—–དཔལ་དགྱེས་པ་རྡོ་རྗེ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
རིག་འཛིན་ཨོ་ཌྱི་ཡ་ནའི་སྒྱུ་འཕྲལ་གར།།
པད་འབྱུང་ཆོས་གཏེར་རྒྱ་མཚོའི་གཏད་རྒྱ་ཅན།།
པདྨ་དྲག་སྔགས་གླིང་པར་གསོལ་བ་འདེབས།།
བསྟན་འགྲོར་ཀུན་ཕན་བདེ་མྱུར་དངོས་གྲུབ་སྩོལ།།
ལུགས་གཉིས་སློབ་བརྩོན་བར་ཆད་ངང་གིས་སངས།།
གངས་ཅན་ཁམས་བཟང་བཀྲ་མདངས་སྔར་ལས་རྒྱས།།
འཛམ་གླིང་ལུང་རིགས་འབྱུང་གནས་བསིལ་ལྗོངས་སུ།།
རང་དབང་ཞི་བདེ་སྣང་བར་གསལ་གྱུར་ཅིག།
སློབ་བརྩོན་བཟང་པོའི་སྲིད་རྒྱལ་སངས་རྒྱས་ལ།།
སྙིང་ནས་རེ་བའི་དྲན་སྐུལ་ཉེར་གཅིག་ཞུ།།
སངས་རྒྱས་བསྟན་པ་བཤད་སྒྲུབ་དར་རྒྱས་དང་།།
སེམས་ཅན་ཐམས་ཅད་བདེ་སྐྱིད་འབྱུང་ཕྱིར་ལགས།།
ཁྱོད་ནི་རྒྱལ་ཁབ་གཅིག་གི་མགྲིན་ཚབ་ལགས།།
གནའ་དེང་ཤེས་བྱའི་དཔའ་མཛངས་ལྡན་པ་ཉིད།།
གངས་ཅན་བོད་མིའི་ཞི་བདེའི་དེད་དཔོན་ལ།།
སྤྱི་དམངས་འདེམས་པའི་སྲིད་རྒྱལ་དང་པོ་ཡིན།།
དང་པོ་ཆོས་ལུགས་ཆོལ་ཁའི་དུག་རུལ་རྣམས།།
དག་གཙང་ཞི་བདེ་འདྲེན་པའི་འཕྲིན་ལས་ཉིད།།
མི་དབང་རྟ་བདུན་དབང་པོའི་བཞིན་རས་ལ།།
ནག་ནོག་གྲིབ་མས་དབེན་པས་གློ་བ་དགའ།།
བདེན་པའི་རང་ཚུགས་ཟིན་པའི་གཟུངས་སྤོབས་གཅིག།
དྲང་པོའི་ལམ་བཟང་སྟོན་པའི་བྱམས་བརྩེ་གཉིས།།
སྒོ་གསུམ་བོད་དོན་སྒྲུབ་པའི་ཕྲིན་ལས་གསུམ།།
ནམ་ཡང་ཐུགས་དམ་མཛོད་ཅིག་སྙིང་གི་བུ།།
གསང་ཆེན་སྔགས་འཆང་བསྟན་པ་རྩ་ཆེན་གཅིག།
རབ་བྱུང་དགོན་སྡེ་འཛིན་པར་དག་ཐེར་གཉིས།།
གངས་ཅན་བརྡ་སྤྲོད་སྤེལ་བའི་མྱིག་བཟང་གསུམ།།
འཆི་ཁའི་ནད་པར་བདུད་རྩི་སྨན་བཞིན་བྱིན།།
དགྲ་ལ་ཞེ་འཁོན་མེད་པར་འཛུམ་མདངས་གཅིག།
གཉེན་ལ་ཕྱོགས་རིས་མེད་པའི་བྱམས་སྐྱོང་གཉིས།།
འཛམ་གླིང་ཞི་བདེ་འདྲེན་པའི་ཐུགས་དམ་གསུམ།།
སློབ་བཟང་སངས་རྒྱས་ཞིག་ལ་མེད་ཐབས་མེད།།
བོད་ཡིག་རྒྱལ་སྤྱིར་གྷུ་གྷུལ་གྲལ་ཚུད་གཅིག།
བོད་ཁམས་རྒྱལ་སྤྱིའི་ལོ་རྒྱུས་གཙང་བསྒྲག་གཉིས།།
བོད་ཡུལ་སྣོད་བཅུད་དགེ་བཅུས་ཕྱུག་པ་གསུམ།།
བོད་འབངས་སྤྱི་དང་སྲིད་རྒྱལ་ཆེད་ལས་ལགས།།
ཀུན་མཁྱེན་ཇོ་ནང་བསྟན་པར་ཐོབ་ཐང་གཅིག།
གཞི་བྱེས་བོད་མིའི་མདུན་ལམ་ཆིག་སྒྲིལ་གཉིས།།
རྒྱ་བོད་ཞི་མོལ་གནང་བའི་ཐག་ཆོད་གསུམ།།
འབྱུང་འགྱུར་ཕྱག་ལས་རྩ་ཆེན་རྣམ་གསུམ་ལགས།།
དགེ་ལུགས་ནང་འགལ་འགྲིག་པའི་གཟི་དཔུང་གཅིག།
ཀཾ་ཚང་དུམ་གཉིས་གསོ་བའི་དབུ་ལམ་གཉིས།།
རིག་གཞུང་གོང་འཕེལ་མཛད་པའི་ཕྱག་ལས་གསུམ།།
ཕ་བཟང་ཁམས་རྒོད་ཁྱོད་ཀྱིས་ངེས་པར་དགོས།།
ལུགས་གཉིས་ཉི་ཟླའི་བགྲོད་པར་འོད་སྣང་བཀྲ།།
བསླབ་གསུམ་ཡིད་བཞིན་ནོར་བུ་ཀུན་ཏུ་ཤིས།།
སྡེ་བཞིའི་ཕུན་ཚོགས་དཔལ་གྱི་ལང་ཚོ་བདེ།།
རིགས་ལྔའི་ཞིང་བཞིན་དགེ་ལེགས་འཕེལ་གྱུར་ཅིག།
ཅེས་པ་འདི་ཡང་བོད་རྒྱལ་ལོ་༢༡༤༣ རབ་གནས་མེ་སྤྲེལ་བོད་ཟླ་གཉིས་པའི་ཚེས་བཅུ་གསུམ་ལོ་༢༠༡༦ ཟླ་༣ ཚེས་༢༣ ཉིན། མཁའ་འགྲོ་དཔལ་ལྡན་ལྷ་མོས་སྐུལ་ངོར་ནུབ་གླིང་གི་གྲོང་ཁྱེར་ཆེན་པོ་བྷཾ་མི་གྷམ་གྱི་རང་བྱུང་གི་འགྲེམ་སྟོན་ཁང་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་འཕྲིན་དུ་སྤྲིངས་པར་དགེའོ།། །།
དགྲ་ལ་ཞེ་འཁོན་མེད་ན་རྒལ་ཚིག་མེད་པའི་རྟགས་།
གཉེན་ལ་ཕྱོགས་རིས་མེད་ན་ཁྲག་རྩ་མེད་པའི་རྟགས་།
འཛམ་གླིང་ཞི་བདེ་ཕར་བཞག་བོད་རྒྱའི་འབྲེལ་ལམ་དེ་།
མི་ལོ་བཞི་དང་ཕྱེད་ལ་གཉིད་དུ་ཤོར་།
ཕ་བཟང་ཁམས་རྒོད་འོས་ཐོབ་དབུ་གཙང་དྲིན་།
ལུགས་གཉིས་ཕར་བཞག་སྔོན་རྩིས་འགྲོ་ལུགས་འགལ་།ཧཧཧཧཧཧཧ
སློབ་བཟང་སངས་རྒྱས་མ་རེད། བློ་བཟང་སེངྒེའམ། བློ་བཟང་སེང་གེ་རེད།
དགྲ་ལ་ཞེ་འཁོན་ལབ་ན་གང་ཤེས་ཏེ་གསར་རྙིང་གི་ཕྱོགས་ཞེན་ཅུང་ཙམ་མེད་འགྲོ། ཆོལ་ཞེན་ཅང་ཡོད་རྒྱུ་མ་རེད་འདོད། བོད་ཞེན་ཏོག་ཙམ་ཞིག་ཡོད་ཨེ་ཡོང་། རང་ཉིད་ཀྱིས་གང་བཤད་དང་ཅི་བྱ་དགོས་པའི་ས་མཚམས་ཏག་ཏག་ཅིག་ཤེས་ཀྱིན་མེད་པ་འདྲ། ད་ནི། བོད་རྒྱ་བཞུགས་མོལ་ལ་རེ་བ་རེད། གལ་སྲིད། བཞུགས་མོལ་ཞིག་ཚོགས་ཐུབ་ཀྱང་སྔོན་གྱི་སྐད་ཆ་དག་ལ་ལྟོས་ན། ཡིད་ཆེས་བློ་འགེལ་དང་བོད་ལ་མཁོ་ཞིང་དགོས་པ་ཞིག་བཤད་ཤེས་རྒྱུ་ཁག་པོ་རེད། ཁོ་ལ་རེ་བ་མེད། དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱས་མ་བསྡད་ན་རབ་ལ་བརྩི་རྒྱུ་ཡིན། གཙོ་བོ་རྒྱ་མིའི་ལག་ཆར་མི་འགྱུར་རྒྱུ་དང་དོལ་ཚོགས་ཀྱི་ཕྱོགས་བཟུང་སྟེ་༧ གོང་ས་མཆོག་གི་སྐུ་ཤའི་ཐོག་སྣང་མེད་གཏོང་རྒྱུ་མང་མ་དྲགས་པ་ཞིག
དགེ་ལུགས་ནང་འགལ་འགྲིག་པའི་གཟི་དཔུང་གཅིག།
ཀཾ་ཚང་དུམ་གཉིས་གསོ་བའི་དབུ་ལམ་གཉིས།།
འདི་གཉིས་ནང་གི་གནས་ཚུལ་རེད།
བོད་འབངས་ཡོང་ལ་མ་དཀྲི་ཤིག
དགྱེས་རྡོར་ལགས། ཁྱོད་ཉིད་སུ་དང་གང་ལ་དགྱེས་ནའང་དགྱེས། རང་དབང་རེད། ཁྱད་པར་ཅི་ཡང་མེད། ད་རེས་དྲི་དགོས་པ་ནི། དགེ་ལུགས་ནང་འགལ་འགྲིག་པའི་གཟི་དཔུང་གཅིག ” ཅེས་དགེ་ལུགས་ནང་འགལ་ཟེར་བའི་ཐ་སྙད་གསར་པ་ཅིག་འདུག་པ་འདི་དགེ་ལུགས་བསྟན་བདག་རྣམས་ཀྱིས་མཁྱེན་དགོས་པའི་ཚིག་གནད་ཅིག་ཏུ་མཐོང་བས། འདིའི་གོ་དོན་ཇི་ཡིན་གསལ་བཤད་ཅིག་ངེས་པར་དགོས་ཞེས་བརྗོད་རྒྱུ་དང། གསལ་བཤད་ཇི་བྱས་ལ་གཞིགས་ཏེ་འཕྲོས་དོན་དྲི་བ་ཡོང་རྒྱུ་ཡིད་འཇགས་དགོས།
http://www.tehorsonam.com/2016/03/blog-post_72.html?m=1
སྐྱ་མིན་སེར་མིན་དབྱེ་བ་འབྱེད་དང་གཅིག
གྲུབ་མིན་གྲུབ་བརྫུས་སོ་སོར་འབྱེད་དང་གཉིས།།
ཐམས་ཅད་མཁའ་འགྲོས་བསྐུལ་ཚུལ་སྒྲོགས་དང་གསུམ།
འདི་དག་གཙང་སེལ་མཛོད་ཅིག་བློ་སེང་ལགས།
སྲིད་སྐྱོང་བློ་སེང་གི་འགོ་འཁྲིད་པའི་བཀའ་ཤག་གི་ལོ་བཞི་དང་ཕྱེད་ནང་ལས་དོན་འགྲུབ་ཡོད་མེད་ཉེ་ལམ་གོང་ས་མཆོག་ནས་སྨན་རྩིས་ཁང་གི་དུས་ཆེན་ཉིན་ཕེབས་པའི་བཀའ་སློབ་དེ་ལ་གཟིགས་དང་བློ་སེང་ལ་བསྟོད་འོས་འདུག་གམ་སྨད་ཆོག་པ་འདུག་
དེ་ནས་གསལ་པོ་ངོ་འཕྲོད་ཐུབ་པ་དང་བོད་རྒྱའི་འབྲེལ་ལམ་དང་དགེ་ལུགས་དང་བཀའ་རྒྱུད་དང་ཇོ་ནང་སོགས་ཕར་བཞོག་ བཅའ་ཁྲིམས་ནང་གཏན་འབེབས་ཟིན་པའི་ས་གནས་འཐུས་མིའི་སྒྲིག་འཛུགས་དང་རང་བདེན་ཚོགས་ཆུང་སོགས་གཞིས་ཆགས་ཆེ་ཁག་སྦེ་ཀོབ་ལུགས་བདེ་གཉིས་ལ་བཅའ་ཁྲིམས་གཏན་འབེབས་གནང་ནས་མི་ལོ་ཉི་ཤུ་རྩ་བཞི་ཙམ་འགྲོ་ན་ཡང་ད་དུང་བཙུགས་ཐུབ་མེད་པ་ནས་ངོ་འཕྲོད་ཐུབ་།
སྲིད་སྐྱོང་རྫུན་མ།
འོས་མིང་རྫུན་མ།
རེ་སྐུལ་རྫུན་མ།
རང་མིང་རྫུན་མ།
འབྲི་ཡུལ་རྫུན་མ།
རིག་འཛིན་རྫུན་མ།
རྫུན་དྲུག་ཚོགས་ཀྱི།
རྫུན་མ་བྲིན་སོང་།
སྲིད་སྐྱོང་སློབ་བཟང་སངས་རྒྱས་ལགས། དགྲ་ལ་ཞེ་འཁོན་ལབ་ན་གང་ཤེས་ཏེ་གསར་རྙིང་གི་ཕྱོགས་ཞེན་ཅུང་ཙམ་མེད་འགྲོ། ཆོལ་ཞེན་ཅང་ཡོད་རྒྱུ་མ་རེད་འདོད། བོད་ཞེན་ཏོག་ཙམ་ཞིག་ཡོད་ཨེ་ཡོང་། རང་ཉིད་ཀྱིས་གང་བཤད་དང་ཅི་བྱ་དགོས་པའི་ས་མཚམས་ཏག་ཏག་ཅིག་མགོ་ཚོས་ཀྱིན་མེད་པ་འདྲ་བོ་འདུག ད་ནི། བོད་རྒྱ་བཞུགས་མོལ་ལ་རེ་བ་རེད། གལ་སྲིད། བཞུགས་མོལ་ཞིག་ཚོགས་ཐུབ་ཀྱང་ཁོའི་སྔོན་གྱི་སྐད་ཆ་དག་ལ་ལྟོས་ན། ཡིད་ཆེས་བློ་འགེལ་དང་བོད་ལ་མཁོ་ཞིང་དགོས་པ་ཞིག་བཤད་ཤེས་རྒྱུ་ཁག་པོ་རེད། དེའི་ཕྱོགས་ནས་རེ་བ་ཞེ་དྲག་མེད། དགྲ་དགའ་གཉེན་སྡུག་གི་ལས་ཀ་བྱས་མ་བསྡད་ན་རབ་ལ་བརྩི་རྒྱུ་ཡིན། གཙོ་བོ་རྒྱ་མིའི་ལག་ཆར་མི་འགྱུར་རྒྱུ་དང་དོལ་ཚོགས་ཀྱི་ཕྱོགས་བཟུང་སྟེ་༧ གོང་ས་མཆོག་གི་སྐུ་ཤའི་ཐོག་སྣང་མེད་གཏོང་རྒྱུ་མང་མ་དྲགས་པ་ཞིག
སྲིད་སྐྱོང་ལས་ཐོག་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། ད་ལན་གྱི་རྒྱལ་ཁ་འདི་ནི་དབུས་གཙང་མི་མང་གིས་ཞེན་ཁོག་རྒྱབ་བསྐྱུར་དང་སྤྱི་དོན་སྙིང་བཅང་གིས་འོས་བླུག་པའི་གྲུབ་འབྲས་ཡིན་པས་དབུས་གཙང་མི་མང་ལ་ཡང་ཞོར་དུ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལོའི་འོས་བསྡུའི་ཁྲོད་མངོན་པར་གསལ་བ་དང་མི་གསལ་བའི་མི་ཁག་ཅིག་གིས་ཚེ་འདིའི་བཟང་སྤྱོད་དང་ཕྱི་མའི་རྒྱུ་འབྲས་གང་ལ་ཡང་ཇི་མི་སྙམ་པར་སྡིག་པ་མིག་བཙུམ་གྱིས། སྲིད་སྐྱོང་ནག་པོ་བཟོ་ཐབས་དང་མི་མང་གི་བློ་ཁ་བསྒྱུར་ཐབས་ཀྱི་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱས་སོང་རུང་། མི་མང་གི་བསམ་བློ་ལ་འགྱུར་བ་མ་སོང་བར་བརྟན་པོ་གནས་ཐུབ་པ་འདི་ནི་བོད་མི་རིགས་ཀྱི་གཟི་བརྗིད་རེད་ལ་ཆབ་སྲིད་ནག་པོ་འཁྲབ་མཁན་ཚོའི་ཕམ་ཁ་ཆེན་པོ་ཞིག་ཀྱང་ཡིན་པས་དགའ་འོས་པའི་དོན་བཟང་རེད། གལ་ཏེ་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་གྲུབ་འབྲས་ལ་འགྱུར་བ་སོང་བ་ཡིན་ན་ཆབ་སྲིད་ནག་པོ་འཁྲབ་མཁན་ཚོར་རྒྱལ་ཁ་ཐོབ་སོང་བ་ཡིན་པས་དེ་ནི་བོད་སྤྱི་པའི་གྱོང་རྒུད་ཚབ་ཆེན་ཞིག་ཆགས་ངེས་ལ། ཆུ་ངན་ལམ་ཞུགས་ཀྱི་ཚུལ་དུ་ཁོ་ཚོས་མུ་མཐུད་ནས་གཡོ་སྒྱུ་སྣ་ཚོགས་འཁྲབ་སྟེ་བོད་མི་རིགས་འདི་དུམ་བུ་ཁ་བྲལ་ལ་གཏོང་ངེས། འོན་ཀྱང་དེ་ལྟར་མ་བྱུང་བ་དེས་མ་འོང་པར་ཁོ་ཚོའི་འཁྲབ་སྟོན་དེ་དག་ལ་སྔོན་འགོག་གི་ནུས་པ་ཡང་ཐོན་ཡོད་པས་ད་ལོ་དངོས་གནས་བོད་མི་མང་གིས་ཤུགས་རྒྱག་སོང་བསམ་པའི་དགའ་ཚོར་ཆེན་པོ་ཡོད། མ་འོང་པར་ཡང་ང་ཚོས་སོ་སོའི་ཀླད་པ་དེ་སོ་སོས་བེད་སྤྱད་སྟེ་རང་ཉིད་ཀྱི་རྣམ་དཔྱོད་ལ་རྟེན་ནས་བོད་སྤྱི་དོན་ལ་ལྷག་བསམ་རྣམ་དག་གིས་འོས་བླུག་པ་ལས་ཆབ་སྲིད་པ་དང་སྐབས་འཚོལ་བ་ཚོའི་ཁ་རྗེས་ལྕེ་རྗེས་སུ་མི་འབྲང་རྒྱུ་ནི་འདོར་མི་རུང་བའི་གནད་དོན་རེད། བོད་རྒྱལ་ལོ། སྲིད་སྐྱོང་རྒྱལ་ལོ། བདེན་པ་རྒྱལ་ལོ།
ཁམས་པས་ཁམས་ཞེན་བྱས་པར་ཡ་མཚན་རྒྱུ་མེད་ཀེ་། ལོ་རྒྱུས་ཤིག་རེད་། ཁམས་པ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གིས་གསོས་ཀྱང་ཁམས་པའི་ཞེན་ཁོག་སྒང་ལ་སླེབས་དུས་ཁྱོད་ཤི་ང་གསོན་ལས་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་བཀའ་དྲིན་མི་བསམ་ཀེ་། ཨེ་རླུང་ཚང་གི་ཁམས་པའི་མིས་བློ་བཟང་སངས་རྒྱས་ལ་ཞེན་ཁོག་གི་སྐད་ཆ་གང་འདྲ་དྲིས་མ་སོང་ངམ་། གནད་འགག་ཆེ་སར་ཐུག་དུས་ཁམས་པས་ཞེན་ཁོག་མ་གཏོགས་མི་བསམ་ཀེ་།
་་་་་་་་་་་ #11 ལུང་རྟོགས། ་ལགས་ཀྱིས་སྤེལ་དོན།:
March 28th, 2016 at 10:42 am
སྲིད་སྐྱོང་ལས་ཐོག་པ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ་་་་་་་་་་་
ཅེག་མི་དམངས་ཀྱིས། བོད་དོན་ལ་རྒྱབ་སྐྱོར་བྱས་པ།
https://www.youtube.com/watch?v=6qf2kddJwSk
ཞེན་ཁོག་སུའི་བྱེད་ཀྱི་ཡོད་མེད་ད་ལོ་གསལ་པོ་ཆགས་སོང་། དང་པོ་ཆོལ་ཁའི་མིང་ཁྱེར་ནས་འོས་མི་སྟོན། སྔོན་འགྲའི་ནང་རྒྱལ་ཁ་མ་རག་དུས་མི་མང་ལ་ཆོལ་ཞེན་དགོས་པའི་སྐུལ་མ་བྱས། སྐད་འཕྲིན་ཚོགས་པ་འདྲ་མིན་བཙུགས་ནས་སྲིད་སྐྱོང་དང་ཁམས་པ་ཚོར་ངན་སྨོད་སྣ་ཚོགས་བྱས། ཆོལ་ཁའི་རྒྱབ་ལ་ཆོལ་ཁ་ལང་ནས་དཔུང་སྒྲིག་བྱས། བྱ་སྟངས་སྤྱོད་སྟངས་འདི་ཚོ་ལ་ལྟས་ན་གསལ་པོ་རེད། ཁམས་པའི་ཚོགས་པ་སྒྲིག་འཛུགས་གང་གིས་ཀྱང་སྲིད་སྐྱོང་འོས་མི་སྟོན་མེད་ལ་ལས་ཐོག་སྲིད་སྐྱོང་ལ་རྒྱབ་སྐྱོར་དགོས་པའི་སྐུལ་མ་ཙམ་ཡང་བྱས་མེད། ད་དུང་རང་གིས་སྤྱོད་ཚུལ་མི་མཐོང་བར་ཁམས་པས་ཞེན་ཁོག་བྱས་སོང་ཟེར་མཁན་དག་ནི་ངོ་ཚ་མེད་པའི་མི་བུ་དག་རེད།