རྔ་རྒོད།
སྤྱིར་སྐྱེས་བུ་གང་ཞིག་གི་ཕྱག་རྗེས་ལ་བལྟས་ཏེ། དེ་ལ་རྗེས་དྲན་ཆེ་མ་ཆུང་གསུམ་རེ་བྱས་དང་བྱ་རྒྱུ་ནི་ཆོས་ཉིད་རེད། འོན་ཀྱང་དེ་ལ་ཉི་ཚེ་བའི་རྗེས་དྲན་དང་རྟག་བརྟན་གྱི་རྗེས་དྲན། ཡང་ན་ཚོང་གི་ངོ་བོར་གྱུར་པའི་རྗེས་དྲན་དང་། རྗེས་དྲན་རྫུན་མ་དང་ངོ་མ་སོགས་མང་ངོ་།། གང་ལྟར་སྐབས་དོན་གཙོ་བོ་ནི་དམ་པ་དམུ་དགེ་བསམ་གཏན་ཁོང་གིས་ང་ཚོར་བཞག་པའི་མཛད་རྗེས་དེ་ལ་ཆོས་སྲིད་གཉིས་མཆིས་མོད། འདིར་ཆེད་དུ་སྲིད་ཕྱོགས་ཁོ་ནའི་སྟེང་དུ་སྐྱེས་བུ་དམ་པ་ཁོང་གིས་འདིར་ང་ཚོར་ཐུན་མོང་མ་ཡིན་པའི་མཛད་རྗེས་གང་ཞིག་བཞག་ཡོད་མེད་དག་འདིར་གླེང་འོས་སོ།།
དེ་ལ་གུས་པས་རགས་བཤད་ཀྱིས་རྒྱུ་མཚན་ལྔར་ཕྱེས་ཏེ་བཤད་ན། དང་བོ། ཁོང་གིས་སྙིང་སྟོབས་དང་སྤོབས་པ་བསྐྱེད་དེ་ང་ཚོའི་ཆེད་དུ་བོད་སྐད་ཡིག་འདི་ལ་བཅོས་བསྒྱུར་མི་དགོས་པ་དང་དེ་ལ་བོད་རང་གི་ཐུན་མིན་མ་ཡིན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་འཛོམས་ཡོད་པའི་སྐོར་རྒྱལ་ས་པེ་ཅིང་ནས་ཁོང་གིས་ངོ་རྒོལ་གྱི་གཏམ་བཤད་གནང་བ་དེས་ཕན་འབྲས་ཐོབ་པ་དུས་དེར་བོད་མི་ཚོོའི་བློ་ངོར་མི་ཤོང་བའི་ཚད་དུ་གདའ། འདི་ནི་སྤྱི་བཏང་ལྟར་སློབ་མས་རང་གི་བླ་མར་འུད་བསྟོད་ཀྱི་ངང་ཚུལ་ཙམ་མ་ཡིན་པར་མཁས་པ་གཞན་པ་དག་གིས་ཀྱང་སྐབས་དེའི་དམུ་དགེ་བསམ་གཏན་ཚང་གི་གཏམ་བཤད་དེ་བདེན་པ་དང་དེས་ཕན་འབྲས་བྱུང་བའི་ལོ་རྒྱུས་གང་མང་བྲིས་ཡོད་པས་སོ།།
གཉིས་པ། བརྡ་སྤྲོད་ཀྱི་བདག་སྒྲའི་སྐབས་ཀྱི་ཁོང་གི་སྡོམ་ཚིག་སྟེ” ག་ད་ན་བ་མ་ས་དང་།། ད་དྲག་ཅན་མཐར་པ་དང་པོ།། ང་འ་ར་ལ་མཐའ་མེད་མཐར།། བ་དང་བོ་ཉིད་སྦྱོར་བ་སྟེ།། ཅན་ལྡན་ངེས་མེད་སྐབས་དང་སྦྱར།།” ཞེས་པ་འདི་གངས་རིའི་ཁྲོད་དུ་དམ་པ་ཁོང་གི་ལེགས་བཤད་གསར་བ་ཞིག་ཡིན་མོད། མཁས་པ་རེ་ཟུང་གི་འདོད་ཚུལ་དག་དང་ཅུང་མི་མཐུན་ཏེ། དཔེར་ན། པ་པོ་ཁོ་ན་བདག་སྒྲར་འདོད་པ་དང་། ཡང་ན་ན་རོ་ཡོད་མེད་དང་ཆ་ལ་པ་ཉིད་སྦྱོར་བ་སོགས་རེད། འོན་ཀྱང་དམ་པ་ཁོང་གི་སྡོམ་ཚིག་གི་རྩ་བ་འདི་ནི་བརྡ་སྤྲོད་ཀྱི་རྩ་བར་སུམ་རྟགས་དང་མཐུན་ཚབས་ཧ་ཅང་ཆེ་བས་དེ་ང་ཚོས་རང་ལུགས་སུ་བཟུང་ན་དགེ་ལས་གནོད་པ་ཅང་མེད་འདོད། བརྗོད་བྱ་འདི་དང་འབྲེལ་ཏེ་ངའི་སྐད་སྐུར་འདིར་བཤད་ན་ནི། དམུ་དགེ་བསམ་གཏན་ཚང་གིས་འདོད་པའི་བདག་སྒྲའི་སྐོར་ལ་སྔོན་མ་དགག་པ་ཡང་དང་བསྐྱར་དུ་བཏང་མྱོང་མཁན་ཏེ་ཕྱི་སྡོད་བོད་མིའི་ཁྲོད་ནས་བརྡ་སྤྲོད་ཕྱོགས་ལ་མཁྱེན་རྒྱ་རབ་ཏུ་ཡངས་པའི་མཁས་པའི་དབང་བོ་བཀུར་འོས་ཝཱར་ཎའི་དགེན་པདྨ་རྒྱལ་མཚན་མཆོག་གིས་༢༠༠༡ ལོར་གུས་པ་ཆེད་དུ་ཁོང་གི་གཟིམ་ཤག་ཏུ་སྐད་གཏོང་དོན་ལ་ཁོང་གིས” ངས་སྔོན་མ་དམུ་དགེ་བསམ་གཏན་ཚང་གི་བདག་སྒྲའི་སྐོར་ལ་དགག་པ་བརྒྱབ་པ་དེ་ནོར་འདུག་པས་འདིར་དམ་པ་ཁོང་ལ་བཟོད་གསོལ་དང་དེའི་རྗེས་འབྲང་མཁན་ཚོར་ངས་ནམ་ཡང་འདིའི་སྐོར་སྔར་བཞིན་དུ་མི་དགག་སྟེ། དེ་ནི་སུམ་རྟགས་ཀྱི་དགོངས་པ་དང་མཐུན་གྱིན་འདུག་”ཅེས་གསུངས་སོ། སྐད་འདི་ང་ལ་དམིགས་བསལ་དུ་བསྐུར་པ་ཞིག་ཡིན་མོད། ཉན་མཁན་དེ་ང་རང་གཅིག་པོ་མིན་ཏེ་སྐབས་དེར་ཁོང་གིས་སུམ་རྟགས་དཔེ་ཁྲིད་བྱེད་དུས་སུ། དཔེར་ན། འཛིན་གྲྭའི་ནང་ནས་ཀྱང་སྐད་ཆ་དེ་ནི་ཡང་དང་བསྐྱར་དུ་བཤད་སོང་།
གསུམ་པ། ཁོང་གིས་བྲིས་པའི་བླ་སྤྲུལ་དང་ཡང་ན་དམ་པ་ཁོང་གི་སྤྲུལ་སྐུ་ཞིག་བཙལ་རྒྱུ་མེད་པར་ཐུགས་ཐག་བཅད་པའི་སྐོར་སོགས་ཀྱི་བཀའ་སློབ་དེ་ལ་རྟོགས་སད་པ་ཞོགས་དུང་གཅིག་པོས་གདེང་འཇོག་བྱས་པ་ཙམ་ཞིག་མ་རེད། རྒྱུ་མཚན། དམ་པ་ཁོང་གིས། དཔེར་ན། རྗེ་ཙོང་ཁ་བའི་ཡང་སྤྲུལ་དེ་མ་འཁྲུངས་པའམ་མ་བཞེས་པ་འདི་ལ་ཕན་འབྲས་ཤིག་བྱུང་ཡོད་པར་རྟོགས་ཏེ་གསུངས་ཡོད་སྙམ། ལོ་དུ་མའི་སྔོན་དུ་ཁོ་བོས་གྲྭ་བ་སྲིད་དོན་པ་རེ་ཟུང་གིས་རྒྱ་གར་ནས་དམུ་དགེ་བསམ་གཏན་ཚང་གི་སྤྲུལ་སྐུ་དགོས་མིན་སྐོར་བཤད་པ་དེ་ཐོས་པ་དང་མཉམ་པོར་དེ་ལ་ངས་ངོ་རྒོལ་གྱི་རྣམ་པ་ཙམ་ཞིག་བསྟན་པ་ཡིན། སྐབས་དེར་རྒྱ་གར་ནས་སྤྲུལ་སྐུ་ཞིག་བཟོ་བ་ནི་མིང་ཐོ་ཙམ་ཞིག་འགོད་པའི་དཀའ་ངལ་ལས་གཞན་ཅང་མེད་ཀྱང་། གང་ལྟར་དམུ་དགེ་བསམ་གཏན་ཚང་གི་ཡང་སྲིད་ངོས་འཛིན་མ་བགྱིས་པ་འདི་ལེགས་སོ།།
བཞི་བ། དཔེར་ན། འཛམ་གླིང་གེ་སར་རྒྱལ་བོའི་སྐོར་དང་ཡང་ན་བོད་ཚྭ་ཁོའི་ཁོངས་སུ་གཏོགས་པའི་ཆང་རིགས་ལ་སོགས་དམིགས་བསལ་གྱིས་ཁོང་གིས་དེ་ཚོ་བོད་རིགས་གཙང་མ་ཡིན་པར་བསྒྲུབས་པ་དེ་ནི་ང་ཚོས་བསྟོད་ཅིང་བཀུར་འོས་ཏེ། དཔེར་ན། གནའ་སྔ་མོ་དབུས་གཙང་གི་བསམ་མེད་འགའ་རེས་མདོ་ཁམས་དེ་ལ་རྒྱ་སྡེ་དང་རྒྱ་མིར་འབོད་ལ་དེ་བཞིན་ཨ་མདོ་བ་ཀླད་མེད་ཁ་ཤས་ཀྱིས་བོད་རིགས་གཙང་མའི་ཚྭ་ཁོ་ལ་རྒྱ་ཚྭ་ཁོ་ཞེས་འབོད་ལ་མདོ་སྨད་བྱང་སྡོད་བོད་པར་བྱང་རྒྱ་ཚོ་སོགས་དགོས་མེད་ཀྱི་མཐོང་ཆུང་དང་གུ་དོག་གི་བསམ་ཚུལ་དང་དེའི་ལྟ་བ་སོགས་ལ་དམ་པ་ཁོང་གིས་དགག་པ་བརྒྱབ་སྟེ་ང་ཚོར་བཀའ་སློབ་དང་ཕྱག་བྲིས་བསྩལ་ཡོད། གཞན་གླིང་གེ་སར་རྒྱལ་བོ་ཟེར་བ་ཞིག་གཏན་ནས་མེད་པར་བོད་མཁས་མང་བོས་བཤད་པར་མ་ཟད་དེ་དང་མཉམ་པོར་གལ་སྲིད་ཡོད་ནའང་གླིང་གེ་སར་མཆོག་དེ་བོད་རིགས་ཤིག་མིན་པའི་རྩོམ་དང་གཏམ་གང་གི་ཁ་གཏད་དུ་དམུ་དགེ་བསམ་གཏན་ཚང་བཞེངས་པ་འདི་ཡང་ཁོང་གི་སྙིང་སྟོབས་དང་ང་ཚོའི་གཟི་བརྗོད་དུ་རློམ་ཆོག་གོ།
ལྔ་བ། དམ་པ་ཁོང་དང་ཕྲན་གྱི་འབྲེལ་བ། ང་རང་གྲྭ་ཕྲུག་ཆུང་ཆུང་ཡིན་དུས་ཤིག་ལ་རྔ་བ་སྒོ་མང་གི་ད་ལྟའི་ཆོས་སྲིད་གཉིས་ཀྱི་བདག་པོ་ཧྭར་བ་འཇམ་དབྱངས་བློ་གྲོས་མཆོག་གིས་རྗེ་དམུ་དགེ་བསམ་གཏན་ཚང་སྒོ་མང་དགོན་དུ་གདན་དྲངས་ཏེ་རྗེ་ཁོང་གིས་ང་ཚོར་དབང་དང་མན་ངག་མང་བོ་ཞིག་བསྩལ་ཞོར་དུ་མཚན་ཉིད་དང་རིག་གནས་སྐོར་སོགས་ཀྱང་བསླབས་པ་རེད། འོན་ཀྱང་གུས་པ་ཧ་ཅང་ལོ་ཆུང་བས་ཁོང་གི་མདུན་ནས་མཚན་ཉིད་དང་རིག་གནས་སྐོར་ཕར་ཞོག་དབང་དང་མན་ངག་གང་དང་གང་ཞིག་ཐོབ་མིན་དང་དེའི་ཚེས་གྲངས་གང་ཡིན་སོགས་འདིར་གསལ་བཤད་མེད། གཞན་ལོ་དེ་ཏག་ཏག་མ་ངེས་མོད། རང་ལོ་བཅུ་གསུམ་ཡས་མས་ཤིག་ལ་ང་ཚོ་གྲྭ་བ་བཞི་བཅུ་སྐོར་ཞིག་གིས་༼དབུ་མ་འཇུག་པ་དང་མངོན་རྟོགས་རྒྱན་གྱི་གཞུང་༽རྒྱུགས་དེ་འཕྲོད་པའི་རྗེས་སུ་ཨ་ཁུ་བློ་བསྟན་ཚང་གིས་ངེད་ཚོ་ཁྲིད་ཅིང་། ང་ཚོས་ཁ་བཏགས་དང་ཤོག་ཐུམ་དཀར་བོའི་ནང་བྱེ་མ་ཀ་ར་སོགས་བཟུང་སྟེ་རྗེ་དམ་པ་ཁོང་ལ་མཇལ་དུ་སོང་བ་ཡིན། སྐབས་དེར་དམ་པ་ཁོང་རྔ་བ་རྫོང་ཐོག་ཏུ་བཞུགས་འདུག ང་ཚོས་ཁོང་གི་མདུན་ནས་དབུ་མ་འཇུག་པའི་ནང་གི་དབུ་མའི་རིང་སོང་གི་སྡེ་ཚན་དང་ཡང་ན་མངོན་རྟགས་རྒྱན་གྱི་ནང་གི་ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད་ཅེས་པ་གང་དེ་འདོན་དགོས་མིན་གླེང་བའི་མཐར་རྗེ་དམུ་དགེ་བསམ་གཏན་ཁོང་གིས་དབུ་མ་འཇུག་པའི་ནང་གི་” ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང” ཞེས་པའི་ལེའུ་དེ་ཐོན་ཅེས་གསུངས། དེ་ནས་ཁོང་དང་མཉམ་པོར་ང་ཚོས་ལེའུ་འདི་བཏོན་པ་ཡིན། དེ་ནི་ཕྲན་དངོས་སུ་དམུ་དགེ་བསམ་གཏན་ཚང་ལ་མཇལ་བའི་ཉིན་མཐའ་མ་དེ་ཡིན་པར་འདོད། ལྷག་དོན་དུ་ཕྲན་ལ་བརྡ་སྤྲོད་རིག་གནས་ཀྱི་རྨང་གཞི་གནང་མཁན་དང་བཀའ་དྲིན་ཅན་ནི་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་བཀུར་འོས་ལྷ་རམས་པ་དགེ་བཤེས་མཁས་མཆོག་ཚང་ཡིན་མོད། བདག་སྒྲའི་སྐབས་སུ་དམུ་དགེ་བསམ་གཏན་ཚང་གི་འདོད་པ་ལྟར་དེ་ངས་ལག་བསྟར་བྱས་དང་བྱེད་མུས་ཡིན། དཔེར་ན། རྩོམ་པ་བོ་ཞེས་བྲི་དགོས་པའི་རྒྱུ་མཚན་གསུམ་ཡོད། དང་བོ། རྟགས་མཚུངས་དང་། གཉིས་པ། བརྗོད་བདེ་དང་། གསུམ་པ། བརྡ་སྤྲོད་གཞུང་གི་རྩ་བ་གཅིག་པོ་དེ་དང་ཡང་མཐུན་པས་སོ།། སླར་ཞུ་ང་ཚོས་སུམ་རྟགས་ཀྱི་རྩ་བ་དེ་གཞུང་གཅིག་ཏུ་མ་བསྒྲིལ་པར་སུམ་ཅུ་བའི་གཞུང་དང་རྟགས་འཇུག་གི་གཞུང་ཞེས་དེ་གཉིས་ཁ་ཁར་བརྩིས་པའི་ནག་ཉེས་འདི་རེད།
མཇུག་གཏམ། སྒེར་དེབ་གུར་ཀུམ་ཆུན་པོ་དེ་ཐོག་མར་གསར་གཏོད་གནང་མཁན། ལྡོང་ཡོན་ཏན་དང་། ཨར་མའི་དགའ་བ། ལྷ་ཆབ་སྦྱིན་པ། ལྷག་པར་ལོ་མང་རིང་དུ་ཕྱི་ནང་གི་འགལ་རྐྱེན་སོགས་གང་ལ་མ་འཛེམ་པར་གུར་ཀུམ་ཆུན་པོའི་རྩོམ་སྒྲིག་པ་ལག་བསྟར་གནང་མཁན་ལྡོང་ཡོན་ཏན་དང་ཨར་མའི་དགའ་བ་རྣམ་པ་གཉིས་ལ་བཀའ་དྲིན་ཆེ་ཞུའོ།།
ཞེས་རྔ་རྒོད་ཀྱིས་༢༠༡༤/ ༡༡/ ༡༨ ལ་དབྱིན་ཡུལ་ནས།
ེསྙིང་པོ་དང་ལྡན་འདུག
སྤྱི་ལོ་༡༩༩༠གྲངས་སུ་ངས་ཨ་བླ་ཚེ་ཏན་ཞབས་དྲུང་རིན་པོ་ཆེས་ཐོན་མིའི་ཞལ་ལུང་དང་། ཨ་བླ་དམུ་དགེ་བསམ་གཏན་རིན་པོ་ཆེས། བོད་ཀྱི་ཡི་གེ་སྤྱི་རྣམ། ཞེས་པ་བརྩམས་པ་མཇལ་ཏོ།
དམུ་དགེའི་ནོར་བ་ཚང་ནི།་བསམ་གཏན་མི་བུའི་ཡུལ་རེད། མཁས་དབང་ཁོང་གི་མདུན་ནས། སུམ་རྟགས་སྦྱང་རྒྱུ་བྱུང་བ། བུ་ངའི་བསོད་ནམས་རེད་འདུག ཞེས་གང་ཤར་དུ་ས་མཐའི་གྲོང་ཞིག་ནས།
རྩོམ་པ་བོ། ཞེས་འབྲི་དགོས་པའི་རྒྱུ་མཚན་གསུམ་ཡོད། དང་པོ་རྟགས་མཚུངས། གཉིས་པ་བརྗོད་བདེ། གསུམ་པ་རྩ་བ་གཅིག་པོ་དེ་ཡང་མཐུན་པས་སོ་ཟེར། དོན་དངོས་ཐོག་ག་རེ་བཤད་ཀྱིན་ཡོད། ཆོས་ཅན་མགོ་གཉིས་མ་ཟེར་བ་དང་འདྲ་པོ་ཞིག་འདུག། དང་པོ་ལའང་དང་བོ་ཟེར་བྲིས་འདུག། ཁྱེད་བོ་འདི་ལ་ཞེན་པ་ཆེན་པོ་ཡོད་བཟོ་འདུག་པས་ངས་གཤམ་དུ་ཁ་ཤས་དབུལ་བར་བྱའོ།།་་བོ་བོ་བོ་བོ་བོ་བོ་བོ་བོ་་་་ཧཧཧཧ
དང་པོ།
་་་་་་བོད་སྐད་ཡིག་འདི་ལ་བཅོས་བསྒྱུར་མི་དགོས་པ་་་་་ བཤད་པ་འདི་བོད་ཀྱི་སྐད་ཡིག་རྗེས་ལུས་ཐེབས་བཅུག་པ་རེད།
གཉིས་པ།
དང་བོ། བཞི་བ། ལྔ་བ། རྒྱལ་བོ། གསར་བ། རྩོམ་པ་བོ།
རྣམས།
དང་པོ། བཞི་པ། ལྔ་པ། རྒྱལ་པོ། གསར་པ། རྩོམ་པ་པོ་སོགས་ལ། པ་དང་པོ་ཉིད་བྲིས་ན་ཕན་ཐོགས་ཆེ།
མཁས་དབང་དམུ་དགེ་བསམ་གཏན་ནི་རིག་གནས་ཐད་ཀྱི་གསར་བརྗེ་བ་ཞིག་དང་། ཤ་ཚས་ཀུན་ནས་བསླངས་པའི་སྐྱེས་བུ་དམ་པ་ཞིག་རེད།དེང་སང་བོད་གངས་རིའི་ལྗོངས་ན་བོད་ཡིག་གི་འཕྲིན་ལས་ཅུང་ཡོད་པ་དེ་དམ་པ་ཁོང་ལྟ་བུ་ཁ་ཤས་ཀྱི་དྲིན་རེད།
ཁོང་གི་ཕྱིས་རྗེས་དེས་དེང་སང་ང་ཚོར་བོད་སྐད་ཡིག་འཛིན་མཁན་གྱི་སྐྱེས་བུ་དམ་མང་པོ་ཞིག་མཐོང་རྒྱུ་ཡོད་པ་དེ་རེད་་་་་འདི་གཅིག་བུའི་བཀའ་དྲིན་བསམ་ན་དྲིན་ལན་དེ་བརྗོད་ཀྱིས་མི་ལངས་བ་ཞིག་རེད་
མདང་དགོངས་གཉིད་ཀྱིས་གནོན་པས་རང་གི་ཞེ་འདོད་མ་བྲིས། རྒྱ་ནག་ཏུ་རིག་གནས་གསར་བརྗེ་ཞེས་པ་སོགས་དམར་པོའི་རིང་ལུགས་ཆེས་ཅེར་དར། སྲོལ་ངན་དེ་ཡིས་བོད་ཡུལ་དུ་ཡང་བཀའ་བསྟན་གསུང་འབུམ་དཔེ་ཆ་རྣམས་ཀློག་པའི་སྐལ་བ་མེད། དེར་བརྟེན་མཁས་དབང་རྣམ་གཉིས་ཀྱིས་ཨ་མདོའི་ཕལ་སྐད་དང་མཐུན་པར་གོང་གསལ་བརྡོ་སྤྲོད་བྲིས་པ་དེ་དག་དྲང་དོན་དུ་འཛིན་དགོས། འདིའི་སྐོར་ལ་༡༩༩༩་ལོར་བྲིས་པ་བཞིན་དུ། ད་ལྟ་རང་རེ་རྣམས་ལ་སྔར་གྱི་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་རྣམས་ཀློག་པའི་སྐལ་བ་ཡོད་པས། དེ་དག་ན་གསལ་བ་བཞིན་ཆོས་སྐད་དང་མཐུན་པར་འབྲི་ན། སྔར་གྱི་མཁས་པས་བཀོལ་བའི་ཡི་གེའི་དག་ཆ་སྲུང་བ་དང་། ཆོས་སྐད་ལ་བརྟེན་ནས་བོད་ཡོངས་རྫོགས་ཀྱིས་གཅིག་གིས་གཅིག་གོ་རྟོགས་ཐུབ་པས་རང་རེ་རྣམས་གཅིག་སྒྲིལ་འབྱུང་བར་ཕན། འདི་ཉིད་རང་རེའི་རྣམ་པར་འདྲེན་པ། ཛམ་གླིང་ཞི་བདེའི་ཕོ་ཉ་ཆེན་པོའི་བཞེད་པ་ཡིན་པ་ལ་བརྩི་དགོས་སོ།
ལ་དྭགས་བློ་བཟང་འཇལ་དཔལ་ལགས། ཝར་ཎའི་པདྨ་རྒྱལ་ཚན་གྱིས་བརྡ་སྤྲོད་བློ་གསལ་འཇུག་ངོགས་དང་བརྡ་སྤྲོད་བློ་གསལ་དགའ་སྟོན་གཉིས་པོ་ལ་ཞིབ་ཏུ་བརྟགས་ཏེ་མཐར་དམུ་དགེ་བསམ་གཏན་ཚང་ལ་དགོངས་དག་ཞུས་པ་རེད། ཆོས་སྐད་མང་ཆེ་བ་སྐྱ་སེར་ཐུན་མོང་གི་དབང་དུ་བཏང་ན་བེད་སྤྱོད་དེ་ཙམ་མེད། དཔེར་ན། ལ་དྭགས་ཀྱི་བུ་མོ་མཛེས་པ་ལ་ཞེས་པའི་གཞས་དེ་ཧ་ཅང་སྙན་པོ་འདུག་ཅེས་བྲི་དགོས་པ་མ་གཏོགས། ལ་དྭགས་ཀྱི་བུ་མོ་མཛེས་པ་ལ་ཞེས་པའི་གཞས་དེ་རྣ་ཤེས་ཀྱིས་མཉན་བྱ་ཡིན་ཏེ་ཞེས་སོགས་རྟགས་བཀོད་ན་ཕན་ཐོགས་གང་ཡང་མེད། ཆོས་གཞུང་རྙིང་བ་ཁ་ཤས་དང་ཡི་གེ་མི་ཤེས་མཁན་དཔོན་པོ་འགའི་ཁ་ལ་བསྟུན་དགོས་ན་བརྡ་སྤྲོད་ཀྱི་རྩ་བར་དགོས་དོན་གཏན་ནསམེད། གུང་ཐང་བསླབ་བྱ་དེ་ཡང་ཨ་མདོའི་ཁ་སྐད་དང་ཡི་སྐད་གཉིས་ཀར་ཡིན་པར་དུང་དཀར་ཚང་གིས་གསུངས་ཡོད་དོ།
གཞན་སྐུ་ཉིད་ཀྱིས་རིན་པོ་ཆེས་བརྩམས་ཞེས་པའི་ཆེས་ཟེར་བ་གོ་ལེན་ཤེས་དགོས་སོ།།
ལ་དྭགས་བློ་བཟང་འཇལ་དཔལ་ལགས། ཝར་ཎའི་པདྨ་རྒྱལ་ཚན་གྱིས་བརྡ་སྤྲོད་བློ་གསལ་འཇུག་ངོགས་དང་བརྡ་སྤྲོད་བློ་གསལ་དགའ་སྟོན་གཉིས་པོ་ལ་ཞིབ་ཏུ་བརྟགས་ཏེ་མཐར་དམུ་དགེ་བསམ་གཏན་ཚང་ལ་དགོངས་དག་ཞུས་པ་རེད། ཆོས་སྐད་མང་ཆེ་བ་སྐྱ་སེར་ཐུན་མོང་གི་དབང་དུ་བཏང་ན་བེད་སྤྱོད་དེ་ཙམ་མེད། དཔེར་ན། ལ་དྭགས་ཀྱི་བུ་མོ་མཛེས་པ་ལ་ཞེས་པའི་གཞས་དེ་ཧ་ཅང་སྙན་པོ་འདུག་ཅེས་བྲི་དགོས་པ་མ་གཏོགས། ལ་དྭགས་ཀྱི་བུ་མོ་མཛེས་པ་ལ་ཞེས་པའི་གཞས་དེ་རྣ་ཤེས་ཀྱིས་མཉན་བྱ་ཡིན་ཏེ་ཞེས་སོགས་རྟགས་བཀོད་ན་ཕན་ཐོགས་གང་ཡང་མེད། ཆོས་གཞུང་རྙིང་བ་ཁ་ཤས་དང་ཡི་གེ་མི་ཤེས་མཁན་དཔོན་པོ་འགའི་ཁ་ལ་བསྟུན་དགོས་ན་བརྡ་སྤྲོད་ཀྱི་རྩ་བར་དགོས་དོན་གཏན་ནས་མེད། གུང་ཐང་བསླབ་བྱ་དེ་ཡང་ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་ཀར་ཡིན་པར་དུང་དཀར་ཚང་གིས་གསུངས་ཡོད་དོ།
གཞན་སྐུ་ཉིད་ཀྱིས་རིན་པོ་ཆེས་བརྩམས་ཞེས་པའི་ཆེས་ཟེར་བ་གོ་བ་ལེན་ཤེས་དགོས་སོ།།
ཕྲན་ནི་པ་བ་གཉིས་ལས་པ་མང་དུ་འབྲི་མཁན་ཞིག་དང་། དེ་གཉིས་ཀྱི་སྦྱོར་ཚུལ་གྱི་ཐད་ལ་བདག་སྒྲ་ཡིན་མིན་གྱི་ཁྱད་པར། ལྡན་སྒྲ་དང་དོན་འདྲ་མིན་གྱི་ཁྱད་པར། བྱ་ཚིག་གི་རྗེས་སུ་སྦྱར་བའམ་བྱ་བ་ལ་འགྲོ་མིན་གྱི་ཁྱད་པར་སོགས་ཀྱིས་དེ་གཉིས་སྦྱོར་ཚུལ་གྱི་ཁྱད་པར་དང་གོ་རྒྱུ་མི་འདྲ་པ་ཡོད་པར་འདོད་མཁན་ཞིག་ཡིན། ཡིན་ན་ཡང་དུས་ཀྱི་འགྱུར་པའི་དབང་གིས་སྐད་ཀྱང་འགྱུར་ནས་འགྲོ་བ་ཆོས་ཉིད་ཡིན་པ་ལྟར། དྲི་བ་གཅིག་ནི། དྲི་བ་འདི་བ་འབྲི་བར་དགག་བྱ་དང་སྐྱོན་བརྗོད་བྱེད་མཁན་ཚོར། ད་ལྟའི་གནས་སྐབས་སམ་སྤྱིར། བ་བདག་སྒྲར་འགྲོ་མི་འགྲོ་དེ་དང་། རང་གིས་བདག་སྒྲ་ཁ་ཤས་ལ་བ་བེད་སྤྱོད་གཏོང་གི་ཡོད་མེད་དེ་རེད། བ་བདགག་སྒྲར་འགྲོ་ན་གོང་དུ་ཕྲན་གྱིས་དེ་གཉིས་ལ་ཁྱད་པར་མང་པོ་ཞིག་ཡོད་པར་བཤད་པ་དེ་དག་རང་བཞིན་གྱིས་ཉམས་པ་རེད། གལ་ཏེ་བ་གཏན་ནས་བདག་སྒྲར་འཇུག་གི་མེད་ན། དེ་གཉིས་ལ་ཁྱད་པར་དང་གོ་རྒྱུ་མི་འདྲ་པ་ཡོད་པ་ལྟར་བྲིས་ན་དགེ་མཚན་ཆེ་བར་མཐོང་། ཡིན་ན་ཡང་དཀའ་ངལ་གཅིག་ནི། དེང་སྐབས་སྐད་ཡིག་མང་པོ་ཞིག་ལ། རྩིས་འཕྲུལ་གྱི་རང་འགུལ་དག་ཆ་བསྒྲིགས་ཡོད་པ་ལྟར། སྔ་ཕྱི་མ་གཏོགས་ང་ཚོས་ཀྱང་རང་འགུལ་དག་ཆ་རྩིས་འཕྲུལ་དུ་བསྒྲིག་དགོས་ན། རྩིས་འཕྲུལ་གྱིས་དེ་གཉིས་ཀྱི་ཁྱད་པར་འབྱེད་རྒྱུ་ཧ་ཅང་དཀའ་འོ་སྙམ། དཔེར་ན། འགྲེལ་པ་དང་། འགྲེལ་བ། ལྟ་བུར། སྔ་མ་ནི་གཞུང་དང་ཚིག་གང་ཞིག་གི་དོན་གསལ་པར་བཤད་པའིདཔེ་ཆ་ལྟ་བུ་ཞིག་ལ་གོ་བ་དང་། ཕྱི་མ་ནི་གཞུང་དང་ཚིག་གང་ཞིག་གསལ་བར་བཤད་པའི་་བྱ་བར་སོང་བ་ལྟ་བུ། རྩིས་འཕྲུལ་གྱིས་འདི་ལྟར་དབྱེ་འབྱེད་བྱ་ཐུབ་མིན་དེ་གནད་དོན་ཞིག་རེད། དེ་ལྟར་ཐུབ་པར་བཟོ་ཐུབ་ཚེ་མི་འདྲ་བའི་ཁྱད་པར་ཡོད་པ་ལྟར་སྦྱར་ན་ལེགས། བྱ་མི་ཐུབ་ཚེ་རང་ལྟ་མཆོག་འཛིན་དང་། བོད་རིགས་ནང་ཁུལ་གྱི་མི་རིགས་ཆེན་པོའི་ལྟ་བ་གཏོར་ཏེ་ཐོལ་ཚུལ་གསུངས་ཡོད་པ་ལྟར་བྲིས་ཚེ་དགེ་མཚན་ཆེའོ།།
ས་གནས་གང་། དུས་ཚོད་ནམ་ཞིག་ལ་འགོས་པདྨ་རྒྱལ་མཚན་མཆོག་གིས་དམུ་དགེ་ཚང་ལ་དགོངས་དག་ཞུས་པ་རེད་དམ།
འཐོབ་ཚུལ
ཨ་མདོའི་ཡུལ་གྱི་ཁ་སྐད་དང་བསྟུན་ནས་བརྡ་སྦྱོར་ཞིག་བྲིས་པ་ཡིན་ན་བོད་སྤྱི་ལ་དགེ་སྐྱོན་གང་ཡོད་ཚང་མར་གསལ་ངེས་རེད། དེ་མིན་ཨ་མདོ་གཅིག་པོའི་ཡུལ་ལ་མཚོན་ན་ཡུལ་སྐད་དང་བརྡ་སྦྱོར་མཐུན་པས་མ་འགྲིག་པ་ཅི་ཡོད།
མཆན་ ༡༡ འབྲི་མཁན། དོན་ལྡན་ཟེར་བ་ལགས། ཉིད་ཀྱིས་༼ འགྲེལ་པ་དང་། འགྲེལ་བ། ལྟ་བུར། སྔ་མ་ནི་གཞུང་དང་ཚིག་གང་ཞིག་གི་དོན་གསལ་པར་བཤད་པའིདཔེ་ཆ་ལྟ་བུ་ཞིག་ལ་གོ་བ་དང་། ཕྱི་མ་ནི་གཞུང་དང་ཚིག་གང་ཞིག་གསལ་བར་བཤད་པའི་་བྱ་བར་སོང་བ་ལྟ་བུ། ༽ ཞེས་བྲིས་འདུག སོང་ཙང་། བཀའ་འདྲི་ཞུ་རྒྱུར། འགྲེལ་པ་དང་འགྲེལ་བའི་གོ་དོན་མ་འདྲ་བར་སྟོན་པའི་བརྡ་སྤྲོད་ཀྱི་ཕྱི་མོའི་ཁུངས་ཤིག་ཡོད་པ་རེད་དམ། གལ་སྲིད་ཡོད་ན་ཁུངས་ཏེ་སྟོན་གནང་རོགས། ཡིད་ཚོད་ཙམ་ཡིན་ན་ལན་ཅི་ཡང་མེད་ཀྱང་ཆོག
འགོས་པད་མའི་བཟོད་གསོལ་དང་སྐད་བསྐུར་དེ་ཚོ་ཡིག་ཐོག་ལ་གནང་བ་དེ་འདྲ་ཨེ་ཡོད། ཁ་ནས་བཤད་ཙམ་ཡིན་ན་གཞན་གྱིས་ཁས་ལེན་དཀའ། སྤྱིར་རྣམ་དབྱེ་དང་ཚིག་ཕྲད་བྱ་བྱེད་ལས་སོགས་གྱི་འཇུག་ཚུལ་སོགས་མཁས་པ་སུ་དང་སུའི་དགོངས་པ་ཡིན་མིན་དེ་གཙོ་བོ་མ་རེད། ཚིག་གི་ངོ་གདོང་རང་ནས་གཞན་ལ་བརྡ་སྤྲོད་ལུགས་དང་བརྡ་ཅི་ཞིག་འཕྲོད་མིན་ལ་ལྟ་དགོས། འདི་རྣམ་དབྱེ་ག་གེ་མོ་རེད་སི་ཏུའི་དགོངས་པ་རེད་ལྟ་བུས་ཅི་ཡང་མི་ཕན། བརྡ་སྤྲོད་ནི་ཆོས་འཇིག་རྟེན་གཉིས་གར་མེད་དུ་མི་རུང་བའི་རིག་པའི་རྣམ་གྲངས་ཤིག་ཡིན་པས་འགའ་ཞིག་གིས་མཐའ་གཅིག་ཏུ་ཆོས་སྐད་ཁོ་ནར་ཁོངས་གཏུགས་པ་དེའང་ཧ་ཅང་གུ་དོག་གི་བསམ་བློ་རེད་སྙམ།
མདོ་སྨད་པ་རྣམས་ཀྱིས་བ་འདི་མང་དུ་བཀོལ་གྱི་འདུག དཔེར་ན་སྟོང་བ། གསར་བ། ལྟ་བུ།
དབུས་པ་རྣམས་ཀྱིས་པ་འདི་མང་དུ་བཀོལ་གྱི་འདུག དཔེར་ན་སྟོང་པ། གསར་པ་ལྟ་བུ།
ཡིན་ཡང་། མདོ་སྨད་པ་དང་དབུས་པ་གཉིས་ཀྱིས་གདམས་ང་ཅན་དུ་བཀོལ་བཞིན་པ་ནི་རྩོམ་པ་པོ་དང་རྩོམ་པ་བོ། རྒྱལ་པོ་དང་རྒྱལ་བོ་ལྟ་བུ་འདི་དག་རེད། ཕལ་ཆེར་འདི་བརྗོད་བདེ་ཙམ་དུ་འབྲི་བཞིན་པ་འདྲ། དེང་གི་མདོ་སྨད་པས་བརྩམས་པའི་དཔེ་དེབ་གསར་བ་མང་ཆེ་བར་རྩོམ་པ་པོ་ཞེས་བྲིས་པ་འདུག་ཅིང་། དབུས་པའི་མཁས་པ་དང་ན་གཞོན་རྩོམ་མཁན་དག་གི་རྩོམ་ཡིག་ཏུ་རྩོམ་པ་བོ་ཞེས་ཀྱང་ཐོན་བཞིིན་ཡོད། འདི་ལ་ཁག་ཅིག་གིས་འུ་ཚུགས་འདྲ་ཞིག་རྒྱབ་ན་ཆོད་ཞེ་དྲག་ཡོད་མེད་ཧ་གོ་མ་སོང་། བརྗོད་བདེ་བྱས་ན་མ་འགྲིག་པ་འུ་ཡོད། གཞུང་ཡིག་ལྟ་བུར་མཚོན་ན་འབྲི་མཁན་ཡུལ་ལུང་གང་གི་ཡིན་པའི་ཁ་སྐད་དབང་བཙན་པར་བྱས་ནས་བྲིས་ཡོད་པ་ལས་གཏན་འཁེལ་བའི་འབྲི་སྲོལ་ཞིག་མ་མཐོང་།
མཁས་པར་གྲགས་པ་ཁང་དཀར་སྐལ་བཟང་ཞུ་བས་བ་པ་གཉིས་ཀྱི་ཐད་དེབ་དཀར་གསར་མ་ཞེས་པའི་དབུར་བོད་ཀྱི་ནང་པའི་བསྟན་བཅོས་ཁག་གི་མཚོན་པའི་ཡི་གེའི་ཕྱི་མོ་གཏན་ལ་འབེབས་དུས་དབུས་པའི་སྐད་འགྲོས་གཞི་ལ་བཞག་ཡོད་པས་པ་བའི་འབྲི་སྲོལ་ནི་དབུས་པ་རང་ལ་བསྟུན་དགོས་ཤིང་། དབུས་སྐད་ལ་བྱང་མ་ཆུབ་པའི་མི་ཞིག་གིས་བོད་ཡིག་མི་ཤེས་ཅེས་སོགས་ལབ་ལོབ་བྱས་ཏེ་ཡི་གེར་ཕབ་ཡོད་པ་ནི་དགོད་བྲོ་བའི་གནས་ལས་མེད་ཀྱང་། སུ་ཞིག་གི་ཡིད་ལ་འདི་ལྟ་བུའི་འཁྲུལ་བློ་ཤར་སྲིད་ཚེ་དེའི་སྐད་བརྡ་རིག་པའི་སྤྱི་འགྲོས་ཀྱི་གནད་དོན་ལ་བསམ་ཞིབ་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་དུ་མཐོང་། དེ་མིན་ཁམས་ཀྱི་སྟོད་སྨད་གཉིས་ལས་བྱོན་པའི་སྔོན་བྱོན་མཁས་པ་བགྲངས་ལས་འདས་པ་ཞིག་གིས་བརྩམས་པའི་བསྟན་བཅོས་མང་དག་ཅིག་ཀྱང་བོད་ཀྱི་སྐད་བརྡའི་འགྲོས་སུ་མེད་པར་མཁས་ལེན་དགོས་ཤིང་། དེའི་རྗེས་སུ་མི་ལ་རས་པའི་རྣམ་ཐར་དིང་རི་བའི་སྐད་འགྲོས་སུ་བརྩམས་པ་ལྟ་བུ་དག་ཀྱང་བོད་ཀྱི་སྐད་བརྡའི་འགྲོས་སུ་མེད། འདི་ལྟར་དེད་དེད་པའི་རྗེས་སུ་བཀའ་བསྟན་དག་ཀྱང་བོད་ཀྱི་སྐད་བརྡའི་གྲོས་སུ་མེད་པར་རྣམ་ཐར་དུ་ཀཱི་ལའི་གོས་བཟང་ལྟ་བུ་དབུས་པའི་ཕལ་སྐད་ལ་གཞོལ་ཆེ་བ་དག་ལས་གཞན་དག་སེར་སྣ་མེད་པར་བློ་གཏོང་བྱེད་དགོས་འཁེལ་བའི་དུས་ཤིག་ཤར་རྒྱུ་མ་རེད་དམ།་
ཕྲད་གཞན་དབང་ཅན་མང་དྲགས་པ་དང་། མདོ་དབུས་ཁམས་གསུམ་ལ། སྤྱི་མོས་ཀྱི་་ཁ་སྐད་བྲིས་མ་གཅིག་འགྱུར་ཅིག་མེད་པས་རྐྱེན་གྱིས། བོད་ཀྱི་སྐད་ཡིག་འདི་བཞིན་མགྱོགས་པོ་ཉམས་མི་སྲིད་པ་མ་རེད།
སྤྱི་ལོ་ ༡༡༨༢ ནས་༡༢༥༡བར་བཞུགས་པ་ཇི་སྐད་དུ་ཆོས་རྗེ་ས་པཎ་གྱིས། ཆོས་ཀྱི་སྐད་དང་མཐུན་པ་་ཡིས།
རང་ཡུལ་སྐད་ངན་སྤང་བར་བྱ། ཞེས་དང་།
སྤྱི་ལོ་ ༡༩༠༣་ནས་༡༩༥༡་བར་བཞུགས་པ། ཨ་མདོ་པ་མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གིས།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་བླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྱུར་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། དེབ་ཐེར་དཀར་པོ། དབུས་སྤར་ཤོག་གྲངས་༣༢མདུན་ཤོག་ནས་རྒྱབ་ཤོག་བར་དང་། གསུང་འབུམ་དེབ་གཟུགས་མ་ཤོག་གྲངས་༢༧༡་ནས་༢༧༢།
རྔ་རྒོད་ལེགས
གོང་གསལ་གསལ་བརྡ་དག་ལན་དུ་ཁ་བརྡ་རུ་བཀོད་པ་ལགས་ཀྱང་། རྒྱ་མཚོའི་ནང་དུ། རྡོ་ཧྲུག་འཕངས་པ་ལྟར་དུ་མཐོང་ཡང་། རྣམ་དཔྱོད་ལྡན་པ་རྣམས་ལ་ཕན་པར་ཐེ་ཚོམ་མེད་ཅིང་། རང་རེའི་ཕལ་སྐད་གཙོ་བོར་འཛིན་པ་པོ་རྣམས་ལ་དམིགས་བསལ་གྱིས་གསུངས་པ་ཞིག་ཏུ་འདུག་པས། སླར་ཡང་ཡི་གེ་འཕྲེང་བ་འདི་ཀུན་གློག་ཀླད་དུ་འཇུག་པར་ཡུན་རིང་ཐོགས།
ས་པཎ་གྱི་ལེགས་བཤད་དུ།
་
ཕན་པར་སྨྲ་བ་དཀོན་པ་སྟེ།
དེ་དག་པས་ཀྱང་ཉན་པ་དཀོན།
སྨན་པ་མཁས་པ་རྙེད་དཀའ་སྟེ།
དེ་ཡི་ཚིག་བཞིན་བྱེད་པ་ཉུང་།། ༢༥ །། ལེའུ་༥པ།
་
འདི་དག་གིས་གསུངས་པའི་རྗེས་སུ་འབྲངས་ཏེ། ལ་དྭགས་ཀྱི་བུ་མོ་མཛེས་མ། ཞེས་དང་། ཆོས་གཞུང་རྙིང་པ། ཞེས་འབྲི་བ་ལ་འཐད་ལྡན་གྱི་གནོད་པ་འགའ་ཡོད་ན། དགོངས་དག་ཞུ་བ་ལ་བློ་ཕམ་དགོས་པ་མེད།
གུང་ཐང་བསླབ་བྱ་དེ་ཡང་ཨ་མདོའི་ཁ་སྐད་དང་ཡིག་སྐད་གཉིས་ཀར་ཡིན་པར་དུང་དཀར་ཚང་གིས་གསུངས་ཡོད་དོ།
དེ་བཞིན་དུང་དཀར་ཚང་གིས་རྗེ་བཙུན་མི་ལའི་རྣམ་ཐར་མཐར་མངའ་རིས་པའི་སྐད་དུ་བརྩམས་ཞེས་བྲིས་པ་ཞིག་ཀྱང་དྲན། དབུས་ཀྱི་ཕལ་སྐད་དུ་སྲིང་མོ་དང་། མིང་པོ་ཞེས་པ་མེད་པ་ལྟུ་བུ་ཞིག་སྟེ། མདོ་སྟོད་མདོ་སྨད་དུ་ཇི་ལྟར་ཡོད་མི་ཤེས། འོན་ཀྱང་མིད་ལའི་རྣམ་ཐར་ན་དེ་དག་མང་དུ་བཀོལ། ད་འཕྱན་དུ་འགྲོའོ། ལ་དྭགས་ཁ་སྐད་དུ་དགོངས་པ་སྩོལ། ཅེས་ཟེར་རོ།
གཞན་སྐུ་ཉིད་ཀྱིས་རིན་པོ་ཆེས་བརྩམས་ཞེས་པའི་ཆེས་ཟེར་བ་གོ་བ་ལེན་ཤེས་དགོས་སོ།།
དགེན་པདྨ་རྒྱལ་མཚན་མཆོག་གིས་༢༠༠༡ ལོར་གུས་པ་ཆེད་དུ་ཁོང་གི་གཟིམ་ཤག་ཏུ་སྐད་གཏོང་དོན་ལ་ཁོང་གིས” ངས་སྔོན་མ་དམུ་དགེ་བསམ་གཏན་ཚང་གི་བདག་སྒྲའི་སྐོར་ལ་དགག་པ་བརྒྱབ་པ་དེ་ནོར་འདུག་པས་འདིར་དམ་པ་ཁོང་ལ་བཟོད་གསོལ་དང་དེའི་རྗེས་འབྲང་མཁན་ཚོར་ངས་ནམ་ཡང་འདིའི་སྐོར་སྔར་བཞིན་དུ་མི་དགག་སྟེ། དེ་ནི་སུམ་རྟགས་ཀྱི་དགོངས་པ་དང་མཐུན་གྱིན་འདུག་”ཅེས་གསུངས་སོ།
བརྗོད་འདོད་གཙོ་བོ་འདི་ཡིན་པ་འདྲ།
སྲིན་པོ་རྫ་རྒན་གྱིས་ངའི་བརྗོད་སྙིང་ངོ་མ་དེ་རྟོགས་འདུག གཞན་དམུ་དགེ་ཚང་གིས་ལ་དྭགས་སྐད་ལ་ཟུར་ཟ་ཞིག་གཏན་ནས་བྱས་མེད་པར་མ་ཟད་ད་དུང་དཔེར་ན་ལ་དྭགས་ཟང་དཀར་དང་ཨ་མདོ་ཟུང་ཆུའི་སྐད་གཉིས་ཧ་ཅང་མཐུན་པར་བཤད་ཡོད། གཞན་ལྷ་ཕ་སྐད་དེ་ལ་ཐོག་མར་བོད་རང་གི་སྒྲ་གདངས་གཙང་མ་ཞིག་ཡོད་པ་བདེན་པ་རེད། འོན་ཀྱང་རིམ་གྱིས་རྒྱ་སྐད་ཀྱི་གདངས་དང་བསྟུན་ཏེ་དེང་སང་གི་ལྷ་སའི་བོད་སྐད་འདི་དང་རྒྱ་སྐད་གཉིས་ཀྱི་གདངས་འདྲ་བོ་འདྲ་བོ་ཡོད།དེ་ནི་སྒྲ་གདངས་བརྟག་བྱེད་ཀྱི་འཕྲུལ་ཆས་ཀྱིས་ཤེས་ཀྱིན་ཡོད་ལ་སྒྲ་ལ་ཆེད་མཁས་པས་ཀྱང་དེ་དེ་བཞིན་དུ་རྗོད་ཀྱིན་ཡོད་དོ།།
ད་བོད་པ་མ་རེད། ཝོད་བ་ཞེས་ལབ་དགོས་རེད། ཟེར་ཡ་དུས་ཚོད་སླེབས་གྲབ་འདུག
ཐོག་མར་ལྷ་སའི་ཕ་སྐད་དེ་ལ་བོད་རང་གི་སྒྲ་གདངས་གཙང་མ་ཞིག་ཡོད་པར་ངོས་ལེན་ཡོད། འོན་ཀྱང་རིམ་གྱིས་རྒྱ་སྐད་ཀྱི་གདངས་དང་འགྲོས་སོགས་ལ་ལྷ་སའི་སྐད་བསྟུན་ཏེ་དེང་སང་གི་ལྷ་སའི་བོད་སྐད་འདི་དང་རྒྱ་སྐད་གཉིས་ཀྱི་གདངས་དེ་འདྲ་བོ་ཡོད། རྒྱུ་མཚན་དེ་ནི་སྒྲ་གདངས་བརྟག་བྱེད་ཀྱི་འཕྲུལ་ཆས་ཀྱིས་ཤེས་ཀྱིན་ཡོད་ལ་སྒྲ་ལ་ཆེད་མཁས་པས་ཀྱང་དེ་དེ་བཞིན་དུ་རྗོད་ཀྱིན་ཡོད་དོ།།
གཞན་གོང་དུ་ངས་ཡི་གེ་འབྲི་དུས་སུ་ངས་ལས་ཀ་བྱེད་ཀྱིན་ཡོད་པས་མཆན་དེ་ལ་དོན་ནོར་དང་ཡིག་ནོར་གཉིས་ཀ་ཤོར་སོང་བས་དགོངས་དག་ཞུ ངས་འདིར་བརྗོད་བྱ་འདི་དང་འབྲེལ་ནས་འོག་ཏུ་ངས་མཆན་བྲི་འདོད་གཏན་ནས་མེད་དོ།།
ངས་ལྟས་ན་བ་དང་པ་གཉིས་ཀྱི་གཅིག་རྩ་བ་ནས་མེད་པར་གཏོང་ཐུབ་པ་ཡིན་ན་ཡག་ས་རེད། པ་བ་གཉིས་ཀྱི་གཅིག་ལ་བེད་སྤྱོད་མེད་ཁོ་ཐག་རེད། གང་མི་བཟང་ན། གང་གིས་གནོད་ན་དེ་དོར་ན་མ་རེད་པས། པ་དང་བ་གཉིས་ཀ་བེད་སྤྱོད་གཏོང་ན་ལྡོག་རྩ་གཅིག་སྒྲིལ་ལ་གནོད་གི་ཡོད་པ་འདྲ། མེར་བསྲེག་ན། ཆུར་གཡུག་ན། རླུང་ལ་བསྐུར་ན། དུས་ལ་རན་འདུག རེམ་ལ་ཐོངས།
པ་དང་བ་གཉིས་ཀྱི་སྐོར་ལ་རྩོད་པ་ཡོད་པ་ནི། རྗེས་འཇུག ང་ འ་ ར་ ལ་ དབྱངས་ཡིག་གི་མཐའ་ཅན་ཡིན་པའི་བྱ་ཚིག་གང་ཡིན་པ་དེ་དག་ལ་བ་ཡིག་ཐོབ་པར་ངེས། དེ་བཞིན་དུ་མིང་ཚིག་གང་ཡིན་ལ་ཡང་དེ་ལྟར་ཐོབ་པར་འདོད་པ་ལས་འབྱུང་། རྗེས་འཇུག་དེ་དག་གི་དབང་གིས་བྱ་ཚིག་ལ་བ་ཡིག་ཐོབ་པ་ཐག་བཅད་པ་ལྟར་མིང་ཚིག་དང་ཁྱད་པར་གྱི་ཚིག་དག་ལ་ཡང་དེ་ལྟར་འདོད་པ་ནི། བོད་སྐད་ལ་གནོད། དཔེར་ན། རྗེས་འཇུག་ང་ལ་མཚོན་ན། རྐང་པ། ཁང་པ། སྟོང་པ། སྣང་བ། འབྱུང་བ། དགའ་བ། ཆར་པ། འཁོར་བ། དལ་བ། འབུལ་བ། སོགས་སོ། འབྱུང་བ་སོགས་མིང་ཚིག་དང་བྱ་ཚིག་གཉིས་ཀར་བཀོལ་བ་ཡང་ཤེས་དགོས་སོ། འདི་དག་ཀྱང་ཆོས་སྐད་ན་ཡོད་པ་ལྟར་ཡིན་གྱིས་ཕལ་སྐད་ལུང་པ་སོ་སོའི་དབང་གིས་མི་འདྲ་བ་སྣ་ཚོགས་སོ། ཡིག་ནོར་དག་ལ་ཞུས་དག་མཛད་ཐུབ་ན་བདག་ལ་མ་ཟད་ཀློག་པ་པོ་གཞན་ལ་ཡང་ཕན་ནོ།
མདོ་སྨད་པ་ཚོས་བདག་སྒྲ་འཕར་མ་ཞིག་བྲིས་སྲོལ་འདུག དཔེར་ན། ནང་པ་ལ། ནང་པ་བ། ཕྱི་པ་ལ། ཕྱི་པ་བ། དབུས་པ་ལ། དབུས་པ་བ། གཙང་པ་ལ་གཙང་པ་བ། ཁམས་པ་ལ་ཁམས་པ་བ། དེ་འདྲ་བྲིས་ནོར་མང་པོ་མཐོང་བྱུང་། གང་ལྟར་པ་་དེ་བདག་སྒྲ་མིན་པའི་ཟོལ་འདྲ་འདུག
ལོ་གཉིས་ཙམ་སྔོན་དུ་མཁས་པ་མདོ་སྨད་པ་སྨོན་ལམ་མཆོག་ལ་སྤྲིངས་པ། གོང་གི་རྒྱབ་སྐྱོར་དུ་སླར་འདིར་བཀོད་པ་ལ་རྩོམ་ཡིག་རིང་ཡང་། གནད་ཆེ་བས་སྐྱོན་མེད་དོ་བསམས།
་
༄༅། །བོད་ཀྱི་མཁས་པའི་སྐད་ལ་སྦྱངས་པ་དམན་པས། མ་བརྟགས་པར་བོད་ཚིག་རྣམས་ལ་རིགས་འགྲེ་གཏོང་བའམ། ལུང་པ་སོ་སོའི་ཁ་སྐད་ཤོར་ཏེ། འགའ་ཞིག་གིས་བོད་སྤྱིའི་སྐད་ལ་གནོད་པའི་སྒྲ་སྦྱོར་མང་དུ་བྱེད་པ་མཐོང་། སྔོན་གྱི་སྒྲ་སྒྱུར་མཁས་པ་རྣམས་ཀྱིས་སྒྲའི་རྗོད་སྟངས་ཉམས་ཆག་མེད་པ་རྗོད་ཐུབ་པས་ཡི་གེ་དག་ཆ་ཡང་སྐྱོན་མེད་པ་བྱུང་། དེ་ཡང་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པའི་མིང་ཚིག་རྣམས་བཀའ་འགྱུར་དང་། བསྟན་འགྱུར། མཁས་པའི་གསུང་འབུམ་རྣམས་ན་ཡོད་ཀྱང་། དིང་སང་ལྟ་ཅི་སྔོན་ནས་ཀྱང་དེ་རྣམས་ལ་འགྱུར་བ་ཐེབས་ཏེ། ཁ་སྐད་བཀོལ་མཁན་མང་དུ་བྱུང་། དེ་དག་དགག་པའི་ཕྱིར་དུ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་ཡི་གེ་སྦྱོར་བ་ན།
་
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ཡུལ་[ལུང་]སྐད་ངན་སྤང་བར་བྱ།།
་
ཞེས་གསུང་དགོས་པ་བྱུང་། བཀའ་བསྟན་གསུང་འབུམ་རྣམས་ཀྱི་དཔེ་ཆ་འགའ་བཀླགས་ཏེ། མིང་གང་དང་གང་གི་རྗེས་སུ་ པ་ཡིག་གམ། ཡང་ན། བ་ཡིག་ཐོབ་པ་ངེས་པ་ལ་མིང་ཚིག་རེ་རེ་བཞིན་སྦྱང་དགོས། དེ་ལྟར་མ་ཡིན་པར་ལུང་པ་སོ་སོའི་ཁ་སྐད་གཙོ་བོར་བཟུང་སྟེ། པ་ཡིག་ཐོབ་སར་བ་ཡིག་འབྲི་བ་ནི་བཀའ་བསྟན་གསུང་འབུམ་གྱི་དག་ཆ་ལ་གནོད་པའི་ཡིག་ཚོགས་སྤེལ་བའི་རྒྱུ་རུ་མཐོང་། དེ་ཡང་། བྱ་ཚིག་གི་རྗེས་འཇུག ང་ འ་ ར་ ལ་ བཞི་པོའི་མཐའ་ཅན་གང་ཡིན་དང་། དབྱངས་ཡིག་མཐའ་ཅན་རྣམས་ཕལ་ཆེར་གྱི་མཐའ་ལ་བ་ཡིག་ཐོབ་པར་ངེས་ཏེ། དཔེར་ན། འཆང་བ། འཐུང་བ། འོང་བ། དགའ་བ། འཆའ་བ། འདའ་བ། འགྱུར་བ། དར་བ། འབར་བ། འཁོལ་བ། སྣོལ་བ། སྩོལ་བ། ཞེས་ལྟ་བུ་དང་། དབྱངས་མཐའ་ཅན་ལྔའི་དཔེར་བརྗོད་ནི། ཞ་བ། རྒ་བ། རྒྱ་བ། འཆི་བ། འདྲི་བ། འབྲི་བ། ཞི་བ། ངུ་བ། འདུ་བ། ཞུ་བ། འགྲེ་བ། ཐེ་བ། འཚེ་བ། ངུ་བ། འདུ་བ། ཞུ་བ། གོ་བ། འཇོ་བ། འཚོ་བ། ཞེས་པ་རྣམས་ཀྱི་བ་ཡིག་དེ་བྱ་ཚིག་དེ་དག་གི་ད་ལྟ་བ་སྟོན་བྱེད་དུ་འཇུག་ཅིང་། བྱ་ཚིག་དེ་རྣམས་མིང་ཚིག་ལ་ཡང་འཇུག་པར་མཐོང་། དཔེར་ན། གཞན་ལ་འཚེ་བ་སྡིག་པ་དང་། གཞན་ལ་ཕན་པ་ཆོས་ཡིན་ནོ། ཞེས་པ་ལྟ་བུའོ།
བོད་ཀྱི་མཐའ་མཚམས་ཀྱི་ལུང་པ་རྣམས་སུ། གནའ་བོའི་སྐད་ཀྱི་ཚིག་མང་པོ་ལུས་ཡོད་པ་ན་བདག་སྒྲ་པ་ཡིག་ལ་འགྱུར་བ་མེད་པས། བདག་སྒྲ་ལ་པ་ཡིག་ཁོ་ན་བཀོལ། དེ་བཞིན་བཀའ་བསྟན་གསུང་འབུམ་རྣམས་ཀྱི་སྐད་དང་བསྟུན་ཏེ། སི་ཏུ་པཎ་ཆེན་གྱིས་པ་ཡིག་ཁོ་ན་བདག་སྒྲར་ངོས་འཛིན་པ་ལ་བསྟོད་འོས་པ་ལགས་སོ།
དེས་ན། ང་ འ་ ར་ ལ་ དབྱངས་ཡིག་མཐའ་ཅན་རྣམས་ཀྱི་མིང་ཚིག་དང་། ཁྱད་ཆོས་མིང་ཚིག་དག་ལ་ རྗེས་འཇུག་དང་བསྟུན་ཏེ། རིགས་འགྲེ་མ་བྱེད་པར་མིང་ཚིག་རེ་རེ་བཞིན་བཀའ་བསྟན་གསུང་འབུམ་རྣམས་ཀྱི་དཔེ་ཆ་ན་གསལ་བ་ལྟར་སྦྱང་དགོས་ཏེ། དཔེར་ན། རྐང་པ། ཁང་པ། གང་བ། གང་པོ། འཆང་བ། སྙིང་པོ། རྙིང་པ། ཉུང་བ། སྟོང་པ། བཏུང་བ། ཐུང་བ། ལྡང་བ། དཔུང་པ། ཕུང་པོ། འབྱུང་བ། འབྱུང་པོ། བྱང་བ། བྱང་པོ། དམར་པོ། གཙང་བ། ཚང་བ། ཞིང་པ། འོང་བ། གཟུང་བ། བཟུང་བ། རུང་བ། སྲུང་བ། དགའ་བ། དགའ་བོ། འཆའ་བ། འདའ་བ། དམའ་བ། མཛའ་བ། གཡའ་བ། བཤའ་བ། བསྐོར་བ། འཁོར་བ། ཆར་པ། གཉེར་པ། གཉེར་བ། དར་བ། འཕཪ་བ། ཞར་བ། གཡར་བ། གསར་པ། གསལ་བ། གསལ་པོ། རྐྱལ་པ། རྒྱལ་བ། རྒྱལ་པོ། འགྲེལ་པ། འཆལ་པ། ཐལ་བ། འབྲེལ་བ། འབྲེལ་པ། འབུལ་བ། ཕུལ་བ། འཚལ་བ། གཞལ་བ། རལ་པ། རོང་པ། རྒྱ་གར་པ། སྡེ་པ། ཕུ་པ། ཡུལ་པ། ཞེས་སོགས་སོ།
་
བོད་དང་བོད་དང་འབྲེལ་པའི་བོད་སྐད་སྨྲ་བ་རྣམས་ས་རྒྱ་ཆེ་བ་དཔག་ཚད་སྟོང་ཕྲག་གི་རྒྱང་དུ་གནས། དེ་རྣམས་འཛོམས་པ་ན། གཅིག་གི་ཁ་སྐད་གཅིག་ཤོས་ཀྱིས་མི་གོ་ཡང་། གཅིག་དང་གཅིག་ཤོས་ཀྱི་བསམ་པ་ངོ་སྤྲོད་པ་ལ་བཀའ་བསྟན་གསུང་འབུམ་རྣམས་ཀྱི་ཆོས་སྐད་དེ་ཉིད་མེད་དུ་མི་རུང་བ་ནི། འཇིག་རྟེན་གནས་ལུགས་ཟབ་པར་ཐུགས་ལ་ཆུད་ཅིང་། བོད་རིགས་ལ་བརྩེ་བ་ཆེན་པོ་ཡོད་པ། མདོ་སྨད་པ་མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་མཆོག་གིས་འདི་ལྟར་གསུངས་ཏེ།
དེས་ན་ད་དུང་ཡང་རང་རེ་རྣམས་ཇི་སྲིད་བསྟན་བཅོས་ཀྱི་ཐ་སྙད་དང་ཆོས་སྐད་ལ་ཆ་འཇོག་བྱེད་པ་དེ་སྲིད་དུ་བོད་ཡུལ་ཡོངས་རྫོགས་ཀྱི་སྐད་རིགས་ཀྱང་གཅིག་ཏུ་གནས་པ་ཡིན་ཞིང་། དཔེར་ན་ཆོས་སྐད་དུ་བྲིས་པའི་གླེགས་བམ་ཞིག་མངའ་རིས་ནས་ཨ་མདོའི་བར་དུ་འཁྱེར་ཡང་། ཐམས་ཅད་ཀྱིས་ལྷོགས་ཤིང་གོ་ཐུབ་པ་ཡིན། དེ་མིན་དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེགས་བམ་སྡེབས་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འགྲོ་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས།
དེབ་ཐེར་དཀར་པོ། བོད་ཤིང་སྤར་ཤོག་ ༣༡ མདུན་ཤོག་ནས་རྒྱབ་ཤོག་བར་དང་། བོད་ལྗོངས་དཔེ་སྐྲུན་ཁང་ནས། ༡༩༩༠ ལོར་སྤར་པ། དེབ་གཟུགས་གསུམ་པ། ཤོག་གྲངས་ ༢༧༢ ཅིས་ཀྱང་གཟིགས་ཏེ་ཉམས་སུ་ལེན་དགོས།
་
གོང་དུ་བྲིས་པའི་མིང་ཚིག་རྣམས་ཀྱི་རྒྱབ་རྟེན་དུ་བཀའ་བསྟན་གསུང་འབུམ་འགའ་ནས་བཏུས་པའི་མིང་ཚིག་འགའ་ཞིག་ནི།
་
མདོ་རྒྱ་ཆེར་རོལ་པ། ལ་དྭགས་སྟོག་སྤར་མ་ལས་བཏུས་པ་ནི། རྐང་པ། གང་བ། ངང་པ། གཏོང་བ། སྟོང་པ། འདོང་བ། མཐོང་བ། བྱང་བ། དབང་བ། དབང་པོ། འབྱུང་བ། མང་བ། མང་པོ། བཟང་པོ། སྣང་བ། སྤོང་བ། དམའ་བ། དཀར་བ། དཀར་པོ། བསྐོར་བ། བསྐུར་བ། འགྱུར་བ། གྱུར་པ། གྲོལ་བ། ངུར་པ། ཐར་པ། ཚོར་བ། བསྐལ་པ། རྒྱལ་པོ། འཆལ་པ། ཕལ་པ། འབུལ་བ། བྲལ་བ། རོལ་པ། གསལ་བ། གསོལ་པ། སྩལ་པ། གསོལ་བ། དམའ་བ། མཐོ་བ། ཐ་མལ་པ། ལྟ་བ། འཚང་རྒྱ་བ། བཞི་པ། ལྔ་པ། འཚོ་བ་པ། མ་འདྲེས་པ། རྫོགས་པ། བརྩེགས་པ། ཞེས་སོགས་སོ།
་
མདོ་མཛངས་བླུན་དྷ་ས་སྤར་མ་ལས་བཏུས་པ་ནི།
རྐང་པ། གླང་པོ་ཆེ། གཏུང་བ། སྟོང་པ། དང་པོ། སྤྲང་པོ། དབང་པོ། མང་པོ། མཐོང་བ། ཚོང་པ། བཟང་བ། འབྱོར་པ། མྱུར་བ། ཐར་པ། གྱུར་པ། དབུལ་པོ། བཀའ་སྩལ་པ། འགྱེལ་བ། རྣམ་པར་གྲོལ་བ། གསལ་བ། གསོལ་པ། རྐུ་བ། ར་རོ་བ། འདས་པ། སྨྲས་པ། ཚངས་པ། ཞེས་སོགས་སོ།
་
སློབ་དཔོན་དབྱིག་གཉེན། སྤྱི་ལོ་བརྒྱ་རབས་བཞི་པ་ན་བྱོན།
ཆོས་མངོན་པ་མཛོད་རྩ་བ་དང་རང་འགྲེལ། ཝཱ་ཎ་དགེ་ལུགས་པས་སྤར་པ་ལས་བཏུས་པ་ནི། གླིང་པ། ལྔ་པོ། དང་པོ། ཕུང་པོ། ཕྱུང་བ། བྱུང་བ། རིང་པོ། འབྲེལ་པ། རྟེན་ཅིང་འབྲེལ་པར་འབྱུང་བ། དབང་པོ། ཁ་བསྐང་བ། འབྱུང་བ། ཚང་བ། གྱུར་པ། སྒྱུར་བ། བསྐལ་པ། སྐལ་བ། སྤྲུལ་པ། སིལ་བུ། རྒྱལ་པོ། བཞི་པ། ང་བརྒྱ་པ། མེད་པ་པ། སྐྱེས་བུ་པ། ཞི་བ། གཙོ་བོ། ཉོན་མོངས་པ། གཏུགས་པ། གནས་པ། ཞེས་སོགས་སོ།
་
དཔལ་ལྡན་ཟླ་བ་གྲགས་པ། སྤྱི་ལོ་བརྒྱ་རབས་དྲུག་པར་བྱོན།
དེས་མཛད་པའིས་དབུ་མ་ཚིགས་གསལ་ལས་བཏུས་པ་ནི། རྐང་པ། སྟོང་པ། དང་པོ། སྣང་བ། འོང་བ། དབང་པོ། བྱང་བ། གཙང་བ། རུང་བ། སོང་བ། འབྲེལ་པ། རྟེན་ཅིང་འབྲེལ་པར་འབྱུང་བ། བྱུང་བ། མང་བ། འཁོར་བ། གྱུར་པ། འགལ་བ། འགྱུར་བ། ཐར་པ། ཚོར་བ། གློ་བུར་བ། གྲོལ་བ། ཐལ་བ། བྲལ་བ། ཕ་རོལ་པོ། ཚོལ་བ། བསལ་བ། འགྲོ་བ་པོ། བལྟོས་པ་པ། དགུ་པ། བརྒྱ་པ། ཀ་བ། ལྔ་པོ། བཀའ་སྩལ་པ། བགོས་པ། ངེས་པ། ཐོགས་པ། ཞེས་སོགས་སོ།
་
སློབ་དཔོན་ཞི་བ་འཚོ། སྤྱི་ལོ་བརྒྱ་རབས་བརྒྱད་པར་བོད་དུ་བྱོན། བོད་ཀྱི་སྐད་ལ་ཆོས་འཛིན་པའི་ནུས་པ་ཡོད་ཅེས་བསྔགས་བརྗོད་མཛད་དེ། རང་ཉིད་ཀྱིས་བོད་སྐད་སྦྱང་།
གང་གིས་མཛད་པའི་བསྟན་བཅོས་དབུ་མ་རྒྱན་ནས་བཏུས་པ་ནི། སྟོང་པ། སྡོང་པོ། མང་པོ། སུན་ཕྱུང་བ། འབྱུང་བ། དཀར་བ། དཀར་པོ། འཁོར་བ། འགྱུར་བ། གྱུར་པ། ཐར་པ། འགྲེལ་པ། འབྲེལ་པ། གསལ་བ། གསོལ་པ། བསིལ་བ། འཁྲུལ་པ། བྲལ་བ། སྨྲ་བ། ཤོལ་བ། སྡེ་པ། བཅུ་པོ། སྐྱེད་པ་པོ། བསྐལ་པ། བརྒྱལ་པ། རྒྱལ་བ་པ། སེར་སྐྱ་པ། ཚོར་བ་པོ། རྟེན་ཅིང་འབྲེལ་པར་འབྱུང་བ། སྒྲ་སྦྱོར་བ། ཉན་པ་པོ། སྐྱེས་པ། བྱིས་པ། ཤེས་པ། ཞེས་སོགས་སོ།
་
རོང་ཟོམ་པཎྜི་ཏ། འཁྲུངས་འདས་ཀྱི་ལོ་མ་ཤེས་ཀྱང་། འདི་ཉིད་ཕྲུ་གུ་ཡིན་པའི་སྐབས་སུ་ཇོ་བོ་རྗེ་ཨ་ཏི་ཤས་སྐུ་པང་དུ་བཞེས་ཏེ། རྒྱ་གར་སྐད་དུ་གླེང་མོལ་མཛད་པ་ལྟར་ན། བརྒྱ་རབས་བཅུ་གཅིག་པའི་དཀྱིལ་ཙམ་ལ་བྱུང་།
གང་ཉིད་ཀྱིས་མཛད་པའི་སྣང་བ་ལྷར་སྒྲུབ་པ་ལས་བཏུས་པ་ནི། གང་བ། ཆུང་བ། སྟོང་པ། དང་པོ། མཐོང་བ། སྣང་བ། དབང་བ། དབང་པོ། བྱང་བ། འབྱུང་བ། བཟང་པོ། དཀར་པོ། བཀུར་བ། བསྐོར་བ། འཁོར་བ། འཁྲུལ་པ། འགྱུར་བ། ཐར་པ། གཤེར་བ། རྒོལ་བ། ཕྱིར་རྒོལ་བ། འཇལ་བ། ཐ་མལ་པ། སོལ་བ། དགའ་བ། འཆི་བ། ཀ་བ། ལྟ་བ། བྱ་བ། ཕྱེ་བ། སྨྲ་བ། འགྲོ་བ། གཙོ་བོ། འཚོ་བ། ཉོན་མོངས་པ། གསུངས་པ། བྱས་པ། བསྡུས་པ། ཞེས་སོགས་སོ།
་
རྗེ་བཙུན་གྲགས་པ་རྒྱལ་མཚན། ༡༡༤༧ ནས་ ༡༢༡༦ བར།
གང་གིས་མཛད་པའི་ཞེན་པ་བཞི་བྲལ་དང་། དེའི་འགྲེལ་པ་དག་ལས་བཏུས་པ་ནི། སྙིང་པོ། སྟོང་པ། དང་པོ། སྣང་བ། སྤང་བ། སྤོང་བ། སྤྲང་པོ། གསུང་བ། སྐུར་བ། འཁྲུལ་པ། འཁོར་བ། ཐར་པ། རྒྱལ་བ། བྲལ་བ། ཚོལ་བ། སེལ་བ། གསོལ་བ། རྩ་བ། དགེ་བ། གཤེ་བ། ས་སྐྱ་པ། ཆོས་པ། ལ་སོགས་པ། མ་ལུས་པ། ཞེས་སོགས་སོ།
་
ས་པཎ་ཀུན་དགའ་རྒྱལ་མཚན། ༡༡༨༢ ནས་ ༡༢༥༡བར།
གང་ཉིད་མཛད་པའི་ལེགས་པར་བཤད་པ་རིན་པོ་གཏེར་ལས་བཏུས་པ་ནི། རྐང་པ། བསྐལ་པ། ཁང་པ། གང་བ། དང་པོ། དྲང་པོ། དབང་པོ། མང་པོ། ཚང་བ། ཚོང་པ། གཙང་བ། ཞིང་པ། བཟང་པོ། བུང་བ། མནར་བ། འབྱོར་པ། སྨྲ་བ། སེར་བ། ཤར་བ། རྒྱལ་པོ། དབུལ་པོ། འབྲལ་བ། འབྲེལ་པ། གསལ་བ། ཁོལ་པོ། མཁས་པ། ལེགས་པ། ཟོས་པ། ཞེས་སོགས་སོ།།
མཆིམས་ནམ་མཁའ་གྲགས། སྤྱི་ལོ་བརྒྱ་རབས་བཅུ་གཉིས་པར་བཅོམ་ལྡན་རིག་རལ་གྱི་དུས་སུ་བྱུང་།
དེ་ཉིད་ཀྱིས་མཛད་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་བཤད་མངོན་པའི་རྒྱན་ལས་བཏུས་པ་ནི། གླང་པོ་ཆེ། གཏོང་བ། དང་པོ། སྣང་བ། འབྱུང་བ། བཟང་པོ། རྟེན་ཅིང་འབྲེལ་པར་འབྱུང་བ། ཐར་པ། ཕུང་པོ། དཀར་པོ། ཚོར་བ། འཁྲུལ་པ། འགྲེལ་པ། ཕལ་པོ་ཆེ། འབྲེལ་པ། རྣལ་འབྱོར་པ། སྡེ་པ། ཉི་ཤུ་པ། སྒྲ་པ། རྟོགས་པ། ཤེས་པ། དམིགས་པ། ཞེས་སོགས་སོ། བསྟན་འདི་སེར་བྱེས་དཔེ་མཛོད་ནས་དེབ་གཟུགས་སུ་བཀོད་པར་བཀའ་དྲིན་ལེགས་གསོལ་དང་། འདི་ཉིད་ཀྱི་བོད་སྤར་རྙིང་དང་། བསྟན་བཅོས་གཞན་དང་ཡང་གོ་བསྡུར་བྱས་ཏེ། པ་བའི་འཇུག་ཚུལ་སྐྱོན་མེད་པ་ཞིག་བསྐྲུན་པའི་རེ་སྨོན་ཞུའོ།
་
ཀརྨ་པ་སྐུ་འཕྲེང་གསུམ་པ་རང་འབྱུང་རྡོ་རྗེ། ༡༢༨༤ ནས་ ༡༣༣༩ བར།
སྐྱེ་རབས་སོ་བཞི་པའི་ཁ་སྐོང་སྐྱེ་རབས་ལས་བཏུས་པ་ནི། གང་བ། རྨད་བྱུང་བ། རིང་པོ། འཆང་བ། བྱུང་བ། ས་སྐྱོང་བ། འཕྲེང་བ། བྱུང་བ། མང་པོ། ཚང་བ། གཡེང་བ། བསྒྱུར་པ། རྣལ་འབྱོར་པ། རྒྱལ་པོ། དུལ་བ། བསྐལ་པ། བསྐུལ་བ། འགྲེལ་པ། སྒྲོལ་བ། བྲལ་བ། རྣམ་རོལ་པ། གསོལ་པ། གསལ་བ། ཉེ་བ། བཀྲ་བ། འགྲོ་བ། སུམ་ཅུ་ལྔ་པ། འདས་པ། གནས་པ། རིངས་པ། ཞེས་སོགས་སོ།
་
བུ་སྟོན་རིན་པོ་ཆེ་རིན་ཆེན་གྲུབ། ༡༢༩༠ ནས་ ༡༣༦༤
ཆོས་འབྱུང་ལས་བཏུས་པ་ནི། གང་པོ། གྱོང་པོ། འཆང་བ། སྙིང་པོ། གསུང་བ། དང་པོ། མཐོང་བ། ལུང་པ། གདིང་བ། ཕུང་པོ། དབང་པོ། རང་བྱུང་བ། འབྱུང་པོ། འབྲང་བ། བླང་བ། མང་བ། མང་པོ། རིང་པོ། བསྲུང་བ། འགྱུར་བ། གྱུར་པ། བསྐོར་བ། དར་བ། སྦྱར་བ། བསྐལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། གྲོལ་བ སྤྲུལ་པ། སེལ་བ། འབྲལ་བ། བྲལ་བ། འཆི་བ། བསྡུ་བ། ཆེ་བ། ཉམས་པ། སེམས་པ། བསགས་པ། ཞེས་སོགས་སོ།
་
རྗེ་ཙོང་ཁ་པ། ༡༣༥༧ ནས་ ༡༤༡༩ བར།
གང་གིས་མཛད་པའི་རྟེན་འབྲེལ་བསྟོད་པ་དང་། ལམ་རིམ་བསྡུས་དོན་དང་། ལམ་གཙོན་རྣམ་གསུམ། བདེ་ཅན་སློན་ལམ་དང་། ཐོག་མཐའ་མ། གསང་འདུས་སྨོན་ལམ་བཅས་ལས་བཏུས་པ་ནི། གང་བ། འཆིང་བ། མཐོང་བ། སྙིང་པོ། སྟོང་པ། འཐུང་བ། སྣང་བ། དཔང་པོ། དབང་པོ། བྱང་བ། ཚང་བ། བཟུང་བ། བསྐོར་བ། འཁོར་བ། གྱུར་པ། འཆར་བ། ཐར་པ། སྐལ་བ། རྩོལ་བ། གསལ་བ། རྒྱལ་བ། རྒྱལ་པོ། སྤྲུལ་པ། འབྲལ་བ། འབྲེལ་པ། སྩལ་པ། འདུ་བ། སྡེ་པ། བསྔགས་པ། འདོམས་པ། སྤྲོས་པ། ཞེས་སོགས་སོ།
་
རྒྱལ་ཚབ་རྗེ། དར་མ་རིན་ཆེན། ༡༣༦༤ ནས་ ༡༤༣༢ བར།
གང་གིས་མཛད་པའི་དབུ་མ་རིན་ཆེན་འཕྲེང་བའི་སྙིང་པོའི་དོན་གསལ་བར་བྱེད་པ་ལས་བཏུས་པ་ནི། འཆང་བ། སྙིང་པོ། འཐུང་བ། དང་བ། ཕུང་པོ། དབང་པོ། བྱུང་བ། འབྱུང་བ། མང་བ། མང་པོ། བཟང་བ། རིང་པོ། དཀའ་བ། འདའ་བ། བཀུར་བ། འཁོར་བ། གྱུར་པ། འགྱུར་བ། འཁྲུལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། དབུལ་བ། བརྒྱན་པ་པོ། སྡེ་པ། གཅེར་བུ་པ། སྐྱེས་པ། སྤངས་པ། གསུངས་པ། ཞེས་སོགས་སོ།
་
མཁས་གྲུབ་རྗེ། དགེ་ལེགས་དཔལ་བཟང་པོ། ༡༣༨༥ ནས་ ༡༤༣༨བར།
གང་གི་གསུང་རྩོམ་རྒྱུད་སྡེའི་སྤྱི་རྣམ་ལས་བཏུས་པ་ནི། རྙིང་པ། སྙིང་པོ། རྐྱང་པ། དང་པོ། གང་བ། ཇོ་ནང་པ། འཕྲེང་བ། མང་པོ། ཚང་བ། འཚང་རྒྱ་བ། བཟང་པོ། སོང་བ། བྱུང་བ། དཀའ་བ། འགྱུར་བ། ཐལ་འགྱུར་པ། བསྐལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། འབྲེལ་པ། ཕྱི་རོལ་པ། དགྱེས་རོལ་པ། ཕལ་པོ་ཆེ། རྩ་བ། ལྔ་པ། ས་བཅུ་པ། བརྒྱད་ཅུ་པ། དྲིས་པ། འདེབས་པ། སྦྱངས་པ། ཞེས་སོགས་སོ།
་
རྒྱལ་བའམ་པཎ་ཆེན་དགེ་འདུན་གྲུབ། ༡༣༩༡ ནས་ ༡༤༧༤བར།
གང་གིས་མཛད་པའི་བསྟན་བཅོས་ཚད་པ་རིགས་རྒྱན་ལས་བཏུས་ནི། འཆིང་བ། ཉུང་བ། བཏང་བ། སྟོང་པ། མཐོང་བ། དང་པོ། ཕུང་པོ། དབང་པོ། འབྱུང་བ། བཟུང་བ རིང་པོ། རུང་བ། སོང་བ། དཀར་པོ། འཁོར་བ། གྱུར་པ། འགྱུར་བ། ཐར་པ། དམར་པོ། འཆར་བ། ཤར་བ། འཁྲུལ་པ། གྲོལ་བ། འགལ་བ། འབྲལ་བ། བྲལ་བ། འབྲེལ་པ། གསལ་བ། བསལ་བ། སེལ་བ། དུ་བ། འདུ་བ། འདྲ་བ། མདོ་སྡེ་པ། ཞི་བ། བཞི་པོ། ལྔ་པ། གཅེར་བུ་པ། སོ་སོ་བ། དགུ་པོ། དྲོ་བ། དཔྱོད་པ་པ། མྱོང་བ་པོ། གཉིས་པ། རྟོགས་པ། ཤེས་པ། ཞེས་སོགས་སོ།
་
རྒྱལ་བ་ཀརྨ་མི་སྐྱོད་རྡོ་རྗེ། ༡༥༠༦ ནས་ ༡༥༥༤བར།
དེ་ཉིད་ཀྱི་གསུང་དབུ་མ་འཇུག་པའི་འགྲེལ་པ་ལས་བཏུས་པ་ནི། ངང་པ། དང་པོ། དཔང་པོ། དབང་པོ། ཕུང་པོ། མཐོང་བ། སྟོང་པ། སྣང་བ། ལོང་བ། བླང་བ། རུང་བ། འཁྲུལ་པ། གྱུར་པ། འགྱུར་བ། ཐར་པ། རྣལ་འབྱོར་པ། གཟེར་བུ། ངལ་བ། བྲལ་བ། སེལ་བ། གསལ་བ། འབྲེལ་པ། རྒོལ་བ། གྲོལ་བ། བྱེད་པ་པོ། སྡེ་པ། རྟོགས་པ། སྤྲོས་པ། ལ་སོགས་པ། ཞེས་སོགས་སོ།
་
ཡོངས་འཛིན་ཡེ་ཤེན་རྒྱལ་རྒྱལ་མཚན། ༡༧༡༣ ནས ༡༧༩༣བར།
བླ་མ་ཆོད་པའི་འགྲེལ་པ་ལས་བཏུས། སྙིང་པོ། བརྒྱད་སྟོང་པ། གསང་བ། བཏུང་བ། ཐུན་མོང་བ། བཟང་པོ། སྟོང་པ། སྡོང་པོ། འཁྲུལ་པ། ཐར་པ། གྲོལ་བ། ཕྱུང་བ། ཐ་མལ་པ། རྒྱལ་བ། རྒྱལ་པོ། མཇལ་བ། དམྱལ་བ། གསོལ་བ། དང་པོ་པ། སྐྱ་པ། རྩ་བ། དབེན་ས་པ། ལྔ་བཅུ་པ། གསུམ་བརྒྱ་པ། སྒྲུབ་པ་པོ། རྟེན་ཅིང་རྟེན་པར་འབྱུང་བ། གསང་བ་པོ། བསྐལ་པ། གཞོལ་བ། བསྲུང་བ། ཆགས་པ། གཉིས་པ། ནུས་པ། ཞེས་སོགས་སོ།
་
རྗེ་གུང་ཐང་བསྟན་པའི་སྒྲོན་མ། ༡༧༦༢ ནས་ ༡༨༢༢ བར།
ཆུ་ཤིང་གི་བསྟན་བཅོས་དང་རྣམ་ཐར་ལས་བཏུས་པ་ནི། དང་པོ། བཏང་བ། དྲང་པོ། ལྡིང་བ། འཕུང་བ། འབྱུང་བ། འབྲང་བ། མང་བ། ཞིང་པ། བཟང་པོ། བཀུར་བ། བསྐལ་པ། འཁོར་བ། མངར་བ། གྱུར་པ། བསྒྱུར་བ། ཐར་པ། ནོར་བ། འབར་བ། འབྱོར་པ། འཁྱིལ་བ། འཁྲུལ་པ། འགྲེལ་པ། རྒྱལ་བ། རྒྱལ་པོ། འདུལ་བ། བརྒལ་བ། བྲལ་བ། རོལ་པ། བསིལ་བ། བཅིངས་པ། ཚངས་པ། བཞེངས་པ། ཞེས་སོགས་སོ།
་
འཇུ་མི་ཕམ། ༡༨༤༦་ ནས་ ༡༩༡༢བར།
དབུ་མ་རྒྱན་འགྲེལ་པ་ལས་བཏུས། དང་པོ། སྣང་བ། གླང་པོ། ལྔ་པོ། སྙིང་པོ། སྟོང་པ། མཐོང་བ། ཕུང་པོ། བྱུང་བ། འབྱུང་བ། མང་བ། ཚང་བ། གཟུང་བ། བཟང་པོ། དཀར་པོ། གྱུར་པ། བཀྲལ་བ། འཁྲུལ་པ། འགྲེལ་པ། འགྲེལ་བ། རྒྱལ་པོ། མཇལ་བ། སྟེར་བ། ཐལ་འགྱུར་པ། ཕ་རོལ་པོ། ཕྱི་རོལ་པ། སྤྲུལ་པ། ཕྱི་རོལ་པ། བྲལ་བ། གསལ་བ། གསལ་པོ། རྙིང་མ་པ། དབུ་མ་པ། ཕྱེ་བ་པོ། བཞི་པ། སྨྲ་བ། མཛད་པ་པོ། རྒྱལ་བ་པ། མདོ་སྡེ་པ། གསང་བ་པ། དགོས་པ། ཤེས་པ། ལ་སོགས་པ། ཞེས་སོགས་སོ།
་
དགེ་འདུན་ཆོས་འཕེལ། ༡༩༠༣ ནས ༡༩༥༡ བར།
གང་གིས་མཛད་པའི། གླེགས་བམ་གསུམ་ལས་བཏུས་པ་ནི། རྐང་པ། གང་བ། ཉུང་བ། རྙིང་པ། སྙིང་པོ། སྟོང་པ། དང་པོ། མཐོང་བ། གྲོང་པ། གཏོང་བ། དྲང་པོ། གདོང་པ། སྣང་བ། དཔུང་པ། སློང་བ། འབྱུང་པོ། བྱུང་བ། མང་པོ། གཙང་པ། ཚང་བ། བཟང་པོ། འོང་བ། ལུང་པ། སོང་བ། ལྷུང་བ། ཁུར་པོ། འཁོར་བ། གྱུར་པ། འགྱུར་བ། རྒྱ་གར་པ། དར་བ། གཟར་པོ། འཁྲུལ་པ། འགྲེལ་པ། ངལ་བ། འབྱོར་པ། ཚལ་པ། རལ་པ། རོལ་པ། གསལ་བ། འབྲེལ་པ། སྤྲུལ་པ། རྒྱལ་པོ། ཟེར་བ། མདའ་པ། རྟ་པ། སྡེ་པ། ཁྲོས་པ། བསྒྲིགས་པ། ཡངས་པ། ཞེས་སོགས་སོ། །
་
སྐད་ཀྱི་ལུང་གིས་ཤེས་རིག་ལྡེ་མིག་ཐོབ།
ལྡེ་མིག་འདི་ཡིས་ལྷག་བསམ་རྒྱ་སྒོ་འབྱེད།
ལྷག་བསམ་རྒྱ་སྒོས་བོད་ཀྱི་རིག་གཞུང་འཕེལ།
འོན་ཀྱང་སྐད་འདི་ནུབ་པར་མངོན་དུ་ཕྱོགས།།
ང་འ་ར་ལ་དང་མཐའ་རྟེན་མི་མངོན་པའི་རྗེས་སུ་མི་མཐུན་པ་ཡོད་པ་མ་གཏོགས་གཞན་ལ་དོགས་པ་སྐྱེ་མཁན་མེད། བྱ་ཚིག་གང་ཡིན་ལ་བ་ཡིག་ཐོབ་པ་ངེས་པར་བཟུང་བ་ཁོ་ནས་ཀྱང་མིན། སྒྲ་གདངས་ཀྱི་ཆ་ནས་ཨ་མདོ་པའི་བ་དང་ཝའི་སྒྲ་གདངས་ལ་ཁྱད་པར་ཡོད་ན་ཡང་། དབུས་པས་ཨ་མདོ་པའི་སྒྲ་གདངས་དེ་གཉིས་ལ་ཁྱད་པར་མེད་པར་མཐོང་གི་ཡོད་པས་ཀྱང་། རྩོད་པ་འདི་འབྱུང་བར་རྐྱེན་བྱས་ཡོད། རྩོད་པ་འདི་བྱེས་སུ་འགོ་བཙུགས་ནས་བྱུང་བ་ཞིག་རེད་མ་གཏོགས་གནའ་ནས་ཡོད་པ་ཞིག་མིན། པ་དང་བའི་སྒང་ལ་སླེབས་ཚེ་རང་གི་སྐད་ཡིག་ལ་དོ་སྣང་དང་ཤེས་ཚད་ཅུང་ཙམ་ཡང་མེད་པ་ཚོ་ཡང་གནམ་ལྡིང་ས་ལྡིང་བྱས་ཡོང་བ་འདིས་ཀྱང་ད་དུང་རྩོད་པ་འདིའི་རྒྱབ་ལོགས་ཀྱི་རྒྱུ་རྐྱེན་གཞན་ཞིག་ཀྱང་མཐོང་ཐུབ། སྤྱིར་སྔོན་ནས་རྗེ་དམུ་དགེ་བསམ་གཏན་མཆོག་གིས་གསུང་བའི། ང་འ་ར་ལ་མཐའ་མེད་བ། །ཞེས་པ་ཞ་ལུ་སོགས་སྔོན་གྱི་བརྡ་སྤྲོད་ཀྱི་གཞུང་མང་པོར་མཐོང་རྒྱུ་ཡོད། ཞ་ལུའི་ཟ་མ་ཏོག་ཏུ། ག་ད་བ་ས་ན་མ་པ།།་་་ང་འ་ར་ལ་འདོགས་ཅན་དང་།།རྐྱང་པའི་རྗེས་སུ་བ་ཕྱེད་ཝར།།འབོད་པ་རྣམས་ལ་བ་སྦྱར་ཞིང་།།ཞེས་དང་། ས་པཎ་གྱིས། ག་ད་བ་ས་ངེས་པར་པ།།ང་ན་མ་འ་ར་ལ་དང་།།རྐྱང་པ་འདོགས་ཅན་མཐར་པ་དང་།།བ་ཡི་ཁྱད་གསུང་ཕྱག་འཚལ་ལོ།། ཨ་མེས་ཀུན་དགའ་བསོད་ནམས་ཀྱིས། ག་ད་ན་བ་མ་ས་དང་།།ད་དྲག་ཅན་མཐར་པ་དང་ནི།།ང་འ་ར་ལ་མཐའ་མེད་མཐའི།།བ་ཕྱེད་ཝར་འབོད་རྣམས་ལ་བ།།གཞན་ལ་པ་ཉིད་སྦྱར་ཏེ་དཔེར།།ཞེས་པ་སོགས་གང་མང་ཡོད།ཡིན་ན་ཡང་རྒན་རིན་པོ་ཆེ་དང་མི་མཚུངས་པ་ནི། རྒན་རིན་པོ་ཆེས། ང་འ་ར་ལ་མཐའ་མེད་བ།།ཞེས་དེ་དག་གི་རྗེས་སུ་འཐོབ་ཚུལ་ངེས་པར་བྱས་པ་དེ་རེད། བཀའ་བསྟན་སོགས་སྔོན་གྱི་དཔེ་རིང་རྣམས་སུ། རྗེས་འཇུག་དེ་བཞིའི་རྗེས་སུ་པ་དང་བ་སྦྱོར་ཚུལ་ལ། བདག་སྒྲའི་ཁྱད་པར་འདུག །སི་ཏུས་བདག་སྒྲར་པ་ལས་བ་མི་འདོད་པའང་འདི་ལ་ཐུག་པ་ཡིན།ཡིན་ན་ཡང་དབྱངས་ཅན་གྲུབ་རྡོར་གྱིས་ཆ་དང་ཡའི་ཁྱད་ཅིག་གསུངས་པ་ལྟར་དེང་སྐབས་དེ་ལྟར་སྦྱོར་བ་མང་ན་ཡང་།སྔོན་གྱི་དཔེ་རིང་རྣམས་སུ་ཡ་ཅན་ལ་ཡང་སྤྱི་མཚུངས་ལྟར་སྦྱར་འདུག །དུས་ཡུན་རིང་སོང་བ་དང་དུས་འགྱུར་བའི་དབང་གིས་སྐད་ཀྱི་བརྡ་སྤྲོད་ཀྱི་ནུས་པ་ལའང་འགྱུར་བ་ཐེབས་པ་ཆོས་ཉིད་ཡིན་པས། དབྱངས་ཅན་གྲུབ་པའི་རྡོ་རྗེས་གསུང་པ་དེ་ལའང་རྒྱུ་མཚན་མེད་པ་མིན། དེ་ནས་ལྡན་པའི་དོན་ཅན་ནམ་བདག་སྒྲ་རྗེས་མཐུན་པའི་དོན་ཅན་ཡིན་མིན་གྱི་ཁྱད་པར་ཞིག་དང་། བྱ་ཚིག་གམ་བྱ་བར་འགྲོ་མིན་གྱི་ཁྱད་པར་ཞིག་ཀྱང་མཐོང་། ཡང་ལྡན་སྒྲའི་དོན་དང་གཅིག་མཚུངས་མིན་ན་ཡང་། དེ་དང་ཕྱོགས་ཙམ་མཚུངས་པའམ་དེ་དང་ཕྱོགས་འདྲ་པའི་འགྲེལ་རྒྱག་ཏུ་ཡོད་མེད་ཀྱི་ཁྱད་པར་སོགས། སྔོན་གྱི་དཔེ་རིང་རྣམས་སུ་རྗེས་འཇུག་དེ་བཞིའི་རྗེས་སུ་པ་དང་བ་སྦྱོར་ཚུལ་ལ་མི་འདྲ་པའི་ཁྱད་པར་མང་པོ་ཞིག་འདུག །ཡིན་ན་ཡང་དེང་སང་རྩོད་མཁན་མང་ཆེ་པས་ང་འ་ར་ལའི་རྗེས་སུ་དེ་ལྟ་བུའི་ཁྱད་པར་མེད་པར་པ་སྦྱོར་རྐྱང་བྱེད་ལ། བ་བྲིས་པ་དག་མཐའ་གཅིག་ཏུ་མ་དག་པར་བརྩི་གི་ཡོད། སྔོན་གྱི་བརྡ་སྤྲོད་ཀྱི་གཞུང་དུ་བ་བདག་སྒྲར་འཇུག་པར་གསུངས་ཡོད་པ་གོང་དུ་དྲངས་པ་དག་ལས་གསལ་ལ། ཁྱོད་ཀྱིས་ཀྱང་བ་བདག་སྒྲར་བེད་སྤྱོད་གཏོང་གི་ཡོད་མེད་དེ་དྲི་བ་ཞིག་རེད། ཕྲན་ནི་ལག་ལེན་གྱི་སྐབས་སུ་དགེ་རྒན་རིན་པོ་ཆེ་ལ་དགོངས་པ་ཞུས་ཏེ་སྔོན་གྱི་དཔེ་རྙིང་རྣམས་ཀྱི་སྦྱོར་ཚུལ་དེ་བློ་ལ་བདེ་ཞིང་གོ་བ་མི་འདྲ་པ་སྟེར་བས་སྦྱོར་ཚུལ་དེ་ལ་མོས་ན་ཡང་། རྩིས་འཕྲུལ་གྱི་རང་འགུལ་དག་ཆ་བཟོ་བར་དཀའ་ངལ་ཡོད་མེད་ལ་བསམ་གཞིག་བྱ་དགོས་སྙམ། ང་ཚོས་ལག་པའི་ནང་དུ་ལག་པ་བཞག །སེམས་པའི་ནང་དུ་སེམས་པ་བཞག་སྟེ་དཔྱད་བསྡུར་དང་། གུ་ཡངས་ཀྱིས་བགྲོ་གླེང་བྱས་ན་དགེ་མཚན་ཆེའོ་སྙམ།
སྐད་ཆ་དྲང་མོར་བཤད་ན་དེང་སང་གི་མིས་སྔ་མོའི་མི་ནང་བཞིན་དཀའ་ལས་རྒྱག་མི་ཐུབ་པས་རྗེས་འཇུག་རེ་རེའི་མཐར་པ་བ་གཉིས་གང་ཐོབ་མིན་དང་གང་དག་དམིགས་བསལ་ཡིན་མིན། གང་དག་བྱ་ཚིག་སྐབས་དང་མིང་ཚིག་སྐབས་འགྱུར་འགྲོ་མིན། གང་དག་མི་འགྱུར་བ་སོགས་རེ་རེ་བཞིན་སྔོན་གྱི་ཡིག་རྙིང་ལས་བཙལ་ནས་འབྲི་རྒྱུ་དཀའ་མོ་རེད། དེང་སང་ལས་རིགས་གང་ཡིན་ཡང་སྟངས་ཇེ་བདེ་དང་ལས་ཇེ་སླ་རུ་གཏོང་བཞིན་ཡོད་པས་ང་ཚོས་ཀྱང་བོད་ཀྱི་སྐད་དང་ཡི་གེར་སེམས་གཏིང་ནས་ཤ་ཚ་ན་ག་ད་བ་ས་ན་མ་པ། ང་འ་ར་ལ་མཐའ་མེད་བ་ཞེས་པ་ལྟར་སྟབས་བདེའི་ངང་འབྲི་སྟངས་གཅིག་གྱུར་བྱེད་པའམ་ཡང་ན་པ་བ་གཉིས་འདམ་ང་ཅན་དུ་བྱས་ཀྱང་ཚིག་དོན་གྱི་ཆ་ལ་སྐྱོན་ཆེར་མེད་ལ་གཞན་གྱིས་གོ་མི་ཐུབ་པའི་དཀའ་ངལ་ཡང་མེད་མོད་མཐའ་གཅིག་ཏུ་དཔེ་རྙིང་དག་ནང་བཞིན་འབྲི་དགོས་ཞེས་ཨུ་ཚུགས་མཐའ་སྐྱེལ་བྱེད་ན་གོང་དུ་ཞུ་པ་ལྟར་དཀའ་ལས་མི་ལྕོགས་པའི་དེང་སང་གི་མི་ཚོའི་མགོ་འཐོམ་གཞི་ཞིག་ལས་གཅིག་གྱུར་ཅན་ཞིག་ནམ་ཡང་ཆགས་མི་ཐུབ། ལྷག་པར་དུ་ཤེས་མི་ཤེས་མཁན་ཚང་མས་བརྡ་འཕྲིན་དང་ཆ་འཕྲིན་སྤྱོད་པའི་དུས་འདི་འདྲར་འགྲོ་སྟངས་སྟབས་བདེ་ཞིག་མེད་ན་རྙོག་དྲ་ཚ་བོ་དེ་འདྲ་གཅིག་གྱུར་དེ་བས་ཀྱང་ཡོང་དཀའ་བས་ཚང་མས་ཐུགས་བསམ་ཞིབ་མོ་བཞེས་དགོས་པར་འདོད།
ལྷ་ས་གྲོང་ཁྱེར་དུ་ཡུན་རིང་བཞུགས་མྱོང་བ་དག་ལ་དམིགས་བསལ་གྱི་བཀའ་འདྲི་ཞུ་བ་ཡོད་པ་ནི། ༧རྒྱལ་བ་རིན་པོ་ཆེ་སྐུ་ཐོག་བརྒྱད་པའི་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་རྣམ་ཐར་ཤོག་གྲངས་༡༣༣སོགས་ན་ཡོད་པའི་ས་གནས། རྨེ་རུ། པད་ཚལ། སྐྱིད་ཤོད། ལ་སྟོད། ཅེས་དིང་སང་ཡོད་དམ་མེད་མི་ཤེས། ཡོད་ན། ངོ་སྤྲོད་ཕྲན་བུ་བཅས་འབྲི་བར་མཛད་གྲོགས་ཞུ་བ་དགོངས་འཇགས། གོང་གསལ་ས་གནས་རྣམས་སུ་ཡོངས་འཛིན་རིན་པོ་ཆེས་ལོང་བ་རྣམས་ཀྱི་མིག་འབྱེད་དུ་བཅུག་པ་དང་། ནད་པ་དག་ནད་ལས་དྲག་པའི་ཐབས་ཤེས་རྒྱ་ཆེན་པོ་མཛད་དོ་ཞེས་༧རྒྱལ་མཆོག་བརྒྱད་པ་འཇམ་དཔལ་རྒྱ་མཚོས་བྲིས་སོ།
རྒན་འཇམ་དཔལ་ལགས།
པ་བ་པོ་ཡི་འཇུག་ཡུལ་མིང་ཚིག་བྱེད་ཁྱད་སོགས་ཀྱི་མཐའ་རུ་ཐོབ་ཁུངས་གསལ་སྟོན་གནང་བ་མང་པོར་ཕན་ཐོགས་ཆེ་བར་ངེས་པས། འདིར་བཀོད་པར་བཀའ་དྲིན་ཆེེ།།
སྐད་ཀྱི་ལུང་གིས་ཤེས་རིག་ལྡེ་མིག་ཐོབ།
ལྡེ་མིག་འདི་ཡིས་ལྷག་བསམ་རྒྱ་སྒོ་འབྱེད།
ལྷག་བསམ་རྒྱ་སྒོས་བོད་ཀྱི་རིག་གཞུང་འཕེལ།
འོན་ཀྱང་སྐད་འདི་ནུབ་པར་མངོན་དུ་ཕྱོགས།།
ལ།
བོད་ཀྱི་རིག་གཞུང་འཕེལ་བའི་ལྷག་བསམ་སྒོ། །
ལྷག་བསམ་དེ་ཡི་རྒྱལ་སྒོའི་ལྡེ་མིག་ནི། །
ཤེས་རིག་ལྡེ་མིག་གཅིག་ཉིད་སྐད་ཡིག་ལུང་། །
སྐད་འདི་ནུབ་བཞིན་གཟིགས་པ་ཤིན་ཏུ་བཟང་། །
ཡང་།
དགེ་ཆོས་ལགས་ཀྱིས།
་་་་ གལ་ཏེ་ཕལ་སྐད་གསར་པ་དེ་ལྟ་བུ་ཞིག་བོད་ཡུལ་ཀུན་ཏུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་ཟོན་དགོས་པ་ལགས། ་་་་་
གསུངས་པ་འདི་ལ་ཡང་བསྐྱར་ནན་ཞིབ་ཅིག་བྱ་དགོས་ཏེ། སྤྱི་ལོ་ ༡༩༥༠འི་སྔོན་གྱི་བོད་ལ་དེ་ལྟར་བདེན་ཡང་།
ད་ལྟའི་དུས་སུ་ཕལ་སྐད་གསར་པ་ཅིག་གི་ནང་ལ་སྔ་དར་བཀའ་བསྟན་དང་། གསུང་འབུམ་ཚད་ལྡན་དག་གི་མིང་ཚིག་རྐྱང་རྐྱང་སྒྲིག་པའི་ཁ་སྐད་བྲིས་མ་ཅིག་དར་ཐུབ་ན། གླེགས་བམ་གྱི་ཕུང་པོ་དག་ཀྱང་ཀློག་པར་ཕན་པ་ཞིག་འོངས་མི་སྲིད་དམ། ལགས།། །།
འདི་ནི། རྒན་འཇམ་དཔལ་ལགས་ཙམ་མ་ཡིན་པར། བོད་རིགས་སྨྱུག་འཛིན་པ་ཀུན་ལ་འདྲི་བའོ།། །།
ང་ མདང་ ཕྱིན་པ་ ཡིན།
ང་ དེ་རིང་ འགྲོ་བགྱིད་ ཡོད།
ང་ སང་ཉིན་ འགྲོ་བགྱི་ ཡིན། ་་་་ སོགས་སོ།།
ཁྱོད།
ཁྱོད་ མདང་ ཕྱིན་པ་ རེད།
ཁྱོད་ དེ་རིང་ འགྲོ་བགྱིད་ འདུག
ཁྱོད་ སང་ཉིན་ འགྲོ་བགྱི་ རེད།
ཁོ།
ཁོ་ མདང་ ཕྱིན་པ་ རེད།
ཁོ་ དེ་རིང་ འགྲོ་བགྱིད་ འདུག
ཁོ་ སང་ཉིན་ འགྲོ་བགྱི་ རེད།
ཡིན་དང་། རེད།
ང་ ཡིན།
ཁྱོད་ རེད།
ཁོ་ རེད།
ངའི་དང་། ཁོའི་ལ། རེད།
ངའི་ རེད།
ཁྱེད་རང་གི་ རེད།
ཁོའི་ རེད།
མཆན། འདི་ ངའི་ དེབ་ རེད། ཟེར་བ་ལས། འདི་ ངའི་ དེབ་ ཡིན། ལབ་ན་ནོར་བར་འདོད།
ཡོད། མེད་དང་། འདུག་མི་འདུག
ང་ལ་ ཡོད།
ཁྱོད་ལ་ འདུག
ཁོ་ལ་ འདུག
འདི་ལ་ འདུག ་་་སོགས་ཀྱིས་རིགས་འགྲེ་འོས་སོ།།
སྐྱིད་ཤོད་ཡུལ་དུ་རང་གྲོལ་རྟོགས་པ་ཤར།
བྲུ་སྟོན་ཉི་རྒྱལ་སྐུ་ལ་གསོལ་བ་འདེབས། ། ཞེས་སོ། །
བརྒྱ་ཕྲག་བཞི་པ་ལྔ་པའི་དུས་ཀྱི་བོད་ཡིག་རྙེད་པ།
http://www.facebook.com/photo.php?fbid=522312517905318&set=a.219389324864307.56861.100003797235505&type=1&theater
བརྒྱ་ཕྲག་བཞི་པ་ལྔ་པའི་དུས་ཀྱི་བོད་ཡིག་རྙེད་པ་དེ་གཏམ་བཟང་རེད། དེ་འདྲའི་བོད་ཡིག་དེ་བཟོ་མཁན་སུ་ཡིན་ནམ། འདི་ནི་དྲི་བ་ལྕི་མོ་ཞིག་ལོས་ཡིན། ཨེ་མ་ངོ་མཚར་ཆེ། གནས་ཚུལ་འདི་འདྲ་ཐོན་ཡོང་དུས་ཡང་མི་ཁ་ཤས་ཀྱི་རྐུབ་ནང་ལ་ཚ་ཤར་བརྒྱབ་ནས་སྡོད་མི་ཚུགས་པར་བཟོས་ཡོད་ཐག་ཆོད་རེད། །
ལོ་རབས་བརྒྱ་ཕྲག་བཞི་པ་ལྔ་པའི་དུས་སུ་རྙེད་པའི་བོད་ཡིག་དེ་ཞང་ཞུང་སྨར་ཡིག་ཡིན་ནམ།
བདག་གི་མཆན་བུ་ཉེར་ལྔ་པར་བཀོད་པའི་བརྗོད་ཚིག་སླར་ཞུས་དག་བྱས་པ་ནི།
པ་དང་བ་གཉིས་ཀྱི་སྐོར་ལ་རྩོད་པ་ཡོད་པ་ནི། རྗེས་འཇུག ང་ འ་ ར་ ལ་ དབྱངས་ཡིག་གི་མཐའ་ཅན་ཡིན་པའི་ད་ལྟ་བ་དང་། མ་འོངས་པའི་བྱ་ཚིག་གང་ཡིན་པ་དེ་དག་ལ་བ་ཡིག་ཐོབ་པར་ངེས། རྗེས་འཇུག་ང་དང་། འ་དང་། དབྱངས་ཡིག་མཐའ་ཅན་ཚིག་ལ་ཇི་ལྟར་ཡིན་ད་ལྟར་བདག་གིས་ལེགས་པར་མ་ངེས་ཀྱང་། རྗེས་འཇུག་ར་དང་ལ་གཉིས་ཀྱི་འདས་ཚིག་གི་རྗེས་སུ་ངེས་པར་དུ། པ་དགོས་ཏེ། དཔེར་ན། གྱུར་པ་དང་། སྩལ་པ། ལྟ་བུ་ཡིན་ཀྱང་། འདིར་གྱུར་བ། སྩལ་བ་ཞེས་འབྲི་བ་པོ་དག་དང་མ་མཐུན་པར་རྩོད་པ་ཡོད།
་
ཆོས་སྐད་དང་མཐུན་པར་སི་ཏུ་པཎ་ཆེན་གྱིས་བདག་སྒྲ་ལ་པ་ཡིག་ཁོ་ན་བཀོལ དེ་བཞིན་ཨ་མདོ་མཁས་དབང་དགེ་འདུན་ཆོས་འཕེལ་སོགས་ཉེ་དུས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དེ་བཞིན་བྲིས་དང་འབྲི་བཞིན་པ་ལགས། བོད་ཡུལ་གྱི་ཁ་སྐད་འགའ་ཞིག་ཏུ་ད་ལྟར་ཡང་བདག་སྒྲ་ལ་པ་ཡིག་ཁོ་ན་བཀོལ།
་
དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞབས་ཀྱིས།
་
བདག་སྒྲ་ཡར་འགྱུར་བ་དང་ནི།
ཆ་ལ་པ་ཉིད་སྦྱོར་བ་ལེགས།།
་
ཞེས་གསུངས་པ་ཡང་དབུས་གཙང་གི་སྐད་དང་མཐུན་ཡང་། མཁས་དབང་མུ་དགེ་བསམ་གཏན་ཚང་སོགས་དང་མི་མཐུན་པར་མ་ཟད་ཆོས་སྐད་ལ་བྲིས་པའི་དགེ་འདུན་ཆོས་འཕེལ་སོགས་ཀྱི་སྐད་དང་ཡང་མི་མཐུན་པར་མཐོང་། རང་ཅག་་བྲིས་ཟིན་པའི་ཡོངས་གྲགས་ཀྱི་དཔེ་ཆ་བཞིན་འགྲོ་བ་མ་གཏོགས་ཕལ་སྐད་འགྱུར་བ་བཞིན་དུ་འགྲོ་དགོས་ན། དཀའ་ངལ་ཆེ། ཕལ་སྐད་ཀྱི་འགྲོས་འདི་རྣམ་འགྱུར་ཅན་གྱི་མི་དང་འདྲ་སྟེ། ད་ལྟ་འདི་འདྲ་ཡིན་བསམས་ཏེ། རྗེས་སུ་ལྟ་དུས་གྱུར་ནས་གཞན་ཞིག་ཏུ་མཐོང་བ་ལྟ་བུ་ཡིན་ཞེས་ཨིན་སྐད་དུ་ཨ་རི་པ་ཞིག་གིས་བྲིས་སོ།
བོད་རིག་གཞུང་ལ་བརྩོན་འགྲུས་ཅན་མཆོག་གྱུར་ཀརྡོ་གཉེར་ཕྱག་པ་ལ་སོགས་པ་དྲ་གྲོགས་རྣམས་ལ་གུས་འདུད་འཇུ་ཞུའོ། འཇུ་ཞེས་པ་འདི་ཡང་བོད་ཡུལ་དབུས་ནས་འོངས་པ་ལ་དྭགས་ལ་གནས་ཐུབ་པ་ཞིག་གོ་།
ཀརྡོ་གཉེར་ཕྱག་པ་ལགས་ཀྱིས་བཀོད་གནང་བའི་བོད་ཡིག་རྙིང་པའི་པར་རིས་དེའི་མགོ་བརྗོད་དུ་་་ཚན་རིག་པའི་བརྟག་དཔྱད་པའི་བརྒྱུད་་་་བྲིས་འདུག་པས་ཚན་རིག་པ་དེ་ཚོ་སུ་ཡིན་ནམ་ང་ཚོས་ངེས་པར་དུ་ཤེས་དགོས་ཀྱི་འདུག བོད་ཡིག་རྙིང་པ་ཞིག་ཡིན་པའི་བཟོ་འདུག་ཞང་ཞུང་གི་སྨར་ཡིག་ཨ་ཡིན་ན། སྟག་གཟིག་གི་སྤུངས་ཡིག་དང་འདྲ་ཆེ་སས་ཅིག་ཡིན་ནམ་བསམ་པ་འདུག །
དགོངས་དག ། ཞང་ཞུང་གི་དྲག་ཡིག་དང་འདྲ་ཆེ་སས་ཅིག་ཡིན་ནམ་བསམ་པ་འདུག ཟེར་ནས་བཅོ་རོགས་གནོངས། །
བོད་ཡིག་འདི་ཏུན་ཧོང་གི་ཡིག་གཟུགས་དང་གཅིག་པ་རེད།
ལ་དྭགས་པས་ཉོག་བཤད་རྐྱང་རྐྱང་བརྒྱབ་འདུག
ཁྱོད་ཀྱིས་ལུང་ག་ཚོད་དྲངས་ཀྱང་ཅི་ཡང་རྔོ་མི་ཐོགས་ཏེ། སྐད་བརྡ་རིག་པའི་རྒྱུ་མཚན་ཅི་ཡང་མེད་པའི་ཕྱིར།
རིག་རྡིབ་ཁྱོད་ཀྱིས་༼པ་དང་བ་གཉིས་ཀྱི་སྐོར་ལ་རྩོད་པ་ཡོད་པ་ནི། རྗེས་འཇུག ང་ འ་ ར་ ལ་ དབྱངས་ཡིག་གི་མཐའ་ཅན་ཡིན་པའི་ད་ལྟ་བ་དང་། མ་འོངས་པའི་བྱ་ཚིག་གང་ཡིན་པ་དེ་དག་ལ་བ་ཡིག་ཐོབ་པར་ངེས།༽་ཞེས་པ་ལ་རྒྱུ་མཚན་ཅི་ཡང་མེད་དེ། བརྒྱ་ལ་ཁུངས་དེ་དག་ཡོད་པས་སོ།། ཟེར་ན། དེ་ནི་མ་གྲུབ་སྟེ། དགེ་ཆོས་དང་རྗེ་ཙོང་ཁ་བ་སོགས་ཀྱི་གསུང་རྩོམ་དྲངས་པའང་རྒྱུ་མཚན་ཡང་དག་མ་ཡིན་ཏེ། དེ་དག་རྗེ་བདག་ཉིད་ཆེན་པོ་ཁོང་རང་དང་དྲན་དབང་དགེ་ཆོས་སོགས་ནས་ཕྱག་དངོས་ཀྱིས་བྲིས་པ་མ་ཡིན་པའི་ཕྱིར། དེ་འབྲི་མཁན་ཕལ་ཆེ་བ་དབུས་གཙང་རང་གི་མི་ཡིན་པས། དེ་དག་གི་ལུང་སྐད་དུ་དབང་དུ་སོང་བའོ།།
དགེ་ཆོས་ཀྱི་གསུངས་དེ་ནི་རྒྱུ་མཚན་ཞེད་པོ་ཞིག་ཡིན་མདོག་བྱེད་ཀྱི་འདུག དེ་ཡང་མ་གྲུབ་སྟེ། དགེ་ཆོས་ཀྱིས་དེ་ད་ལྟའི་དུས་སྐབས་འདི་དང་ཚན་རིག་ལག་རྩལ་གྱི་ཆ་རྐྱེན་འདི་ལྟ་བུ་མ་དཔོག་པས་རེད། དུས་སྐབས་དེ་འདྲ་ཞིག་ལ་ནི་དངོས་གནས་མཁོ་བའི་གསུང་གལ་ཆེན་པོ་རེད། དེང་སྐབས་སྐྱོན་མེད།
བཀའ་བསྟན་གྱི་དཔར་མ་སྡེ་དགེ་དང་སྣར་ཐང་། པེ་ཅིན་སོགས་གང་ཡིན་ཡང་དེ་དག་གི་ཁུངས་དྲངས་ཏེ་བསྒྲུབ་ན་སྒྲུབ་བྱེད་ཡང་དག་ཏུ་མི་འགྲོ་སྟེ། ཤིང་པར་ཐོག་མར་འདེབས་དུས་ཞུ་ཆེན་པ་གཅིག་གཉིས་ཤིག་མ་གཏོགས་མེད་དེ། དཔེར་ན་སྡེ་དགེ་དཔར་མའི་ཞུ་ཆེན་པ་ནི་ཚུལ་ཁྲིམས་རིན་ཆེན་ཞུ་བ་དང་སི་ཏུས་ཀྱང་ཕྱག་ལས་ཅུང་ཙམ་བྱས་ཡོད་པ་ཡིག་ནོར་ག་ཚོད་ཤོར་ཡོད་པ་ས་རིས་ཐང་གསལ་རེད། དེ་དག་གིས་ཁུངས་མི་འཁྱོལ་ལོ།།
དེ་བས་དེང་གི་བོད་ཀྱི་བརྡ་སྤྲོད་སྨྲ་བའི་མཆོག་ཏུ་གྱུར་བ་མཁས་པའི་དབང་བོ་ཨ་ལགས་ཚེ་ཏན་ཞབས་དྲུང་མཆོག་དང་དཔའ་རིས་སངས་རྒྱས་སོགས་ནི། བཀའ་བསྟན་གྱི་གད་སྙིགས་དང་བཙོག་པ་འཁོར་རྒྱུགས་ཁོ་ན་ལ་འཐམས་ཤིང་འཁྱུད་མཁན་ཁྱོད་ལྟ་བུ་གླེན་ལྐུགས་སུ་མ་སོང་བར། སྐད་བརྡ་རིག་པ་སོགས་ཡང་དག་པའི་རིགས་པ་སྟོང་ཕྲག་གིས་ཞིབ་དཔྱད་བྱས་མཐར་གཏན་ལ་ཕབ་པ་ལས། ཁྱོད་ནང་བཞིན་བཀའ་བསྟན་གྱི་མིང་ཚིག་འགའ་དྲངས་ནས་ཉོག་བཤད་བཤད་མི་སྲིད།
སྟོང་པ། གང་བ། རྒྱལ་བ། རྒྱལ་པོ། རྟ་པ། ཀ་བ། སོགས་ལ་ཁུངས་མི་འཁྱོལ་བའི་ལུང་འདྲེན་ལས་གཞན་པའི་རིགས་པ་ཡོད་ན་ཁྱེར་ཤོག རྗེས་འཇུག་ང་དང་ང་། ལ་དང་ལ། འ་དང་འ་ཡིན་བཞིན་དུ་འགྱུར་བ་ཐེབས་དགོས་པ་དེ་ལྷ་སའི་ལུས་སྐད་ཀྱི་ཤན་ཞུགས་པ་རང་ཡིན་པ་ཧ་ཅང་གསལ།
དེ་བས་དབུས་གཙང་བ་ཚོས་སྤྲེལ་ལད་འཁྲབ་སྟེ།
ཕོ་ཡིས་ཕོ་ཡི་མིང་མཐའ་དྲངས།། མོ་ཡིས་མོ་ཡི་མིང་མཐའ་དྲངས།། དེ་དག་གི་སྒྲ་མཐུན་པའི།། ཟེར་བའི་སྒྲ་མཐུན་ཟེར་བ་ཨུ་ཚུགས་ཀྱིས་བརྗོད་བདེ་ལའང་འགྲེལ་བ་དེ་ནི་རང་སྐྱོན་འགེབ་འདོད་པའི་ལོག་འགྲེལ་ཁོ་ནའོ།།
དེ་བས་སྟོང་བ། གང་བ། རྒྱལ་བ། རྒྱལ་བོ། རྟ་བ། ཀ་བ།
རྐང་བ། བསྐལ་བ། ཁང་བ། གང་བ། དང་བ། དྲང་བ། དབང་བ། མང་བ། ཚང་བ། ཚོང་བ། གཙང་བ། ཞིང་བ། བཟང་བ། བུང་བ། མནར་བ། འབྱོར་བ། སྨྲ་བ། སེར་བ། ཤར་བ། རྒྱལ་བ། དབུལ་བ། འབྲལ་བ། འབྲེལ་བ། གསལ་བ། ཁོལ་བོ། མཁས་པ། ལེགས་པ། ཟོས་པ། འབྲོག་པ། ལག་པ། ཁག་པོ། དགའ་བ། དགའ་བོ། མཛེས་པ། མཛེས་མ། རྒད་པོ། རྒན་མོ། བྱིས་པ། ནང་བ། སངས་རྒྱས་པ། རིག་བྱེད་སྨྲ་བ། རིག་བྱེད་མཐའ་བ། དཔྱོད་པ་བ། གཟེགས་ཟན་པ། ཉི་འོག་པ། རྒྱ་གར་བ། འདྲེན་པ། འདྲེན་མ། གཡོག་པོ། གཡོག་མོ། ཕྱུག་པོ།
ཡོད་པོ། མེད་པོ། བྲུལ་བོ། སོགས་ལྟར་ཏེ།
ག་ད་བ་ས་ན་མ་པ།། ང་འ་ར་ལ་མཐའ་མེད་བ།། ཞེས་པ་ནི་བོད་ཀྱི་སྐད་གཤིས་རང་དང་མཐུན་པར་མ་ཟད།སྐད་བརྡ་རིག་པས་ཞིབ་འཇུག་བྱས་པས་བདེན་རྟགས་གསལ་འོང་བའོ།།
དེ་བས་དེ་ཉིད་ལེགས་བཤད་ཉིད་དུ་གོ་བར་བྱའོ།། མི་གོ་ན་ནི་ཚེ་རབས་རྗེས་མ་ལ་སྨོན་ལམ་གྱི་མཚམས་སྦྱོར་རོགས།
ང་ནི་གཞན་གྱི་རྨོངས་པ་སེལ་བར་ངལ་དུབ་ཀྱི་ཚེགས་མི་ཤེས་མཁན་ཞིག་ཡིན་པས་བཀའ་དྲིན་ཞུ་མི་དགོས་སོ།།
རྙོག་དྲ་སུས་བཤད་མི་ཤེས།
ཐུབ་པ་ཞེས་པས་འོག་གི་གཏམ་དཔེ་དེ་ཐོས་མེད་པ་འདྲ།
མིས་ཟེར་ལ་མ་ཉན་མིས་བྱས་ལ་ལྟོས།
་
སྔོན་གྱིས་མཁས་པ་རྣམས་ཀྱིས་ཇི་ལྟར་བྲིས་པ་ལ་རྙོག་དྲར་འཛིན་ན། རང་སྡུག་རང་གིས་ཉོས་པ་ཡིན།
་
ད་ལྟར་རྩོམ་ཡིག་གཞན་ཞིག་ལ་ལྟ་དུས་འདི་ལ་ལྟ་འདོད་ཀྱིས་དེ་ལྟར་བྱུང་ངོ་།
་
ཏག་ཟིག་དང་། ཞང་ཞུང་གི་ཡིག་གཟུགས་སྐོར་ལ།
https://www.facebook.com/photo.php?fbid=781642861907192&set=pcb.781642965240515&type=1&theater
རྒྱལ་སྤྱིའི་ནང་ཆོས་དར་ཆ། །
རྒྱལ་སྤྱིའི་ནང་ཆོས་ཀྱི་དར་ཆ་ནི་སྤྱི་ལོ1885ལོར་སིང་ག་ལ་རུ་ཡོད་པའི་ཨ་རིའི་དམག་སྤྱིMR,HENRY S. ALCOTTནས་ཤཱཀྱའི་དབང་བོའི་འཁྲུངས་སྐར་ལ་བཟོས་གནང་བ་ཡིན་ཞིང་། ཤཱཀྱའི་དབང་བོ་སངས་རྒྱས་པའི་ཚེ་འོད་རྣམ་པ་དྲུག་འཕྲོས་པའི་རྟེན་འབྲེལ་གྱིས་ཁ་དོག་དྲུག་བཟོས་པ་ཡིན། ཁ་དོག་དྲུག་གི་དར་ཆ་འདི་སྤྱི་ལོ1951ལོར་འབར་མ་རུ་འཚོགས་པའི་ནང་ཆོས་མཛའ་འབྲེལ་ཐེངས་དྲུག་པའི་སྟེང་ནང་ཆོས་ཀྱི་དར་ཆ་རུ་གཏན་འཁེལ་བྱས།
རྒྱལ་སྤྱིའི་ནང་པའི་དར་ཆའི་འགྲེལ་བཤད།
ཐོག་མར་ཤྲཱི་ལངྐ་རུ་སྒྲེང་འཛུགས་གནང་ཞིང་། ཕྱིས་སུ་འཛམ་གླིང་རྒྱལ་ཁབ་ཀྱི་ནང་པའི་མཚོན་དོན་དུ་བེད་སྤྱོད་བྱེད་བཞིན་པའི་དར་ཆ་ལ་ཚོས་གཞི་དྲུག་ཡོད་པ་རིམ་པ་ལྟར། སྔོན་པོ་དང་སེར་པོ། དམར་པོ། དཀར་པོ། ལི་ཝང་། གོང་གི་ཚོན་གཞི་ལྔ་རིམ་བརྩེགས་ཀྱི་ཚོས་གཞི་གཅིག་བཅས་དྲུག་ཡོད། ཚོས་གཞི་དེ་དག་གིས་སངས་རྒྱས་བཅོམ་ལྡན་འདས་ཐོག་མར་བྱང་ཆུབ་ཤིང་དྲུང་དུ་མངོན་པར་རྫོགས་པ་སངས་རྒྱས་པའི་སྐབས་སུ་སྐུ་ལས་འོད་ཟེར་མི་འདྲ་བ་དྲུག་འཕྲོས་པའི་གཟི་མདངས་རྣམས་མཚོན་གྱི་ཡོད་།
1.སངས་རྒྱས་ཀྱི་དབུ་སྐྲ་ནས་འཕྲོས་པའི་འོད་ཟེར་སྔོན་པོ་དེས་འགྲོ་བ་སེམས་ཅན་ཡོངས་ལ་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་པ་དང་སྙིང་རྗེས་ཁྱབ་པ་མཚོན་པ་བཞིན། ནང་པའི་དར་ཆའི་ཚོས་གཞི་སྔོན་པོས་འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་སྙིང་རྗེ་དང་ཞི་བདེ་མཚོན།
2. སངས་རྒྱས་ཀྱི་སྐུའི་པགས་པ་ནས་འཕྲོས་པའི་འོད་ཟེར་སེར་པོ་དེས་མཐའ་གཉིས་སྤངས་པའི་དབུ་མའི་ལམ་ལ་བརྟེན་ནས་མཐར་ཐར་བ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་མཚོན་པ་བཞིན། ཚོས་བཞི་སེར་པོས་རྟག་མཐའ་དང་ཆད་མཐའ་སྤངས་པའི་ལམ་དབུ་མ་མཚོན།
3. སངས་རྒྱས་ཀྱི་སྐུ་ཤ་ནས་འཕྲོས་པའི་འོད་ཟེར་དམར་པོ་དེས་སངས་རྒྱས་ཀྱིས་ཆོས་ཀྱི་ཉམས་ལེན་ལ་བརྟེན་ནས་བྱིན་རླབས་འཇུག་པ་བཞིན། ཚོས་གཞི་དམར་པོས་ཉམས་སུ་བླངས་པའི་རྟོགས་པ་ཕུན་ཚོགས་དང་། ཤེས་རབ། དགེ་བ། བསོད་ནམས་། གཟི་བརྗིད་བཅས་མཚོན།
4.སངས་རྒྱས་ཀྱི་སྐུ་རུས་དང་ཚེམས་ནས་འཕྲོས་པའི་འོད་ཟེར་དཀར་པོ་དེས་སངས་རྒྱས་ཀྱི་བསྟན་པ་དེ་ཡང་དག་པ་དང་། དེ་ལ་བརྟེན་ནས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་རྒྱུ་ཡོད་པ་མཚོན་པ་བཞིན། ཚོས་གཞི་དཀར་པོས་སྐྱོན་གྱི་དྲི་མས་མ་འགོས་པའི་ཡང་དག་པ་དང་། ཐར་བའི་རང་བཞིན་ཅན་གྱི་ནང་པའི་བསྟན་པ་དེ། དུས་དང་སྟོང་ཆ་ཡོད་མེད་ལ་མ་ལྟོས་པར་རྟག་ཏུ་གནས་ཐུབ་པར་མཚོན།
5. སངས་རྒྱས་ཀྱི་ཕྱག་མཐིལ་དང་། ཞབས་ཀྱི་རྟིང་པ། ཞལ་མཆུ་བཅས་ནས་འཕྲོས་པའི་འོད་ཟེར་ལི་ཝང་དེས་གཡོ་བ་མེད་པའི་སངས་རྒྱས་ཀྱི་ཆོས་མཚོན་པ་བཞིན། ཚོས་གཞི་ལི་ཝང་གིས་ཤེས་རབ་དང་སྟོབས། གཟི་བརྗིད་བཅས་ཀྱིས་ཕྱུག་པའི་ནང་ཆོས་ཀྱི་སྙིང་པོ་མཚོན།
6. རིམ་བརྩེགས་ཚོས་གཞི་དེས་སངས་རྒྱས་ཀྱི་བསྟན་པ་དེ་འཇིག་རྟེན་ཀུན་ཁྱབ་ཀྱི་བདེན་པ་ཡིན་པ་བཅས་མཚོན།
ཡང་འཕྲེད་ཀྱི་ཐིག་རིས་ནར་མོ་དེ་དག་གིས་འཛམ་གླིང་མི་རིགས་རྣམས་འཆམ་མཐུན་དང་ཞི་བདེའི་ངང་གནས་པར་མཚོན་ཞིང་། གྱེན་དུ་ཕྱོགས་པའི་ཐིག་རིས་ནར་མོ་དེ་དག་གིས་འཛམ་གླིང་ནང་ཞི་བདེ་རྒྱུན་གནས་འོང་བར་མཚོན། དེར་བརྟེན་དར་ཆ་སྤྱི་ཡོངས་ཀྱིས་ཡིད་ཆེས་དང་ཞི་བདེ་མཚོན་ཞིང་། མི་རིགས་དང་། རྒྱལ་ཁབ། སྡེ་ཚན། ཁ་དོག་སོགས་ཀྱི་དབྱེ་བ་མེད་པར་འགྲོ་བ་སེམས་ཅན་ཀུན་ལ་ཐམས་ཅད་མཁྱེན་པའི་ས་བོན་ཡོད་ཅིང་། ཚང་མ་ལ་འཚང་རྒྱ་རྒྱུའི་ནུས་པ་ཡོད་པ་དང་འཚང་རྒྱ་རུང་ཡིན་པར་མཚོན།
སྤྱི་ལོ1951ལོར་འབར་མ་རུ་འཚོགས་པའི་ནང་ཆོས་མཛའ་འབྲེལ་ཐེངས་དྲུག་པའི་སྟེང་ནང་ཆོས་ཀྱི་དར་ཆ་རུ་གཏན་འཁེལ་བྱས་རྗེས། རིམ་བཞིན་འཛམ་གླིང་གི་ནང་ཆོས་ལ་དད་མོས་བྱེད་མཁན་ཚོས་ཁས་ལེན་ཐོབ་སྟེ། ཁ་དོག་དྲུག་ལྡན་གྱི་དར་ཆ་དེ་རྒྱལ་སྤྱིའི་ནང་ཆོས་ཀྱི་མཚོན་རྟགས་ཤིག་ཏུ་གྱུར་པ་རེད།
༼རྒྱལ་སྤྱིའི་ནང་ཆོས་དར་ཆའི་བྱུང་རབས་དང་ཡིན་ལུགས་གང་ཡིན་པའི་སྐོར་འདི་མཚོ་སྔོན་པོ་དྲ་བར་ཐེངས་མ་ཁ་ཤས་ཤིག་སྟོན་སོང་བས་འདིར་ཁ་བརྡར་ཕེབས་པའི་དྲ་གྲོགས་ཚོས་ནང་ཆོས་དར་ཆའི་ལོ་རྒྱུས་འདི་ལ་ངོས་ལེན་གཙང་མ་ཡོད་དམ་མེད་གསལ་བཤད་རེ་གནང་རོགས་གནོངས། ?༽
སྤྱི་ལོ1885ལོར་སིང་ག་ལ་རུ་ཡོད་པའི་ཨ་རིའི་དམག་སྤྱིMR,HENRY S. ALCOTTནས་ཤཱཀྱའི་དབང་བོའི་འཁྲུངས་སྐར་ལ་བཟོས་གནང་བ་ཡིན་ཞིང་། དེ་ནས་མི་ལོ་དྲུག་ཅུ་ར་དྲུག་༦༦་གི་རྗེས་སུ། སྤྱི་ལོ1951ལོར་འབར་མ་རུ་འཚོགས་པའི་ནང་ཆོས་མཛའ་འབྲེལ་ཐེངས་དྲུག་པའི་སྟེང་ནང་ཆོས་ཀྱི་དར་ཆ་རུ་གཏན་འཁེལ་བྱས། ཟེར་ནས་བཤད་འདུག འབར་མ་རུ་འཚོགས་པའི་ནང་ཆོས་མཛའ་འབྲེལ་ཐེངས་དྲུག་པའི་སྟེང་ལ་བོད་གངས་ཅན་ཞིང་ནས་བོད་བརྒྱུད་ནང་བསྟན་པའི་མི་སྣ་ཕེབས་ཐུབ་ཡོད་དམ་མེད།?
བོད་དབུས་གཙང་ས་ཐག་རིང་བ་དང་། འགྲུལ་བཞུད་མི་ལེགས་པས་སུ་ཡང་ཕེབས་ཐུབ་ཀྱང་། བོད་སྲོལ་འཛིན་པ་པོ་ལ་དྭགས་བ་ཀུ་ལ་རིན་པོ་ཆེ་དང་། ཁོང་གི་ཞབས་འབྲིང་པ་དགེ་སློང་རིག་གྲོལ་གཉིས་ཕེབས་པ་དང་། དེའི་སྐབས་ཀྱི་ཡུལ་སོ་སོའི་ནང་པ་སངས་རྒྱས་པའི་འཐུས་མི་རྣམས་ཀྱི་འདྲ་སྤར་ཡང་བ་ཀུ་ལ་རིན་པོ་ཆེའི་རང་རྣམ་ན་མཆིས་སོ།