མཚམས་སྦྱོར་བ། སངས་རྒྱས་དཀོན་མཆོག
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་ཆེད་སྦྱོང་བོད་ཡིག་རིག་གནས་རབ་འབྱམས་དང་ཆེད་སྦྱོང་རྒྱ་ཡིག་རིག་གནས་རབ་འབྱམས་གཉིས་ཀྱི་(BA Honours in Tibetan Language and Literature/BA Honours in Chinese Language and Literature)སློབ་མ་གསར་བསྡུའི་གསལ་བསྒྲགས།
མཱེ་སོར་གཙུག་ལག་སློབ་གཉེར་ཁང་གི་ངོས་འཛིན་ཡོད་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་ཆེད་སྦྱོང་རིག་རབ་འབྱམས་ནང་འཛུལ་ཞུགས་གནང་འདུན་ཡོད་པ་རྣམས་ཀྱི་ཆ་རྐྱེན་གཤམ་གསལ།
༡༽ རང་ལོ་ ༡༧ ཡན་གྱི་སློབ་གཉེར་བ་རྣམས་ལ་ཆེད་སྦྱོང་རིག་གནས་རབ་འབྱམས་ལ་འཛུལ་ཞུགས་ཆོག་པའི་གོ་སྐབས་ཡོད་ཅིང་་། དེ་ཡང་འཛིན་རིམ་བཅུ་གཉིས་ཐོན་པའི་སློབ་གཉེར་བ་གང་ཞིག་སྤྱི་སྙོམས་བརྒྱ་ཆ། ༦༠% དང་། བོད་ཡིག་སློབ་ཚན་ཐོག་བརྒྱ་ཆ་ ༦༠% ལོན་ཡོད་ཚེ་ཆེད་སྦྱོང་རིག་གནས་རབ་འབྱམས་ནང་ཐད་ཀར་འཛུལ་ཞུགས་ཆོག་པ་ཡིན། དེ་མིན་ཞུགས་བློ་ཡོད་པ་གང་ཞིག་འཛིན་རིམ་བཅུ་གཉིས་ཐོན་མེད་ནའང་བོད་ཀྱི་སྐད་ཡིག་དང་རྒྱ་སྐད་ཐོག་ཚད་འཛིན་འཕེར་ངེས་ཡོད་པ་རྣམས་ལ་འདི་ནས་འཚང་རྒྱུགས་ཡིག་རྒྱུགས་ཤིག་གཏོང་འཆར་ཡོད་པས་དེར་བརྒྱ་ཆ་ ༦༠% ལོན་པ་རྣམས་ལ་གོ་སྐབས་འབུལ་རྒྱུ་ཡིན། འོན་ཀྱང་འདི་གའི་ས་མིག་ལ་གཞིགས་པའི་འདེམས་སྒྲུག་ཞུ་རྒྱུ་ལས་བརྒྱ་ཆ་ལོན་པ་ཚང་མ་ཚུད་གཏན་འཁེལ་བའི་ངེས་པ་མེད།
༢༽ ཚུད་རྒྱུགས་ནང་ཞུགས་མཁན་གྱི་སློབ་གཉེར་བ་རྣམས་ནས་གཤམ་གསལ་དགོས་ངེས་ཀྱི་ཡིག་ཆ་ཁག་མཉམ་འཁྱེར་ཐུབ་པ་དགོས།
༡། རང་ཁོངས་ནས་ངོ་སྤྲོད་ཡི་གེ
༢། དག་མཆན་ཡོད་པའི་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་དངུལ་ལག་དེབ་དང་རྒྱ་གར་གནས་སྡོད་ལག་དེབ་བཅས་ཀྱི་འདྲ་བཤུས།
༣། རང་གི་སྡོད་གནས་ཁ་བྱང་དང་། གློག་འཕྲིན་ཁ་བྱང་། ཁ་པར་ཨང་བཅས་ཁ་གསལ་ཡོད་པ།
༤། ཤེས་ཡོན་དང་འབྲེལ་བའི་རྒྱབ་ནོན་ཡིག་ཆ་མཉམ་འཁྱེར་ཡོད་ན་དགེ་མཚན་ཆེ།
༥། ཚང་<རྒྱུུགས་ནང་ཞུགས་བློ་ཡོད་པ་རྣམས་ཀྱི་ངོ་སྤྲོད་སྙན་ཞུ་ཕྱི་ཟླ་༤ ཚེས་༢༠ འགྱངས་མེད་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་གཞོན་(Vice Principal)པའི་དྲ་རྒྱའི་ཁ་བྱང་(viceprincipal@dalailamainstitute.edu.in)ཐོག་གཏོང་གནང་ཡོང་བ་དགོས།།
༣༽ འཚང་རྒྱུགས་ཀྱི་དུས་ཚེས་དང་གཏོང་ཡུལ།
༡། དེ་ཡང་ཕྱི་ལོ་ ༢༠༡༤ ཕྱི་ཟླ ༥ ཚེས་ ༥ ལ་འཚང་རྒྱུགས་གཏང་རྒྱུ་ཡིན་ཞིང་། དེ་ཡང་རྒྱ་གར་བྱང་ཕྱོགས་ཁུལ་དུ་ཡོད་པའི་རིགས་རྡ་སྟེང་བོད་ཁྱིམ་དང་། ལྷོ་ཕྱོགས་ཁུལ་དུ་ཡོད་པའི་རིགས་རྣམས་སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གཉིས་སུ་གོང་ཚེས་སྔ་དྲོ་ཕྱག་ཚོད་ ༡༠ པར་འཚང་རྒྱུགས་གཏང་རྒྱུ་ཡིན་པས་ངེས་འབྱོར་ཐུབ་པ་དགོས། ཡིག་རྒྱུགས་ཀྱི་གྲུབ་འབྲས་ཕྱི་ཟླ་༥ ཚེས་༢༠ འགྱངས་མེད་དོ་བདག་ལ་བརྡ་ལན་འབུལ་ཐུབ་པའི་དམ་དོན་ཞུ་རྒྱུ་ཡིན།
ཟུར་བརྗོད།
སློབ་ཚུད་བྱུང་བའི་རིགས་རྣམས་ལས་བོད་ཁྱིམ་ཁྱབ་ཁོངས་མིན་ན། སློབ་ཡོན་སོགས་ཀྱི་འགྲོ་ལུགས་རང་ངོས་ནས་གོ་སྒྲིག་དགོས་ཤིང་དེའི་ཐད་ཚུད་རྒྱུགས་ཀྱི་གྲུབ་འབྲས་སོན་མཚམས་སྒེར་ངོས་ནས་འབྲེལ་བ་གནང་ན་ཁ་གསལ་ཆགས་ངེས་ལགས་པས་དེ་དོན་དགོངས་འཇགས་འཚལ།
བཙན་བྱོལ་བའི་སློབ་ཐོན་ཤེས་ཚད་ནི་དོན་ལ་སྟོང་ཉིད་དང་། མིང་ལ་འུར་གཏམ། ངོ་བོ་རྩེད་མོ་ཙམ་དུའོ། བཙན་བྱོལ་བ་ཚོ་མཁས་དབང་གི་མིང་ལ་ཞེ་བོ་དགའ་བོ་ཡོད་པས། མཁས་པའི་དབང་པོ་དང་ཐམས་ཅད་མཁྱེན་པའི་ཤེས་ཚད་ལག་འཁྱེར་སྤྲད་ན་མི་ལེགས་སམ། ་་ཧཧཧཧཧ
ཡིག་འགྲུལ་གྱི་ལམ་ནས་མཐོ་སློབ་ཏུ་སློབ་སྦྱོང་གི་ཆ་ཅན་སྐྲུན་ཡོད་དམ། ཡོད་ན་ཡོད་སྟངས་གང་འདྲ་རེད། མེད་ན་མེད་སྟངས་གང་ཡིན་ནམ།