༄༅། །ཤེས་རིག་ལང་ཚོའི་དཔལ་གྱིས་རབ་ཏུ་ཕྱུག་པའི་རྒྱ་ཆེའི་སྨྱུག་ཐོགས་པ་ཡོངས་ཀྱི་སྙན་དབང་དེུ།
ཆེད་ཞུ། དགོངས་གསལ་བཞིན་ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༥ ཉིན་ནི་ལུགས་གཉིས་ཤེས་བྱའི་གནས་ལ་མཁྱེན་པ་མཆོག་ཏུ་ཡངས་ཤིང་། བསྟན་སྲིད་བྱ་བའི་ཁུར་ཆེན་ཕྲག་ཏུ་བཞེས་པ་སློབ་དཔོན་ཆེན་མོ་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་དོན་ལྔར་ཕེབས་པའི་སྐུའི་འཁྲུངས་སྐར་ལ་བརྟེན། ཝཱ་ཎ་སློབ་ཟུར་གང་གི་བཀའ་དྲིན་གྱི་ཞོ་ཤས་འཚོ་བ་རྣམས་ནས་རང་རེའི་མེས་པོའི་ཕྱག་བཞེས་ལྟར་དྲིན་ཆེན་གྱི་མི་ལ་དྲིན་གཟོ་བའི་སླད་དུ་འཁྲུངས་སྐར་རྒྱས་པ་ཞིག་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་གནང་འཆར་གྱིས་གོ་སྒྲིག་ཞུ་སྒོ་ཁག་འགྲོ་མུས་མ་ཟད། དེ་ལྟའི་དུས་ཚེས་ཁྱད་པར་ཅན་དང་སྟབས་བསྟུན་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་གིས་འགན་ཁུར་འོག་ངེད་ཚོ་ན་གཞོན་ཁག་ཅིག་ནས་ཀྱང་མ་བགྲོས་བསམ་པ་གཅིག་མཐུན་མ་བསྐུལ་དང་བས་བླངས་ཏེ་གང་གི་འཁྲུངས་སྐར་ལ་རྟེན་འབྲེལ་སྲི་ཞུ་མཚོན་ཕྱིར་(མངོན་བསྟོད་གླེགས་བམ།)ཞེས་པའི་དཔེ་དེབ་ཅིག་དཔར་བསྐྲུན་ཞུ་འཆར་ཡོད་ཅིང་། དེ་ནི་རྒྱ་ཆེ་བའི་རིས་མེད་སྨྱུག་ཐོགས་པ་ཡོངས་ཀྱིས་སློབ་དཔོན་གང་གི་འཁྲུངས་སྐར་མཛད་སྟོན་ལ་རྟེན་འབྲེལ་ཞུ་ཕྱིར་རྩོམ་ཡིག་སྤེལ་སའི་སྟེགས་བུའི་ངོ་བོར་གོ་སྒྲིག་ཞུ་རྒྱུ་ལགས་ན། རྒྱ་ཆེའི་སྨྱུག་ཐོགས་པ་གང་ན་སུ་བཞུགས་ཀྱིས་རྩོམ་ལུས་སྣ་ཚོགས་ཐོག་ནས་བོད་ཨིན་གང་རུང་ནང་སློབ་དཔོན་གང་ཉིད་ལ་མངོན་བསྟོད་རྟེན་འབྲེལ་གྱི་རྩོམ་ཡིག་གནང་སྐྱོང་ཡོང་བ་དང་། རྩོམ་ཡིག་གི་ཡིག་འབྲུར་རྒྱས་བཅད་མེད་རུང་། རྩོམ་ཡིག་གང་ཞིག་གླེགས་བམ་དུ་འཁོད་དང་མ་འཁོད་ཀྱི་ཐག་གཅོད་ནི་མངོན་བསྟོད་གླེགས་བམ་རྩོམ་སྒྲིག་ཚོགས་ཆུང་ནས་གནང་རྒྱུ་ཡིན་པ་སྔོན་ཚུད་ནས་མཁྱེན་རྟོགས་དགོས་རྒྱུ། རྩོམ་ཡིག་རྣམས་རྩོམ་པ་པོ་སོ་སོའི་དངོས་མིང་དང་ལོ་རྒྱུས་མདོར་བསྡུས་རེ་བཅས་ ༢༠༡༤ ཕྱི་ཟླ་ ༩ ཚེས་ ༣༠ གོང་དུ་གཤམ་བཀོད་གློག་འཕྲིན་ནམ་ཡིག་ཟམ་ཁ་བྱང་ཐོག་ངེས་གནང་ཡོང་བ་དེ་དོན་དགོངས་འཇགས་ཞུ། མངོན་བསྟོད་གླེགས་བམ་རྩོམ་སྒྲིག་ཚོགས་ཆུང་ནས་ ༢༠༡༤ ཕྱི་ཟླ་ ༨ ཚེས་ ༢༠ ལ་ཕུལ།།
ཡིག་ཟམ་ཁ་བྱང་།
Lha office
Temple Road, Mcloed Ganj-17629
Dharamshala, Distt. Kangra H.P India
གློག་འཕྲིན་ཁ་བྱང་།
ཁ་པར་ཨང་གྲངས།
98166 89222
སྐད་འཕྲིན་ (WeChat) ཁ་བྱང་།
FIREDRAGON1977 ཡང་ན་ 98166 89222
NOTICE
Articles for Prof. Samdhong Rinpoche’s Felicitation Volume
Attention all interested poets and writers across the globe,
As we know, 5th November 2014 is the 75th birthday of His Eminence the Professor Samdhong Rinpoche. In admiration of his vast knowledge in philosophy and many other fields, and in gratitude for his services and contributions towards Tibetan community in both spiritual and secular matters, the alumni of the Central University of Tibetan Studies (CUTS), Varanasi will be marking this day with a grand celebration at CUTS.
Taking the opportunity on this occasion, Lha Charitable Trust, Institute for social work and Education, in collaboration with some young Tibetans spontaneously and voluntarily, plan to publish a book to be brought out as a felicitation volume in honor of Professor Samdhong Rinpoche. We are creating this platform for everyone to send their message or greeting through articles, write-ups, etc. to Rinpoche on his birthday. Therefore, we would like to invite writers and poets around the world to contribute their writings (in Tibetan or English language) in acclamation of Rinpoche’s immeasurable services and contributions towards the Tibetan society. There are no word limits or specific topics. The final decision, whether or not to publish your writing, will be made by the editorial board. All the interested writers are requested to send their writings with their names and brief introduction on or before 30th September 2014 on the details below.
Thank you
Editorial board
Prof. Samdhong Rinpoche’s Felicitation volume
Email:
Post Address:
Lha office
Temple Road, Mcloed Ganj-17629
Dharamshala, Distt. Kangra H.P India
Mobile:
98166 89222
WeChat ID
FIREDRAGON1977 or 98166 89222
ཧ་ཧ་ ད་ཡང་ཟམ་གདོང་བླ་མའི་མངོན་རྟོགས་དེབ་ཆེན་ཞིག་ཐོན་རེན་འདུག། འདི་ཚོའི་རྒྱུ་འགྲོན་བོད་སྤྱི་དང་ཉམ་ཐག་ཚོ་་ལ་ཕན་ན་ཡག་ག་ལ་། ད་ང་ཚོ་བོད་པ་ཚང་ལ་དགོས་ས་ནས་ཆད་། མི་དགོས་ས་་ནས་ལྷག་ཡོང་དུས། ད་ཡིན་ན་ཡང་ཟམ་གདོང་བླ་མ་ལ་ཡང་ཁ་མིག་ཡར་བལྟ་དགོས་སའི་ཆ་ཡང་དངོས་གནས་མང་དག་ཞིག་ཡོད་ལ་། ཡར་བལྟ་བྱེད་རུང་བའི་ཆ་ཡང་མང་ངོ་།
ཆོས་པའི་གཟུགས་བརྙན་སྲིད་ལ་ཁ་ལོ་སྒྱུར།།
སྟོན་པའི་མཛད་པ་ཀུན་དང་རྒྱབ་འགར་སྤྱོད།།
ད་དུང་གཞན་ཕན་ཡིན་ཟེར་ཁ་ཕོ་སྒྲོག །
ཟ་གདོངས་བླ་མའི་མཛད་པ་རྨད་དུ་བྱུང་།།
ལས་གཞིར་འདི་ནི་ཧ་ཅང་གལ་གནད་ཆེ་བ་དང་། འོས་བབས་ཆེ་བ་ཞིག་ཡིན། ཁོང་ལྟ་བུའི་འཁྲུངས་སྐར་བསུ་རྒྱུ་ནི་ལས་འབྲས་དང་བཟང་སྤྱོད་གང་ཅིའི་ཐད་ནས་དགོས་ངེས་ཡིན། འོན་སྟེ་བློ་སྙིང་དགྲ་ལ་ཕྱོགས་ཤིང་། ཁ་ཕོར་སྒེར་ཆུས་དང་། ཕྱོགས་རིས་ཀྱི་གདོན་ནད་ཅན་ཚོས་མིག་སྔར་མི་འཐད་མོད། བྱས་པ་དྲིན་དུ་གོ་བའི་སྐྱེས་བུ་ཚོ་ལ་གཏམ་བཟང་ཞིག་ལོས་ཡིན། མདོར་ན་ལས་གཞི་འདི་དང་འབྲེལ་ཡོད་དོ་ཅོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
སློབ་དཔོན་ཟམ་གདོང་རིན་པོ་ཆེར། ཅོ་འདྲི་བྱེད་པོ་སུ་ཡིན་རུང་། དོན་ལ་རང་ཉིད་སྒེར་གྱི་འདོད་བློ་མི་ཁེངས་ཤིང་། ཕྲག་དོག་མངོན་གྱུར་དུ་འབུད་པའི་རྣམ་པ་ཞིག་ལས་གཞན་རྒྱུ་མཚན་ཡོད་པ་ཞིག་མ་མཐོང་།
ཤེས་འཇོན་དེ་ལྟ་བུ་མངའ་བའི་རང་རིགས་མི་སྣ་སུ་རུང་། ཆོལ་ཁ་གང་དུ་གཏོགས་རུང་། ཆོས་ལུགས་གང་ཡིན་ལ་ཁྱད་པར་མེད་པར་གུས་བཏུད་འོས་པ་ལོས་ཡིན། ང་རང་སྒེར་ཐོགས་ཁོང་ལ་མི་མོས་པའི་རྣམ་པ་འགའ་ཡོད་རུང་། སྤྱི་ཐོགས་བསམ་ན་ཁོང་ནི་ནམ་ཡང་ཡི་རང་ཞུ་དགོས་པ་ཞིག་ཏུ་མཐོང་།
སློབ་དཔོན་ཟམ་གདོང་སློབ་པར་མཁས། །
མཁས་དབང་ཟམ་གདོང་གཏམ་བཤད་མཁས། །
ཁྲི་ཟུར་ཟམ་གདོང་སྲིད་ལ་མཁས། །
སློབ་མཁས་ཁྲི་ཟུར་ཀུན་ལ་མཁས། །
༧གོང་ས་མཆོག་དང་། པན་ཆེན་བཅུ་པ། ཟམ་གདོང་བླ་མ་བཅས་མེད་ན། ད་ཆ་བིད་ཕྱི་ནང་གཉིས་ཀའི་ནང་ལ་ནང་ལ་བོད་པའི་ངོ་བོ་འདི་ཡིན་ཟེར་བ་ཞིག་མེད་ཁོ་ཐག་རེད། ད་ལྟོས་དང་། དེང་སང་བོད་ཕྱི་ནང་གཉིས་ཀ་ནས་བོད་པའི་སྐད་ཡིག་དང་ཆོས་དང་རིག་གཞུང་སོགས་གནས་སྟངས་ཅི་འདྲ་ཞིག་གི་ཐོག་བསླེབས་འདུག
སྐུ་ལ་ཆོས་གོས་དམར་སེར་རྒྱུན་ཏུ་གསོལ།།
གསུང་ལ་སྐད་རིགས་སྣ་ཚོགས་ཆུ་བཞིན་རྡོལ།།
ཐུགས་ལ་རྡོ་རྗེ་ཤུགས་ལྡན་མངོན་སུམ་གྲུབ།།
བཀའ་བློན་ཟམ་གདོང་ཞི་བདེ་དབུ་མའི་རྒྱན།།
ཟམ་གདོང་བླ་མ་བསྟོད་ན་དགའ།།
དུས་གསར་ཕོ་མོ་སྨད་ལ་དགའ།།
མངོན་པར་བསྟོད་པའི་གཏམ་དགོས་ན།
ལུས་ངག་ཡིད་་གསུམ་སྒོམ་ལ་བཞུགས།།
མཁས་དང་མི་མཁས་སུ་ཡིས་ཤེས།།
བཤད་དགོས་བྱུང་ན་བཤད་ཡ་མང་།།
ཆོས་བ་ཡིན་མིན་སུ་ཡིས་ཤེས།།
སྲིད་ཀྱི་ཁྲོམ་ན་ནག་འབུར་འབུར།།
གཱན་ངྷིའི་ལྟ་བ་ཐུགས་ན་ཡོད།
ཕྱག་སོར་ཉམ་ལེན་ཡོད་དུས་མེད།
སེར་སྣ་བསགས་པས་རྒྱལ་ཁབ་བསྐྱངས།
བཙན་བྱོལ་སྡུག་བསྔལ་བསལ་མ་ཐུབ།
༧རྒྱལ་བའི་ཐུགས་སྲས་ཡིན་ཡིན་འདྲ།
ཁོང་གཉིས་འདྲ་འདྲ་འཛིན་པ་འདྲ།
འདྲ་འདྲར་འདྲེན་སེམས་ཡོད་ནི་འདྲ།
ཟམ་གདོང་སྐུ་ངོས་སུ་རེད་དམ།།
དུས་ལ་བབ་པའི་ཕྱག་ལས་དང། བོད་སྤྱིའི་བསོད་ནམས་གོང་མཐོར་འཕེལ་བའི་ལེགས་ཚོགས་ཆེན་པོ་ཡིན་སྟབས། རྗེས་སུ་ཡི་རང་དང་དགའ་བསུ་ཞུ།
ཟམ་གདོང་བླ་མ་ནི་སྤོ་ལོ་རིལ་རིལ་ཞིག་དང་གཉིས་སུ་མེད། སུ་ཞིག་གིས་ཁོང་ཤུགས་ག་ཚོད་ཀྱིས་ས་ལ་མར་བརྡབ་པ་དེ་ཚོད་ཀྱིས་ཡར་གནམ་ལ་འཕར་གྱིན་རེད། ཧཧཧཧཧཧཧཧ། བོད་ཁ་བ་གངས་ཅན་གྱི་ལྗོངས་འདིར་ཁོར་ལྟ་བུའི་ཁྱད་མཛངས་ལྡན་པའི་སྐྱེས་བུ་ཞིག་འཁྲུངས་འདུག་ཨ། ངོ་མ་ངོ་མཚར་ཆེ།
བོད་ནང་གི་མི་མང་པོ་ཞིག་གིས་ཟམ་གདོང་རིན་པོ་ཆེར་དད་གུས་ཆེན་པོ་ཞུ་བཞིན་འདུག སྔོན་མ་༢༠༡༢ལོའི་དུས་འཁོར་དབང་ཆེན་སྐབས་ལ། ཟམ་གདོང་རིན་པོ་ཆེ་བཞུགས་སའི་མགྲོན་ཁང་ཕྱི་ལ་ཉིན་ལྟར་གསར་འབྱོར་བ་བརྒྱ་ལྷག་ཁོང་མཇལ་བར་ཕེབས། གཙོ་བོ་ཟམ་གདོང་རིན་པོ་ཆེས་གོང་ས་མཆོག་གི་བཀའ་བསྒྲུབས་ནས་བོད་ཀྱི་ཆོས་སྲིད་གཉིས་ལ་ཞབས་འདེགས་བསྒྲུབས་པ་དེ་བོད་ནང་ལ་ཤུགས་ཆེར་མཁྱེན་གྱི་ཡོད་ཚོད།
དེར་བརྟེན། བོད་ནང་གི་གཞི་ལུས་མི་དམངས་ཀྱི་མངོན་འདོད་ལ་གུས་བཀུར་ཞུས་ནས། བཀའ་བློན་ཁྲི་ཟུར་ཁོང་ལ་སེམས་གཏིང་ནས་གུས་བཏུད་ཞུའོ།
གང་གི་མཁྱེན་བརྩེའི་ཆུ་འཛིན་ཉིད།
དམན་དང་མགོན་མེད་ཚ་གདུང་འགྲོ།
སིལ་མཛད་སྐུ་ཚེ་ཡུད་གཅིག་ཟད།
ཟམ་གདོང་བླ་མ་མགོན་མེད་གཉེན།
མཁས་དབང་ཟམ་གདོང་རིན་པོ་ཆེའི་གསོལ་འདེབས་གོས་མེད་གཅེར་བུ་མ།
ཁམས་ཀྱི་མི་ལ་དབུས་པའི་སྨྲ་ལྕེ་མངའ།།
གཙང་པའི་ཇུས་ལ་ཨ་མདོའི་རིག་པ་ལྡན།།
རིས་མེད་གཟུགས་ལ་དགེ་བསྟན་གློ་སྙིང་ཅན།།
ཟམ་གདོང་ཞི་བར་བཞེངས་ལ་གསོལ་བ་འདེབས།།
ཆོས་པའི་གཟུགས་ལ་གཡོ་སྒྱུའི་གདུག་སེམས་ལྡན།།
བོད་པའི་གདོང་ལ་ཁ་ཆེའི་རྣམ་འགྱུར་མངོན།།
ལུག་གི་མཆུ་ལ་ཁྱི་སྤྱང་འགྲམ་སོ་ཅན།།
ཟམ་གདོང་དྲག་པོར་ཁྲོས་ལ་གསོལ་བ་འདེབས།།
མངོན་པའི་ཚུལ་ལ་ཧྲུལ་བོའི་གོས་སློག་གྱོན།།
མི་མངོན་རྒྱབ་ན་ཕུན་ཚོགས་འཚོ་བར་རོལ།།
ཉམ་ཆུང་ཟོལ་གྱིས་གཞན་ངོར་མུག་ཤི་བགྲང་།།
ཟབ་གདོང་སྤྲང་ཚུགས་འཛིན་ལ་གསོལ་བ་འདེབས།།
རྒྱལ་བར་རྒྱལ་ཁ་མི་འཐོབ་མཁྱེན་ནས་སུ།།
སྤྱི་དོན་སྤྱི་འབངས་ཕལ་གྱི་སྟེང་དུ་གཡུག །
བགྲེས་ཡོལ་བགྲེས་པོའི་གཏམ་སྙན་སྒྲོགས་བཅུག་པའི།།
ཟབ་གདོང་ཡོངས་སུ་འཛིན་ལ་གསོལ་བ་འདེབས།།
བོད་ཀྱི་སྲིད་ཁྲིར་མི་ལོ་བཅུ་ཕྲག་འགྱིངས།།
བོད་སྐྱོབས་རོགས་དངུལ་ཟོས་ནས་རྒས་པའི་མཐར།།
བོད་དོན་ཡིད་ལ་མེད་པའི་བསྒྲགས་གཏམ་སྤེལ།།
ཟབ་གདོང་ངོ་ཚ་མེད་ལ་གསོལ་བ་འདེབས།།
དབུ་མའི་ལམ་ནི་མཐའ་བརྒྱད་བྲལ་ཚུལ་གླེང་།།
རང་བཙན་འཐབ་རྩོད་སྐྱོན་བརྒྱད་ལྡན་ཚུལ་བཤད།།
དགེ་སྐྱོན་དགག་སྒྲུབ་བར་ནས་བོད་དོན་བརླགས།།
ཟམ་གདོང་མ་ནིང་བཀའ་ཁྲིར་གསོལ་བ་འདེབས།།
འཇམ་ནོར་མཐའ་རུ་སྤྱུགས་རྒྱུ་མ་སྔ་ཞིང་།།
ཟླ་ཚེ་གྲོགས་སུ་བཀུག་རྒྱུ་མ་འཕྱི་བས།།
ཁོག་གི་ཇུས་ངན་ལག་གི་སྟེང་ལོན་པའི།།
ཟམ་གདོང་གཏིང་ནག་ཅན་ལ་གསོལ་བ་འདེབས།
རང་བཙན་ཆེད་དུ་རང་སྲོག་དོར་དུས་བསྟོད།།
རང་བཙན་ཚོགས་པར་རང་དབང་བཤད་དུས་སྨད།།
བསྟོད་སྨད་བར་ནས་དབུ་ལམ་དབུ་དེ་ཆད།།
ཟམ་གདོང་སྟོང་པ་ཉིད་ལ་གསོལ་བ་འདེབས།།
རེ་བ་ཆད་ནས་རེ་འདུན་དམངས་ལ་བཅོལ།།
སེང་ཆེན་ཟུར་བཏོན་སེང་ཕྲུག་ཁྲི་ལ་བཀོད།།
བོད་གཞུང་བཤས་ཏེ་བོད་ཕྲུག་མགོ་སྐོར་ཞུས།།
ཟམ་གདོང་འཕྲུལ་གྱི་རྒྱལ་པོར་གསོལ་བ་འདེབས།།
གཞིས་ཀྱི་པཎ་ཆེན་མེ་བཙའ་ཆུང་ནས་བདས།།
བྱེས་ཀྱི་ཀརྨ་སུམ་སྒྲོག་རྒྱ་ལ་བཅུག།
མི་རྒྱབ་འདྲེ་འཛུལ་ཞི་བའི་སྨྲ་ལྕེ་ཅན།།
ཟམ་གདོང་གདོན་གཟུགས་འཛིན་ལ་གསོལ་བ་འདེབས།།
ཁམས་ལྗོངས་དཔའ་བོའི་མངོན་མཐོའི་བྱས་རྗེས་དག །
འགྲན་པར་མ་ནུས་ནང་ཁུལ་ཁྲག་བཞིན་དཀྲུགས།།
མདོ་ཁམས་ཆུ་སྒང་དུམ་བུར་བཏུབ་པའི་བུ།།
ཟམ་གདོང་ནག་ཉེས་ཅན་ལ་གསོལ་བ་འདེབས།།
རྒྱལ་པོ་ཤུགས་ལྡན་ལྐོག་ནས་སྙིང་ལྟར་གཅེས།།
རྒྱལ་བ་ཐུག་དུས་ཁ་ནས་འདྲེ་རེད་གསུངས།།
དགེ་ལྡན་དུམ་གཉིས་བར་ལ་ཌ་རུ་བཀྲོལ།།
ཟམ་གདོང་ཟློས་གར་མཁན་ལ་གསོལ་བ་འདེབས།།
རྡ་སའི་ནགས་སུ་ཆབ་སྲིད་དཔོན་ཐོབ་གཟུང་།།
སྐུ་མདུན་གམ་དུ་སྐུ་ཚེའི་ཇུས་འདོན་པ།།
རྒྱུད་སྟོད་སླེབས་དུས་རྒྱུད་ལུང་སྟོན་པའི་བཤེས།།
ཟམ་གདོང་ཞལ་གསུམ་སྤྲུལ་ལ་གསོལ་བ་འདེབས།།
ཝ་ཎཱའི་སློབ་གྲྭར་སློབ་དཔོན་ནེ་ཙོར་གྲགས།།
ཧིན་དྷུའི་ཚོགས་སུ་ས་དྷུའི་རྟུལ་ཞུགས་མཁན།།
སེར་འབྲས་དགའ་གསུམ་སེར་མོའི་ཆབ་སྲིད་རྒན།།
ཟམ་གདོང་སྒྱུ་མ་མཁན་ལ་གསོལ་བ་འདེབས།།
ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབས་པའི་འཐུས།།
བདག་སོགས་བོད་འབངས་ས་ཡ་དྲུག་པོ་འདི།།
གཉིས་སྨན་དབུ་མའི་ལམ་ནས་ཤར་བསྐྱོད་དེ།།
སྐར་ལྔའི་དར་དམར་འོག་ཏུ་ཚུད་པར་ཤོག ། །།
བོད་མི་རེ་རེས་ཉིན་རེ་ཚར་རེ་མ་ཆགས་པར་བཏོན་ན་བོད་དོན་བདེན་མཐའ་མྱུར་དུ་གསལ་བར་་ཐེ་ཚོམ་མེད།
བརྒྱུད་སྐུལ་གནང་རོགས། རང་དབང་ཞི་བདེས་༢༠༡༤་༥་༡༣་ཉིན།
སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག
ཕྱི་ནང་རིག་གནས་ཀུན་མཁྱེན་པཎ་ཌི་ཏ།།
གཞོན་ནུའི་དུས་ནས་དབུ་ལོ་དཀའ་པོའི་བར།།
གཞན་དོན་འཞིག་ལས་སུ་བྲེལ་ན་ཡང་།།
ཁྲེལ་མེད་བླུན་པོ་དག་གིས་ཆོ་ངེར་འདོན།།
ཁྱེད་ཀྱི་སྒམ་ཚུག་མཁྱེན་པའི་ཡོན་ཏན་ལ།།
ཡིད་དབང་མི་འཕྲོག་གཟུར་གནས་མེད་ན་ཡང་།།
ཕྲག་དོགས་གདོན་གྱིས་སྦོས་པའི་ཐ་ཤལ་འགའི།།
ཕྱོགས་རིས་སྙིང་གི་ནད་རྟགས་ཕྱི་རུ་མངོན།།
འོན་ཀྱང་ཁྱེད་ཀྱི་གསང་གསུམ་མཛད་འཕྲིན་གྱིས།།
མཁའ་དབྱིངས་རྒྱུད་སྐར་དབུས་ཀྱི་དུང་ཟླ་ཡིས།།
མཚན་མོའི་སྨག་རིམ་འོད་ཀྱིས་ཁྱབ་པ་བཞིན། །
རྨོངས་པའི་མིན་པ་མ་ལུས་འཇོམས་པར་མཛད།།
སྔོན་ཚེ་ལས་སྨོན་ལོག་པའི་སྐྱེ་བོ་དག །
བླང་འདོར་གནས་ལ་བློ་གྲོས་མཐུ་རྩལ་དབེན།།
ཡང་དག་ལེགས་བཤད་སྣོད་བཟང་མི་ལྡན་པས།།
ཁྱེད་ལ་ལོག་པར་བལྟ་འདི་སྙིང་རྗེའི་ཡུལ།།
རང་ཉིད་ས་གསུམ་བདག་པོར་འདོད་ན་ཡང་།།
ཀུན་སྤྱོད་ཚད་ལ་གཞལ་བའི་དུས་རབས་ནང་།།
ཆེ་འདོད་ཅན་ལ་དེ་ལྟར་དཀའ་བ་ནི།།
ཁ་ཆེ་ཕ་ལུའི་སྙིང་གཏམ་ཡིད་ལ་ཟུངས། །
གཞན་གྱི་དཔལ་ཡོན་མི་བཟོད་འགྲན་སེམས་ནི། །
རང་ཉིད་སྡུག་བསྔལ་གནས་སུ་བརྫངས་བྱེད་ལས།།
ཕ་རོལ་རྒོལ་བའི་ཐབས་ཤེས་མ་ཡིན་པས། །
རྒྱུན་དུ་ཀུན་སྤྱོད་མི་དང་མཐུན་པར་མཛོད། །
ཀུན་གྱིས་བཀུར་ཡུལ་སྐྱེས་བུ་གང་ཡིན་པར། །
མི་འདོད་ཆོ་ངེ་ཇི་ཙམ་འདོན་ན་ཡང་། །
རང་གཤིས་སྐྱག་དོང་དཀྲུག་པའི་དྲི་ངན་ལས། །
གཟུར་གནས་སུ་ཤིག་དེ་ལ་ཡིད་སྨོན་ཤོར། །
གནས་ལུགས་བདེན་པ་བརྡར་ན་མགོ་བོ་ན། །
བདེན་རྫུན་ཤན་ལ་འབྱེད་དུས་ལྕེ་རྩེ་ཐུང་། །
རྟག་ཏུ་རང་མགོ་རྡོ་ཡིས་རྡུང་མཁན་ཚོ། །
ཀུན་སྤྱོད་མི་དང་མཐུན་ན་ཅི་མ་རུང་། །
དགྲ་གཉེན་དབྱེ་འབྱེད་མི་ཤེས་རྨོངས་སྤྱོད་ཀུན། །
ཞི་ནས་བདེན་པའི་ལམ་ཆེན་བགྲོད་པའི་ཚེ། །
ཕྱོགས་ཞེན་རབ་རིབ་དྲི་མས་མ་སྦག་པར། །
རང་ངོ་རང་གིས་ཤེས་པའི་ཐབས་སུ་བརྩོན། །
ཕྱིར་ནང་གོ་ལྡོག་ཅན་གྱི་མི་བུ་ནི། །
རྐང་གཉིས་ལྡན་པའི་འགྲོ་བ་མི་གཟུགས་ལས། །
དོན་དངོས་གླེན་ལྐུགས་ཅན་གྱི་དུད་འགྲོ་དང་། །
བཟང་ངན་དབྱེ་འབྱེད་ཧ་ཅང་དཀའ་བ་ཡིན། །
ཚིག་གི་མདའ་མོ་གཞན་ལ་འཕེན་པ་འདིར། །
རྣམ་དཔྱོད་ཅན་ཚོའི་ཐུགས་ལ་མི་མཛའ་རུང་། །
རང་སྣང་གདོན་གྱིས་ཟིན་པའི་སྐྱེ་བོ་འགར། །
བག་ཡོད་བྱོས་ཤིག་ཅེས་པའི་སྐུལ་མ་བཏང་། །
སུ་ལ་འཕོག་ཀྱང་དེ་ལ་སྤྲིངས་པའི་འཕྲིན། །
བཟོད་གཟོལ་བཤཊ་པ་ནམ་ཡང་ཞུ་འདོད་མེད། །
ཚུལ་མཐུ་གྲོགས་ཀྱི་དྭངས་མའི་ཚོགས་ལ་ནི། །
ནམ་ཡང་ཐུཊ་སུ་འཕོག་པའི་དོགས་གནས་མེད། །
འདི་ནི་བཅོས་མིན་བདེན་གཏམ་ངོ་མ་ཡིན། །
འདི་ནི་བདག་གི་རང་གཤིས་གསལ་བྱེད་ཡིན། །
འདི་ནི་བདག་གི་ལྟ་གྲུབ་ངོ་མ་ཡིན། །
འདི་ནི་རྒྱུན་རིན་སྦས་པའི་བསམ་ཚུལའང་ཡིན།།
ཡིག་ནོར/ གཞན་དོན་འབའ་ཞིག་ལ་ཆོས་
གོང་གི་བློ་བཟང་རིག་འཛིན་ཟེར་བ་འདིས་ཧ་གོ་པ་རེད་དམ་ཡང་ན་ཆེད་དུ་རྩོམ་ཡིག་དེ་བརྒྱུད་སྐུལ་བྱེད་ཀྱི་ཡོད་རེད།
གྲོགས་འཇམ་གཅེས་ལགས་ཀྱི་གསུངས་པ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད།
སྐྱག་འབུ་སྨྱུག་གུ་ཐོགས་པ་དེ་དག་ནི་ཆོས་ལུགས་ཀྱི་ཞེན་ཁོག་ཟེར་བའི་བཟི་སྨན་དེ་དང་། ཆོལ་ཁའི་དབྱེ་འབྱེད་ཟེར་བའི་སྨྱོ་ཆུའི་བཟི་ལས་ད་དུང་དྭངས་མི་འདུག ཨ་ཁ་ཁ། འདི་རིང་སྨྱོ་གཏམ་བཤད་ས་ཟམ་གདོང་བླ་མ་རེད། སང་ཉིན་བཟི་གཏམ་འཆད་ས་དེ་ཕལ་ཆེར་༧གོང་ས་མཆོག་ཡིན་རྒྱུ་རེད།
བླུན་པོ་བདེན་རྫུན་འབྱེད་པའི་མཐུ་མེད་པས།།
རང་ཕྱོགས་གང་ཡིན་རང་དྲིན་གང་ཆེ་ལ།།
བསྟོད་པར་གཞོལ་ཞིང་གཞན་ལ་སྨ་པར་བྱེད།།
འདི་ནི་འཇིག་རྟེན་མུན་པའི་རྣམ་པ་ལགས།།
དོན་ལ་བདེན་རྫུན་འབྱེད་པའི་མཐུ་ཡོད་ན།།
རང་ཕྱོགས་གང་ཡིན་རང་དྲིན་གང་ཆེ་ཙམ།།
གཙུག་ཏུ་མ་བཀུར་ཀུན་ལ་བརྟགས་མཛོད།།
ཀུན་ཀྱི་ནང་ན་ཀུན་ལས་ལྷག་པ་མེད།།
དབང་ཆེན་དཔོན་གནས་མཁས་པའི་གྲགས་སྙན་དང་། །
དགོས་འདོད་ནོར་དང་བཙན་པོའི་སྟོབས་ཤུགས་སོགས། །
གང་ཡང་མི་ལྡན་ནུས་མེད་སྤྲང་རྒན་ང་། །
གསད་ཀྱང་གནས་ལུགས་རྒོལ་འདོད་སེམས་ལ་མེ། །
འཇམ་པོའི་ངོ་བསྟོད་རྩུབ་མོའི་ཚིག་རྩུབ་སོགས།།
དགྲ་དང་མཛའ་གྲོགས་གཉེན་བཤེས་སུས་སྨྲས་ཀྱང་།།
ལྷན་སྐྱེས་གཤིས་སུ་གྲུབ་པའི་ལྟ་དཔྱོད་འདི། །
གང་འདོད་རྩེད་ཆས་སྤྱོད་ན་མི་བུ་མིན། །
རང་གཤིས་མི་གཙང་སྐྱག་པའི་ཁང་ཆེན་དེའི།།
ནང་གི་དེ་ཉིད་དཔྱོད་བྱེད་བློ་མིག་ཞར། །
འགྲན་མེད་གཞན་གྱི་དཔའ་ཡོན་མཐོང་བའི་ཚེ། །
མི་བཟོད་ཆོ་ངེར་འདོན་མཁན་ཡ་ངའི་གནས། །
ཡིག་ནོར/ སེམས་ལ་མེད་་་་་
ཟམ་གདོང་བླ་མ་ཕྱི་མའི་སྐྱབས་གནས་མིན།
མཁྱེན་པ་རྟོག་པ་མི་འདུག་ཟེར་བ་འང་མིན།
ཟམ་གདོང་བླ་མ་ཚེས་འདིའི་དཔོན་ཞིག་ཡིན།
བཀའ་དྲིན་རྩ་ནས་མི་འདུག་ཟེར་བ་འང་མིན།
མདོར་ན་བོད་ཀྱི་མྱི་རབས་རྒན་པ་ལ།
གུས་བ་ཡ་རབ་ཞིག་གི་ཡོན་ཏན་ཡིན།
ཟམ་གདོང་བླ་མའི་སྐུ་ཚེ་བརྟན་པ་དང་།།
བསྟོད་པ་གནམ་ས་གང་པ་ཐོས་བར་ཤོག།
བསྟོད་སྨད་ངན་བསྐུར་སྒྲོ་མདོག་གང་བྱས་ཀྱང་།།
ཟམ་གདོང་བླ་མ་ཁེ་གྱོང་ཡོད་མ་ཡིན། །
དེ་ལས་མི་བུ་སོ་སོའི་ཀུན་སྤྱོད་དག །
མི་སྔོན་ཇི་ལྟར་བཤམ་མིན་སོ་སོར་དབང་། །
སྐྱབས་གཞན་ལ་བཅོལ་ན་སྨྱོན་པ་རེད།
དེ་མི་བྱེད་མཁས་པའི་རྟགས་གཅིག་རེད།
སྨད་གཞན་ལ་བཏང་ན་བྱབ་ཆུང་རེད།
དེ་མི་བྱེད་རྒོད་པོའི་རྟགས་གཅིག་རེད།
སྤྱིར་བླུན་པོ་བོང་བུ་མགོ་སྟོང་ལ།
སྣོད་དྲི་ཅན་ཡི་གེ་ཅུང་ཟད་ཤེས།
ལག་བདེ་མོ་དྲ་རྒྱ་བཀོལ་ཙམ་ནས།
ལར་སློབ་དཔོན་ཀུན་ལ་སྡང་ཟུག་བརྒྱབ།
ཁྱོད་མགོ་སྟོང་སྣོད་ཆས་དྲི་མ་ཅན།
སུ་ཡིས་སྐྱོང་ན་སུ་ལ་སྡང་བྱེད་པ།
འགྲོ་བ་ཀུན་གྱི་ཀླུད་ཅན་ངན་འགྲོ་བ།
ཁྱོད་སུ་ལ་མི་མཁོ་སུ་ཡིས་ཁྱོད་ལ་གཟིགས།
སྤྱིར་ཁ་བ་ཅན་ལ་བཀའ་དྲིན་ཆེ།
སྒེར་བཙན་བྱོལ་བ་ལ་དྲིན་ཆེ་བ།
བོད་གཉན་ཕྲང་འགྲིམ་དུས་ལམ་སྟོན་པ།
གཉེན་ཟམ་གདོང་ཉམས་ཆུང་ཚོ་ལ་ཕན།
ཕལ་ཆེར་༡༩༧༠ ལ་ཡིན་ངེས། དེའི་དུས་ང་ཡང་བོད་མཐོ་རིམ་སློབ་གྲྭར་ཞབས་ཏོག་ཞུ་བཞིན་པའི་སློབ་པ་པོ་ཞིག་ཡིན། ཟམ་གདོང་རིན་པོ་ཆེ། དྲང་བདེན་གྱིས་སློབ་ཁྲིམས་སོགས་སྐྱོང་ཐུབ་པའི་མཁས་པ་ཞིག་ཏུ་མཇལ། རྒྱ་གར་པ་མཁས་པ་མང་པོས་ཀྱང་བསྟོད་བསྔགས་ཞུ། དེའི་དུས་བོད་ཀྱི་མཐོ་རིམ་སློབ་གྲྭའི་སློབ་དགེ་ཚང་མ་སློབ་པ་པོ་ཞེས་པ་སློབ་དགེ་དམའ་ཤོས་དེ་ཡིན། བདག་ལྡི་ལིར་སློབ་གྭ་ཆེན་མོར་སློབ་དགེ་འབྲིང་གི་ལས་བྱེད་པར་འགྲོ་རྩིས་བྱེད་པ་ན། བོད་མཐོ་རིམ་སློབ་ཆེན་མོར་རྒྱ་གར་གཞུང་ནས་སློབ་དགེ་འབྲིང་འཆད་པ་པོ་ལ་ཕོགས་ཁས་བླངས་བྱས་ཡོད་པ་ནས། གཅིག་ཁྱེད་ལ་སྤྲད་ཆོག་གསུངས་། འོན་ཀྱང་ཕྲན་གྱིས་ཧིནྡ་སྐད་དང་། ལེགས་སྦྱར་ཕྲན་བུ་ཤེས་པ་ལས། དཔལ་ནཱ་ལཱནྡཱ་ནས་བོད་དུ་དར་བའི་གཞུང་ལུགས་མི་ཤེས་པས། དེ་བས་གཞུང་ལུགས་མཁྱེན་མཁན་ཞིག་ལ་འབུལ་ན། ཕན་ཐོགས་ཆེ་བས་ངོས་ལེན་མ་ཞུས། མཇུག་ཏུ་ལྡི་ལི་སློབ་གྲྭ་ཆེན་མོར་ལས་བྱེད་པར་བོད་ཀྱི་མཐོ་རིམ་སློབ་གྲྭ་ཆེན་པོ་ལ་དགག་ཆ་གང་ཡང་མེད། ཅེས་ཟམ་་གདོང་རིན་པོ་ཆེས་ཐུགས་དགྱེས་ཆེན་པོས་ཕྱག་རྟགས་སྐྱོན། རིན་པོ་ཆེ་མཆོག་ཞབས་པད་བརྟན་པ་དང་། བོད་དང་བོད་རིག་གཞུང་ལ་ཕན་པའི་མཛད་བཟང་གོང་ནས་གོང་འཕེལ་ལ་ཡིད་སྨོན་ཞུའོ།
ཟམ་གདོང་རིན་པོ་ཆེས་བོད་ཀྱི་སྐད་ཡིག་རིག་གཞུང་སོགས་ལ་འཛིན་སྤེལ་གྱི་མཛད་བཟང་ལ་ཁ་ཙམ་མིན་པ་གུས་ཞབས་ཡོད། བོད་ཀྱི་སྲིད་དོན་དང་སྤྱི་ཚོགས་ཀྱི་མཐུན་ལམ་འགའི་གནང་ཕྱོགས་ལ་བློ་མ་བདེ། གང་ལྟར་མཛད་རྗེས་ལ་གཟིངས་སྟོད་དགོས་རྒྱུ་ནི་མིའི་བཟང་སྤྱོད་རེད།
ཟམ་གདོང་རིན་པོ་ཆེའི་མཁས་པའི་ཡོན་ཏན་ལ་གུས་ཞབས་ཡོད། འོན་ཀྱང་ཁོང་གིས་ཆབ་སྲིད་ཀྱི་ཕྱག་ལས་གནང་སྟངས་ལ་ང་རང་དགའ་པོ་གཏན་ནས་མེད།
མཁས་དབང་ཟམ་གདོང་རིན་པོ་ཆེ་ལ་མཁས་པའི་བྱ་བ་ལ་བསྟོད་དགོས་ན་བདེན་པ་རེད། ཡིན་ནའང་བོད་རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་དུ་ཕྱག་ལས་གནང་ཕྱོགས་ཐད་བསྟོད་འོས་པའི་གནས་གཅིག་ཀྱང་དཀའ་མོ་རེད། ལྷག་པར་ཆོས་ལུགས་འཐེན་འཁྱེར་དང་། རང་ལྟ་མཆོག་འཛིན་ཁོ་ནས་བཙན་བྱོལ་ནང་དུ་མཇུག་སྐྱངས་ཐུབ་མིན་ལ་མ་ལྟོས་པར་སྐྱུག་བྲོ་བའི་གནད་དོན་མང་པོ་ཞིག་ཡོད་པ་མཐོང་ཆོས་རེད། མཁས་པའི་བྱ་བ་ལ་བསྟོད་པར་འོས་བསྔགས་པར་འོས་སོ། །
དྲྭ་འབུ་མངའ་རིས་མིང་ཅན་ལ།
རྟ་བདུན་དབང་པོའི་འོད་ཀྱི་གླིང་བཞིར་ཁྱབ།།
བྱ་ཐན་འུག་པའི་མིག་ལ་མུན་པ་འཐུལ།།
དེ་ཡང་སྔོན་ཚེ་ལས་ཀྱི་འབྲས་བུ་ལས། །
སུ་ལ་འཁོན་དུ་འཛིན་པའི་གནས་མ་ཡིན། །
གསུམ་ལྡན་བླ་མའི་མཛད་བཟང་མཁའ་དང་མཉམ།།
ཁ་ཕོར་སྒེར་དོན་ཅན་ལ་སྙིང་དུ་གཟན། །
དེ་ཡང་སྨོན་ལམ་ལོག་དམ་བསྲིས་དངོས་གྲུབ་ལས། །
དྲང་བདེན་མི་བུ་ཞིག་གི་ཚུགས་ཀ་མིན། །
བླུན་པོས་རང་ལྟ་གསེར་གྱི་འདུ་ཤེས་དང་། །
གཞན་གྱི་དཔལ་ཡོན་གད་སྙིགས་འཛིན་པར་དགའ། །
ཚུལ་འདི་བླུན་པོ་དག་ལ་མཛའ་ན་ཡང་།།
གཟུར་སྐྱེས་བུ་དག་ནི་ཐུགས་སེམས་ཁྲེལ། །
དྲ་བདག་ལགས་དགོངས་དག་་མཆན་གཉིས་བརྩེགས་སའགྲོ་འདུག་་་་གཅིག་བསིབས་རོགས་གནངས་་་
དུས་རབས་ཀྱི་མཁས་པ་ཁོང་ལྟ་བུར་རྣམས་ལ་བསྟོད་པ་བྱེད་རྒྱུ་ནི་འོས་བབ་ངེས་ཅན་ཞིག་རེད། གུས་པས་ཀྱང་ངེས་པར་ཁོང་གི་རྣམ་དཔྱོད་དང་མཁས་མཛངས་ལ་ཆེ་མཐོང་དང་བརྩི་བཀུར་ཡི་རང་སོགས་ཞུ་ཆེད་གཅིག་འབྲི་ཨི་ཤེས་བལྟ་རྒྱུ་ཡིན།
གོང་གི་གསོལ་འདེབས་དང་འདི་གཉིས་ཏོག་སེ་ཁྱད་པར་འདུག་གཉིས་ཀ་མངོན་བསྟོད་གླེགས་བམ་ནང་བཀོད་བཞག་ན་ག་འདྲ་འདུག་་་་ཧ་ཧ་ཧ་་་་་་་་
མཁས་དབང་ཟམ་གདོང་རིན་པོ་ཆེའི་གསོལ་འདེབས་རྒྱན་མེད་གཅེར་བུ་མ།
ཁམས་ཀྱི་མི་ལ་དབུས་པའི་སྨྲ་ལྕེ་མངའ།།
གཙང་པའི་ཇུས་ལ་ཨ་མདོའི་རིག་པ་ལྡན།།
རིས་མེད་གཟུགས་ལ་དགེ་བསྟན་གློ་སྙིང་ཅན།།
ཟམ་གདོང་ཞི་བར་བཞེངས་ལ་གསོལ་བ་འདེབས།།
ཆོས་པའི་གཟུགས་ལ་གཡོ་སྒྱུའི་གདུག་སེམས་ལྡན།།
བོད་པའི་གདོང་ལ་ཁ་ཆེའི་རྣམ་འགྱུར་མངོན།།
ལུག་གི་ཁ་ལ་ཁྱི་སྤྱང་འགྲམ་སོ་ཅན།།
ཟམ་གདོང་དྲག་པོར་འཁྲོས་ལ་གསོལ་བ་འདེབས།།
མངོན་པའི་ཚུལ་ལ་ཧྲུལ་བོའི་གོས་སླག་གྱོན།།
མི་མངོན་རྒྱབ་ན་ཕུན་ཚོགས་འཚོ་བར་རོལ།།
ཉམས་ཆུང་ཟོལ་གྱིས་གཞན་ངོར་མུག་ཤི་བགྲང་།།
ཟབ་གདོང་སྤྲང་ཚུགས་འཛིན་ལ་གསོལ་བ་འདེབས།།
རྒྱལ་བར་རྒྱལ་ཁ་མི་འཐོབ་མཁྱེན་ནས་སུ།།
སྤྱི་དོན་སྤྱི་འབངས་ཕལ་གྱི་སྟེང་དུ་གཡུག །
བགྲེས་ཡོལ་བགྲེས་པོའི་གཏམ་སྙན་སྒྲོགས་བཅུག་པའི།།
ཟབ་གདོང་ཡོངས་སུ་འཛིན་ལ་གསོལ་བ་འདེབས།།
བོད་ཀྱི་སྲིད་ཁྲིར་མི་ལོ་བཅུ་ཕྲག་འགྱིངས།།
བོད་སྐྱོབས་རོགས་དངུལ་ཟོས་ནས་རྒས་པའི་མཐར།།
བོད་དོན་ཡིད་ལ་མེད་པའི་བསྒྲགས་གཏམ་སྤེལ།།
ཟབ་གདོང་ངོ་ཚ་མེད་ལ་གསོལ་བ་འདེབས།།
དབུ་མའི་ལམ་ནི་མཐའ་བརྒྱད་བྲལ་ཚུལ་གླེང་།།
རང་བཙན་འཐབ་རྩོད་སྐྱོན་བརྒྱད་ལྡན་ཚུལ་བཤད།།
མཐའ་སྐྱོན་དགག་སྒྲུབ་བར་ནས་བོད་དོན་བརླགས།།
ཟམ་གདོང་མ་ནིང་བཀའ་ཁྲིར་གསོལ་བ་འདེབས།།
འཇམ་ནོར་མཐའ་རུ་སྤྱུགས་རྒྱུ་མ་སྔ་ཞིང་།།
ཟླ་ཚེ་གྲོགས་སུ་བཀུག་རྒྱུ་མ་འཕྱི་བས།།
ཁོག་གི་ཇུས་ངན་ལག་གི་སྟེང་ལོན་པའི།།
ཟམ་གདོང་གཏིང་ནག་ཅན་ལ་གསོལ་བ་འདེབས།
རང་བཙན་ཆེད་དུ་རང་སྲོག་དོར་དུས་བསྟོད།།
རང་བཙན་ཚོགས་པར་རང་དབང་བཤད་དུས་སྨད།།
བསྟོད་སྨད་བར་ནས་དབུ་ལམ་དབུ་དེ་ཆད།།
ཟམ་གདོང་སྟོང་པ་ཉིད་ལ་གསོལ་བ་འདེབས།།
རེ་བ་ཆད་ནས་རེ་འདུན་དམངས་ལ་བཅོལ།།
སེང་ཆེན་ཟུར་བཏོན་སེང་ཕྲུག་ཁྲི་ལ་བཀོད།།
བོད་གཞུང་ཕྱིས་ཏེ་བོད་ཕྲུག་མགོ་སྐོར་ཞུས།།
ཟམ་གདོང་འཕྲུལ་གྱི་རྒྱལ་པོ་གསོལ་བ་འདེབས།།
གཞིས་ཀྱི་པཎ་ཆེན་མེ་བཙའ་ཆུང་ནས་བདས།།
བྱེས་ཀྱི་ཀརྨའི་ཁ་ལས་ཆེ་ནས་འཕྲོགས།།
མིང་སྙིང་སྲོག་གསུམ་གདན་ས་གསུམ་ལ་གཏད།།
ཟམ་གདོང་གདོན་གཟུགས་འཛིན་ལ་གསོལ་བ་འདེབས།།
ཁམས་ལྗོངས་དཔའ་བོའི་མངོན་མཐོའི་བྱས་པ་དག །
འགྲན་པར་མ་ནུས་ནང་ཁུལ་ཁྲག་བཞིན་དཀྲུགས།།
མདོ་ཁམས་ཆུ་སྒང་དུམ་བུར་བཏུབ་པའི་བུ།།
ཟམ་གདོང་ནག་ཉེས་ཅན་ལ་གསོལ་བ་འདེབས།།
རྒྱལ་པོ་ཤུགས་ལྡན་ལྐོག་ནས་སྙིང་ལྟར་གཅེས།།
རྒྱལ་བ་ཐུག་དུས་ཁ་ནས་འདྲེ་རེད་གསུངས།།
དགེ་ལྡན་དུམ་གཉིས་བར་ལ་དྷར་རུ་བཀྲོལ།།
ཟམ་གདོང་ཟློས་གར་མཁན་ལ་གསོལ་བ་འདེབས།།
རྡ་སའི་ནགས་སུ་གཞུང་སའི་སྐུ་ངོའི་ཚུལ།།
སྐུ་མདུན་གམ་དུ་སྐུ་ཚེའི་ཇུས་འདོམས་པ།།
རྒྱུད་སྟོད་སླེབས་དུས་རྒྱུད་ལུང་སྟོན་པའི་བཤེས།།
ཟམ་གདོང་ཞལ་གསུམ་སྤྲུལ་ལ་གསོལ་བ་འདེབས།།
ཝ་ཎཱའི་སློབ་གྲྭར་སློབ་དཔོན་ནེ་ཙོར་གྲགས།།
ཧིན་དྷུའི་ཚོགས་སུ་ས་དྷུའི་རྟུལ་ཞུགས་མཁན།།
སེར་འབྲས་དགའ་གསུམ་སེར་མོའི་ཆབ་སྲིད་རྒན།།
ཟམ་གདོང་སྒྱུ་མ་མཁན་ལ་གསོལ་བ་འདེབས།།
ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབས་པའི་འཐུས།།
བདག་སོགས་བོད་འབངས་ས་ཡ་དྲུག་པོ་འདི།།
གཉིས་སྨན་དབུ་མའི་ལམ་ནས་ཤར་བསྐྱོད་དེ།།
སྐར་ལྔའི་དར་དམར་འོག་ཏུ་ཚུད་པར་ཤོག ། །།
རང་དབང་ཞི་བདེས་༢༠༡༤་༥་༡༣་ཉིན།
བཀའ་དྲིན་རྗེས་དྲན།
ཀ་དག་འོད་གསལ་ཡོན་ཏན་རབ་རྫོགས་དབྱངས་ཀྱི་བདག་མོ་དབྱངས་ཅན་མ། །
ཁ་བའི་བུ་ངས་ཁྱེད་ཉིད་རེ་ནས་བསྟོད་ཡུལ་གོང་མར་མཆོད་བསྟོད་ཕུལ། །
ག་དུས་ཡིན་རུང་བཀའ་དྲིན་ཆེ་ཡང་སྨྱུག་འཛིན་མཁན་ཚོས་མ་བསྟོད་པའི། །
ང་ཚོའི་མེས་པོ་གཉིས་པ་ལྟ་བུར་ཟམ་གདོང་པཎ་ཆེན་སྙིང་ནས་འདུད། །
ཅ་ཅོའི་གཏམ་ལ་མགོ་བོ་འཁོར་ནས་རང་ཚུགས་ཤོར་བས་ལོ་རྒྱུས་མེད། །
ཆ་ལུགས་མི་གཅིག་ཕྱི་གླིང་ལད་མོ་བཟོ་འདོད་ཨ་གསར་ཁྱེད་ལ་མེད། །
ཇ་ཆང་བག་དང་ཚུལ་མིན་བརྟེན་ནས་ལ་རྒྱ་ཤོར་ཚུལ་ལོ་རྒྱུས་མེད། །
ཉ་མོ་ཇི་བཞིན་འཁྱུགས་འགྲོས་མེད་པའི་མཁས་དབང་ཁྱེད་ཉིད་སྙིང་ནས་དྲན། །
ཏ་ལའི་བླ་མའི་དགོངས་གཞི་རྟོགས་ནས་སྐུ་ཚེ་ཧྲིལ་པོ་གཞན་དོན་མཛད། །
ཐ་ཆད་མི་བུ་འབུར་འཇོམས་བྱས་ཏེ་བོད་གཞུང་བུ་ལོན་དོང་ནས་འདྲེན། །
ད་ལྟའི་དུས་འདིར་ཤེས་རིག་སྒྲོན་མེའི་སྣང་སྙན་མང་པོ་ཁྱེད་ཀྱི་དྲིན། །
ན་སོ་རྒན་པའི་གངས་ལྗོང་མཁས་མཆོག་ཁྱེད་མིན་སུ་ཞིག་གང་དུ་ཡོད། །
པ་ཊ་ལྟར་མཛེས་ཕྱི་ནང་རིག་གནས་མཁྱེན་རྒྱ་ཡངས་ཤིང་འཆད་རྩོད་མཁས། །
ཕ་བཟང་བུ་ཡི་རང་གཤིས་དེ་ཡིས་ས་སྟེང་ཝ་ཚོགས་ཟུར་གྱིས་གནོན། །
བ་གླང་ལྟ་བུ་བསམ་སྤྱོད་དོར་ནས་དུས་རབས་གསར་པའི་འགྱུར་འགྲོས་ནང་། །
མ་ཡུམ་གངས་ཅན་ཤེས་རིག་གཤོག་ཟུང་ཕྱོགས་ཀུན་བརྐྱངས་ཏེ་བཀའ་བཞིན་བསྒྲུབས། །
ཙ་དང་ལོ་མའི་གནས་མལ་བརྟེན་ཏེ་རིག་པའི་གནས་ལྔར་གསན་བསམ་མཛད། །
ཚ་གྲང་སྡུག་བསྔལ་ཇི་ལྟར་བྱུང་ཡང་བཟོད་པའི་གོ་ཆ་བཙན་པོ་གྱོན། །
ཛ་དྲག་དུས་སུ་སྙིང་སྟོབས་འཕེལ་བཞིན་འཁོར་སློབ་དུ་མར་ལམ་སྟོན་མཛད། །
ཝ་མོའི་གཡོ་སྒྱུར་གོམས་པ་ཆེ་བས་རུལ་སུངས་མཁན་དག་སྣ་མགོ་བརྡུང་།།
ཞྭ་གོས་ལ་སོགས་གྲྭ་རྐྱང་ཞིག་དང་མཚུངས་པར་སྤྱོད་བཞིན་དམངས་དོན་བསྒྲུབས། །
ཟ་འཐུང་ཙམ་ཡང་དོན་མཐུན་མི་ཤེས་རྨོངས་རྒན་ཚོགས་ཀྱིས་ཁྱེད་ཉིད་ལ། །
འ་འུར་ངན་སྨྲས་ཨུ་ཚུགས་བྱས་རུང་བྱམས་དང་སྙིང་རྗེའི་གནས་སུ་གཟིགས། །
ཡ་རབས་ཚུལ་མཐུན་སྐྱེས་མཆོག་ཁྱེད་ནི་གངས་ཅན་མགོན་པོའི་ཐུགས་སྲས་དངོས། །
ར་བ་གངས་ཅན་ཁ་བའི་ཞིང་དུ་སྐུ་ཡི་མཚན་དཔེའི་མེ་ཏོག་བཞད། །
ལ་ལུང་བརྒལ་ནས་འཕགས་ཡུལ་ཕེབས་ཏེ་གསུང་གི་ཟེ་འབྲུའི་མཆོད་སྤྲིན་ཕུལ། །
ཤཱཀྱའི་སྲས་པོ་ཉེ་བར་འཁོར་འདྲའི་ཐུགས་ཀྱི་ཡོན་ཏན་རབ་རྫོགས་ཤིང་། །
ས་ལའི་སྨན་ལྗོངས་མིང་དུ་གྲགས་པའི་རང་ཡུལ་བདེ་སྡུག་བརྩེ་བས་གཟིགས། །
ཧ་ལམ་གངས་རིའི་ཡུལ་ལྗོངས་འདི་ན་ཁྱེད་འདྲའི་སྐྱེས་ཆེན་དཀོན་པར་སྣང་། །
ཨ་ཕའི་རྐང་འདྲེན་ཁྱི་རྒན་འགའ་རེས་ཁྱེད་ལ་ངུ་ཟུགས་ཡང་ཡང་དང་། །
ཧ་ཅང་ཐལ་བས་དྲ་འབུ་འགའ་རེ་ཁྱེད་ཉིད་མི་བཟོད་རྟག་ཏུ་ངུ་། །
ཨ་ཕའི་བུ་ངས་དེ་དག་མཐོང་དུས་སེམས་ཀྱི་གཏིང་ནས་ཁྲེལ་དགོད་ཤོར། །
ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ནི། །
རྒྱལ་མཚོ་ལས་ཟབ་རི་རབ་ལས་མཐོ་བས། །
ཚུར་མཐོང་བདག་ལྟའི་གཞལ་བ་མི་ནུས་ཀྱང་། །
ཆ་ཤས་ཙམ་འདིའི་བཀའ་དྲིན་རྗེས་དྲན་ཞུའོ།། །།
ཟམ་དགོང་མཁས་ལ་སུའི་འགྲན་དུ་ནུས།།
ཟམ་གདོང་ཞལ་ལ་སུའི་འགྲན་དུ་ནུས།།
ཟམ་གདོང་ཐུགས་ལ་སུའི་འགྲན་དུ་ནུས།།
ཟམ་གདོང་བླ་མ་འགྲན་མེད་སྐྱེས་བུ་ཡིན།།
ཆོས་ཀྱི་ཕྱོགས་ལ་ཟམ་གདོང་བླ་མ་ཡིན།།
སྲིད་ཀྱི་ཕྱོགས་ལ་ཟམ་གདོང་ཁྲི་ཟུར་ཡིན།།
༧རྒྱལ་དབང་མཆོག་གི་ཕྱག་གཡས་ཡོངས་སུ་གྲགས།།
དབུ་ལམ་ལྟོན་མཁས་ཟམ་གདོང་བླ་མ་མཆོག
ཆོལ་ཁ་གསུམ་ན་ཁོང་ལས་སུ་ཞིག་ཡོད་།།
སྔོན་བྱོན་སུ་ཞིག་ཁོང་ལས་ལྷག་པ་འདུག
མ་འོངས་སུ་ཞིག་ཁོང་དང་མཉམ་བ་གྱུར།།
དུས་གསུམ་མེད་པའི་སྐྱེས་བུ་ཁོང་ཉིད་ཡིན།།
དོན་དངོས་ཐོག་ལ་ཁོང་ནི་མཁས་དབང་དང་།།
དོན་དངོས་ཐོག་ལ་ཁོང་ནི་སློབ་དཔོན་ཡིན།།
དོན་དངོས་ཐོག་ལ་ཁོང་ནི་བླ་མ་དང་།།
དོན་དངོས་ཐོག་ལ་ཁོང་ནི་གྲ་རྐྱང་ཡིན།།
སྔོན་གྱི་དུས་སུ་སློབ་དཔོན་ཨ་ནུ་དང་།།
བར་དུ་སྡེ་བ་ཚང་གི་སྲིད་སྐྱོང་དང་།།
ད་ལྟའི་དུས་ཀྱི་ཟམ་གདོང་པཎ་ཆེན་གསུམ།།
དུས་ཀྱི་སྔ་ཕྱི་ཙམ་ལས་བྱས་བརྗེས་གཅིག།
ཤ་རེའི་བུ་དང་ཟམ་གདོང་པཎ་ཆེན་གཉིས།།
ཤ་ཀྱཱ་ཐུབ་དང་ཏཱ་ལའི་བླ་མ་ལ།།
སྲིད་ཞུ་གནང་ལུགས་སྔོན་དང་དེང་ཙམ་གྱི།།
ཧེ་བག་ཙམ་ལས་གཞན་དུ་མ་མཆིས་སོ།།
འདྲྭ་འབུ་འགའ་ནི་ཆོས་ལུགས་འཐེན་འཁྱེར་དང་།།
ལ་ལ་དག་ནི་ཆོལ་ཁའི་རྙིང་ཞེན་གྱི།།
སྨྱོ་ཆུས་བཟི་ནས་སྐྱག་ཚང་སྨྲ་སྒོ་ལས།།
ཐོན་པ་དག་ནི་ཁྱི་སྐྱག་ལས་ཀྱང་བཙོག།
ཟམ་གདོང་བླ་མར་སྤེའུ་ལད་མེད་དང་གཅིག།
ཟམ་གདོང་བླ་མར་ཕྱོགས་རེས་མེད་དང་གཉིས།།
ཟམ་གདོང་བླ་མར་རུས་སྲུང་མེད་དང་གསུམ།།
དེ་གསུམ་མེད་པས་ཟམ་གདོང་བླ་མ་བརྗིད།།