གཞུང་པ་ཚེ་དབང་བསོད་ནམས།
ཀ་བ་གསུམ་ལྡན་མང་གཙོའི་སྒྲིག་འཛུགས་འོག།
ཁ་དམག་འགན་ཁུར་སྲིད་སྤྱིའི་འོས་བསྡུ་ལ།།
ག་ནས་བལྟས་ཀྱང་ཁྲིམས་སྒྲིག་འགན་ཁུར་ཉུང་།།
ང་ཚོ་ཚང་མས་བཅའ་སྒྲིག་སྲུང་ན་དགའ།།
ཅ་ཅོ་མང་བའི་ངོ་དེབ་དྲ་ལམ་ནང་།།
ཆ་རྒྱུས་མེད་པའི་ཕྱོགས་གཏོགས་འགན་ཁུར་མང་།།
ཇ་ནག་ཚ་འཐུང་ཁ་ལྕེ་ཚིག་རོགས་རེད།།
ཉ་ཤ་རུལ་པས་ཕོ་མཆིན་ན་རོགས་རེད།།
ཏ་ལའི་ཤིང་འབྲས་རི་སྐྱེས་འབྲས་བུ་ལ།།
ཐ་མ་ཟ་སྐལ་མི་གི་ལས་དབང་རེད།།
ད་ལྟ་ང་ཚོའི་གླེང་བའི་སྲིད་སྤྱིའི་འོས།།
ན་གཞོན་འགན་ཁུར་བཅའ་སྒྲིག་འོག་ཏུ་སྲུང་།།
པ་ཕ་ཨ་མས་ལམ་སྟོན་ནོར་མི་ཉན།།
ཕ་བཟང་བུ་གི་ལངས་ཕྱོགས་འཕྱུགས་མི་ཉན།།
བ་ཕྱུགས་དུད་འགྲོ་བསམ་མེད་གླེན་ལྐུག་ཡང་།།
མ་བུའི་འདུ་ཤེས་བསམ་ཡོད་མི་ལས་དྲག།
ཙ་བ་མང་གཙོ་ཁྲིམས་སྒྲིག་འོག་ཏུ་འཚོ།།
ཚ་བའི་ཡུལ་དུ་མང་གཙོ་དམངས་གཙོ་ནོར།།
ཛ་དྲགས་ཆེ་བའི་སྲིད་སྤྱིའི་འོས་བསྡུ་ལ།།
ཝ་སྤྱང་དམར་ནག་གསང་མྱུལ་དོགས་ཟོན་ཟབ།།
ཞ་མོ་འཐོམ་ཞའི་འོག་གི་འོས་འཕེན་ཚོ།།
ཟ་རྒྱུ་འཐུང་རྒྱུ་ཁོ་ནར་མགོ་མ་འཁོར།།
འ་ར་འུར་རེ་ཁ་དམག་འགན་ཁུར་འོག།
ཡ་རབས་བཟང་སྤྱོད་ངོ་ཚ་ཉིན་སྐར་ཙམ།།
ར་བ་གངས་རིའི་གངས་ཕྲུག་དར་མ་ཚོ།།
ལ་རྒྱའི་འོག་ཏུ་བཅའ་སྒྲིག་འགན་ཁུར་ཟབ།།
ཤ་ཚ་ཆེ་བའི་གཏམ་ཞིག་བཤད་ཡོད་དོ།།
ས་ཕྱོགས་འདི་རུ་ཆོལ་གསུམ་ཆིག་སྒྲིལ་བརྟན།།
ཧ་ཅང་མ་ནོར་སྲིད་སྤྱིའི་འོས་བསྡུ་ལ།།
ཨ་མའི་བུ་ཚོ་སྲིད་སྤྱིའི་འོས་ཤོག་འཕེན།།
ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༢ ཚེས་ ༢༡ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།
ཀ་བ་གསུམ་ལྡན་མངས་གཙོའི་སྒྲིག་འཛུགས་རེད། །
ཁ་བ་ལྗོངས་ཀྱི་མི་རབས་མང་པོའི་བར། །
ག་རུ་བསླེབས་དང་གང་འོངས་དོན་དག་རེད། །
ང་ཚོ་ཡོངས་ཀྱིས་སྲིད་སྤྱིའི་འོད་བསྡུར་འགྲོ །
ཅ་ལེ་ཅོ་ལེ་མ་ཉན།
ཆ་མེད་རྒྱུས་མེད་མ་ཤོད།
ཇ་ཆང་འཐུང་ཞོར་ལ་ཡང་།
ཉ་ཆེན་སྲིད་སྤྱི་སྟོན་ཤོག
ཏྰ་མའི་བླ་མ་སོམས་ཤིག
ཐ་མའི་སྲིད་སྐྱོང་ཤོད་ཅིག
ད་ལོའི་སྤྱི་འཐུས་སོམས་ཤིག
ན་གཞོན་ལས་འགན་སྐུར་ཤིག
པ་ཕ་བཟང་པོའི་བུ་ཕྲུག
ཕ་མ་ཡ་རབས་གཅེས་ཕྲུག
བ་དང་བ་མིན་ཤེས་མཁན།
མ་རབས་སྲིད་སྐྱོང་མ་སྐོས།
ཙ་རིར་གནས་སྐོར་འགྲོ་མཁན།
ཚ་བའི་རོང་དུ་བྲོས་མཁན།
ཛ་དྲག་དབུས་ལམ་འགྲོ་མཁན།
ཝ་སྤྱང་སྤྱི་འཐུས་མ་བསྐོ།
ཞྭ་མོའི་མཚོན་མདོག་མ་རྩོད།
ཟ་རྒྱུ་འཐུང་རྒྱུ་མ་ངོམས།
འ་རེ་འུ་རེ་མ་ཤོད།
ཡ་རབས་སྲིད་སྤྱིར་སྐོས་ཤོག
རྭ་ལྟར་གྱོང་པའི་སེམས་པ།
ལ་ལུང་རྒྱབ་ཏུ་གཡུག་ཤོག
ཤ་ཞེན་ཡོད་པའི་སྙིང་གཏམ།
ས་ཕྱོགས་གང་སར་སྒྲོགས་ཤིག
པ་ར་ཤོ་གི་སྲོག་ཤིང་རེད་།
ཕ་མ་ཁྱིམ་གྱི་སྲོག་ཤིང་རེད་།
བུ་ཕྲུག་མི་བརྒྱུད་སྲོག་ཤིང་རེད་།
མ་ནོར་མ་ནོར་བོད་མི་ཚོ་།
༣༠༽ཧ་ཅང་རྙོག་ཟིང་སྲིད་སྤྱིར།
ཨ་ཕའི་བུ་ཚོས་འོས་འཕེན།
ཧ་ལས་གཏམ་བཤད་ཉན་ནས།
ཨ་མའི་བུ་ཕྲུག་འོས་འཕེན།
་
ཀརྡོས།
༡༽ཀ་བ་གསུམ་ལྡན་མངས་གཙོ།
ཁ་བའི་ལྗོངས་སུ་སྤེལ་ཤིག
ག་རུ་འགྲོ་དང་མི་འགྲོ
ང་ཚོའི་ལག་ཏུ་ཡོད་རེད།
སེམས་ཤུགས་་ལ་དགའ་བསུ་་མ་གཏོགས་་་་་ཀ་རྩོམ་་འདིས་ལྕེ་གཅོག་ས་་རེད་་ཧཧཧ
ཀ་བ་གསུམ་ལྡན་མངས་གཙོ།
ཁ་བའི་ལྗོངས་སུ་སྤེལ་ཤིག
ག་རུ་འགྲོ་དང་མི་འགྲོ
ང་ཚོའི་ལག་ཏུ་ཡོད་རེད།
ཅ་ལེ་ཅོ་ལེ་མ་ཉན།
ཆ་མེད་རྒྱུས་མེད་མ་ཤོད།
ཇ་ཆང་འཐུང་ཞོར་ལ་ཡང་།
ཉ་ཆེན་སྲིད་སྤྱི་སྟོན་ཤོག
ཏྰ་མའི་བླ་མ་སོམས་ཤིག
ཐ་མའི་སྲིད་སྐྱོང་ཤོད་ཅིག
ད་ལོའི་སྤྱི་འཐུས་སོམས་ཤིག
ན་གཞོན་ལས་འགན་སྐུར་ཤིག
པ་ཕ་བཟང་པོའི་བུ་ཕྲུག
ཕ་མ་ཡ་རབས་གཅེས་ཕྲུག
བ་དང་བ་མིན་ཤེས་མཁན།
མ་རབས་སྲིད་སྐྱོང་མ་སྐོས།
ཙ་རིར་གནས་སྐོར་འགྲོ་མཁན།
ཚ་བའི་རོང་དུ་བྲོས་མཁན།
ཛ་དྲག་དབུས་ལམ་འགྲོ་མཁན།
ཝ་སྤྱང་སྤྱི་འཐུས་མ་བསྐོ།
ཞྭ་མོའི་མཚོན་མདོག་མ་རྩོད།
ཟ་རྒྱུ་འཐུང་རྒྱུ་མ་ངོམས།
འ་རེ་འུ་རེ་མ་ཤོད།
ཡ་རབས་སྲིད་སྤྱིར་སྐོས་ཤོག
རྭ་ལྟར་གྱོང་པའི་སེམས་པ།
ལ་ལུང་རྒྱབ་ཏུ་གཡུག་ཤོག
ཤ་ཞེན་ཡོད་པའི་སྙིང་གཏམ།
ས་ཕྱོགས་གང་སར་སྒྲོགས་ཤིག
ཧ་ཅང་རྙོག་ཟིང་སྲིད་སྤྱིར།
ཨ་ཕའི་བུ་ཚོས་འོས་འཕེན།
ཧ་ལས་གཏམ་བཤད་ཉན་ནས།
ཨ་མའི་བུ་ཕྲུག་འོས་འཕེན།
ཀརྡོས།