ཤེས་རབ་རལ་གྲི
བདག་གིས་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་གསུང་འབུམ་མགོ་བཙེམས་པོད་བདུན་པ་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་པར་བསྐྲུན་གནང་འདུག་པར་མཇལ་བ་ཡིན། རིན་པོ་ཆེའི་བཀའ་སློབ་དང་གསུང་རྩོམ་ཁག་ནི་མ་འོངས་བགྲང་བྱ་སྟོང་ཕྲག་མང་པོར་གསེར་ནག་གི་རིན་ཐང་ལས་ཀྱང་རྩ་ཇེ་ཆེར་འགྲོ་ངེས་རྐྱང་ཡིན་པ་དེང་མཁས་པ་མང་པོར་ར་འཕྲོད་ཅིང་། མཁས་པ་རྣམས་ཀྱང་དེ་ལྟར་སྒྲོག་ལ་སྤོབས་པ་རྒྱས་པའི་སྐབས་འདིར། བདག་ལྟ་བུར་ཤེས་བྱའི་གནས་ལ་ལས་དང་པོ་བའི་གྲལ་སྣེ་མ་ཟིན་པ་ཞིག་ལ་མཁས་མཆོག་ཁོང་དང་ཁོང་གི་དྲུང་ཡིག་ཆེན་མོའི་སྐོར་བརྗོད་སྤོབས་ཅི་ཡང་མེད་པ་ཀུན་གསལ་ཡིན་ཡང་། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་གནས་བབ་འདིར་བཅོས་མ་མིན་པའི་སེམས་ཁྲལ་ཡོད་མཁན་ཞིག་དང་། ནམ་ཞིག་༸རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་ལྟ་གྲུབ་དང་དགོངས་གཞི་ཁག་དང་རིང་དུ་གྱེས་པའི་བོད་མིའི་སྤྱི་ཚོགས་ཤིག་ཆགས་མགོ་བརྩམས་ཚེ། བོད་དོན་སྲི་ཞུ་ལྟ་ཅི། དེའི་སྐབས་བོད་མིར་སྐྱེ་རྒྱུའི་སྨོན་ལམ་ཡང་འདེབས་འདོད་མེད་མཁན་ཞིག་ཡིན་པས། སློབ་དཔོན་ཆེན་པོ་ཁོང་གི་དྲུང་ཡིག་ཆེན་མོས་ལྗགས་རྩོམ་གནང་བའི་༼ཕྱོགས་སྒྲིག་པ་དང་ཞུ་སྒྲིག་པའི་གཏམ་༽ཞེས་བྱ་བ་འདི་དུས་ལ་བབ་ཅིང་བོད་མི་ཚོར་རང་ལ་ཕོགས་པའི་ན་ཚ་གསལ་བོ་ངོ་སྤྲོད་གནང་བ་ལྟར་འདུག་པས། ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྐྱོན་གནས་ཞིབ་ཕྲ་ཅི་ཡིན་དང་། དེའི་རྗེས་འབྲེལ་ཅི་ཡིན་ཡོང་མི་འོས་པ་ནི་སྟོང་གསུམ་གྱི་མཁས་པ་སུ་ལ་དྲིས་ཀྱང་གཅིག་གྱུར་ཞལ་བཞེས་གནང་ངེས་པས། དེའི་ཐབས་ལམ་ཡང་དྲུང་ཡིག་ཆེན་མོས་ཐད་འདོམས་གནང་འདུག་པར་ཅི་ནས་ཀྱང་གཟུར་གནས་བློ་ལྡན་དོན་གཉེར་ཅན་ཚོས་གཟིགས་དགོས་པ་ཞིག་འདུག་པས། རང་གི་རིགས་མཐུན་ཡོངས་ལ་ཕན་ཕྱིར་གཤམ་དུ་ཁོང་གི་ཞུ་སྒྲིག་པའི་གཏམ་བཀོད་པ་ལ།
‘’ད་ཆ་གཞི་རིམ་བོད་མིའི་སྤྱི་ཚོགས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེའི་གྲིབ་བསིལ་འོག་གང་དགའ་ཅི་ལེགས་སུ་ཡོད་རུང་། ཕྱོགས་ཡོངས་ནས་ཞིབ་འཇུག་ཞུ་སྐབས་བཙན་བྱོལ་སྤྱི་ཚོགས་ཆུང་ངུ་དེའི་ནང་དགོས་མེད་ཀྱི་གནས་ཚུལ་མང་པོ་ལྷགས་ཏེ་ཁ་གསལ་གཏིང་གསལ་རྣམས་མཐོང་མ་ཐུབ་པར་གྱུར་པ་མ་ཟད། དོན་མེད་ཀྱི་གནས་ཚུལ་ཆུང་ཙག་ལ་མགོ་བོ་འཁོར་ཏེ་གནད་དོན་ཆེན་པོ་རྣམས་གློད་གཏོང་བྱེད་པའི་ཚུལ་རྣམས་མཐོང་ཐོས་སྐབས་ཡི་མུག་བྱ་རྒྱུ་ལས་གཞན་བྱེད་ཐབས་ཀྱང་ཅང་མ་མཆིས།
ད་ལྟ་ང་ཚོར་འཇིག་རྟེན་ཡོངས་ཀྱི་བསམ་བློའི་སྣེ་ཁྲིད་དུ་ཡོངས་སུ་གྲགས་པའི་སྐྱེས་ཆེན་༸གོང་ས་མཆོག་ལྟ་བུ་ཡོད་བཞིན་དུའང་གནས་སྟངས་དེ་མུར་ལྷག་ན། ཕྱིས་སུ་༸གོང་ས་མཆོག་འཚོ་གཞེས་མེད་སྐབས་གནས་ཚུལ་ཇི་འགྱུར་ཧ་ཅང་གསལ་བོ་ཡིན་རུང་། དེ་ལ་གདོང་ལེན་གྱིས་འཆར་གཞི་དང་ལས་རིམ་སྒྲིག་མཁན་དཀོན་ཚད་དུ་སྣང་། གང་ལྟར་སྤྱི་ཚོགས་འཐོར་ཞིག་ཏུ་སོང་ནའང་༸གོང་ས་མཆོག་ལ་ཁྱད་པར་ཡོད་པ་མ་གཏོགས། གཞན་སུ་ལའང་འབྲེལ་བ་མེད་པ་ལྟ་བུ་འདུག དེའི་ཐོག་ད་ཆ་དེང་རབས་ཀྱི་སློབ་གྲྭར་ཕེབས་མྱོང་མེད་ནའང་བོད་མིའི་བསམ་སྤྱོད་ལྡན་པའི་རྒན་རབས་རྣམས་སྣུམ་ཟད་མར་མེ་ལྟར་རིམ་བཞིན་ཉུང་དུ་སོང་བ་མ་ཟད། དེང་རབས་ཀྱི་གཙུག་ལག་སློབ་ཁང་ནས་ཐོན་པའི་བོད་མི་ན་གཞོན་རྣམས་སྤང་ནས་ཤ་མོ་བརྡོལ་བ་ལྟར་མང་པོ་ཡོད་རུང་། རྒན་རབས་ལས་ལྷག་པ་བྱེད་རྒྱུ་ལྟ་ཅི། དེ་དང་མཉམ་པའང་ཡོང་མི་ཐུབ་པ་ནི་ཇེ་གསལ་ཇེ་མཐོང་རེད།
མདོར་བསྡུས་ན། གཅིག་ནས་དེ་དག་ལ་ནང་དོན་རིག་པའི་དྲི་མ་ཏིལ་འབྲུ་ཙམ་ཡང་མེད་པར་བརྟེན་བོད་ཀྱི་དཀའ་རྙོག་ངོ་མ་མི་ཤེས་པ་མ་ཟད། བོད་ཀྱི་ངོས་འཛིན་གང་ལས་ཡིན་པའང་ཤེས་རྟོགས་མེད་པ་དང་། གཉིས་ནས་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་དམའ་བར་བརྟེན་བོད་ཀྱི་འཕྲལ་ཕུགས་རྒྱལ་གསུམ་གྱི་འཆར་སྣང་གང་ཡང་མེད་པ། གསུམ་ནས་ལྟ་གྲུབ་ཀྱི་རྒྱབ་རྟེན་མེད་པའི་ཐོག་ལག་ལེན་གྱིས་ཀྱང་མཐའ་གཅིག་ཏུ་ཕོངས་པ། བཞི་ནས་སྤྱི་དོན་ཁ་ཁྱེར་གྱིས་རང་དོན་ཁོག་བཅུག་བཅས་ལ་བརྟེན་ཕལ་ཆེར་རེ་བ་བརྒྱབ་སའི་གཞི་ཞིག་ཀྱང་རྙེད་ཐབས་མི་འདུག ཐ་ན་དེ་དག་གིས་ཆོས་དང་རིག་གཞུང་ལེགས་བྱང་གི་གོ་རྟོགས་ལྟ་ཅི། བོད་མིའི་ངོ་བོ་གསལ་ཤོས་དང་མྱུར་ཤོས་མཚོན་ཐུབ་པ་དང་། རང་གི་རྩ་བ་ཚུགས་སའི་སྐད་ཡིག་ཀྱང་སྲ་ཐག་ཐག་ཅིག་མི་ཤེས་ན་བོད་ཀྱི་དཀའ་རྙོག་ངོ་མ་ག་ལ་ཤེས་ཐུབ།
ག་ཚོད་ཡིན་ཞེས་སྨྲས་རུང་རང་གི་རྩ་བ་དང་བྲལ་ན་བོད་མིའི་བསམ་བློ་ངོ་མ་ཞིག་གི་རེ་བ་རྒྱག་ཐབས་མེད། དེ་ཚོས་སོ་སོའི་མི་རིགས་དང་འབྲེལ་ལམ་ཐུབ་པའི་རང་གི་སྐད་ཡིག་མི་ཤེས་ཁར། ད་དུང་སྤྱི་ཚོགས་ནང་བྱེད་ཀྱི་ཡོད་མདོག་གི་འཐོན་ཡང་དགོས་པའི་གནས་སྟངས་དེ་མཐོང་དུས་དངོས་གནས་ངུ་མ་དགོས་ཀྱི་བློ་ཞིག་ཤུགས་མ་ཐུབ་ཏུ་ཡོང་མུས། དེས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལམ་སྟོན་ལ་ཐོས་བསམ་སློབ་གཉེར་གནང་སྟེ་འཇིག་རྟེན་སྤྱི་ལ་ཕན་ཐོགས་མ་ཐུབ་ནའང་རང་གི་མི་རིགས་དང་སྤྱི་ཚོགས་ལ་འཁྲི་བའི་ལས་འགན་དེ་རང་ཉིད་མི་ཞིག་ཡིན་པའི་ཆ་ནས་ངེས་པར་དུ་བསྒྲུབ་རྒྱུ་དང་། དེའི་ཆེད་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་ཟབ་རྒྱས་གསུང་བཤད་ཁག་ལ་སློབ་སྦྱོང་གནང་ཐུབ་ན། ༸གོང་ས་མཆོག་གི་དགོངས་གཞི་རྣམས་གསལ་རྟོགས་ཐུབ་པར་ཧ་ཅང་ཕན་རླབས་ཆེན་པོ་ཡོང་ངེས་མ་ཟད། དེ་བཞིན་བོད་ཀྱི་སྐད་ཡིག་ཡར་རྒྱས་བཅས་ལ་ཏན་ཏན་ཕན་ཁྱད་ཆེ་བ་སོགས་བསམས་ཏེ་ཕྱི་ནང་གི་འགལ་རྐྱེན་སྣ་ཚོགས་ལ་ཇི་མི་སྙམ་པར་མུ་མཐུད་ཨུ་ཚུགས་ཀྱིས་གསུང་རྩོམ་དང་གསུང་བཤད་རྣམས་ཕྱོགས་སྒྲིག་དང་ཞུ་སྒྲིག་གི་འབད་པ་ཞུ་ཁུལ་ལགས།’’ཞེས་གསུངས་འདུག
༢༠༡༦། ༡༢། ༢༡། ཉིན།།
” ཕྱིས་སུ་༸གོང་ས་མཆོག་འཚོ་གཞེས་མེད་སྐབས་གནས་ཚུལ་ཇི་འགྱུར་ཧ་ཅང་གསལ་བོ་ཡིན་རུང་། དེ་ལ་གདོང་ལེན་གྱིས་འཆར་གཞི་དང་ལས་རིམ་སྒྲིག་མཁན་དཀོན་ཚད་དུ་སྣང་། གང་ལྟར་སྤྱི་ཚོགས་འཐོར་ཞིག་ཏུ་སོང་ནའང་༸གོང་ས་མཆོག་ལ་ཁྱད་པར་ཡོད་པ་མ་གཏོགས། གཞན་སུ་ལའང་འབྲེལ་བ་མེད་པ་ལྟ་བུ་འདུག”
མཐུས་ཤོར་གང་འདྲ་ཕྱིན་ཡོད་ མཐུས་ཤོར་བཏང་གི་འགན་འཁྲི་སུ་ལ་ཡོད་ དཔེར་མཚོན་ཞུས་ན་ཝ་ན་མཐོ་སློབ་ཐོན་པ་ཚོའི་བསམ་བློ་བཏང་སྟངས་ལ་དཔྱད་དང་ཁྱད་པར་ག་རེ་འདུག ཟམ་གདོང་རིན་པོ་ཆེས་བཀའ་ཁྲིའི་དུས་ཡུན་བོད་གཞུང་ལས་བྱེད་ཀྱི་གནས་སྟངས་གང་འདྲ་གནོད་སྐྱོན་བཏང་སོང་དྲང་པོ་གསུངས་དང།
མི་རབས་གསར་པ་ཚོར་ནོར་འཁྲུལ་ཆེན་པོ་འདུག
རྒྱུ་མཚན་ནི་དེ་སྔ་མགོ་རུལ་པ་སྣ་བའི་མ་འཚོར་བར་རེ་བ་རྒྱག་ས་འདུག བསམ། དོན་དངོས་ཀྱི་དྲང་བདེན་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུ་ཡོད་པ་ཡིད་ཆེས་ཀྱི་ཐོག་ནས་བྱུང་བ་རེད། འོན་ཀྱང་དངོས་ཡོད་ལ་ངོ་སྲུང་སྤྲེལ་ལས་ཀྱི་སྤྱི་ཚོགས་ལ་འགྱུར་བ་མེད་པ་མཐོང་སྐབས་ གནས་སྟངས་དེ་མཐོང་མཁན་གྱི་ཕས་བུ་ལ་ལབ་བུས་རང་གི་གྲོགས་པོ་ལབ་གྲོགས་པོས་རང་གི་དགའ་རོགས་ལ་ལབ་དགའ་རོགས་ཀྱིས་རང་གི་གཅུང་པོར་ལབ་གཅུང་པོས་རང་གི་སློབ་གྲོགས་ལ་ལབ་པ་དེ་མ་བྱན་ལགས་ཀྱིས་ཐོས་ཁོང་གིས་ཀྱང་རང་གི་ཤོ་རྒྱབ་རོགས་དགའ་གཉན་གྲོགས་པོ་ཚོར་ལབ་ཏེ་ད་ལྟའི་གནས་དེ་འགྱུར་བ་རེད་
ཟམ་གདོང་རིན་པོ་ཆེ་མཆོག་བཀའ་མོལ་དང་གསུང་བཤད་གནང་རྒྱུར་ཐོག་མ་མེད་ཀྱང་ ད་ལྟའི་སྤྱི་ཚོགས་ཀྱི་གནས་སྟངས་དེ་ཆགས་རྒྱུར་ཁོང་ལྟ་བུའི་ངོ་སྲུང་སྤྲེལ་ལས་ཀྱི་སྤྱི་ཚོགས་དར་སྤེལ་གཏོང་མཁན་ཚོར་འགན་ཁྲི་མི་ཆུང་བ་ཞིག་ཡོད་པ་མཐོང།
འོ། བོད་པ་རྣམས་རུལ་ཚར་འདུག
རྣམས་པ་ཚོས་སོམས་དང་། མ་འོངས་པའི་སྲིད་སྐྱོང་དེ། ༸གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ་དང། བློ་སེང་གསུམ་གའི་དགེ་ཕྲུག་ཡག་པོ་ཞིག་འོངས་མི་སྲིད་པ་མ་རེད་དོ།། དེས་ན་་་་་་་
ཟམ་གདོང་རིན་པོ་ཆེའི་གསུང་རྩ་ཆེན་དེ་ཚོ་ཕྱོགས་བསྒྲིགས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ།
ཝར་ན་གཙུག་ལག་སློབ་གྲྭ་ནས་བསླབ་པ་མཐར་སོན་པ་དང་སྤྱི་ཚོགས་ནང་ངོས་འཛིན་ཡོད་པའི་མཁས་པ་རྣམས་ཀྱི་མིང་གཞུང་རེ་ཡོད་མཁན་ཡོད་ན། འདི་ལ་གསལ་བཤད་ཅིག་གནང་རོགས། དཔྱད་གཞིའི་གྲངས་ཐོ་ཞིག་ཏུ་དགོས་མཁོ་ཡོད་ནས་ཞུ་ཡི་ཡོད་ལགས།
༅༅། བཀའ་ཟུར་མཁསས་དབང་ཟབ་གདོང་རིན་པོ་ཚེའི་བཀའ་སློབ་གསུང་བཤད་
རྣམས་ཕྱོགས་བསྡུས་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་གི་ཡོད།
རིན་པོ་ཆེ་མཆོག་གི་ཆོས་སྲིད་། ཤེས་རིག་སོགས་ལ་ཤིན་ཏུ་རྕ་ཆེ་བའི་གསུང་བཤད་རྣམས་ངེས་པར་
སེམས་ནང་བཞག་དགོས་པ་གལ་ཆེན་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། ཁོང་གི་ཆོས་སྲིད་གཉིས་
ཐོག་བཀའ་སློབ་ཇི་གནང་རྣམས་དྲ་རྒྱའི་ནང་ནས་ཡང་སེ་ཉན་གྱི་ཡོད།
ཁོང་གིས་གང་གསུངས་དེ་ལག་ལེན་མིན་འདུག། ཚར་མང་པོ་ཞིབ་འཇུག་བྱེད་ཡིན། གསུངས་རགྱུ་རྫིག་པོ་ཞིག་ལས་ཁོང་གི་ལས་མཇུག་མེད། ལྷག་པར་དུ་གསར་འགོད་རང་དབང་དང་འོས་བསྡུ་སྐབས་ལ་མཐོང་བྱུང།
http://tibettimes.net/%E0%BD%A8%E0%BC%8B%E0%BD%A2%E0%BD%B2%E0%BD%A0%E0%BD%B2%E0%BC%8B%E0%BD%96%E0%BD%BC%E0%BD%91%E0%BC%8B%E0%BD%95%E0%BE%B2%E0%BD%B4%E0%BD%82%E0%BC%8B%E0%BD%9A%E0%BD%BC%E0%BD%A2%E0%BC%8B%E0%BD%A3%E0%BD%BC/
་
་་་་་་་་་ ཁོ་བོས་ནི་རང་གི་ཚེ་མཇུག་ལ་མ་བསླེབས་བར་དུ་བོད་པའི་ཕྲུ་གུ་ཚོར་བོད་ཀྱི་སྐད་ཡིག་ཆོས་གསུམ་གྱི་སློབ་ཁྲིད་བྱེད་པ་འདི་མཚམས་འཇོག་རྒྱུ་མིན་པའི་དམ་བཅའ་བཞག་ཡོད་དོ།། ་་་་་་་་་་་་
ཀླུ་སྨྱོན་གྱིས།
ཟམ་གདོང་རིན་པོ་ཆེ་ནི་ཁ་ཁོག་མི་མཚུངས་ཤིང་། ཕྱོགས་རིས་ཧ་ཅང་ཆེ་བའི་ཆབ་སྲིད་པའི་གང་ཟག་ལྷད་མེད་ཅིག་ཡིན། དཔེར་ན། ཁོང་བཀའ་ཁྲི་འཕོ་འགྱུར་མ་རེད་པའི་ཉིན་ཤས་གོང་། ལོ་མང་སོང་བའི་ནོར་བུ་གླིང་ཁའི་རྩིས་ཀྱི་རྙོག་གྲ་དེ་འབྲས་སྤུངས་བློ་གསལ་གླིང་ནང་གི་གྲོགས་པོ་སྐལ་བཟང་ཡེ་ཤེས་ཀྱི་ངོ་ལ་བལྟས་ནས་རང་བཤེད་ཀྱིས་གཙང་སེལ་བྱེད་སྟངས་ལ་བལྟས་ན་གསལ་པོར་མཐོང་ཐུབ།
ད་དུང་དེ་ལས་མང་བ་ཡོད་པས་རྗེས་སོར་རིམ་པའི་ཞུ་ཆོག།
ཆབ་སྲིད་པའི་མི་ཞིག་ཡིན་ནས་བཟུང་ཡག་པོ་མེད་པ་ཐག་གི་ཆོད།
ཟམ་གདོང་རིན་པོ་ཆེའི་གསུང་དང་ཕྱག་ལས་ཕར་ཆེ་ལ་ལྟ་གྲུབ་ཀྱི་རྒྱབ་ལྗོངས་ཡོད་པ་མ་ཚད་དང་ལུང་རིགས་དང་མཐུན་པ་ཞིག་ཀྱང་རེད། ངས་ངོས་ནས་བལྟས་ན་ཁོང་གིས་ཆོས་དང་ཆབ་སྲིད་གང་གི་ཐད་ལའང་ཀུན་སློང་གཙང་མ་ཞིག་གིས་བྱས་པ་ཞིག་ལ་མཐོང་གི་ཡོད། འོན་ཀྱང་ཆབ་སྲིད་ཀྱི་ཐད་ལ་ཀུན་སློང་གཙང་ཡང་སྐབས་དུས་ཀྱི་འགྱུར་བ། མ་འོངས་ཚོད་དཔག སྤྱི་ཚོགས་ཀྱི་འགལ་བ་སོགས་ལ་དུས་ལ་བབས་པའི་ལས་དོན་གནང་ཐུབ་ཡོད་མེད་ལ་ཐེ་ཚོམ་ཡིན།