དངོས་ནས་མི་ཡིས་བཤད་པའི་བདེན་ཀ་
ཀླད་རྙིང་མཁྲེགས་འཛིན་ཅན་པའི་
བཙན་པོའི་སྙིང་སྟོབས་ལྡན་པའི་རི
མི་འདོད་ལྔ་ལམ་དགེ་ཆོས་བཞིན་དུ་
རེ་དོགས་འཕྲང་ལ་འཐུམ་པའི་ང་རྒྱ
མི་རིགས་ཤིག་གི་བསམ་ཤེས་དོར་ནས་
དུས་རབས་གསར་པའི་རིག་པའི་རྟོགས་
ཕྱོགས་ལྷུང་ཅན་པའི་བླུན་རྒན་
དམ་ཆོས་གཤིས་སུ་མ་རྟོགས་གུ་དོ
ལོག་རྟོགས་སྙིང་སྟོབས་སྙིང་ལ་ཟུ
དཔྱོད་ཤེས་རིག་པའི་རྣལ་མ་མེད་
གངས་རིའི་ན་གཞོན་རྟོག་སད་འཇིག་
མཐོ་སྒང་མི་རིགས་ཤིག་གི་ཉམས་རྒུ
ལུང་ཆུང་ཞིག་ལ་ཕྱོགས་ལྷུང་འཛིན་
གདོང་དམར་ན་གཞོན་ཤེས་ཡོན་ཅན་པའི
གུ་དོགས་ཀླད་རྙིང་མཁྲེགས་འཛིན་
གངས་རིའི་བྱམས་བརྩེའི་རང་གཤིས་
དུག་གསུམ་མ་རིག་ཕྲག་དོག་བཅིངས་
གངས་ལྗོངས་རིག་པའི་དཔའ་བོ་མདའ་
མ་བཟོད་ཕྱོགས་ལྷུང་བཅིངས་པས་རྟོ
མདའ་སེང་ཞོགས་མེ་ལ་སོགས་ན་གཞོན་
དུས་རབས་གསར་པའི་གོམ་ཁར་སྙེག་
གངས་དཀར་མི་རིགས་ཤིག་གི་ཚོར་ཤེ
མཐོ་སྒང་བོད་པའི་སྐྱོ་གདུང་བསམ་
མི་རིགས་ཤིག་གི་རྟོག་སད་བརླག་
དུས་རབས་གསར་པའི་ཤེས་ཡོན་མེད་
གངས་རིའི་རིག་པའི་དཔའ་བོ་བསུབ་
དགེ་ཆོས་མདའ་སྨྱུག་ལྔ་ལམ་བསྐྱལ་
དྲྭ་གྲོགས་ས་འཛིན་དཀར་པོ་ལགས་གསལ་པོ་གསུང་དང་དེ་འདྲ་དངོས་གནས་ཡིན་ན། གལ་སྲིད་ཡིན་སོང་ན་དེ་ནི་ཞི་དྲག་ཕམ་པོ་རེད་ད།
བཤད་འདོད་ཆེན་པོ་དེ། བརྗོད་འདོད་ཚིག་གི་སྦྱོར་བས་མ་འདང་བར། གོ་རྒྱུ་མེད་ནིའི་ཀློག་རྒྱུ་ཡོད་ནི་ཤིག་ལས། རོ་བྲོ་གཉིས་ལ་མྱང་བ་བྱེད་ཐུབ་མ་སོང་།
ཨ་དཀོན་མཆོག་མཁྱེན། ཨེ་བདེན་ན།
དྲ་གྲོགས་ལགས། ཐུགས་རྗེ་ཆེ། ད་དུང་ཁ་གསལ་དུ་བཏང་ནས་གསུང་ན་འགྲིག་གམ། ཐུགས་རྗེས་གཟིགས།
མདའ་སྨྱུག་སོགས་ཁ་ལག་ཟ་ཉེས་ཤོར་ནས་བྲོད་ཁོག་བཤལ་ནའང་ཅིག་ཅིག་གིས་བྱས་པ་རེད་ཟེར་རྒྱུ་ཡིན་ངེས་རེད། ལྟ་བཟོ་ཅངིན་འདུག
སྙན་རྩོམ་མཛོ་ཡིས་ཞིང་ཁ་རྨོ་བ་ནང་བཞིན་དོན་དག་གསལ་ཁ་ཡོད་ཀྱང་གོ་བདེ་པོ་ཞེ་བྲག་
མི་འདུག་ཡ
བོད་ན་གཞོན་དཔྱོད་རྟོགས་པ་ཚ་མདའ་སྨྱུག་ལགས། ཀློག་རྙིང་མཁྲེགས་བཟུང་ཅན་འགས་འཇིག་རྟེན་དང་ཁ་བྲལ་བཅུགས་པ་རེད་ཟེར་གྱི་ཡོད་རེད་དམ། གཏམ་ངན་དེ་རང་གིས་དུས་ནམ་ཞིག་ལ་གོ བདེན་པ་རེད་དམ།
དགེ་ཆོས་མདའ་སྨྱུག་ལྔ་ལམ་བསྐྱལ་བར་ངོ་གནོང་རེད།། ཟེར་ན་གང་རེད། དགེ་ཆོས་ལགས་ཀྱི་རྗེས་ལ་མདའ་སྨྱུག་ག་རེ་བྱས་པ་རེད། སུས་ལྔ་ལམ་དུ་བསྐྱལ་བ་རེད་དམ། ལགས། གསལ་ཙམ་གསུངས་རོགས་གནང། ང་ཡང་ཤེས་འདོད་ཡོད་ལགས།
ཆོ་མེད་རང་རེད། གསར་འགྱུར་ཡིན་ན་གསར་འགྱུར་རང་བྱས་ནས་གཏོང་རོགས། དེ་མིན་ཉ་ཉོག་གང་ལབ་ན་རྒྱུ་མཚན་ཞིག་འདུག་གམ།
རྩོམ་ཡིག་འདི་ནི་ཁ་གསལ་མེད་པའི་སྙོག་འཛིང་ཅན་ཞིག་རེད། སྤྱི་ལ་ཕན་པའི་ཕྱིར་ཏུ་ཁ་གསལ་བོ་བཟོས་ན་ག་རེ་གནོད་ཀི་རེད། མིན་ན་དེང་སང་བོད་ནང་གི་རྩོམ་འབྲི་མཁན་རེ་ཟུང་ལ་བཙན་བྱོལ་གྱིས་འགའ་རེས་ཆབ་སྲིད་ཀྱི་གནད་དོན་འོག་བཙོན་བཅུགས་བྱས་སོང་རབས་ཟེར་མོད། རྗེས་སུ་སྐྱག་རྫུན་ཡིན་པ་འགའ་རེ་ཡོད་པ་ལྟར་ཉིད་ཀྱིས་མདའ་སྨྱུག་གི་འོད་ལམ་དེ་མོག་མོག་ཅིག་བཟོ་བསམ་པ་ཡིན་ནམ།
མདའ་སྨྱུག་དང་དགེ་ཆོས་འདྲ་ས་གང་དུ་ཡོད། དགེ་ཆོས་ནི་རང་གི་རིག་གཞུང་གཅེས་ནོར་དུ་བཟུང་ནས་དར་སྤེལ་གཏོང་མཁན་ཞིག་ཡིན་ལ། མདའ་སྨྱུག་ནི་རང་གི་རིག་གཞུང་དགྲ་རུ་འཛིན་མཁན་ཞིག་རེད། དགེ་ཆོས་ནི་སངས་རྒྱས་བསྟན་པ་ལ་དད་པ་ཕྱིར་མི་ལྡོག་པ་ཞིག་ཡོད་ལ། མདའ་སྨྱུག་ནི་སངས་རྒྱས་བསྟན་པ་མདོ་སྔགས་གཉིས་ཀ་ལ་དད་ལོག་ཞིག་རེད། དགེ་ཆོས་ནི་རང་མི་རིགས་ཀྱི་ཆེད་དུ་རྩོམ་འབྲི་མཁན་ཞིག་ཡིན་ལ། མདའ་སྨྱུག་ནི་དེང་སང་བོད་ཀྱི་གནས་སྟངས་རྫ་དྲག་ཅན་དེ་འདྲ་ལ་ཚིག་གཅིག་འབྲི་མོ་ཕོད་མཁན་ཞིག་རེད། ད་དུང་དགེ་ཆོས་ནི་་་་་་་་་་་་་་་་་་་་་་་་ མདའ་སྨྱུག་ནི་་་་་་་་་་་་་་
ཕམ་ཁ་རི་བོ་ཙམ་ཞིག་རྒྱབ་ལ་ཁུར།།
ཞེན་ཆགས་རྒྱ་མཚོ་ཙམ་ཞིག་ཁོག་ཏུ་བླུགས།།
མི་ཁ་རྫ་མ་ཙམ་ཞིག་མགོ་ལ་གྱོན།།
འདི་ནི་ཁོ་བོ་ཕྱི་མར་འགྲིམ་པའི་ཚུལ།།
འཁོར་བའི་ཆོས་ལ་སྐྱོ་བ་མ་སྐྱེས་ཤིང་།།
མི་ཡི་འཚོ་བར་ཞེན་པ་མ་ལོག་མོད།།
ཁོར་ཡུག་རྭ་ཅོ་འདྲ་བའི་འཇིག་རྟེན་འདིས།།
ཁོ་བོ་གསོན་པའི་རེ་ཐག་བཅད་དེ་ཐལ།།
ཚ་བ་མདའ་སྨྱུག་གིས། ཞེས་ཉེ་ཆར་ཁ་ཆེམས་ལྟ་བུ་འདི་འདྲ་ཞིག་མཐོང་བྱུང་བས་བློ་ཅུང་མ་བདེ་བ་བྱུང་། ཚིག་ལ་ཆད་ལྷག་དང་ནོར་འཁྲུལ་སོགས་ཤོར་ཡོད་མེད་ཏན་ཏན་མེད།
ནང་སྐྲུག་མཁན་ཚོའི་གཏམ་ལ་ཉན་རྒྱུ་མེད། ཁོང་ཚོས་ཡང་ནང་ཁུལ་སྐྲུག་བསམ་པ་རེད།
གསོན་པའི་རེ་ཐག་ཆད་ཡོད་ན་ཕེབས་རོགས་གྱིས། མི་ཆོས་ཡོད་དགེ་ཡོད་རྣམས་ནི་ནུབ་ཕྱོགས་ན་སྐྱིད་པའི་ཡུལ་ཞིག་འགྲོ་ས་ཡོད་མོད། མདའ་སྨྱུག་ཁྱོད་ནི་ལྷ་མེད་འདྲེ་མེད། ཆོས་མེད་དགེ་མེད་ཞིག་ཡིན་པས་དེ་ལ་སླེབས་ཚོད་མ་རེད། འོན་ཀྱང་ཁྱོད་སེམས་མ་ཕམ་དང་ད་དུང་ཁྱོད་འགྲོ་སའི་རྒྱལ་ཁབ་གསུམ་ཡོད་ཚོད་རེད། གཅིག་ནི་རྐང་ལག་བཞི་ཀས་འགྲོ་ཐུབ་པའི་འཇིག་རྟེན་ཞིག་དང་། ཡང་ཅིག་ནི་གྲོད་པ་ཆེ་ཙམ་ཡོད་པའི་ལུང་པ་ཞིག གཞན་དེ་ནི་སྐད་གྲགས་ཤིན་ཏུ་ཆེ་བའི་ལུང་པ། མེ་ཡང་ཟས་སུ་བྱེད་ནུས་མཁན་ཞིག་ཡོད་པས་དེ་དག་ལ་ཁྱེང་སྐྱིད་པ་ཡོང་ཚོད་ཡིན།
རྩོམ་འཆལ་གོ་རྒྱུ་གང་ཡང་མེད་འདི་འདྲ་དྲ་ཐོག་བཞག་པ་ངོ་ཡང་མི་ཚའམ། ཟུར་ཟས་ཚ་བ་མདའ་སྨྱུག་བསད་སོང་ཟེར་བ་ཡིན་ན་དཀྲོགས་གཏམས་དངོས་རེད། ཁོས་རིག་གཞུང་དགྲ་རུ་བལྟས། ལས་ངན་དེ་ཙམ་བསགས། ཁ་སྔོན་ཞིག་ལ་ཀིརྟི་མཐའ་ནས་གསོན་པོས་ཁ་ནས་ཁྲག་སྐྱུག་ཤི་འདུག་ཟེར། མ་གོ་འམ། ས་ཕོ་ཟེར་བ་འདིས་མཁས་དབང་དགེ་འདུན་ཆོས་འཕེལ་ཞེས་པ་ཅི་འདྲ་ཡིན་ཤེས་མི་འདུག
ང་ཚོ་བོད་མི་མང་པོ་ཞིག་ནི་རྒྱ་ཡིས་སྐྱིད་མ་སྟེར་ནས་ཕེབས་སོང་། ཁྱོད་ནི་ཁོང་རྣམས་པ་དང་མི་འདྲ་བ་སྤུན་ཟླ་ཚོས་བདེ་མ་སྟེར་བ་ཞིག་ཡིན་ཚོད་རེད་འདུག ཁྱོད་ཕེབས་སྟངས་གང་འདྲ་ཡིན།
ཚ་བ་མདའ་སྨྱུག་ལགས་འཇིག་རྟེན་འདི་ནས་ཕྱི་མའི་ཡུལ་དུ་དངོས་གནས་ཕེབས་ཚར་བ་ཡིན་ནམ་སྐད་ཆ་དེ་ཁ་གསལ་དུ་གཏོང་རོགས་གནང་།
དེང་སོང་དྲ་ནང་དུ་རྩོམ་ཡིག་རེ་རེའི་དཔྱད་བརྗོད་པ་དྲ་འབུ་རེ་རེ་ངེས་པར་དུ་དགོས་པ་སྣང་་་་་་་་་་་་
མདའ་སྨྱུག་དང་ནི་མོའི་ཙེ་ཏུང་་སོགས་སངས་རྒྱས་བསྟན་པའི་དགྲ་བོ་དག །
སྙིང་ཁྲག་དྲོན་མོ་རླང་པ་ཐོལ་ལེ་ཆོས་སྐྱོང་་མ་གཟའ་དམ་གསུམ་གྱིས། །
ད་ལྟ་ཉིད་དུ་བཞེངས་ཤིང་རོལ་ལ་རྣམ་ཤེས་དག་པའི་དྲོངས། །
ལས་ངན་འདི་དག་རྗེས་ཤུལ་མེད་པར་གངས་ཅན་ལྗོངས་ནས་མཐར་སྤྲོད་མཛོད། །
དཔྱོད་ལྡན་དྲ་གྲོགས་རྣམ་པར་ཞུ་སྐུལ།
སྐབས་དོན་བརྗོད་གཞི་དང་འབྲེལ་ཡོད་ཐོག་ནས་མཆན་བུ་སྤེལ་རོགས་ཞུ། སྐྱེ་བོ་སྒེར་པ་ལ་དམོད་ཚིག་དང་འཐབ་འཛིང་བྱེད་པ། དེ་མིན་གྱི་མི་རིགས་པའི་གནས་ཚུལ་འཁོད་པའི་མཆན་རྣམས་ལ་ནི་འདི་ནས་དགའ་བསུ་མི་ཞུ།
དགོངས་དག་མཆན་བཀོད་ཐུབ་ན་བསམ་ཚོད་ལྟ་བྱས་པ་ཡིན། རྩོམ་སྒྲིག་པ་ལགས་ངའི་མཆན་དེ་དག་མཆན་གནང་རོགས་ཞུ།
བོད་ཀྱི་རྩོམ་པ་པོ་འདི་འདྲའི་རིགས་ལ་བར་ཆད་ཧ་ཅང་ཆེན་པོ་འགུ་་་་་་་