འོས་སྦྱོར་བྱེད་མཁན་རྭ་རྒྱ་དཔལ་ལྡན།
ཏོག་དབྱིབས་སྐབས་ཀྱི་སེམས་ཚོར། ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་པས་སློབ་གྲྭ་ལ་འགྲོ་མ་ཐུབ་པར་ནང་དུ་འདུག་དགོས་བྱུང་། དེས་སྐབས་སུ་ངས་རྩོམ་ཐུང་མང་པོ་ཞིག་འབྲི་བཞིན་ཡོད་།
༸ གོང་ས་མཆོག
༸ གོང་ས་མཆོག་ནི་ཕྱི་ལོ་ ༡༩༣༤/༧/༦་ཉིན་ཨ་མདོ་སྟག་མཚེར་ཡུལ་དུ་འཁྲུངས་པ་རེད་། ༸གོང་ས་མཆོག་གི་ཡུམ་གྱི་མཚན་ལ་བདེ་སྐྱིད་ཚེ་རིང་དང་ཡབ་ཀྱི་མཚན་ལ་ཆོས་སྐྱོང་ཚེ་རིང་ཟེར ་༸གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པ་རེད་ ༸ གོང་ས་མཆོག་ནི་བོད་མི་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན་པ་མ་ཟད་འཛམ་གླིང་ཡོངས་ལ་ཡང་བཀའ་དྲིན་ཆེན་པོ་རེད་ ༸ གོང་ས་མཆོག་གྱི་བོད་མི་ཡོངས་ལ་ག་དུས་ཡིན་ན་ཡང་བཀའ་སློབ་ཡང་ཡང་གནང་གི་འདུག་ ༸ གོང་ས་མཆོག་གྱི་བཀའ་སློབ་ནང་ནམ་རྒྱུན་དུ་མི་ཡག་པོ་ཞིག་བྱེད་དགོས་པ་དང་སེམས་པ་བཟང་པོ་བྱེད་དགོས་བཀའ་སློབ་ཡང་ཡང་གནང་གི་ཡོད།
༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག།
8/9/2020
དགུན་གནང་སྐབས།
དེ་རིང་ནི་རྒྱ་གར་གྱི་རང་བཙན་ཉིན་མོ་རེད། ལོ་མང་པོ་སྔོན་ལ་རྒྱ་གར་གྱི་རྒྱལ་ཁབ་དེ་དབྱིན་ཇིས་དབང་སྒྱུར་བྱེས་པ་རེད། སྐབས་དེ་དུས་རྒྱ་གར་གྱི་མི་རྣམས་སྡུག་པོ་མང་པོ་མྱང་ཡོད། རྒྱ་གར་གྱི་སྲིད་འཛིན་Gandhi Ghiསོ་སའོ་རྒྱལ་ཁབ་ཀྱི་དོན་དུ་སྐུ་ལས་ཚད་མེད་བསྐྱངས་ཡོད། སྲིད་འཛིན་Gandhi Ghi སྐབས་སུ་རང་བཙན་དབྱན་ཇི་ལག་ནས་རེག་པ་རེད། ༢༠༡༩ལོར་གུང་སེང་(དགུན་ཁའི)་སྐབས་སུ་ང་ཚོ་ནང་མི་Golden Temple དང་ས་ཆ་མང་པོ་ཞིག་ལ་འཁྱམ་འཁྱམ་ལ་ཕྱིན་པ་ཡིན། དེའི་སྐབས་སུ་དབྱིན་ཇི་དང་རྒྱ་གར་གཉིས་ཀྱིས་དམག་འཁྲུག་ཡོད་པའི་བརྙན་པར་ཧ་ཅང་མང་པོ་ཞིག་མཐོང་བྱུང་པས། ང་རང་ཡང་སེམས་པ་ཧ་ཅང་སྐྱོ་བོ་བྱུང་སོང་། དེ་དུས་ངའི་ཨ་མ་ལགས་ཀྱིས་ང་ལ་གསུངས་བྱུང་། དེ་འདྲ་པོ་བོད་ནང་ལ་ཡང་བྱུང་ཡོད་པ་དང་རྒྱ་ནག་གིས་བོད་མི་རྣམས་ལ་ཡང་སྡུག་པོ་ཧ་ཅང་མང་པོ་བཏང་ཡོད་རེད་གསུངས་བྱུང་།
མིང་ བསྟན་འཛིན་དོན་ཡོད་
འཛིན་གྲྭ་ ལྔ་པ།
སློབ་འཇུག་ཨང་ ༤༢༠༢
8/15/2020
ངའི་བརྩེ་བའི་ཨ་མ་ལགས་ཀྱི་སྐོར།
ཨ་མ་ཟེར་བ་དེ་འཛམ་གླིང་ནང་ནས་བཀའ་དྲིན་ཆེ་ཤོས་ཡིན། དེ་འདྲ་སོང་ཙང་ངའི་ཨ་མ་ནི་ངའི་མི་ཚེ་ནང་བཀའ་དྲིན་ཆེ་ཤོོས་ཡིན། ངའི་ཨ་མ་ནི་ག་དུས་ཡིན་ན་ཡང་ང་མཉམ་དུ་ཡོད། སྐབས་རེ་ང་སེམས་པ་མ་སྐྱིད་པ་དང་སློབ་སྦྱོང་ལ་དཀའ་ངལ་འཕྲད་དུས་ངའི་ཨ་མ་ཡི་ང་ལ་རོགས་པ་བྱེད་པ་དང་སེམས་སོ་གཏོང་བ་བསླབ་བྱ་རྒྱག་གྱིན་ཡོད། ངའི་ཨ་མ་ནི་ངའི་སློབ་སྦྱོང་ཐོག་ལ་ཧ་ཅང་སེམས་ཁུར་གྱིན་ཡོད། མི་ལ་རོགས་པ་བྱེད་པ་མ་ཟད་སེམས་ཅན་ལ་ཡང་རོགས་པ་བྱེད་དགོས་པ་དང་སློབ་ཕྲུག་ཆུང་བ་ལ་བྱམས་སྐྱོང་བྱེད་དགོས་ཨ་མ་ལགས་ཀྱིས་གསུངས་ཀྱིན་འདུག། ང་ཨ་མ་ལ་ཧ་ཅང་དགའ་པོ་ཡོད།
མིང་ བསྟན་འཛིན་དོན་ཡོད།
སློབ་གྲྭ་ དྷ་ཤོད་བོད་ཁྱིམ།
འཛིན་གྲྭ་ ལྔ་པ་
སློབ་འཇུག་ཨང་ ༤༢༠༢
8/23/2020
དགུན་དུས་ཀྱི་གངས།
དགུན་དུས་ཀྱི་གངས་ནི་ཧ་ཅང་གྲང་མོ་ཡོད་པ་མ་ཟད་མིག་ལ་ཡང་མཛེས་པོ་མཐོང་གི་ཡོད། དགུན་དུས་ཀྱི་ཁ་བ་སྐབས་སུ་ང་དང་ངའི་གྲོགས་པོ་ཚང་མ་ཁ་བའི་ནང་རྩེད་མོ་སོགས་རྩེད་ཀྱིས་ཡོད། ངའི་མེག་ལོག་གྷན་ཇི་ལ་ཁ་བ་མང་པོ་འབབ་པ་མ་ཟད་གངས་རི་ཡང་མང་པོ་མཐོང་ཡོང་། དགུན་དུས་ཀྱི་གངས་དེ་ཧ་ཅང་གྲང་མོ་ཡོད་པ་དང་རླུང་ཡང་གྲང་བསིལ་བསིལ་དེ་མདོང་ལ་ཕོག་དུས་ང་རང་ཧ་ཅང་སེམས་པ་སྐྱིད་པོ་བྱུང་གི་འདུག། དགུན་དུས་ཀྱི་གངས་དེ་ལག་པ་འཆང་དུས་ལག་པ་ཡང་རྡོ་དང་འདྲ་པོ་ཆགས་ཀྱི་འདུག། དགུན་དུས་ཀྱི་ཁ་བ་འབབ་དུས་མི་ཚང་མ་གྱོན་ཆས་མཐུག་པོ་གྱོན་གྱི་ཡོད་པ་དང་ངས་ཡང་གྱོན་ཆས་མཐུག་པོ་གྱོན་གྱིས་ཡོད། དགུན་དུས་ཀྱི་གངས་སྐབས་སུ་མི་ཁ་ཤས་ཕྱི་ལ་མིན་ཐོན་པ་དང་སོ་སོའི་ནང་ལ་ཚ་གློག་སྤར་ནས་དྲོད་བའི་ངང་བརྙན་འཕྲིན་བལྟས་ནས་འདུག་གིན་ཡོད་😀ངའི་སློབ་གྲྭ།
8/30/2020
བདག་གི་སློབ་གྲྭ།
སྤྱིར་བཏང་འཛམ་གླིང་ནང་སློབ་གྲྭ་ཧ་ཅང་མང་པོ་ཡོད། ངའི་སློབ་གྲྭའི་མིང་ལ་དྷ་ཤོད་སློབ་གྲྭ་ཟེར་གྱི་ཡོད། ངའི་སློབ་གྲྭ་ནི་ཧ་ཅང་གཙང་མ་དང་ཆེན་པོ་ཡོད། དྷ་ཤོད་སློབ་གྲྭའི་ནང་རྐང་རྩེ་སྤོ་ལོ་རྩེད་ཐང་ཆེན་པོ་གཅིག་དང་སི་སྤོལ་རྩེད་ཐང་གཉིས་ཡོད། ངའི་སློབ་གྲྭའི་ནང་འཛིན་གྲྭ་སྔོན་འགྲོ་ནས་བཅུ་པ་བར་ཡོད། དྷ་ཤོད་སློབ་གྲྭའི་ནང་ལས་བྱེད་དྲུག་ཅུ་རེ་གཅིག་དང་སློབ་ཕྲུག་དྲུག་བརྒྱ་ཙམ་ཡོད། ངའི་སློབ་གྲྭའི་རྒན་ལགས་ནི་ཧ་ཅང་ཡག་པོ་དང་ང་ཚོ་ཚང་མ་ལ་ཡང་སློབ་སྦྱོང་དང་སློབ་ཁྲིད་ཡག་པོ་བྱེད་ཀྱི་འདུག།ང་རང་ངའི་སློབ་གྲྭ་ལ་ཧ་ཅང་དགའ་པོ་ཡོད།
9/6/2020
འོས་སྦྱོར་བའི་གཏམ། མིང་། བསྟན་འཛིན་དོན་ཡོད། འཛིན་གྲྭ་ལྔ་པ། སློབ་འཇུག་ཨང་ ༤༢༠༢ ད་ལྟ་ལོ་ན་བདུན་ཡིན། ངྷ་ཤོད་དཔེ་སྟོན་སློབ་གྲྭའི་སློབ་མ་ཡིན། འདི་དག་ཁོང་གིས་སློབ་ཁྲིད་ལས་ཟུར་དུ་གུང་སེང་སྐབས་བདག་ལ་དག་བཅོས་བཏང་ཡོང་བ་དག་ཡི་གེ་ནོར་བ་འགའ་རེ་དག་བཅོས་ལས་གཞན་སོར་འཇོག་བྱས་ཡོད། དེང་གི་བོད་ཡིག་ཕན་མེད་ལྟ་བའི་ཟུར་ཞིག་ནས་བོད་ཕྲུག་ལོ་ན་ཆུང་བ་ཞིག་གིས་འདི་ལྟ་བུའི་རྩོམ་ཡིག་འབྲི་ཐུབ་པ་ནི་གསེར་སྲང་སྟོང་ལས་ཀྱང་ལྷག་པས་འདིར་འོས་སྦྱོར་བྱས་པ་ཡིན་ན་ཀློག་མཁན་རྣམས་ཀྱིས་ཐུགས་སྣང་ཆེ་བ་གནང་བར་ཞུ། བྱིས་པའི་སེམས་ཁམས་ནི་ཆོས་དང་ཆབ་སྲིད། སྐྱོན་དང་དྲི་མ། གཡའ་དང་བག་ཆགས་ཀྱིས་མ་ལྷད་པར་སེམས་རྒྱུན་དྲང་ལ། ཏོག་དབྱིབས་སྐབས་སུ་སློབ་མ་ཆུང་ཆུང་དག་མཉམ་དུ་རྩེད་དགོད་ལ་རོལ་རྒྱུ་མ་བྱུང་བ་དང་། སེམས་ནང་གི་ ༸ གོང་ས་མཆོག་ཅི་ཞིག་ལ་བཞག་ཡོད་པ། གུང་སེང་སྐབས་ཀྱི་མྱོང་ཚོར་དང་ཨ་མའི་བྱམས་བརྩེ་སོགས་ཅི་བཞིན་བྲིས་ཡོད་པ་མ་ཟད་ད་དུང་ཁོང་སེམས་ཅན་ཁྱི་སོགས་པར་བྱམས་བརྩེ་བྱེད་པ་དང་། ལམ་ཁ་ནས་སྒོར་བཅུ་རེ་རེག་ན་མྱུར་ཏུ་གོ་རེ་ཀ་ར་ཉོས་ནས་ཁྱི་ལ་སྤྲད་ཡོང་། ཁོང་གིས་ཁྱི་ལ་བྲིས་པའི་ཉིན་ཐོ་སྙིང་རྗེ་བ་ཞིག་ཀྱང་རྗེས་སུ་འོས་སྦྱོར་བྱེད་རྒྱུ་ཡིན།
༡༽་་་་་་་་གྲོགས་པོ་ཚང་མ་ཁ་བའི་ནང་རྩེད་མོ་སོགས་རྩེད་ཀྱིས་ཡོད། ་་་་་་་་
༢༽གྲོགས་པོ་ཚང་མ་ཁ་བའི་ནང་རྩེད་མོ་སོགས་རྩེད་ཀྱི་ཡོད།
༣༽གྲོགས་པོ་ཚང་མ་ཁ་བའི་ནང་རྩེད་མོ་སོགས་རྩེད་བགྱིད་ཡོད།
གོང་གི་གསུམ་པོ་ལས། དག་ཤོས་ངོས་འཛིན་གནོངས་དང་། ལགས།
་་་་་་་་་ ད་ལྟ་ལོ་ན་བདུན་ཡིན། ངྷ་ཤོད་དཔེ་སྟོན་སློབ་གྲྭའི་སློབ་མ་ཡིན། ་་་་་་་་་་་
ད་ལྟ་ལོ་ན་བདུན་རེད། ། ངྷ་ཤོད་དཔེ་སྟོན་སློབ་གྲྭའི་སློབ་མ་རེད།
་
འདིར་ཡིན་ལས། རེད་འདི་དག་པར་མཐོང་བས། ཡང་བསྐྱར་དཔྱད་པར་མཛོད།