༄༅།། དེ་རིང་ཕྱི་ཚེས ༦ ཉིན་གྱི་ཉིན་རྒྱབ་ཆུ་ཚོད ༡།༣༠ ནས ༤།༠༠ བར་མོན་གྷོ་བོད་སློབ་འཛིན་ཚོགས་སློབ་གྲྭར་དབུས་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་སྤྱི་ཁྱབ་རིག་གཞུང་འགན་འཛིན་ཤར་ཕྱོགས་ཁུག་རྟས་དབུ་མའི་ལམ་དང་རང་སྲིད་རང་སྐྱོང་སྐོར་སློབ་ཕྲུག་ཚོར་གཏམ་བཤད་དང་དྲི་བར་ལན་འདེབས་གནང་སོང། སློབ་གྲྭའི་འགན་འཛིན་སྐལ་བཟང་ལགས་ནས་ཤར་ཕྱོགས་ཁུག་རྟ་ངོ་སྤྲོད་དང་སྦྲགས་གཏམ་བཤད་མགོ་འཛུགས་བྱས།
སྐབས་དེར་སློབ་ཕྲུག་ཚོས་དབུ་མའི་ལམ་གྱི་སྲིད་བྱུས་ལ་སྔར་ལས་གོ་རྟོགས་ཆེ་རུ་གཏོང་དགོས་པ་དང། གནད་དོན་གང་ཡིན་ཡང་ད་ལྟ་ནས་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་པའི་གོམས་སྲོལ་ཆགས་དགོས་རྒྱུ་གལ་ཆེན་ཡིན་པ་སོགས་གསུངས་ཏེ། སློབ་ཕྲུག་ཚོས་ཚ་ཚ་འུར་འུར་གྱིས། རང་སྲིད་རང་སྐྱོང་གི་ཚད་གཞི་དང། ༧པཎ་ཆེན་ཆུང་སྲིད་རིན་པོ་ཆེའི་ད་ལྟའི་གནས་བབ། དབུ་མའི་ལམ་གྱི་སྲིད་བྱུས་ལ་གཞི་མེད་སྐྱོན་བརྗོད་བྱ་མཁན་ཚོར་གདོང་ལེན་ཅི་ལྟར་གནང་དགོས་མིན། རང་སྲེག་ལ་གྲུབ་འབྲས་ཐོན་གྱི་ཡོད་མེད། བོད་རྒྱ་ཞི་མོལ་གྱི་ཁེ་ཕན་དང་འགྱུར་བ། སྐུ་ཚབ་ནམ་ཞིག་བསྐོ་བཞག་བྱེད་ཀྱི་ཡོད་མེད། དབུ་མའི་ལམ་གྱི་སྲིད་བྱུས་དང་མཐུན་པའི་ལས་འགུལ་སྤེལ་ཕྱོགས་ཅི་ལྟར་ཡིན་མིན། མ་འོངས་པར་རང་སྐྱོང་ཐོབ་མཚམས་རྒྱ་ནག་གི་སྤྱོད་པ་ལོག་ན་ང་ཚོས་ག་རེ་བྱེད་དགོས་མིན། སྲིད་འཛིན་ཞིས་ཆིན་ཕིན་ལ་རེ་བ་རྒྱབ་ཆོག་མིན་བཅས་དང། གཞན་ཡང་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་སྟངས་དང་དམིགས་ཡུལ་འཛིན་སྟངས། བོད་སློབ་འཛིན་ཚོགས་དབུས་བོད་མིའི་སྒྲིག་འཛུགས་ལ་རྩིས་སྤྲོད་གནང་ན་གནས་བབ་གང་འདྲ་ཡོང་མིན། ༧རྒྱལ་བའི་སྐུ་ཕྱྭའི་སྐོར་བཅས་དྲི་བ་བཏང་བའི་ནང། བོད་སློབ་འཛིན་ཚོགས་དང་༧རྒྱལ་བའི་སྐུ་ཕྱྭའི་སྐོར་བདེ་སྲུང་དང་བཀའ་ཤག་ལ་བཀའ་འདྲི་ཞུ་དགོས་པ་ལས་ཁོང་རང་རྒྱུས་མེད་གསུངས་བ་དང། དྲི་བ་གཞན་རྣམས་ལ་ལན་འདེབས་ཞིབ་ཚགས་གནང་སོང།
མཇུག་མཐར་སློབ་སྤྱི་ལྕམ་སྐུ་མཆོག་གིས་ཐུགས་རྗེ་ཆེ་ཞུས་པ་དང། ལན་འདེབས་ཁ་གསལ་ཁུངས་ལྡན་རྣམས་སློབ་ཕྲུག་ཚོས་དྲན་པར་ཉར་འཇོག་ཞུ་དགོས་པའི་འབོད་སྐུལ་བཅས་གནང་སོང།
བསྟན་འཛིན་ཐོས་བསམ་གྱིས། ༢༠༡༣། ༢། ༦། ཉིན།
རྐང་སྣེ་རྡོ་ལ་ཐོགས་པ་ནི་སུ་ལའང་ཡོང་སྲིད་ཀྱང་མ་གཞི་ཤར་ཁུག་འགྲོ་ཕྱོགས་དེ་སྤྱི་ཡོངས་ཀྱི་གཞུང་ལམ་ཐོག་བསྐྱོད་ཀྱིན་འདུག་བསམ།
སྐུ་ཞབས་ཤར་ཕྱོགས་པ་མོན་གྷོར་ཕེབས་པར་དགའ་བསུ་ཟུ།།
དེ་སྔ་རང་བཙན་མགྲིན་པ་གཟེངས་སུ་གཏོད།
།ད་ཆ་རང་བཙན་མགོ་རུ་ཐོ་བས་བརྡུང་།
ཅ་རིལ་བཞིན་དུ་རིལ་རིལ་བཟོས་ནས་རྒྱ་འོག་ཕམ་མིག་གྱེན་ལ་ལྟ་བའི་དབུ་མའི་ལམ། །
ཆ་རྒྱུས་བོད་ལ་ཡོད་པ་ཞིག་གིས་ཞིབ་འདང་བརྒྱབ་ན་སྙིང་རླུང་ལྡང་བའི་རྒྱ་མགོ་བསྒུར། །
ཇ་ཡུན་ཙམ་ལས་མེད་པ་ཡིན་ཡང་རང་བཙན་གཙང་མའི་བདེ་སྐྱིད་དེ་ནི་དགྲ་བཞིན་ལྟ། །
ཉ་ཉོག་བཙན་བྱོལ་སྒྲིག་འཛུག་ལང་ཕྱོགས་ཉི་མ་སྐྱེལ་ཐབས་དེ་ལས་མེད་ན་སྒོ་རྒྱོབས་ཤིག །
བཙན་བྱོལ་གཞུང་སྒོ་རྒྱབ་ནས་ལོ་གསུམ་མ་སོང་བ་ལ་ད་སྒྲིག་འཛུག་ཀྱང་སྒོ་རྒྱོབས་ཟེར།