་ ༨ ཚེས་ ༢༧ དང་༢༨ ཉིན་གཉིས་ཀྱི་གནས་ཚུལ་བཀའ་ཤག་གིས་གཡོལ་ཡོད་སྐོར། དེའི་སྐོར་ཁ་ཧ་ཅང་གསལ་པོས་བཤད་དགོས་ན་སྤོབས་པ་ཡོད་པ་སོགས་དངོས་སུ་གསུངས་འདུག་པ་འབྲེལ་ཐག་འདིར་གཟིགས། https://www.facebook.com/1656230637964920/videos/1668023110119006/?fref=nf
5 དུས་དབང་ཕར་འགྱངས་སྐོར་ནས་ཁྱེད་ཀྱིས་༸གོང་ས་མཆོག་དགོངས་པ་འཚོམས་ཡོད་ལུགས་ཁ་གསལ་བཤད་འདུག་པས་འདི་བདེན་པ་ཡིན་དང་མིན། བདེན་ན་ཁ་གསལ་པོ་གསུངས་རོགས།
༥ ལན། ལན་བཞི་པས་འཐུས་པར་བྱོས། https://www.facebook.com/1656230637964920/videos/1668023110119006/?fref=nf
6 བཀའ་ཤག་གིས་ཉེ་ཆར་གསལ་བསྒྲགས་དེ་སྐུ་ཉིད་ཀྱིས་ཁས་ལེན་དང་མི་ལེན། ལེན་ན། དེའི་ནང་དུ་བཀའ་ཤག་གི་ལས་དོན་ལ་སྐྱོན་འཛུགས་དང་གཟུགས་མེད་གྲིབ་བཟོ་བྱས་ཡོད་ལུགས་གསུངས་འདུག་པས་དེ་བཞིན་ཁས་ལེན་དང་མི་ལེན།
༦ ལན། ལན་བཞི་པས་འཐུས་པར་བྱོས། https://www.facebook.com/1656230637964920/videos/1668023110119006/?fref=nf
7 སྲིད་སྐྱོང་གིས་ཉེ་ཆར་ལན་འདེབས་གནང་དོན། ཚེས་27 དང་28ལ་དགའ་ལྡན་ཕོ་བྲང་ལ་ཡར་ཞུ་བ་དེ་འདྲ་ཁྱོན་བྱུང་མེད་ཅེས་ཁ་གསལ་ཚིག་ཐག་ཆོད་པས་གསུངས་འདུག ཁྱེད་ཀྱིས་ཕྱི་ཟླ་༨ ཚེས་༢༧ ཉིན་༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས། ༧སྐྱབས་མགོན་རིན་པོ་ཆེས་དུས་དབང་དེ་ཆབ་སྲིད་ཆགས་ཀྱི་འདུག་ཟེར་གྱི་འདུག་ལ། ཆབ་སྲིད་ངོ་མ་ཆགས་ཀྱི་འདུག དེ་འདྲ་ཡིན་ན་ཕར་འགྱངས་ཞོགས་ཞེས་དགོངས་པ་ཏོག་ཙམ་འཚོམས་པའི་གནས་སྟངས་ངས་ཤེས་སོང་ཞེས་གསུངས་འདུག་པས་འདི་བདེན་པ་ཡིན་དང་མིན་གསལ་བཤད་གནང་རོགས།
༧ ལན། ལན་བཞི་པས་འཐུས་པར་བྱོས། https://www.facebook.com/1656230637964920/videos/1668023110119006/?fref=nf
8 ཚོགས་གཙོ་མཆོག་གིས་ཉེ་ཆར་ཨ་རི་ནས་འདི་འདྲ་ཞིག་གསུང་འདུག ༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་དགོས་པའི་དབང་གིས་གསུངས་པར་ངས་ངོས་འཛིན་བྱེད་ཀྱི་ཡོད་ཅེས་རྒྱལ་བ་རིན་པོའི་གསུང་ཚར་གཉིས་གནང་བ་དེ་དངོས་ཡོད་མིན་ལུགས་གསུངས་པ་དེ་གསལ་བཤད་ཁ་གསལ་གནང་དགོས།
༨ ལན། ལན་བཞི་པས་འཐུས་པར་བྱོས། https://www.facebook.com/1656230637964920/videos/1668023110119006/?fref=nf
9 སྐུ་ཉིད་ཀྱིས་ཨ་རི་ནས་བཤད་པའི་དུས་ཕར་འགྱངས་སྐོར་གྱི་སྐད་ཆ་དེ་ནོར་ཡོད་པ་ངོས་འཛིན་བྱེད་གི་ཡོད་མེད། ནོར་ཡོད་ན་རྒྱ་ཆེ་མང་ཚོགས་ལ་དགོངས་དག་ཞུ་རྩིས་ཡོད་དང་མེད།
༩ ལན། ལན་བཞི་པས་འཐུས་པར་བྱོས། https://www.facebook.com/1656230637964920/videos/1668023110119006/?fref=nf
10 ཟམ་གདོང་རིན་པོ་ཆེས་ཧྲ་ཐག་ཐག་བཙུགས་པའི་བཀའ་ཤག་དེ་ད་ལྟའི་སྲིད་སྐྱོང་གི་ལག་ནས་རྦོ་ལུག་པའི་ཉེན་ཁ་འདུག་ཅེས་ཁྱེད་ཀྱིས་གསུངས་འདུག ཉེན་ཁ་འདི་འདྲ་ཡོད་ན། འདི་དང་འདི་འདུག་ཅེས་ཁ་གསལ་བཤད་དགོས།
༡༠ ལན། ཟམ་གདོང་རིམ་པོ་ཆེ་མཆོག་གྲོས་ཚོགས་ཚོགས་གཙོ་གནང་དུས་དང་བཀའ་ཤག་གི་བཀའ་ཁྲི་གནང་དུས། བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོངས་དོན་ལྟར་སྲིད་སྐྱོང་ཟླ་ཤས་རིང་གནང་དུས་བཅས་སུ་མང་གཙོའི་ལེགས་བྱང་གོང་མཐོ་དང་ཡུན་གནས་ལ་གཙིགས་འཛིན་གནང་སྟེ་ཁྲིམས་ཀྱི་དབང་བསྒྱུར་ལ་ཁ་ཞེ་མེད་པར་ལག་ལེན་དངོས་ཀྱིས་བསྐྱངས་ཡོད་པ་དང་། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ལགས་ཀྱིས་ཁྲིམས་ཀྱི་དབང་བསྒྱུར་ལ་དོ་སྣང་མི་བྱེད་པར་རང་བསམ་བྱེད་པའི་སྣང་ཚུལ་མང་པོ་ཡོད། དེའི་ནང་གི་དཔེར་མཚོན་གཅིག་ནི་ལས་བྱེད་གཅིག་རྒན་ཡོལ་དང་རྒན་ཡོལ་ཕར་འགྱང་གི་དུས་ཚོད་ཡོངས་སུ་ཟིན་ཡང་བསྐྱར་དུ་སྲིད་སྐྱོང་གི་སློབ་སྟོན་པའི་མིང་ཐོག་ལས་བྱེད་དུ་བསྐོས་པ་དང་། དེ་ལ་གྲོས་ཚོགས་ནང་སྒྲིག་གཞི་གང་གི་ཁྱབ་ཁོངས་ནས་བསྐོས་པ་བཀའ་འདྲི་ཞུས་པར་ཨ་རི་ལ་ཡོད་རེད་ཅེས་པ་ལྟ་བུ་སོགས་ལན་བཏབ་པ་ལས་རང་རེའི་སྒྲིག་འཛུགས་ཀྱི་བཅའ་སྒྲིག་ལ་བརྩི་བཀུར་ཞུས་མེད། འདི་དང་འདི་ལྟ་བུ་ཧ་ཅང་མང་ཡང་འདིར་ཡིག་ཚོགས་ལ་འཇིགས་པས་མ་བྲིས། རྗེས་མའི་འཆར་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་དུ་གནས་ཚུལ་འདི་དག་བརྗེད་རྒྱུ་མིན་པ་ལོང་པས་བལྟས་ཀྱང་ཁམས་གསུམ་རེད་དོ།
11 ཁྱེད་ཀྱིས་ཟླ་བ་འགའ་ཤས་གོང་ལ་གྲོས་ཚོགས་ཀྱིས་ད་ལྟ་བཀའ་ཤག་ལ་བསྔགས་བརྗོད་གནང་བ་དེ་འདྲ་དེ་སྔར་བྱུང་མྱོང་མེད་ལུགས་གསུངས་པ་དང་། ཉེ་ཆར་ད་ལྟའི་བཀའ་ཤག་གིས་ལས་དོན་ཡག་པོ་བྱེད་བཞིན་མེད་ལུགས་ཀྱི་ནང་འགལ་ཅན་གྱི་སྐད་ཆ་གཉིས་བཤད་འདུག་པ་ལ་གསལ་བཤད་ག་རེ་ཡོད།
༡༡ ལན། གྲོས་ཚོགས་ནི་ཕ་མ་དང་བཀའ་ཤག་ནི་བུ་ཕྲུག་ལྟ་བུ་རེད། གྲོས་ཚོགས་ཀྱིས་ལས་གང་བཀོད་བཀའ་ཤག་གིས་སྒྲུབ་དགོས་པ་རེད། བུ་ཕྲུག་ངན་རུང་ཕ་མས་བསྔགས་བརྗོད་ལན་རེ་ཡོང་དགོས་ངེས་རེད། དེ་ལ་མཉམ་ལས་ཀྱང་ཟེར་། ཡིན་ཡང་། གནས་ལུགས་དེ་ལ་བསམ་ཤེས་མེད་པར་གཉའ་བ་སྦོམ་པོ་ཆགས་ན་སྤྱི་ཡོངས་ལ་བསམ་ནས་སྐྱོན་བརྗོད་དགོས་པ་ཆོས་ཉིད་རེད། སྐྱག་པའི་དྲི་མ་རྒྱང་རིང་ནས་ཚོར་ཐུབ་ཀྱང་། བུ་རམ་ལ་ནི་ཟས་ན་མ་གཏོགས་བྲོ་བ་མི་ཤེས་པ་བཞིན། བོད་སྤྱི་བའི་འགན་ཁུར་དངོས་སུ་སེམས་ལ་བླངས་ན་མ་གཏོགས་གནས་ལུགས་འདི་ཤེས་ཐབས་མེད་པ་རེད།
12 ཁྱེད་ཀྱིས་གྲོས་ཚོགས་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ལས་བྱེད་གླ་ཕོག་སྤྲོད་མ་ཐུབ་པར་སྒོ་བརྒྱག་དགོས་བྱུང་འདུག སྲིད་བྱུས་ཉམས་ཞིབ་ཁང་གི་མི་འགའ་ཤས་ལ་གླ་ཕོག་ཐབས་ཤེས་བྱེད་མ་ཐུབ་ན། ཁྱེད་སྲིད་སྐྱོང་ལ་ཁེལ་ན་དཔལ་འབྱོར་ཐབས་ཤེས་བྱེད་རྒྱུའི་ནུས་པ་དང་འཆར་གཞི་ཨེ་ཡོད་ཀྱི་དོགས་པ་ཆེ། གལ་སྲིད་ནུས་པ་དང་འཆར་གཞི་ཡོད་ན། སྲིད་བྱུས་ཉམས་ཞིབ་ཁང་གི་གླ་ཕོག་ཐབས་ཤེས་བྱེད་མི་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།
༡༢ ལན། འདི་ནི་སྲིད་སྐྱོང་བློ་བཟང་སེང་གེ་ལ་བཀའ་འདྲི་ཞུས་པ་ཡིན་ན་ཧ་ཅང་གསལ་པོ་ཆགས་ངེས་ཡིན་ཏེ། སྐབས་དེའི་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ལྷན་ཚོགས་གྲས་སུ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དངོས་སུ་བཞུགས་ཡོད་པ་དང་། འཇར་མིན་གྱི་རོགས་ཚོགས་ནས་ལོ་ངོ་ཉི་ཤུ་ལྷག་ལ་རོགས་པ་བྱས་ཀྱང་ད་ནི་འཛིན་སྐྱོང་སྐོར་གྱི་འགྲོ་གྲོན་རང་ཁུངས་ནས་ཐབས་ཤེས་བྱེད་དགོས་སྐོར་ལོ་གཉིས་གསུམ་སྔོན་ནས་བརྡ་ལན་ཕུལ་བར། སྲིད་སྐྱོང་ལས་ཐོག་བློ་སེང་གཙོས་ཉམས་ཞིབ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་གནང་སྟེ་བཀའ་ཤག་གི་ཁྱབ་ཁོངས་ལ་འཇུག་རྒྱུ་བྱས་པ་ཞིག་ཡིན་སྐོར་གྱི་གནས་ཚུལ་ཚོགས་གཙོས་གསལ་པོ་གསུངས་པ་འདིར་གསན་གཟིགས་གནོངས། https://www.facebook.com/tsering.dorjee.180/videos/10153974115341514/
13 གལ་སྲིད་ད་ལྟའི་བཀའ་ཤག་གིས་ལས་དོན་བྱེད་ཕྱོགས་འཐུས་ཤོར་འགྲོ་གི་ཡོད་ན། གྲོས་ཚོགས་ཀྱིས་གཏོང་འཛིན་ནན་ཏན་བྱེད་དགོས་ངེས་ཀྱང་། གྲོགས་ཚོགས་སུ་འཐུས་ཤོར་སོང་ལུགས་ཀྱི་སྐད་ཆ་དང་གཏོང་འཛིན་ཅི་ཡང་བྱེད་མི་འདུག་པས། འདི་སྐུ་ཉིད་དབུས་པས་གྲོགས་ཚོགས་ཀྱི་ནོར་འཁྲུལ་ཡིན་པར་ངོས་འཛིན་བྱེད་དགོས་པ་མ་རེད་དམ།
༡༣ ལན། གྲོས་ཚོགས་ཀྱིས་བཀའ་ཤག་ལ་གཏིང་འཛིན་བྱས་ཀྱང་བཀའ་ཤག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་འགན་ཁུར་ནི་ཁྲིམས་ཁང་དུ་ཁྲིམས་རྩོད་པས་རིག་པ་རྩེད་སྟངས་ལྟ་བུ་རང་གིས་བསྐྱལ་ཡོད་དེ། དཔེར་ན། དོལ་རྒྱལ་བསྟེན་མཁན་ཞིག་གིས་༧གོང་ས་མཆོག་གི་སྐུའི་ཉེ་ས་ནས་ངོ་རྒོལ་བྱས་ཏེ་༧གོང་ས་མཆོག་གིས་དངོས་སུ་གསལ་བཤད་གནང་དགོས་ཁེལ་བའི་སྐོར་ལ་གྲོས་ཚོགས་ནས་དྲི་བ་འདྲི་དུས་སྲིད་སྐྱོང་གིས་མ་རེད་དཱ། ༧གོང་ས་མཆོག་འདི་བ་ན་ཡོད་ན། ངོ་རྒོལ་བྱེད་མཁན་ཕུ་གུ་ན་ཡོད་རེད། ཉེ་འཁྲིས་མ་རེད་དཱ། ཞེས་ལན་བཏབ་པ་བཞིན་ནོ། འདི་ལྟ་བུའི་ལན་འདེབས་གནང་ཧ་ཅང་མང་ངོ་།
14 སྐུ་ཉིད་ལ་སྤྱི་འཐུས་གཅིག་གིས་སྐྱོན་འཛུགས་བྱེད་དུས་གྲོས་ཚོགས་ནས་ལངས་ཏེ་སོང་ཡོད་པའི་གནས་ཚུལ་ཐོན་པ་རེད། སྲིད་སྐྱོང་ལ་ཁེལ་ན་སྤྱི་འཐུས་ཚོས་སྐྱོན་འཛུགས་བྱེད་དུས་སྲིད་སྐྱོང་ཞབས་སྟེགས་བཞག་ནས་མི་འགྲོ་བའི་གདེང་ཚད་ཡོད་དམ། ཡོད་ན། དེ་སྔར་གྲོས་ཚོགས་ནས་ཕྱིར་ཐོན་དུས་གདེང་ཚད་དེ་མེད་པ་གང་ཡིན་ནམ།
༡༤ ལན། བསོད་ནམས་སྟོབས་རྒྱལ་ཞུ་བའི་སྤྱི་ཟུར་ཞིག་གིས་སྔོན་མ་ཟམ་གདོང་རིན་པོ་ཆེ་ལའང་ཉེས་འཛུགས་བྱས་ཏེ་ཟམ་གདོང་རིན་པོ་ཆེ་མཆོག་ཀྱང་བཀའ་བློན་ཁྲི་བའི་བཞུགས་ཁྲི་ལས་ཕེབས་དགོས་འཁེལ་བ་རེད། དེང་གི་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་ལི་ཐང་ཨ་ནོར་བུའི་བུའམ་ཚ་བོ་ཞིག་རྐྱེན་ལམ་དུ་བཏང་བ་རེད་ཅེས་དྲ་ལམ་གྱི་ཧ་ཅང་བདེན་པ་ཡིན་མི་སྲིད་པའི་དཀྲོགས་གཏམ་བཤད་ཡམས་དེ་གྲོས་ཚོགས་ལས་འཐུས་མི་ཞིག་གིས་དངོས་སུ་བརྗོད་པ་ཡིན་ན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་ཀྱང་དཀར་ས་ནག་འདེད་མ་བྱས་པར་དུ་དགོངས་པ་ཞུས་ཏེ་སྲིད་སྐྱོང་རྐུབ་སྟེགས་ནས་འགྲོ་དགོས་པ་རེད། གང་ཡིན་ཟེར་ན། བཅའ་ཁྲིམས་དགོངས་དོན་དུ་སྲིད་སྐྱོང་དང་བཀའ་བློན། ཚོགས་གཙོ་སོགས་སུ་ཡིན་ཡང་འོས་ཆོས་ལ་དོགས་པ་སླེབས་ཚེ་རྐུབ་སྟེགས་དེར་སྡོད་རྒྱུའི་ཆ་རྐྱེན་མ་ཚང་བ་རེད། འདི་ནི་ཁྲིམས་ཀྱི་འགྲོ་སྟངས་ཐོག་ནས་འབྲེལ་ཡོད་མི་སྣའི་བཟང་སྤྱོད་ཅིག་ཡིན་པ་དང་། གྲོས་ཚོགས་ནང་གི་སྐད་ཆ་ཁྲིམས་ཁར་བསྐྱལ་མི་ཆོག་པའི་གནས་བབ་དེའི་དབང་གིས་བཟང་སྤྱོད་མེད་པ་དང་འགན་ཁུར་མེད་མཁན་གྱི་མི་ཁ་ཤས་ཀྱིས་ད་སྔ་ཉེས་འཛུགས་དེ་འདྲ་བྱུང་བ་རེད་ལ། མ་འོངས་པར་གཞན་ལའང་བྱུང་སྲིད་པ་རེད།
15 ཁྱེད་རང་གིས་དེ་སྔར་ཕྱི་ཟུར་བསོད་ནམས་སྟོབས་རྒྱལ་གྱིས་ཁྱེད་ལ་དགོངས་དག་ཞུས་ལུགས་དང་། ཚོགས་གཙོ་ཁུར་རོགས་ལབ་སོང་ཟེར། འོན་ཀྱང་ཉེ་ཆར་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་ཁོང་གིས་དེ་འདྲ་ཁྱོན་ནས་བཤད་མེད་ལུགས་དང་ཚོགས་གཙོས་རྫུན་བཤད་པ་རེད་ཅེས་རླུང་འཕྲིན་ནང་དུ་བཤད་སོང་། ཁྱེད་ཀྱིས་དེ་སྔར་བཤད་པ་དེ་བདེན་པ་ཡིན་ནམ་རྫུན་ཡིན། ཁ་གསལ་གསུང་རོགས།
༡༥ ལན། སྤྱི་ཟུར་བསོད་སྟོབས་རྒྱལ་ལ་དེའི་སྐོར་དྲི་བ་འདྲི་མཁན་གྱི་གསར་འགོད་པ་དེ་ད་ལྟ་གང་ན་ཡོད། ལས་གནས་ཅི་ཡིན། དྲ་ལམ་དུ་གནས་ཚུལ་ཐོན་པ་ལྟར་ན་མདོ་སྟོད་སྤྱི་འཐུས་གསུམ་གྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་འགན་འཛིན་རྡ་སར་ཕེབས་པ་དང་བསྟུན་ནས་སུན་བཙུར་མང་དུ་བཟོས་པར་གྲགས་ཀྱང་། མཐའ་མའི་མཇུག་འབྲས་ཅི་བྱུང་བ་རེད། འདི་དག་ནི་བསོད་སྟོབས་ཀྱིས་བཤད་ཕྱོགས་བརྗེ་བའི་རྒྱུ་མཚན་རེད།
16 སྲིད་སྐྱོང་གིས་ཨ་རི་དོན་གཅོད་ཁང་དུ་༸སྐུ་མདུན་གྱི་སྐུ་པར་མར་ཕབ་ནས་རང་ཉིད་ཀྱི་པར་ཡར་བཤམས་ཡོད་ལུགས་བཤད་བཞིན་པ་དེ་བདེན་པ་རེད་དང་མ་རེད། གྲོས་ཚོགས་ནང་དུ་འདིའི་སྐོར་སྲིད་སྐྱོང་གིས་ལན་འདེབས་ཆ་ཚང་བྱས་ཡོད་ལུགས་གསུངས་འདུག་པས་ལན་ཏག་ཏག་ཐེབས་ཡོད་དང་མེད། མེད་ན་ག་རེ་སྐོར་ལ་ལན་ཐེབས་མེད་གསལ་པོ་གསུང་རོགས།
༡༦ ལན། གནས་སྟངས་འདི་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་དུ་དུས་ཚོད་གང་འཚམས་བཏང་ནས་དྲི་བ་དྲིས་ལན་གྱི་ལས་རིམ་ཞིག་སོང་ཡོད་པ་ལས་གསལ་པོ་མཁྱེན་རྟོགས་ཐུབ་པས་དེ་ལ་གཟིགས། https://www.youtube.com/watch?v=32c5ftJA_Hs
17 དཔལ་ལྡན་ཚོགས་གཙོ་མཆོག་གི་རྒྱབ་སྐྱོར་བས་ཆེད་འཛུགས་བྱས་པའི་གངས་ཅན་གླེང་ཞེས་པའི་ཚོགས་པའི་ནང་དུ་ཨ་ཅག་གཅིག་གིས་ཚོགས་གཙོ་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་སྲིད་སྐྱོང་གི་གཏམ་ཉན་མཁན་འགྲོ་མི་རུང་བའི་བརྒྱུད་སྐུལ་བྱས་པ་སྤྱི་ཚོགས་སུ་ཁྱབ་ཡོད། ཚོགས་གཙོ་མཆོག་ནས་ཤེས་རྟོགས་བྱུང་ཡོད་དང་མེད། ཡོད་ན་ལམ་སྟོན་དང་བཀའ་ག་རེ་ཕེབས་ཡོད། མེད་ན་ད་རེས་འདིའི་ཐད་སྐུ་ཉིད་ལ་ག་རེ་གསུངས་ཡ་ཡོད།
༡༧ ལན། རྒྱབ་སྐྱོར་བའི་ནང་དུ་འདྲ་མིན་སྣ་ཚོགས་ཡོང་བཞིན་འདུག སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས། དང་པོ་ཀླུ་མཁར་བྱམས་ལ་འོས་ལྡུགས་རྒྱུ་སྤྱི་ཚོགས་ནང་སྐུལ་སློང་བྱེད་དགོས། དངོས་གཞིའི་སྐབས་སུ་འོས་ལྡུགས་ཡུལ་ནོར་མི་རུང་། སྤེན་པ་ཚེ་རིང་ལྟ་བུའི་ཁམས་རིགས་ལ་སྡང་པོ་ཞིག་མེད་ཅེས་སོགས་ཆོལ་ཞེན་གྱི་གཏམ་བསྒྲགས་ཡོད། དེ་ལ་སྲིད་སྐྱོང་འོས་མི་བློ་བཟང་སེང་གེ་ལགས་ལ་ག་རེ་གསུངས་ཡ་ཡོད་དམ། གང་ལྟར་འདི་ལྟ་བུའི་རིགས་ནི་སུས་མགོ་བརྩམས་ཡོད་ན་ཡག་རྟགས་ཤིག་རྩ་བ་ཉིད་ནས་མ་རེད།
18 ཚོགས་གཙོ་མཆོག་གིས་རྒྱབ་སྐྱོར་བ་འགའ་ཤས་ཀྱིས་མངོན་སུམ་འཛེམ་མེད་ཐོག་ནས་སྲིད་སྐྱོང་གིས་༸གོང་ས་མཆོག་གི་སྐུ་པར་མར་ཕབ་སྟེ་རང་ཉིད་ཀྱི་པར་ཡར་བཤམས་ཡོད་པ་རེད་ཅེས་མི་མང་ལ་ཤུགས་ཆེན་བཤད་དགོས་ཚུལ་གླེང་བཞིན་པ་མཁྱེན་རྟོགས་བྱུང་ཡོད་དང་མེད། འདིའི་ཐད་དགོངས་ཚུལ་གསུང་རོགས།
༡༨ ལན། ༧གོང་ས་མཆོག་གི་སྐུ་པར་མར་ཕབ་པ་དང་ཚབ་ཏུ་སྲིད་སྐྱོང་བློ་བཟང་སེང་གེའི་པར་ཡར་བཀལ་བ་ནི་ཧ་ཅང་ཞབས་འདྲེན་ཆེན་པོ་རེད། བོད་མི་བཙན་བྱོལ་བའི་ངོ་ཚ་རེད། གཞིས་བཞུགས་རྒྱ་ཆེའི་མི་མང་གི་མདུན་ནས་ངོ་གནོངས་དགོས་པ་རང་རེད། དྲིན་བྱས་དྲིན་དུ་མ་གོ་བའི་རྟགས་མཚན་རེད། དེ་གནང་མཁན་སྲིད་སྐྱོང་མཆོག་ཡིད་པར་ངོས་འཛིན་བྱེད་མི་རུང་ནའང་འབྲེལ་ཡོད་ལས་བྱེད་རྣམས་པར་བརྡ་ལན་གསལ་པོ་སྤྲོད་རྒྱུ་ནི་སྲིད་སྐྱོང་གི་འོས་འགན་ཡིན་ཡང་། དེའི་སྐོར་https://www.youtube.com/watch?v=32c5ftJA_Hsའདི་ནས་གོ་བ་ལེན་ཐུབ།
19 ཉེ་ཆར་སྐུ་ཉིད་ཀྱི་རྒྱབ་སྐྱོར་བས་དོལ་རྒྱལ་ཚོགས་པའི་ལས་ཤོག་སྟོང་པའི་ཐོག་ཏུ་ཡི་གེ་རྫུན་བཟོ་བྱས་ཏེ་སྲིད་སྐྱོང་དང་དོལ་ཚོགས་འབྲེལ་བ་ཡོད་ལུགས་ཀྱི་བསྙོན་འཛུགས་བློ་ལ་མི་ཤོང་བ་བཟོས་ཡོད་པ་དེ་ཧ་ཅང་བློ་ཕམ་གྱི་རང་བཞིན་ཆགས་ཡོང་པ་དེར་སྐུ་ཉིད་ལ་དགོངས་ཚུལ་ཅི་ཡོད།
༡༩ ལན། གནད་དོན་འདི་ལས་སླ་བོ་མ་རེད། དོལ་རྒྱལ་ཚོགས་པའི་ལས་ཤོག་སྟོང་བའི་ཐོག་སྤེན་པ་ཚེ་རིང་གི་རྒྱབ་སྐྱོར་བས་བསྙོན་འཛུགས་ཀྱི་ཡི་གེ་བྲིས་པ་ཁྱོད་ཀྱིས་ཇི་ལྟར་ཐག་གཅོད་བྱེད་ཐུབ། དོལ་འདྲེ་ཚོགས་པ་ནི་རྒྱ་ནག་གི་ལག་སྣེར་བླངས་པའི་བོད་ཀྱི་རྩ་དོན་ལ་གནོད་བྱེད་ཅིག་ཡིན་པས་ཁོ་ཚོས་སྲིད་སྐྱོང་ལས་ཐོག་མཆོག་ལ་འབྲེལ་བ་མེད་པ་ཡིན་ནའང་ཡོད་མདོག་སྟོན་ཡང་སྲིད། དེ་ལ་བསམ་བློ་ཞིབ་མོ་གཏོང་བ་དང་ཞིབ་འཇུག་ཡག་པོ་བྱེད་དགོས། དཔེར་ན་དྲ་ཐོག་ཏུ་འདི་ལྟ་བུའང་ཡོང་ཡོད། http://www.dorjeshugden.com/all-articles/the-controversy/cta-removes-apartheid-policy-against-dorje-shugden/
20 གངས་ཅན་གླིང་སོགས་ཚོགས་གཙོ་མཆོག་གི་རྒྱབ་སྐྱོར་བས་ཆེད་འཛུགས་བྱས་པའི་སྐད་འཕྲིན་ཐོག་ཏུ་ཆོལ་ཁ་ཕྱོགས་རིས་དང་མཐུན་སྒྲིལ་གཏོར་བཅོམ་གཏོང་བྱེད་ཀྱི་སྐད་ཆ་ཤ་སྟག་བཤད་དེ་སྤྱི་ཚོགས་བརྡབ་གསིག་ཤུགས་ཆེན་བཏང་དང་གཏོང་མུས་འདུག་པ་དེར་ལམ་སྟོན་དང་བཀའ་སློབ་ཕེབས་ཡོད་དང་མེད།
༢༠ ལན། མི་ཁག་གཅིག་གི་བསམ་པ་ལ་བློ་བཟང་སེང་གེ་ལ་རྒྱབ་སྐྱོར་བྱས་པ་ཡིན་ན་དྲང་བདེན་དང་ཕྱོགས་རིས་མེད་པ་དང་། སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱས་ཚེ་ཆོལ་ཁ་ཕྱོགས་རིས་ཅན་དང་མཐུན་སྒྲིལ་ལ་གཏོར་བཅོམ་གཏོང་གི་ཡོད་པར་བསམ་ཏེ་སྨྲ་བཞིན་ཡོད་པ་རེད། དེ་ནི་ཧམ་པ་མ་རེད་དམ།
21 ཉེ་ཆར། སྐུ་ཉིད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་གྱི་སྤྱི་འཐུས་ཟླ་བ་ཕུན་སྐྱིད་ལགས་ནས་སྲིད་སྐྱོང་གིས་འཆི་མེད་གཡུལ་དྲུང་སོགས་ལ་ལྐོག་རྔན་སྤྲོད་ནས་འོས་ཐབས་ཐབས་བྱེད་འདུག་ཅེས་སྙོན་འཛུགས་བྱས་འདུག་པར་ཁྱེད་ལ་དགོངས་ཚུལ་ཅི་ཡོད།
༢༡ ལན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་ཡིས་དེ་ལྟ་བུ་གནང་ཡོད་ཚེ་ཧ་ཅང་ཐབས་སྐྱོ་པོ་རེད། ༧གོང་ས་མཆོག་གིས་སྐུ་ངལ་སྐྱོན་ནས་གསར་གཏོད་མཛད་པའི་མང་གཙོའི་ལམ་ལུགས་ལ་བརྡལ་བཤིག་བཏང་བ་རང་རེད།
22 སྐུ་ཉིད་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཆོལ་ཁའི་ཕྱོགས་ཞེན་དང་སྲིད་སྐྱོང་ལ་སྐྱོན་འཛུགས་རྐྱང་རྐྱང་བྱས་ཏེ་སྐུ་ཉིད་ལ་འོས་ཐོབ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་འདི་དག་ཡ་རབས་བཟང་སྤྱོད་དང་མཐུན་ཡོད་དང་མེད།
༢༢ ལན། ཆོལ་ཁའི་ཕྱོགས་ཞེན་སུས་བྱེད་བཞིན་པ་ཚོར་བ་ཙམ་གྱིས་ཐག་གཅོད་བྱེད་ཐབས་ཡོད་པ་མ་རེད། མི་ཞིག་གི་ཀླད་པའི་ནང་དུ་ཕྱོགས་ཞེན་གཅིག་པུས་དབང་བསྒྱུར་བ་ཡིན་ན་རང་གིས་ཕྱོགས་ཞེན་བྱེད་བཞིན་པ་ཚོར་གི་མ་རེད་ལ། གཞན་པས་ཅི་བྱས་ཕྱོགས་ཞེན་དུ་མཐོང་གི་རེད། བཤད་རྒྱུན་དུའང་། མི་ལ་མཛུབ་མོ་གཅིག་བཙུགས་ཚེ་རང་ལ་མཛུམ་མོ་བཞི་བཙུགས་ཡོད་ཟེར་བ་དེ་ལ་བསམ་བློ་ཞིབ་ཏུ་གཏོང་དགོས། སྤེན་པ་ཚེ་རིང་མཆོག་གིས་ཕྱོགས་ཞེན་བྱས་ཏེ་ཁོང་ལ་འོས་བླུགས་མི་དགོས་ཞེས་ཐེངས་མང་གསུངས་ཡོད།
23 ཁྱེད་ཀྱིས་སྲིད་སྐྱོང་དང་སེང་གེ་བཀའ་ཤག་ལ་སྐྱོན་འཛུགས་མང་པོ་བྱས་འདུག་པ་དག་ནས་གཞི་མེད་སྐྱོན་འཛུགས་སུ་གྱུར་པ་བྱུང་ཡོད་དང་མེད། ཡོད་ན་གང་དང་གང་ཡིན། མེད་ན་ཁྱེད་ཀྱིས་སྐྱོན་འཛུགས་དག་ལ་སྲིད་སྐྱོང་གིས་རེ་རེ་བཞིན་བདེན་པ་མིན་ལུགས་གསུང་བཞིན་འདུག་པས་ཁྱེད་རང་ལ་ལན་ག་རེ་སྤྲོད་ཡ་ཡོད།
༢༣ ལན། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་གིས་ཆ་ཚང་བ་དང་བྱུང་རིམ་གསལ་པོ་བཤད་དེ་མི་མང་མགོ་འཐོམས་གཞི་མ་བཟོས་ན་ཡག་གི་རེད། དེ་མིན་ལོ་རྒྱུས་ཀྱིས་ནམ་ཡང་མིག་བགྲད་ནས་བསྡད་ཡོད་པ་རེད།
24 ད་ལན་འོས་བསྡུ་དེ་དྲང་པོ་དེ་ཙམ་བྱུང་མེད་ལུགས་ཀྱི་སྐད་ཆ་མང་པོ་འགྲོ་བཞིན་པ་དང་། བོད་དོན་རྒྱབ་སྐྱོར་མང་པོ་ཞིག་གིས་མིང་རྟགས་བཀོད་ནས་སྙན་ཞུ་ཕུལ་ཡོད་པ། ཨ་མི་རི་ཀིའི་གྲོགས་ཚོགས་འཐུས་མི་ཞིག་གིས་བཙན་བྱོལ་བོད་མིའི་འོས་བསྡུ་ལ་ཞིབ་འཇུག་དགོས་སྐོར་གྱི་ཡིག་ཆ་ཐོན་པ་བཅས་དེ་སྔ་བྱུང་མ་མྱོང་བ་ཞིག་སླེབས་པ་འདི། རང་བཙན་འཐབ་རྩོད་པའི་འོས་མི་ཞིག་དྲང་བཞག་མིན་པའི་ཐབས་ལམ་སྤྱད་ནས་བཀག་འོག་བྱས་པ་དེས་རྐྱེན་པས་བྱུང་ལུགས་ཀྱང་བཤད་མཁན་འདུག ཁྱེད་ཀྱིས་ངོས་འཛིན་ག་རེ་གནང་གི་ཡོད།
༢༤ ལན། འོས་བསྡུ་ལས་ཁུངས་ནི་ཁྲིམས་སྒྲིག་གང་གི་འགྲོ་སྟངས་ཐོག་ནས་ཀྱང་རང་དབང་ལྡན་པའི་ལས་ཁུངས་རེད། བོད་དོན་རྒྱབ་སྐྱོར་བ་ནི་བོད་ཀྱི་བདེན་མཐའ་གསལ་ཐབས་སྐོར་གྱི་སྲིད་བྱུས་དང་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་པ་ལས་བོད་ཀྱི་སྲིད་བྱུས་ཁ་བསྒྱུར་བྱེད་མཁན་དང་། བོད་ཀྱི་མངོན་འདོད་གཏན་འཁེལ་བྱེད་མཁན་མ་རེད། དེར་བརྟེན་འོས་བསྡུའི་སྒྲིག་གཞི་སྔར་ནས་ཡོད་པ་དེ་རང་ལག་བསྟར་བྱས་པ་ཞིག་ལས་འོས་བསྡུ་འདིའི་སྐབས་སུ་འགྱུར་བ་བཏང་བཞག་པ་གང་ཡང་ཡོད་པ་མ་རེད། གལ་སྲིད་འོས་བསྡུའི་སྒྲིག་གཞི་དང་མི་མཐུན་པའི་ལས་ཀ་བྱས་ཡོད་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཐག་གཅོད་གནང་ཆོག་གི་ཡོད་ཀྱི་རེད། རང་བཙན་འཐབ་རྩོད་པའི་འོས་མི་ཞིག་དྲང་བཞག་མིན་པའི་ཐབས་ལམ་སྤྱད་ནས་བཀག་འོག་བྱས་པ་རེད་ཅེས་པ་ནི་དགོད་ཤོར་བའི་གཞི་རེད་ལ་རང་བཙན་འཐབ་རྩོད་པའི་འོས་མི་ཞེས་པ་ཞིག་ཡོད་པ་མ་རེད། གལ་སྲིད་དེ་ཡོད་ན་དབུ་མའི་ལམ་གྱི་འོས་མི་ཞིག་ཀྱང་དགོས་པ་རེད། དེ་ལྟ་བུའི་སྲམ་ལམ་གྱི་སྐད་ཆ་ལ་གཞི་འཛིན་ས་ཡོད་པ་མ་རེད།
25 སྐུ་ཉིད་ཀྱིས་དུས་དབང་ཕྱིར་འགྱངས་སྐོར་གྱི་༧གོང་ས་མཆོག་གི་བཀའ་སློབ་གཞན་བསྒྱུར་བྱས་པ་དང་ཀརྨ་ཆོས་འཕེལ་གྱིས་༧གོང་ས་མཆོག་གི་བཀའ་སློབ་གཞན་བསྒྱུར་བྱས་པ་གཉིས་མི་འདྲ་བའི་ཆ་གཏན་ནས་མི་ལུགས་བཤད་མཁན་ཧ་ཅང་མང་བས་ཁྱེད་ཀྱིས་འདི་ངོས་ལེན་གནང་གི་ཡོད་དང་མེད། མེད་ན་འདི་གཉིས་མི་འདྲ་བའི་རྒྱུ་མཚན་གསུང་རོགས།
༢༥ ལན། ཚེས་ ༢༩ ཉིན་སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་དང་ཚོགས་གཙོ་སྤེན་པ་ཚེ་རིང་ལྷན་སྲིད་སྐྱོང་འོས་མིའི་བགྲོ་གླེང་བྱ་རྒྱུ་རེད་འདུག སྐབས་དེར་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཅིག་བྱས་ན་གསལ་བཤད་བྱ་རྒྱུ་ཡིན་པ་དང་། ཁོང་ལ་ངོ་གནོངས་དགོས་པ་དང་གཟུགས་མེད་གྲིབ་བཟོ་བྱས་པ་གང་ཡང་མེད་ཅེས་གསུངས་བཤད་གནང་འདུག འདི་ལ་གཟིགས། https://www.facebook.com/1656230637964920/videos/1668023110119006/?fref=nf
བསྟོད་མི་ཤེས་མཁན་ཞིག་གིས་བསྟོད་པ་ལས། སྨད་མི་ཤེས་མཁན་ཞིག་གིས་སྨད་ན་དགའ་ཟེར་བ་ཅིས་མ་བདེན། སྤེན་ཚེ་དགུང་ལ་བཏེགས་ནས་ས་ལ་བརྡབ་འདུག ད་རེས་དྲ་འབུ་འདིས་སྤེན་ཚེ་ལག་པ་ནས་འབྲི་གླ་ལོན་ཡ་ཁག་པོ་རེད་འདུག
ལན་གནད་དུ་ཁེལ་བ་བརྒྱབས་འདུག ད་དུང་། ཟམ་གདོང་རིན་པོ་ཆེའི་དུས་ཀྱི་ཤེས་ཡོན་སྲིད་ཇུས་དེ་བློ་སེང་གི་སྐབས་ཡིག་ཐོག་ཏུ་ལྷག་པ་དང་། ཤེས་ཡོན་ཡར་རྒྱས་ཕྱིན་མིན་དེ་མི་ཁ་ཤས་ཀྱི་བརྒྱ་ཆ་མཐོ་པོ་ལེན་མིན་ལ་རྒྱ་མ་བཀྱག་ནས་མི་དམངས་མགོ་རྨོངས་སུ་བཅུག་པ་དང་། དོན་དངོས་སྲིད་སྐྱོངས་འདི་པའི་སྐབས་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གྲྭའི་ཆ་སྙོམས་བརྒྱ་ཆ་༦༣ཙམ་ལས་མེད་པས། སློབ་ཕྲུག་གི་སྤྱི་ཡོངས་གྲུབ་འབྲས་ཐེམ་པའི་སྟེང་གི་རིལ་མ་དུ་གྱུར་བ་དང་། སྲིད་སྐྱོངས་ཀྱི་སློབ་ཡོན་རགས་སའི་སློབ་ཕྲུག་གི་བརྒྱ་ཆ་སྤྲོད་སྐབས་ཀྱང་བོད་ཡིག་ལ་མཐོང་ཆུང་བཏང་བ་དང་། སྔོན་མ་ཟམ་གདོང་རིན་པོ་ཆེའི་སྐབས་གཞུང་འབྲེལ་ཡིག་ཆ་དང་ལས་བྱེད་ཡིག་རྒྱུགས་སོགས་བོད་ཡིག་གཙོ་བོར་བྱེད་ཀྱང་། སྲིད་སྐྱོངས་འདི་པའི་སྐབས་རང་ཉིད་ཀྱི་གཏམ་བཤད་ཀྱང་དབྱིན་ཡིག་ནས་བོད་གྱུར་བྱེད་དགོས་ཐུག་པ་སོགས། བོད་ཀྱི་སྐད་ཡིག་གེ་ཐལ་རྡུལ་བསྲེས་པ་དེ་རེད། ད་དུང་། གཏན་ཉིན་སློབ་གྲྭ་ཁག་གི་ལས་དོན་མ་གྲུབ་གོང་ནས་གྲུབ་འབྲས་རྔམ་རྔམ་གྱིས་ཕྱིར་བསྒྲགས་དང་རྒྱང་བསྒྲགས་བྱས་རྐེྱན། མཐའ་སློབ་གྲྭ་དེ་དག་གི་དགེ་རྒན་དང་སློབ་མའི་གནས་སྟངས་ད་ལྟ་གང་འདྲ་ཞིག་ཆགས་མིན་གླེན་པས་ཀྱང་ཤེས་ཚོད་ཡིན་པ་དང། དེ་མིན་བྷུན་དར་དགེ་འོས་སློབ་གྲྭའི་གནས་སྟངས་ལའང་གཅིག་ལྟོས་དང་། སློབ་མ་ཚོ་སྤྱི་ཚོགས་སྟེང་ལས་མེད་འཁྱམས་པོར་བཟོས་འདུག དེ་དག་ནི་སྦོ་ལུགས་སྟངས་ཤིག་རེད། གཞན་ཡང་། ཟམ་གདོང་རིན་པོ་ཆེའི་སྐབས་གྲོས་ཚོགས་སུ་ཆེ་མཐོང་ལྡན་པའི་སྒོ་ནས་ལན་འདེབས་གནད་ལ་ཕིགས་པའི་འགན་འཁུར་ཟབ་ཀྱང་། བློ་སེང་གི་སྐབས་གྲོས་ཚོགས་ལ་ཁ་གྲངས་མང་བའི་གཏམ་འཆལ་གཙོ་བོར་འཛིན་པ་ལས། གནད་ལ་ཕིགས་ཤིང་རིན་ཐང་ལྡན་པའི་ལན་སྣེ་གཅིག་བརྒྱབས་མེད་པ་ནི། གྲོས་ཚོགས་ཀྱི་ལས་རིམ་གསན་གཟིགས་གནང་མཁན་ཞར་བ་དང་འོན་པ་ཞིག་མིན་ན། མཐོང་ཚོད་དང་གོ་ཚོད་རེད། དེ་དང་དེ་ལ་སོགས་སྦོ་ལུགས་པའི་སྐོར་ནས་བཤད་ན་བཤད་ཚོད་ཡོད་མ་རེད།
སྲོང་བཙན་ཟེར་བའི་ཁ་ལ་རྡོ་རྗེ་རྒྱ་ཁྲབ་བཞག་འདུག མ་གཞི་ནས་ཡིན་ད་ཡིན། རྫུན་དང་ཧམ་པས་དོན་དག་མི་འགྲུབ་པ་གཞིར་བཞག་སྟེ། ད་དུང་རང་ཉིད་ཀྱི་གདོང་རིས་གསལ་བོ་བཟོ་གི་རེད། དཔེར་ན། བློ་སེང་གི་རྒྱབ་སྐྱོར་བ་ཧུར་བརྩོན་ཅན་སྲོང་བཙན་ཟེར་བའི་མིང་རྫུན་ཅན་ནོ།།
སྲོང་བཙན་གྱི་ཁ་ལ་རྡོ་རྗེ་ཕ་ལམ་གྱི་གཟེར་བཏབ་ཚར་འདུག ཨ་ཁ་ཁ། ཤ་ཚ།
སྲོང་བཙན་ལྟ་བུའི་དྲ་འབུ་ཞིག་ལ་ལན་འདེབས་པ་བྱབ་ཆུང་རང་རེད།
ཨ་ཧ་ཧ་་་་ད་ཡིན་ན་སྲོང་བཙན་ཟེར་བའི་ཁ་ལ་རྐང་རྫིས་བྱས་འདུག
འདི་ཚོ་སྡོད་མ་ཐུབ་ན་ཡོང་རྒྱུ་དེ་ལས་གང་
སྲོང་བཙན་ཟེར་བ་འདིས། དོན་ངོ་མར་ཚོགས་གཙོ་སྤེན་པ་ཚེ་རིང་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག གང་ལ་ཟེར་ན། བློ་བཟང་སེང་གེ་ཡིས་གང་བྱུང་མང་བྱུང་བཤད་ནས་མི་མང་ལ་མགོ་སྐོར་གྱི་གཏམ་བཤད་རྣམས་སྤེན་པ་ཚེ་རིང་ལ་དྲི་བ་ཡིན་པའི་ཟོལ་གྱིས་སྤེལ་ནས། དོན་ལ་སྲིད་སྐྱོང་བློ་བཟང་སེང་གེས་བཤད་པའི་རྫུན་གཏམ་ཐེར་འདོན་བྱེད་འཇུག་གི་འདུག བྱེད་ཐབས་འདི་ཡང་ཉམས་འགྱུར་མི་འདྲ་བ་ཞིག་ཏུ་མཐོང་སོང་།
ཡང་ཧ་ཅང་བློ་ཕམ་དགོས་ཡ་གཅིག་བཤད་འདུག།
ཚོགས་གཙོ་སྤེན་པ་ཚེ་རིང་གིས་ཁོང་ལོ་ཉི་ཤུའི་ཉམས་མྱོང་ལྟས་ན་༧གོང་ས་མཆོག་ནས་མི་མང་འདོད་པ་མེད་བཞིན་དུ་སྐབས་རེ་མར་བཀའ་བཙན་དབང་གནང་ནས་འགྱུར་བ་གཏོང་པ་མང་པོ་ཡོད་ཟེར་ནས་༧གོང་ས་མཆོག་ལ་སྟོད་ཚུལ་གྱིས་ཟུར་ཟ་བྱས་འདུག།
བཙན་བྱོལ་སྤྱི་ཚོགས་འདི་མང་པོ་དཀྲུགས་མ་གནང་རོགས་བདེན་དཔང་ཡོད་ན་ཁྲིམས་ཁང་ལ་གཏུགས་རོགས་ཕོ་ཁྱོ་ག་རེད་དི་མིན་མིང་རྫུན་འོག་ཏུ་མང་པོ་
བཤད་དྲག་ན་དགྲ་དགའ་གཉེན་སྡུག་མ་རེད་དམ་ཕོ་ཁྱོ་ག་ཚོ་བསམ་བློ་ཡག་པོ་མཐོང་འོས་ཤོག་མི་མང་ལག་ཏུ་ཡོད་པ་ལས་དྲ་འབུ་དཀྲུགས་ཚོའི་ལག་ཏུ་ནམ་ཡང་མེད་དོ་།
ཆེས་མཐོའི་ཁྲིམས་ཁང་ལས་མེད་སྒོ་ཕྱེ་ནས་བཞུགས་འདུག་གོ་།
ཉིང་སྟོང་བརྒྱད་ལོར་བོད་ནང་ངོ་རྒོལ་སྐད་འབོད་དང་རྒྱ་གཞུང་གི་དྲག་གནོན་བྱུང་སྟེ་དམྱལ་བ་མི་ཡུལ་འཕོས་པ་ལྟ་བུ་མྱང་དུས། ཁ་བརྡ་ནང་ངོ་རྒོལ་གྱི་རྩོམ་ཡིག་སྤེལ་མཁན་ཉིན་སྐར་ལྟར་ཉུང་། ད་ལོའི་སྲིད་སྐྱོང་འོས་བསྡུའི་སྐབས་འདིར་རྟག་པར་སྲིད་སྐྱོང་དང་ཚོགས་གཙོ་ལ་སྐྱོན་བརྗོད་ཀྱི་རྩོམ་ཡིག་ཆར་རྗེས་ཀྱི་ཤ་མོང་ལྟར་རྡོལ་ཡོང་དོན་ཅི། ཨ་ཁ་ཁ། བོད་པ་ཟེར་བ་འདི་ཀླད་མེད་འདི་འདྲ་ཞིག་ཡིན་པའི་དབང་གིས་དཀའ་ངལ་འདི་འདྲ་ཞིག་འཕྲད་པ་ལོས་ཡིན། ད་དུང་རྨོངས་གཉིད་ལས་སད་མེད་སྟངས་འདི་ལ་ལྟས་ན་དཀའ་ངལ་འདི་རྒྱུན་མཐུད་རྒྱུ་ཡིན་པའི་མངོན་རྟགས་གསལ་པོ་འདུག
ཡིན་ད་ཡིན། སྤེན་ཚེ་ཟེར་བ་འདིས་གོང་ས་ཁ་ལ་ཁུར་ནས་བེད་སྤྱོད་བྱེད་སྟངས་ལ་ཅིག་གཟིགས་དང་། ད་རེས་གསལ་པོ་ཆགས་སོང་ང་། དགོས་མཁོ་ཁོ་ནའི་ཆེད་དུ་མ་གཏོགས། དབུ་ལམ་པས་དབུ་ལ་བཀུར་སྟི་མེད། མང་ཚོགས་ནང་དོན་ལ་བསམ་མི་མེད། རྐུན་རྒན་ཚོ་འདི་ལྟར་འཚོ་བཞིན་ཡོད།
བསྟན་ཆོས་ལ་སྤེན་ཚེས་རྩོམ་ཡོན་ཕྱི་འཐེན་བྱས་འདུག་ཟེར། རྒྱུ་མཚན། ཁྱེད་ཀྱིས་ང་ཡར་བཀྱག་པའི་ཁུལ་བྱས་འདུག་ཀྱང་དོན་དུ་ས་ལ་བརྡབ་འདུག་ཅེས་བཤེ་བཤེ་རག་འདུག་ཟེར།