སྤྱན་ཆེན་པོ།
བོར་སོང་བའི་ཞག་སྒྲོན་དེ
དོ་ནུབ་ངའི་གཡས་ཕྱོགས་ན་འབར་བཞིན་འདུག
གཟི་འོད་ལམ་ལམ་ངང་འབར་བཞིན་འདུག
ངོ་གདོང་མེད་པ་ཚོས
སྨུག་རུམ་གྱི་ཟབ་ས་ཞིག་ནས
ལྐོག་ལྐོག་སུད་སུད་ངང
ཞག་སྒྲོན་ལ་ཕུ་བཏབ་མོད
འོན་ཀྱང ཁོའི་འོད་སྣང་སྔར་ལས་ཆེ་རུ་གྱུར་སོང
ལོངས་སྤྱོད་ཀྱི་མུན་པའི་གསེབ་ནས
ཞག་སྒྲོན་སྔར་བཞིན་འཚེར་བས
མཐའ་འཁོར་གྱི་འབུ་མེ་ལྕེབ་དག
ཚག་སྒྲ་དང་བཅས་ཞག་སྒྲོན་གྱི་ཁ་ཟས་སུ་གྱུར་སོང
༢༠༡༤-༡༡-༡༣