ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༢༧ རེས་གཟའ་ཕུར་བུའི་ཉིན་ཨི་ཊཱ་ལིའི་གྲོང་ཁྱེར་ཨ་སི་སིའི་(Assisi)ནང་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཉིན་མོ་དབུ་བཙུགས་ནས་མི་ལོ་ ༢༥ འཁོར་བའི་དུས་དྲན་ཐོག་༧གོང་ས་མཆོག་གི་སྐུ་ཚབ་ཏུ་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་གནང་ཡོད། མཛད་སྒོའི་ཐོག་མར་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཉིན་མོ་དེ་བཞིན་ཕྱི་ལོ་ ༡༩༨༦ ལོར་ཐོག་མར་འཛུགས་སྐབས་ཀྱི་གློག་བརྙན་ཞིག་སྟོན་སྐབས་གོང་ས་མཆོག་དང་ཡི་ ཤུའི་ཆོས་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་མཆོག་བཅས་བསྟན་ཡོད། དེ་རྗེས་ཆོས་ལུགས་དབུ་ཁྲིད་ཚོས་གསུང་བཤད་སྙིང་བསྡུས་ཤིག་གནང་ཡོད།
སྐབས་དེར་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་དབུ་ཁྲིད་རྣམ་ཡི་ཤུའི་བླ་ཆེན་པོབ་བྷེ་ནི་ཌིག་ ༡༦ མཆོག་དང་མཇལ་འཕྲད་གནང་ཡོད། འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཉིན་མོ་ཞེས་པ་དེ་ཐོག་མར་ཕྱི་ལོ་ ༡༩༨༦ ལོར་དེ་སྔ་ཡི་ཤུའི་བླ་ཆེན་པོབ་ཇོན་པོལ་(Pop John Paul)མཆོག་དབུ་བཞུགས་ཐོག་དབུ་འཛུགས་གནང་བ་ཞིག་ཡིན་འདུག འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ནང་ཞི་བདེ་དང་དྲང་བདེན་ཆེད་ཕན་ཚུན་གྲོས་མོལ་དང་སྨོན་ལམ་གྱི་ཐོག་ནས་འབད་བརྩོན་གནང་རྒྱུ་དེ་ཡིན་འདུག
གཞན་ཡང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོ་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སླར་ཡང་ཡི་ཤུའི་བླ་ཆེན་མཆོག་དང་ཁྱུག་ཙམ་མཇལ་འཕྲད་ཞུས་ཡོད། ཐེངས་འདིའི་ཆོས་ལུགས་མཐུན་སྒྲིལ་གྱི་ཞི་བདེའི་སྨོན་ལམ་མཛད་སྒོར་འཛམ་གླིང་ཁྱོན་ཡོངས་ནས་ཆོས་ལུགས་ཀྱི་དབུ་ཁྲིད་ ༢༨༠ ཙམ་ལྷན་འཛོམས་བྱུང་ཡོད་པ་བཅས།།
ཟམ་གདོང་རིན་པོ་ཆེས། གོང་ས་མཆོག་གི་ཚབ་ཞུས་ནས། རྒྱལ་ས་རུམ་དུ་ཡེ་ཤུའི་ཕུབ་ཕུ་བཅུ་དྲུག་པ་དང་མཇལ་འཕྲད་མཛད།
ཁ་བརྡ་དྲ་བདག་མཆོག་ལ་ཆེད་གསོལ།
འདི་ནས་བོད་དོན་གལ་ཆེའི་རྩོམབསྡུའི་གསལ་བསྒྲགས་ཤིག་ཁ་བརྡ་རང་གི་མྱུར་འཕྲིན་ཐོག་བསྐུར་ཡོད།
དྲ་ཚིགས་སུ་འགོད་གནང་ཡོད་པ་མཁྱཻན།
གུས་འདུད་བཅས་འཇིགས་བྲལ་བསྟན་འཛིན་ནས།
མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གི་མཛད་འཕྲིན་རྒྱས་འགྱུར་ཅིག
མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གཟི་བརྗིད་རླིངས་ཆགས་ཀྱི་སྐྱེས་བུར་རྒྱ་བོད་ཉམས་མྱོང་ཅན་ཀྱི་མཁས་པ་དུ་མས་བསྟོད་བསྔགས་ཀྱི་མེ་ཏོག་ཕུལ་པའི་བོད་ཀྱི་སྤྲུལ་པའི་སྐུ་ཞིག་གམ་འདུལ་བ་འཛིན་པའི་གནས་བརྟན་ཞི་དུལ་ཞིག་ཡིན་པས། གོང་ས་མཆོག་གི་ཚབ་མཛད་དེ། འཇིག་རྟེན་དུ་ཞི་བདེ་སྐྲུན་པར་གེགས་མེད་པར་གྱུར་ཅིག།
མཁས་དབང་ཟབ་གདོང་རིན་པོ་ཆེ་མཆོག་སྐུ་ཚེ་་ཡུན་དུབརྟན་ཅིང་མཛད་འཕྲིན་རྒྱས་འགྱུར་ཅིག། །།
ཟབ་སྟོང་རིན་པོ་ཆེ་མཇལ་སོང་།
ནའོ་ལྦེལ་འཛམ་གླིང་ཞི་བདེའི་གཟེངས་རྟགས་ཤིག་གིས་རིན་པོ་ཆེ་ལ་བསུ་མ་བྱེད་ཀྱིན་ཡོད། བདེན་པ་ཉིད་ཀྱི་སྐྱེས་མཆོག བདེན་པ་ཉིད་རྒྱལ་ཕྱིར། མཛད་འཕྲིན་རྣམ་པར་རྒྱས་པར་ཤོག
༸གང་སྐུའི་སྐུ་ཚབ་ཟམ་གདོང་རིན་པོ་ཆེ། །
སྐུ་ཚེ་བརྟན་ལ་མཛད་འཕྲིན་རྒྱས་འགྱུར་ཅིག །
ཟོངམདུང་གི་ག་རེ་བྱད་ཡ་ཡིན་ན་་་་