ཨ་ནུ་ཐང་བསོད་ནམས་ཀྱིས།
མི་སེར་སྤེལ་བའི་རིང་ལུགས་ཀྱི་ན་ཚ་མི་རིགས་སུ་དང་གང་ཟག་སུ་ལ་བྱུང་ཚེ་ནད་རྟགས་ནི་ཁ་དོག་སྣ་ལྔ་དང་མེ་ཏོག་སྣ་བརྒྱ་ཡིན་ལ། ཡིད་དུ་འོང་བའི་ནད་རྟགས་དེ་མཐའ་མ་གཅུང་ནད་དུ་གྱུར་ནས་མི་རིགས་དེ་དང་གང་ཟག་དེ་འཆི་ལམ་དུ་འདེད་ངེས་རེད། ཡར་རྒྱས་དང་མདུན་སྐྱོད་ཀྱི་དར་ཆ་འཁྱེར་ནས་རང་ཡིག་ཕལ་བ་བཞག་ཅིང་གཞན་ཡིག་གཙོ་ཆེར་འཛིན་པའི་སྲིད་ཇུས་ནི་མི་སེལ་སྤེལ་མཁན་ཚོའི་བླ་མེད་ཀྱི་ལག་ཆ་ཡིན་ལ། ལག་ཆ་དེས་མི་རིགས་གཞན་རྣམས་ཤོག་བུ་སྣུམ་ཟས་ཀྱི་ཚུལ་དུ་རྩ་མེད་དུ་བཟོ་རྒྱུ་དེ་རེད། ཡར་རྒྱས་དང་མདུན་སྐྱོད། བཅོས་སྒྱུར་དང་དེང་རབས། གསར་བཏོད་དང་མདུན་མཆོང་ཟེར་བའི་མཛེས་སྡུག་གི་མཚན་མ་སྣ་ཚོགས་བྱུང་ཡང་ངོས་ཟིན་ན་མི་སེར་བའི་སྤེལ་བའི་ནད་རྟགས་རེད། ནད་རྟགས་དེ་ངོ་ཤེས་ནས་མངོན་འགོག་གི་ལས་དོན་སྒྲུབ་རྒྱུ་ནི་གཙོ་གནད་དུ་མཐོང་ལ་རྒྱ་ནག་གིས་ངོས་ལེན་ཡོད་མེད་ལ་མ་ལྟོས་བ་ཁས་ལེན་མི་བྱེད་གཏོལ་མེད་བཟོ་དགོས་ཏེ། མ་བཟོས་ན་དབང་སྒྱུར་བས་དོགས་སྣང་བྱེད་མི་སྲིད། རྒྱ་མཚན་ནི། རྒྱ་ནག་ལ་རྩེད་མོ་འདི་སྔ་ས་ནས་རྩེད་རྒྱུའི་འཆར་གཞི་ཡོད་ཅིང་འགྲན་སྡུར་ཁྲོད་འགོག་སྲུང་དང་རྒྱལ་ཁ་ལེན་རྒྱུའི་གདེང་ཚད་ཡོད་ཅིང་ཅི་ལྟར་ལེན་རྒྱུའི་གྲ་སྒྲིག་ཀྱང་ཡོད་ངེས་རེད།
དུས་རབས་ཉེར་གཅིག་ལ་སླེབས་ཟིན་ཡང་དུས་རབས་བཅོ་བརྒྱད་དང་བཅུ་དགུ་ནང་བཞིན་སྐད་ཡིག་རྩ་མེད་བཟོ་རྒྱུའི་གྲོས་འཆར་ནི་མུན་ནག་གི་སྲིད་ཇུས་ཤིག་རེད་ལ། དེས་བོད་མི་ནི་ཅི་ལ་རྨོངས་བའི་གདོད་མིའི་མི་རིགས་ལྟ་བུ་འདུ་ཤེས་བཟུང་ཤིང་ཟོག་རིགས་འཛིན་པའི་ལྟ་སྟངས་འོག་གཏན་ལ་ཕབས་པའི་སྲིད་ཇུས་ཤིག་རེད། རྒྱ་ཡིག་བོད་ཡིག་ལས་སྤྱོད་མཁན་མང་ཞིང་འཇོན་ཐང་ཆེ་བའི་རྒྱུ་མཚན་དུ་བྱས་ནས་བོད་མིས་རང་ཡིག་ཕལ་བ་བྱས་ནས་རྒྱ་ཡིག་གཙོ་འཛིན་བྱེད་དགོས་ཚེ་རྒྱ་མིས་རྒྱ་ཡིག་དོར་ནས་དབྱིན་ཡིག་གཙོ་འཛིན་བྱེད་དགོས་ཏེ། དབྱིན་ཡིག་ནི་རྒྱ་ཡིག་ལས་རྡབ་གཉིས་གསུམ་གྱིས་བཀོད་སྤྱོད་ཆེ་བ་མ་ཟད་འཛམ་གླིང་གི་སྤྱི་སྐད་ཡིན་པས་སོ། ལྷག་པར་དུས་ཉི་ཤུ་བའི་དུས་འགོར་རྒྱ་ནག་པས་ཡར་རྒྱས་ཆེ་ཞིང་དེང་རབས་ཀྱི་དགོས་མཁོ་ཉེ་བའི་ཉིན་ཧོང་གི་སྐད་ཡིག་སྦྱང་དགོས་ཀྱང་དེ་ལས་ལྡོག་སྟེ་ངོ་རྒོལ་བྱེད་པ་གང་ཡིན་ནམ། དེ་ལྟར་ན་འཇིག་རྟེན་འདིར་སྐད་ཡིག་གཅིག་ལས་མང་པོ་མི་དགོས་སྟེ་སྐད་ཡིག་འདྲ་མིན་གྱིས་མི་རྣམས་ཁ་ཐོར་དང་གོ་བརྡ་ཕྲོད་པའི་འགོག་རྐྱེན་དུ་འགྲོ་བ་མ་ཟད། ཉམས་ཆུང་གི་མི་རིགས་དང་རྒྱལ་ཁབ་དག་གི་སྐད་ཡིག་ནི་འཇིག་རྟེན་འདིར་གནས་ས་མེད་དེ། འཇིག་རྟེན་འདིར་གྲངས་མང་དང་སྟོབས་ཆེན་མ་གཏོགས་ཁོར་ཡུག་མེད་ཅིང་མི་རིགས་ཀྱང་གྲངས་ཉུང་ལས་གྲངས་མང་དུ་གྱུར་ན་ལེགས་པས་མི་རིགས་སྣ་ཚོགས་དགོས་དོན་མེད། དེ་ལྟར་ཡིན་ཚེ་འཇིག་རྟེན་འདིར་བཙན་པོ་དང་སྟོབས་ཆེན་ལས་ཉམས་ཆུང་དང་སྡར་མ་གནས་ས་མེད་པས་དྲང་བདེན་དང་འདྲ་མཉམ། བཟང་སྤྱོད་དང་ཐོབ་ཐང་ཟེར་བ་ཡོང་ས་མེད། འདི་འདྲའི་སྡིག་རྩུབ་ཅན་གྱི་སྲིད་ཇུས་ནི་བོད་རྣམས་ཀྱིས་བཟོད་ནུས་སམ། བཟོད་མི་ནུས་ཏེ་བོད་མི་རྣམས་དོན་དངོས་ཀྱི་མི་ཡིན་ན་སྡོད་རན་མ་རེད། ལངས་རན་རེད། བསྡད་ན་བཟང་སྤྱོད་དང་བཟོད་པ་བརྩི་བ་ལྟ་ཅི་དེ་ལས་ལྟོག་སྟེ་དབང་སྒྱུར་བ་ངན་ལམ་བཏང་བས་དུད་འགྲོ་བརྩིས་ནས་ཅི་འདོད་དུ་བྲན་གཡོག་བཅུག་ངེས་རེད། བྲན་གཡོག་ཏུ་བཅུག་ནས་མཐར་རང་སར་རང་ཡིག་དང་རང་སྐད་སྤྱོད་མཁན་མེད་པ་གྱུར་ཏེ་མི་རིགས་འདི་འཇའ་ལྟར་ཡལ་ངེས་རེད།
གནས་དོན་འདི་བོད་མི་ཡོངས་ཀྱིས་གུ་ཡངས་བཏང་མི་རུང་ལ་མི་བཏང་བའི་ནུས་བ་བོད་ལ་ཡོད། མི་རིགས་ནག་པོས་རང་དབང་གི་ཆེད་དུ་སྟོབས་ཆེན་ཨ་རིའི་བདེ་འཇགས་ལ་གནོད་ཤུགས་སྤྲད་པའི་ནུས་བ་ཡོད་ན་བོད་མི་རྣམས་ལ་རྒྱ་ནག་གི་བདེ་འཇགས་མེད་པ་བཟོ་པའི་ནུས་བ་ཡོད། ནུས་བ་དེ་ངོས་ཟིན་ནས་མདུན་མཆོང་སྐྱོད་བྱེད་གལ་གནད་དུ་མཐོང་།
བོད་པ་ཚང་ལ་ཆོད་སེམས་ཡོད་ཅིང་གྲོས་ཁ་མཐུན་ན་སྐད་ཡིག་སྐྱོབ་རྒྱུ་ལས་སླ་སྟེ། སྡིག་རྩུབ་ཆེ་བའི་སྲིད་ཇུས་འདིར་རྒྱ་གཞུང་གིས་དོན་དངོས་ཀྱི་བཅོས་སྒྱུར་མ་བཏང་བར་དེ་སྲིད་དུ་སློབ་ཕྲུག་རྣམས་སློབ་གྲྭར་འགྲོ་མཚམས་བཞག་ཚེ་གྲུབ་འབྲས་མི་ཐོན་པའི་གནས་མེད་ཅིང་། དེ་ནི་མི་རིགས་ནག་པོས་ཨུ་ཚུགས་ཀྱིས་སྤྱི་སྐྱོད་རླངས་འཁོར་འགྲོ་མཚམས་བཞག་པ་ལྟ་བུ་རེད། དུས་ཡུན་ཅི་ལྟར་བསྲིང་དགོས་ཀྱང་མུན་ནག་གི་སྲིད་ཇིས་དེ་འགྱུར་བ་མ་བཏང་བར་དེ་སྲིད་དུ་བྱེད་དགོས་ཤིང་། འཐབ་རྩོད་ཀྱི་རྒྱུད་རིམས་ཁྲོད་དཀའ་ལས་ལོས་ཡོད། འོད་སྟོང་ལྡན་པའི་བྱ་བཞག་ཆེད་དཀའ་ལས་ཀྱིས་ངལ་རྩོལ་བྱེད་དགོས་ཤིང་། དཀའ་ལས་མེད་པ་གྲུབ་འབྲས་ཐོན་པའི་གནས་མེད། དེ་ནི་བདེན་པ་ཡིན་ལ་འགྲོ་བ་མིས་མཛེས་སྤྱོད་དང་རིན་ཐང་གི་ལྟ་ཚུལ་ཡིན་པ་མ་ཟད། གཞན་གྱིས་ངོས་ལེན་དང་རིན་ཐང་དགོས་ན་འབད་བརྩོན་གྱིས་ངལ་བ་བྱེད་དགོས་ཏེ། འཐབ་རྩོད་དང་ངལ་བ་མེད་ཚེ་གཞན་ཉིད་ལྟ་ཅི་ནང་མི་ལས་གུས་བཀུར་ཐོབ་རྒྱུ་དཀའ་གནད་དུ་མཐོང་། འོན་ཀྱང་འདི་འདྲའི་ལས་འགུལ་སྤེལ་བ་ལ་བོད་མི་ཡོངས་ཀྱིས་མ་གྲོས་གཅིག་མཐུན་གྱིས་མཉམ་ཞུགས་གནང་རྒྱུ་ལས་ཁ་ཤས་ཞུགས་ཞིང་ཁ་ཤས་ཀྱིས་རྒྱ་ནག་གི་སྐད་ཡིག་སྲིད་ཇུས་དྭངས་ལེན་བྱས་བ་ཡིན་ན། ལས་འགུལ་གྱི་ནུས་བ་ཉམས་ནས་གྲུབ་འགྲས་ཐོན་རྒྱུ་ལས་ལྡོག་སྟེ་འོས་ལངས་བྱེད་མཁན་ཚོར་ཚད་མེད་ཀྱིས་གྱོང་གུད་ཕོགས་ངེས་ཤིང་། དྭངས་ལེན་བྱེད་མཁན་ཚོར་བླ་མེད་ཀྱི་ཁེ་ཕན་ཐོབ་པས་མི་རིགས་འདིར་ནང་འགལ་གྱི་འཁྲུག་རྐྱེན་དུ་གྱུར་ནས་ཕྱོགས་ཁག་གཉིས་སུ་གྱེར་མཐར་འཇིག་ངེས་རེད། བོད་མི་ལ་མགྲིན་དབྱངས་གཅིག་གྱུར་དང་དམིགས་ཡུལ་གཅིག་མཚུངས་ཀྱིས་ལས་འགུལ་འདི་འདྲ་སྤེལ་ཐུབ་པའི་ཤེས་ཚད་ཡོད་མེད་ཁ་ཚོན་གཅོད་དཀའ་ཡང་། རྒྱ་ནག་གིས་རྒྱུས་ལོན་ལྟར་ན་བོད་མི་ཚོར་དེ་འདྲའི་ཚད་ལྡན་གྱི་ལས་འགུལ་སྤེལ་བའི་གནས་ཚད་མེད་པ་རྟོགས་ནས་སྐད་ཡིག་གཙང་སེལ་གྱི་སྲིད་ཇུས་བསྒྲགས་པ་འདོད།།
ཡིག་སྐྱོན་མ་ལྟོས་པར་ཡག་པོ་འདུག
རྒྱ་ཡིག་ཡིན་ན་ཞིག་དགོས་ཀྱིན་འདུག་ལབ་འཁན་དེ་ཚོ་རྡ་རམ་ས་ལ་ན་ སྐུ་ངོ་དང་ འཇོན་འདོག་དང་ མི་ཤེས་ ཤེས་འདོག་དེ་ཚོའི་སྔ་མོ་ནས་ཤུག་རྒྱག་ས་དེ་རྒྱ་ནག་གིས་ད་ལྟ་གསར་དུ་འགོ་ཙུག་པ་རེད།
ཁ་སང་ལས་བྲེལ་གྱི་དབང་གིས་ཡིག་སྐྱོན་ཁ་ཤས་ཤོར་བ་དགོངས་དག་ཞུ།
འོག་ཏུ་སྐྱར་བཀོད་བྱེད་རྒྱུ་ཡིན།
སློབ་མཚམས་འཇོག་རྒྱུ་ནི་བོད་ཡིག་སྐྱོབ་པའི་མཐར་ཐུག་གི་བགྲོད་ལམ་ཡིན།།
མི་སེར་སྤེལ་བའི་རིང་ལུགས་ཀྱི་ན་ཚ་མི་རིགས་སུ་དང་གང་ཟག་སུ་ལ་བྱུང་ཚེ་ནད་རྟགས་ནི་ཁ་དོག་སྣ་ལྔ་དང་མེ་ཏོག་སྣ་བརྒྱ་ཡིན་ལ། ཡིད་དུ་འོང་བའི་ནད་རྟགས་དེ་མཐའ་མ་གཅུང་ནད་དུ་གྱུར་ནས་མི་རིགས་དེ་དང་གང་ཟག་དེ་འཆི་ལམ་དུ་འདེད་ངེས་རེད། ཡར་རྒྱས་དང་མདུན་སྐྱོད་ཀྱི་དར་ཆ་འཁྱེར་ནས་རང་ཡིག་ཕལ་བ་བཞག་ཅིང་གཞན་ཡིག་གཙོ་ཆེར་འཛིན་པའི་སྲིད་ཇུས་ནི་མི་སེལ་སྤེལ་མཁན་ཚོའི་བླ་མེད་ཀྱི་ལག་ཆ་ཡིན་ལ། ལག་ཆ་དེས་མི་རིགས་གཞན་རྣམས་ཤོག་བུ་སྣུམ་ཟས་ཀྱི་ཚུལ་དུ་རྩ་མེད་བཟོ་རྒྱུ་དེ་རེད། ཡར་རྒྱས་དང་མདུན་སྐྱོད། བཅོས་སྒྱུར་དང་དེང་རབས། གསར་བཏོད་དང་མདུན་མཆོང་ཟེར་བའི་མཛེས་སྡུག་གི་མཚན་མ་སྣ་ཚོགས་བྱུང་ཡང་ངོས་ཟིན་ན་མི་སེར་བའི་སྤེལ་བའི་ནད་རྟགས་རེད། ནད་རྟགས་དེ་ངོ་ཤེས་ནས་མངོན་འགོག་གི་ལས་དོན་སྒྲུབ་རྒྱུ་ནི་གཙོ་གནད་དུ་མཐོང་ལ་རྒྱ་ནག་གིས་ངོས་ལེན་ཡོད་མེད་ལ་མ་ལྟོས་བ་ཁས་ལེན་མི་བྱེད་གཏོལ་མེད་བཟོ་དགོས་ཏེ། མ་བཟོས་ན་དབང་སྒྱུར་བས་ཡ་ལེན་བྱེད་མི་སྲིད། རྒྱ་མཚན་ནི། རྒྱ་ནག་ལ་རྩེད་མོ་འདི་སྔ་ས་ནས་རྩེ་རྒྱུའི་འཆར་གཞི་ཡོད་ཅིང་འགྲན་སྡུར་ཁྲོད་འགོག་སྲུང་དང་རྒྱལ་ཁ་ལེན་རྒྱུའི་གདེང་ཚོད་ཡོད་ཅིང་ཅི་ལྟར་ལེན་རྒྱུའི་གྲ་སྒྲིག་ཀྱང་ཡོད་ངེས་རེད།
དུས་རབས་ཉེར་གཅིག་ལ་སླེབས་ཟིན་ཡང་དུས་རབས་བཅོ་བརྒྱད་དང་བཅུ་དགུ་ནང་བཞིན་སྐད་ཡིག་རྩ་མེད་བཟོ་རྒྱུའི་གྲོས་འཆར་ནི་མུན་ནག་གི་སྲིད་ཇུས་ཤིག་རེད་ལ། དེས་བོད་མི་ནི་ཅི་ལ་རྨོངས་བའི་གདོད་མིའི་མི་རིགས་ལྟ་བུ་འདུ་ཤེས་བཟུང་ཤིང་ཟོག་རིགས་འཛིན་པའི་ལྟ་སྟངས་འོག་གཏན་ལ་ཕབས་པའི་སྲིད་ཇུས་ཤིག་རེད། རྒྱ་ཡིག་བོད་ཡིག་ལས་སྤྱོད་མཁན་མང་ཞིང་འཇོན་ཐང་ཆེ་བའི་རྒྱུ་མཚན་དུ་བྱས་ནས་བོད་མིས་རང་ཡིག་ཕལ་བ་བྱས་ནས་རྒྱ་ཡིག་གཙོ་འཛིན་བྱེད་དགོས་ཚེ་རྒྱ་མིས་རྒྱ་ཡིག་དོར་ནས་དབྱིན་ཡིག་གཙོ་འཛིན་བྱེད་དགོས་ཏེ། དབྱིན་ཡིག་ནི་རྒྱ་ཡིག་ལས་རྡབ་གཉིས་གསུམ་གྱིས་བཀོད་སྤྱོད་ཆེ་བ་མ་ཟད་འཛམ་གླིང་གི་སྤྱི་སྐད་ཡིན་པས་སོ། ལྷག་པར་དུས་ཉི་ཤུ་བའི་དུས་འགོར་རྒྱ་ནག་པས་ཡར་རྒྱས་ཆེ་ཞིང་དེང་རབས་ཀྱི་དགོས་མཁོ་ཉེ་བའི་ཉིན་ཧོང་གི་སྐད་ཡིག་སྦྱང་དགོས་ཀྱང་དེ་ལས་ལྡོག་སྟེ་ངོ་རྒོལ་བྱེད་པ་གང་ཡིན་ནམ། དེ་ལྟར་ན་འཇིག་རྟེན་འདིར་སྐད་ཡིག་གཅིག་ལས་མང་པོ་མི་དགོས་སྟེ་སྐད་ཡིག་འདྲ་མིན་གྱིས་མི་རྣམས་ཁ་ཐོར་དང་གོ་བརྡ་ཕྲོད་པའི་འགོག་རྐྱེན་དུ་འགྲོ་བ་མ་ཟད། ཉམ་ཆུང་གི་མི་རིགས་དང་རྒྱལ་ཁབ་དག་གི་སྐད་ཡིག་ནི་འཇིག་རྟེན་འདིར་གནས་ས་མེད་དེ། འཇིག་རྟེན་འདིར་གྲངས་མང་དང་སྟོབས་ཆེན་མ་གཏོགས་ཁོར་ཡུག་མེད་ཅིང་མི་རིགས་ཀྱང་གྲངས་ཉུང་ལས་གྲངས་མང་དུ་གྱུར་ན་ལེགས་པས་མི་རིགས་སྣ་ཚོགས་དགོས་དོན་མེད། དེ་ལྟར་ཡིན་ཚེ་འཇིག་རྟེན་འདིར་བཙན་པོ་དང་སྟོབས་ཆེན་ལས་ཉམ་ཆུང་དང་སྡར་མ་གནས་ས་མེད་པས་དྲང་བདེན་དང་འདྲ་མཉམ། བཟང་སྤྱོད་དང་ཐོབ་ཐང་ཟེར་བ་ཡོང་ས་མེད། འདི་འདྲའི་གདུག་རྩུབ་ཅན་གྱི་སྲིད་ཇུས་ནི་བོད་མི་རྣམས་ཀྱིས་བཟོད་ནུས་སམ། བཟོད་མི་ནུས་ཏེ་བོད་མི་ནི་དོན་དངོས་ཀྱི་མི་དང་དུས་རབས་ཉེར་གཅིག་གི་མི་ཡིན་ན་སྡོད་རན་མ་རེད། ལངས་རན་རེད། བསྡད་ན་བཟང་སྤྱོད་དང་བཟོད་པར་བརྩི་བ་ལྟ་ཅི་དེ་ལས་ལྟོག་སྟེ་དབང་སྒྱུར་བ་ངན་ལམ་བཏང་བས་དུད་འགྲོ་བརྩིས་ནས་ཅི་འདོད་དུ་བྲན་གཡོག་བཅུག་ངེས་རེད། བྲན་གཡོག་ཏུ་བཅུག་ནས་མཐར་རང་སར་རང་ཡིག་དང་རང་སྐད་སྤྱོད་མཁན་མེད་པར་གྱུར་ཏེ་མི་རིགས་འདི་འཇའ་ལྟར་ཡལ་ངེས་རེད།
གནས་དོན་འདི་བོད་མི་ཡོངས་ཀྱིས་གུ་ཡངས་བཏང་མི་རུང་ལ་མི་བཏང་བའི་ནུས་བ་བོད་ལ་ཡོད། མི་རིགས་ནག་པོས་རང་དབང་གི་ཆེད་དུ་སྟོབས་ཆེན་ཨ་རིའི་བདེ་འཇགས་ལ་གནོད་ཤུགས་སྤྲད་པའི་ནུས་བ་ཡོད་ན་བོད་མི་རྣམས་ལ་རྒྱ་ནག་གི་བདེ་འཇགས་མེད་པ་བཟོ་པའི་ནུས་བ་ཡོད། ནུས་བ་དེ་ངོས་ཟིན་ནས་མདུན་མཆོང་སྐྱོད་བྱེད་གལ་གནད་དུ་མཐོང་།
བོད་པ་ཚང་ལ་ཆོད་སེམས་ཡོད་ཅིང་གྲོས་ཁ་མཐུན་ན་སྐད་ཡིག་སྐྱོབ་རྒྱུ་ལས་སླ་སྟེ། གདུག་རྩུབ་ཆེ་བའི་སྲིད་ཇུས་འདིར་རྒྱ་གཞུང་གིས་དོན་དངོས་ཀྱི་བཅོས་སྒྱུར་མ་བཏང་བར་དེ་སྲིད་དུ་སློབ་ཕྲུག་རྣམས་སློབ་གྲྭར་འགྲོ་མཚམས་བཞག་ཚེ་གྲུབ་འབྲས་མི་ཐོན་པའི་གནས་མེད་ཅིང་། དེ་ནི་མི་རིགས་ནག་པོས་ཨུ་ཚུགས་ཀྱིས་སྤྱི་སྐྱོད་རླངས་འཁོར་འགྲོ་མཚམས་བཞག་པ་ལྟ་བུ་རེད། དུས་ཡུན་ཅི་ལྟར་བསྲིང་དགོས་ཀྱང་མུན་ནག་གི་སྲིད་ཇིས་དེ་འགྱུར་བ་མ་བཏང་བར་དེ་སྲིད་དུ་བྱེད་དགོས་ཤིང་། འཐབ་རྩོད་ཀྱི་རྒྱུད་རིམས་ཁྲོད་དཀའ་ལས་ལོས་ཡོད། འོད་སྟོང་ལྡན་པའི་བྱ་བཞག་ཆེད་དཀའ་ལས་ཀྱིས་ངལ་རྩོལ་བྱེད་དགོས་ཤིང་། དཀའ་ལས་མེད་པ་གྲུབ་འབྲས་ཐོན་པའི་གནས་མེད། དེ་ནི་བདེན་པ་ཡིན་ལ་འགྲོ་བ་མིས་མཛེས་སྤྱོད་དང་རིན་ཐང་གི་ལྟ་ཚུལ་ཡིན་པ་མ་ཟད། གཞན་གྱིས་ངོས་ལེན་དང་རིན་ཐང་དགོས་ན་འབད་བརྩོན་གྱིས་ངལ་བ་བྱེད་དགོས་ཏེ། འཐབ་རྩོད་དང་ངལ་བ་མེད་ཚེ་གཞན་ཉིད་ལྟ་ཅི་ནང་མི་ལས་གུས་བཀུར་ཐོབ་རྒྱུ་དཀའ་གནད་དུ་མཐོང་། འོན་ཀྱང་འདི་འདྲའི་ལས་འགུལ་སྤེལ་བ་ལ་བོད་མི་ཡོངས་ཀྱིས་མ་གྲོས་གཅིག་མཐུན་གྱིས་མཉམ་ཞུགས་གནང་རྒྱུ་ལས་ཁ་ཤས་ཞུགས་ཞིང་ཁ་ཤས་ཀྱིས་རྒྱ་ནག་གི་སྐད་ཡིག་སྲིད་ཇུས་དང་ལེན་བྱེད་པ་ཡིན་ན། ལས་འགུལ་གྱི་ནུས་བ་ཉམས་ནས་གྲུབ་འགྲས་ཐོན་རྒྱུ་ལས་ལྡོག་སྟེ་འོས་ལངས་བྱེད་མཁན་ཚོར་ཚད་མེད་ཀྱིས་གྱོང་གུད་ཕོགས་ངེས་ཤིང་། དང་ལེན་བྱེད་མཁན་ཚོར་བླ་མེད་ཀྱི་ཁེ་ཕན་ཐོབ་པས་མི་རིགས་འདི་ནང་འགལ་གྱི་འཁྲུག་རྐྱེན་དུ་གྱུར་ནས་ཕྱོགས་ཁག་གཉིས་སུ་གྱེར་མཐར་འཇིག་ངེས་རེད། བོད་མི་ལ་མགྲིན་དབྱངས་གཅིག་གྱུར་དང་དམིགས་ཡུལ་གཅིག་མཚུངས་ཀྱིས་ལས་འགུལ་འདི་འདྲ་སྤེལ་ཐུབ་པའི་ཤེས་ཚད་ཡོད་མེད་ཁ་ཚོན་གཅོད་དཀའ་ཡང་། རྒྱ་ནག་གིས་རྒྱུས་ལོན་ལྟར་ན་བོད་མི་ཚོར་དེ་འདྲའི་ཚད་ལྡན་གྱི་ལས་འགུལ་སྤེལ་བའི་གནས་ཚད་མེད་པ་རྟོགས་ནས་སྐད་ཡིག་གཙང་སེལ་གྱི་སྲིད་ཇུས་བསྒྲགས་པ་འདོད།།
ཨ་ནུ་ཐང་གྲོགས་པོ་ལགས། ཉིད་ཀྱི་བསམ་ཚུལ་ཁ་ཤས་ཤིག་ལ་ང་འདོད་པ་མ་བྱུང་། ཡིན་ཀྱང་ངའི་འདོད་པ་དང་། ཁྱོད་ཀྱི་བསམ་ཚུལ་གཅིག་ཡིན་དགོས་མེད་ལ། རེད་དེ་གལ་གནད་ཆེ་བ་ཞིག་ལ་ཁྱོད་རང་གི་བསམ་བློ་ནོར་སྐྱོན་མེད་དམ་སྙམ་པའི་བློ་དོགས་ཤིག་བྱུང་། ཁྱོད་ཀྱིས་༼བོད་པ་ཚང་ལ་ཆོད་སེམས་ཡོད་ ཅིང་གྲོས་ཁ་མཐུན་ན་སྐད་ཡིག་སྐྱོབ་རྒྱུ་ལས་སླ་སྟེ། གདུག་རྩུབ་ཆེ་བའི་སྲིད་ཇུས་འདིར་རྒྱ་གཞུང་གིས་དོན་དངོས་ཀྱི་བཅོས་སྒྱུར་མ་ བཏང་བར་དེ་སྲིད་དུ་སློབ་ཕྲུག་རྣམས་སློབ་གྲྭར་འགྲོ་མཚམས་བཞག་ཚེ་གྲུབ་འབྲས་ མི་ཐོན་པའི་གནས་མེད་ཅིང་། དེ་ནི་མི་རིགས་ནག་པོས་ཨུ་ཚུགས་ཀྱིས་སྤྱི་སྐྱོད་རླངས་འཁོར་འགྲོ་མཚམས་བཞག་པ་ ལྟ་བུ་རེད། དུས་ཡུན་ཅི་ལྟར་བསྲིང་དགོས་ཀྱང་མུན་ནག་གི་སྲིད་ཇིས་དེ་འགྱུར་བ་མ་བཏང་བར་དེ་ སྲིད་དུ་བྱེད་དགོས་ཤིང་། ༽ཞེས་བཤད་འདུག འདི་ནི་ནོར་འཁྲུལ་ཅན་གྱི་ལྟ་སྤྱོད་ཅིག་རེད། ང་ཚོས་སློབ་གྲྭར་འགྲོ་མཚམས་བཞག་ཚེ་རྒྱ་དམར་གྱི་ངོས་ནས་ཀྱང་དེ་བཞིན་འགྱུར་བ་མ་སྟངས་ནས་ལོ་གཅིག་བཞག་སོང་ན། གྲུབ་འབྲས་ལྟ་ཅི་ལྡོག་ཤོག་ནས་འཇུག་འབྲས་ངན་པ་ཞིག་སྨོས་མེད་རེད། ཁོ་ཚོས་ངན་ཁག་ང་ཚོ་ལ་དཀྲིས་ནས་སློབ་གྲྭ་ཁག་སྒོ་བརྒྱབ་སོང་ན་གྲུབ་འབྲས་སུ་ལ་ཐོབ་སོང་། འདི་ནི་མི་རིགས་ནག་པོས་ཨུ་ཚུགས་ཀྱིས་སྤྱི་སྐྱོད་རླངས་འཁོར་འགྲོ་མཚམས་བཞག་པ་དང་རྩ་བ་ནས་མཐུན་ཐབས་མེད་པ་ཞིག་རེད།
གྲོགས་པོ་ལགས། སྐུ་ཉིད་ཀྱིས་དངོས་གནས་ང་ཚོ་སློབ་གྲྭར་འགྲོ་མཚམས་བཞག་ན་རྒྱ་དམར་གྱི་སེམས་ལ་གནོད་རྒྱུ་རེད་བསམ་མམ།
རྩོམ་ཡིག་འདི་ནང་དོན་སྐྱོན་ཅན་ཞིག་ལས་སྐྱོན་མེད་པ་ཞིག་རྩ་བ་ནས་མ་རེད།
གཙང་གྲོགས་ལགས། བསམ་ཚུལ་གསུངས་བ་དགའ་བོ་བྱུང་། ལོ་གཅིག་མ་ཟད་ལོ་དྲུག་དགོས་ན་སྒུག་དགོས། དེའི་བོད་རིགས་རྒྱ་རིགས་འགྱུར་བའི་རྐྱེན་རྩ་འགོག་ཐུབ་པ་མ་ཟད་རྒྱ་མིས་བོད་ལ་དབང་ཡོད་བྱེད་པའི་ཇུས་གཞི་འགོག་ཅིང་མི་རབས་རྗེས་མ་རྣམས་ལ་བློ་སྤོབས་བྱིན་པའི་གསོས་སུ་འགྱུར་ངེས་ཡིན། བོད་པ་རྣམས་ཀྱིས་ཨུ་ཚུགས་ཀྱིས་རྒྱ་ཡིག་མ་སྦྱང་ན་རྒྱ་ནག་པས་ཁོ་ཚོའི་ཁེ་ཕན་ཆེད་བོད་ཡིག་མི་སྦྱང་ཐབས་མེད་རེད་དེ། མ་སྦྱང་ན་བོད་ལ་ཚད་ལྡན་གྱི་དབང་སྒྱུར་བྱེད་མི་ཐུབ་ལ། ལོ་ངོ་གཅིག་སྟོང་རིང་རྒྱ་ནག་པས་བོད་བཟུང་ཡང་བོད་མིའི་ངོ་བོ་རྒྱུན་གནས་ཐུབ་ངེས་ཡིན། དེ་མིན་སྲིད་ཇུས་ཀྱིས་གར་བསྟན་བཞིན་རྒྱུགས་པ་ཡིན་ན་བོད་མི་ཚོ་ལོ་སྟོང་ཕྲག་ཁ་ཤས་འདང་རྒྱུ་ལྟ་ཅི་བརྒྱ་ཕྲག་ཁ་ཤས་འཚོ་རྒྱུ་ཁག་པོ་རེད། བོད་མིའི་ངོ་བོ་རྒྱུན་གནས་ཡོང་རྒྱུ་ནི་ཐམས་ཅད་ལས་གལ་ཆེ་མ་ཡིན་ནམ། བོད་མིའི་ཁྲོད་ཁྱེད་ལྟ་བུ་འདོད་ཚུལ་འཛིན་མཁན་མང་ཚེ་ལས་འགུལ་ལ་ནུས་བ་ཐོན་རྒྱུ་ལྟ་ཅི། རྒྱ་མི་མིའི་འདོད་ཐོག་གི་རྟ་རེད། དེ་སྔོན་མི་རིགས་ནག་པོས་གྲས་ནས་མཱ་ཁྲིན་ལ་རླངས་འཁོར་འགྲོ་མཚམས་བཞག་པ་ནི་རང་ཉིད་ཀྱི་སྡུག་གྱོང་ཡིན་ཞིང་དེའི་ཨ་རིའི་གཞུང་ལ་གནོད་ཤུགས་ཅི་ཡང་སྤྲད་མི་ཐུབ་པའི་འདོད་ཚུལ་བཟུང་ནས་སྐྱོན་བརྗོད་བྱེད་མཁན་མང་དུ་བྱུང་ཡང་ཁོང་གིས་ཁྱེད་ཚོ་སེམས་ཤུགས་མ་ཆགས། རྒྱུན་མཐུད་དུ་སྐྱོང་ན་གྲུབ་འབྲས་ཐོན་ངེས་ཡིན་ཞེས་གསུངས་ཤིང་རྗེས་སུ་བློ་ཡུལ་ལས་འདས་བའི་འབྲས་རྟགས་མངོན་པ་རེད། དེ་ན། ཁྱེད་ཀྱིས་བསམ་ཚེ་་་་གལ་སྲིད་རྒྱ་གཞུང་གིས་སློབ་མའི་རེ་འདོད་ལ་དང་ལེན་མ་གནང་ཚེ་ཅི་ལྟར་བྱས་ན་བོད་ཡིག་སྐྱོབ་ཐུབ་བམ། སྲིད་ཇུས་འོག་ཏུ་མགོ་སྒུར་བྱེད་རྒྱུ་ཡིན་ནམ་ཐབས་ལམ་གཞན་ཞིག ངས་ལྟས་ན་ལས་འགུལ་དེ་ལྟར་སྤེལ་བའི་ནུས་བ་བོད་ལ་མེད་ཚེ་སྲིད་འཛིན་ཧྥོའི་ཅིན་ཐང་གི་མཚན་ནས་བཟུང་ཏེ་སློབ་ཚན་རང་འཇགས་ཡོང་རྒྱུའི་ཞུ་འབོད་ཀྱི་སྐྱབས་འཇུག་ཞུ་རྒྱུ་རང་རེད། གཅིག་བྱས་ན་ཧྥོའི་ཡིས་སྙིང་རྗེ་གཟིགས་མདོག་རེད། དེ་མིན་དྲག་པོས་རྒྱ་ནག་ལ་ཁག་གཏད་འཇལ་བའི་ནུས་བ་བོད་ལ་དཀོན། མཇལ་ཚེ་དེ་ལས་དཀའ་ངལ་གྱི་རྒྱུ་ཞིག་རེད་སྙམ།
གཙང་གྲོགས།
སྡར་མ་རེད། ལོ་གཅིག་ཙམ་སྒུག་རྒྱུའི་དཀའ་ངལ་ཡོད་ན་ཁག་ཅིག་་གིས་མི་རིགས་འདིའི་རྒྱུན་གནས་ཆེད་དུ་ལུས་སྲོག་ལོངས་སྤྱོད་ཡོད་ཚད་བཏང་བ་ཅི་བྱེད། ད་ཤེས་སོང་། ཁྱེད་ཡིན་ན་དཀའ་ངལ་མེད་པ་ལྟོ་ཟ་མཁན་དང་གྱོང་གུད་མེད་པ་ཁེ་ཚོང་འཚོལ་མཁན་རེད། སྟབས་མ་ལེགས་པ་ཞིག་ལ་འཇིག་རྟེན་འདིར་དཀའ་ལས་མེད་པ་བདེ་སྐྱིད་ཐོབ་མི་སྲིད་པས་ཅི་བྱེད། དཀའ་ལས་མེད་པ་བོད་རང་དབང་ཐོབ་རྒྱུ་ལྟ་ཅི་ཟས་ཀྱང་རྙེད་རྒྱུ་ཁག་པོ་རེད། དཀའ་བའི་ལས་མ་བྱས་ན། ཞིམ་པའི་ཟས་མི་ཐོབ་ཟེར་བའི་གཏམ་དཔེ་འདི་ལ་གོ་རྒྱུ་ཞིག་མི་འདུག་གམ།
༼འདི་ནི་ནོར་འཁྲུལ་ཅན་གྱི་ལྟ་སྤྱོད་ཅིག་རེད། ང་ཚོས་སློབ་གྲྭར་འགྲོ་མཚམས་བཞག་ཚེ་རྒྱ་དམར་གྱི་ངོས་ནས་ཀྱང་དེ་བཞིན་འགྱུར་བ་མ་སྟངས་ནས་ལོ་གཅིག་བཞག་སོང་ན། གྲུབ་འབྲས་ལྟ་ཅི་ལྡོག་ཤོག་ནས་འཇུག་འབྲས་ངན་པ་ཞིག་སྨོས་མེད་རེད། ཁོ་ཚོས་ངན་ཁག་ང་ཚོ་ལ་དཀྲིས་ནས་སློབ་གྲྭ་ཁག་སྒོ་བརྒྱབ་སོང་ན་གྲུབ་འབྲས་སུ་ལ་ཐོབ་སོང་། འདི་ནི་མི་རིགས་ནག་པོས་ཨུ་ཚུགས་ཀྱིས་སྤྱི་སྐྱོད་རླངས་འཁོར་འགྲོ་མཚམས་བཞག་པ་དང་རྩ་བ་ནས་མཐུན་ཐབས་མེད་པ་ཞིག་རེད།༽རྒྱ་ནག་གིས་སློབ་གྲྭ་ཡོད་ཚད་སྒོ་རྒྱབ་མི་སྲིད་ཅིང་དེ་ལྟར་བྱས་ན་བོད་ལས་རྒྱ་ནག་ལ་གྱོང་གུད་ཆེ་བས་ཡིན། རྒྱུ་མཚན་ནི་རྒྱ་སྐད་མེད་ཀྱང་བོད་མི་རྣམས་ཀྱིས་བོད་སྐད་ལམ་ནས་ཕན་ཚུན་གོ་བརྡ་འཕྲོད་ཅིང་རང་སྐད་རྒྱུན་འཛིན་བྱེད་པས་རྒྱའི་སྐད་ཡིག་དང་རིག་གཞུང་གི་ཤུགས་རྐྱེན་བོད་མིའི་ཁྲོད་ཡོང་ཐབས་དཀའ་ཞིང་བོད་མི་རྣམས་ཇི་སྲིད་དུ་རྒྱ་དང་ཐ་དད་དུ་གནས་ངེས་རེད། མི་སེར་སྤེལ་མཁན་ཚོར་མཚོན་ན་སློབ་གྲྭ་ནི་གཞན་རིགས་ལ་བཏང་འཛིན་དང་ཤུགས་རྐྱེན་སྤྲོད་བྱེད་ཀྱི་ཟམ་པ་ཡིན་ལ་ཚེ་སྲོག་ཀྱང་ཡིན་ཟེར་ན་ཆོག རྒྱ་མིས་རང་གི་ཚེ་སྲོག་ལ་རང་གིས་རྐང་བརྫི་བཏང་ག་ལ་ཐུབ། མི་བཏང་ཏེ། མི་བཏང་པའི་རྣམ་དཔྱོད་རྒྱ་མིར་ཡོད། དེ་ནི་སྤྱི་སྐྱོད་རླངས་འཁོར་གྱི་ལས་འགུལ་ལས་ཉེན་ཚབས་ཆེ། སྤྱི་སྐྱོད་རླངས་འཁོར་མ་སྤྱོད་པ་ནི་མི་རིགས་ནག་པོའི་ཆོད་སེམས་དང་གཅིག་སྒྲིག་གི་རྣམ་པ་སྟོན་བྱེད་ཙམ་ལས་དེ་ཙམ་རིག་གཞུང་དང་དཔལ་འབྱོར་གྱི་སྒང་ནས་ཨ་རིར་གྱོང་གུད་སྤྲད་མི་ཐུབ། དེ་ཙམ་མ་ཤེས་ན་བློ་ཕམ་རེད།
གྲོགས་པོ་ལགས། ཡང་སྙིང་སྐུ་ཉིད་ཀྱིས་བསམ་ཚུལ་བཀོད་པ་དགའ་པོ་བྱུང་། སེམས་རྩ་ནས་དགའ་བོ་བྱུང་། སློབ་གྲྭར་འགྲོ་མཚམས་བཞག་ན་རྒྱ་མིའི་སེམས་ལ་གནོད་པ་ཙམ་མ་ཟད་བོད་ལ་མཚོན་ན་དེ་ལས་ལྷག་གི་རྒྱ་ལ་གནོད་ཤུགས་སྤྲད་བྱེད་ཀྱི་ལག་ཆ་ཞིག་མེད་ལ། དེ་ནི་རྒྱའི་སྙིང་ལ་གྲི་གཙུགས་པ་ནང་བཞིན་གནོད་ཀྱིན་རེད། རྒྱུ་མཚན་ནི་དེ་ནི་རྒྱའི་སྟོབས་ཤུགས་ངོམས་སུ་སྲོག་རྩ་ཡིན་པས་རེད། འཇིག་རྟེན་འདིར་ད་ཆ་བོད་དང་ཡུ་གུར་ཡིས་རྒྱ་ལ་གནོད་ཤུགས་སྤྲད་ཐུབ་པ་ཞིག་གཞན་སུ་ཞིག་གིས་སྤྲད་མི་ཐུབ། དེ་བརྟེན་བོད་དང་ཡུ་གུར་ཡི་གནད་དོན་འདི་རྒྱ་གཞུང་ཙམ་མ་ཡིན་པ་རྒྱ་མི་ཀུན་ལ་འཚོར་པོ་རྣོ་ཆགས་ཤིང་གནད་དོན་དེ་གཞུང་སྒེར་གཉིས་ཀྱིས་བཟོད་སྒོམ་བྱེད་མི་ཐུབ་པའི་གནས་སྟངས་འདི་བྱུང་པ་རེད།
ཡིས་ལ་གྱིས་དང་སུ་ལ་སའི་བཅས་བ་བཅོས་རོགས།
གྲོགས་པོ་ལགས། ངེད་གཉིས་བསམ་ཚུལ་དངོས་གནས་ཐ་དད་རེད། ང་ཚོས་ལུས་སྲོག་ལོངས་སྤྱོད་བཏང་བ་ལས་སློབ་གྲྭར་འགྲོ་མཚམས་བཞག་པ་དེ་ཉེས་འགག་ཆེ་བར་འདོད། མི་ལ་སློབ་སྦྱོང་མེད་ན་དུད་འགྲོ་ཁྱུ་ཞིག་ལྟར་གལ་གནད་ཆེ་བའི་ལས་དོན་ཅི་ཡང་སྒྲུབ་མི་ནུས། སྔོན་མར་ང་ཚོས་བོད་ས་ཤོར་བའང་ལུས་སྲོག་བཏང་མ་ཐུབ་ནས་ལུས་པ་ཞིག་མ་རེད། གནད་དོན་གང་ལ་ཐུག་པ་རེད་ཟེར་ན། ཤེས་ཡོན་མེད་པས་ལན་པ་རེད། དངོས་གནས་བྱེད་ན་ང་ཚོས་བོད་ཡིག་ལ་སློབ་སྦྱོང་བྱེད་པ་ལྟར་རྒྱ་ཡིག་ལའང་ངེས་པར་དུ་བྱ་དགོས། རྒྱ་སྐད་དང་རྒྱ་ཡིག་མེད་པར་བོད་སྐད་ཅིག་པོའི་ཐོག་ནས་བོད་ཀྱི་གནད་དོན་འདི་འཛམ་གླིང་མི་དམངས་ཀྱི་མདུན་དུ་གསལ་བོར་བྱེད་ཐུབ་རྒྱུ་མ་རེད་ལ། རླབས་ཆེན་གྱི་བྱ་གཞག་ཅིག་དེ་བས་བྱེད་ཐུབ་རྒྱུ་མ་རེད། རྒྱུ་མཚན་དེའི་ཕྱིར་ན་སྐད་ཡིག་ཐམས་ཅད་ལ་སྦྱོངས་ནས་རྩ་དོན་ལ་བརྩད་དགོས་པ་ལས་བོད་སྐད་དང་བོད་ཡིག་ཅིག་པས་ཅི་ཡང་ནུས་རྒྱུ་མ་རེད། ཐ་ན་སྐད་འབོད་ཙམ་བྱེད་ཀྱང་སྐད་ཡིག་གཞན་མ་ཤེས་ན་ངུ་ནས་ཁྲག་དམར་བབ་ཀྱང་སུ་ཡང་དོན་གནད་ཡལ་ངལ་དེ་ཤེས་རྒྱུ་མ་རེད། དེས་ན་སློབ་གྲྭར་ཆུ་ཚད་སྐར་མ་ཡང་ཆུ་ཟས་སུ་གཏང་རུང་གི་མ་རེད་དོ། །
༼བཅོས༽
དེས་ན་སློབ་གྲྭར་འགྲོ་རྒྱུ་ཆུ་ཚད་སྐར་མ་ཡང་ཆུ་ཟད་དུ་གཏང་རུང་གི་མ་རེད་དོ། །
གྲོགས་པོ་ལགས།
བདེན་པ་རེད། སློབ་སྦྱོང་གལ་ཆེན་རེད། འོན་ཀྱང་སློབ་སྦྱོང་ཆེད་དུ་མི་རིགས་འདི་བརྗེ་ག་ལ་རུང་། སློབ་སྦྱོང་གི་ཆེད་དུ་མི་རིགས་བརྗེ་སྒོར་མོའི་ཆེད་དུ་མི་རིགས་བརྗེ་བ་དང་གཅིག་མཚུངས་རེད། སྒོར་མོ་དང་ཤེས་ཡོན་གལ་ཆེ་ཡང་དེ་ལས་གལ་ཆེ་བ་ནི་མི་རིགས་ཀྱི་འདོད་འདུན་དང་མ་འོངས་བའི་བདག་དབང་སྲུང་སྐྱོབ་བྱེད་རྒྱུ་མ་རེད་དམ། དེ་སྔོན་བོད་ལ་ཤེས་ཡོན་མེད་པ་མ་རེད། བསམ་བློ་མེད་པའང་མ་རེད། མེད་པ་ནི་སྤྱི་ཚོགས་ཀྱི་ཤེས་ཡོན་མེད་པ་མ་གཏོགས་ཆོས་ལུགས་ཀྱི་ཤེས་ཡོན་ཡོད་ཅིང་། བོད་ལ་ཡོད་པ་ཞིག་འཇིག་རྟེན་འདིར་ཡོད་ས་མེད། ཆོས་ལུགས་ཀྱི་ཤེས་ཡོན་ཚོད་མེད་ཀྱི་དར་བས་མི་སྡེའི་ཤེས་ཡོན་ཉམས་པས་ས་་ཁོངས་དང་བདག་དབང་གི་འདུ་ཤེས་ཉམས་པས་ཕམ་པ་རེད། འོན་ཀྱང་རྒྱ་མི་མ་ཡོང་བར་དུ་མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་ཡོད། ཁྱེད་ཀྱི་ཞེན་འདོད་ལྟར་ན་རྒྱ་ཡིག་གིས་བོད་ཀྱི་མ་འོངས་སྐྱོབ་པས་དེ་ནི་འབད་བརྩོན་བྱེད་མི་དགོས་བ་བོད་ལ་ཡོད་པའི་ཤེས་ཡོན་སྲིད་ཇུས་གསར་བ་དེ་ཡིན་ཞིང་ད་ལྟ་ངོ་རྒོལ་བྱེད་དགོས་དོན་མི་འདུག རྒྱ་ཡིག་གམ་སྐད་ཡིག་གཞན་གྱིས་བོད་པ་སྐྱོབ་ནུས་ན་བོད་སྐད་དགོས་དོན་མི་འདུག ངས་བཤད་པ་ནི་སྐད་ཡིག་གཞན་པ་སྦྱང་མི་དགོས་སྨྲ་བཞིན་མེད་ལ་ཡོད་པ་ནི་བོད་ཡིག་གཙོ་པོ་བྱས་ནས་གཞན་རྣམས་ཕལ་བྱས་ན་དགེ་མཚན་ཆེ་ཞིང་བོད་ལ་ཕན་པ་ལས་གཞན་རྣམས་གཙོ་བོ་བྱས་ཚེ་བོད་འདི་སྐྱོབ་རྒྱུ་ལྟ་ཅི་འཇིག་པའི་སྔ་ལྟས་སུ་འདོད།
ཡང་སྙིང་གལ་སྲིད་བོད་མི་ཡོད་ཚད་ཀྱིས་བྱིས་པ་སློབ་གྲྭ་སྐྱེལ་མཚམས་བཞག་ཚེ་དེ་ནི་ཤེས་ཡོན་ཡོད་པའི་དན་མཚན་མ་རེད་དམ། རང་སྲུང་དང་ཐོབ་ཐང་གི་ཆེད་དུ་བློ་ཁ་གཅིག་མཐུན་གྱིས་དམིགས་དོན་དུ་ངོ་རྒོལ་བྱས་ཡིན་ན་གོ་རྟོགས་སེལ་བའི་རྟགས་མཚན་མ་རེད་དམ། དེ་འདྲའི་འགུལ་སྤྱོད་ནི་ཤེས་ཡོན་དང་རྣམ་དཔྱོད་ལས་ཡོང་བ་ལས་ཤེས་མེད་པའི་བླུན་རྒན་ཚོས་འཇོན་ནུས་སམ། མི་ནུས་ཏེ། ཤེས་ཡོན་མེད་མཁན་དང་ཞིག་དང་གོ་རྟོགས་མེད་མཁན་ཞིག་ཁ་ཐུག་གི་ཁེ་ཕན་དང་དངུལ་དངོས་ཀྱི་ཆེད་དུ་རྒྱུགས་པ་ལས་ཕུགས་རྒྱང་རིང་བའི་རླབས་ཆེན་གྱི་བྱ་བཞག་སྐྱོང་མི་ནུས། གྲོས་ཁ་མཐུན་པའི་གནས་མེད། དེ་སྔོན་ཆེ་ཁིའི་ནང་གཉེན་རྟོགས་པས་སློབ་མ་གཅིག་རྐྱེན་ལམ་དུ་བཏང་བའི་རྒྱུ་མཚན་གྱིས་མི་མང་ས་ཡ་གཅིག་མཉམ་ཞུགས་ཀྱིས་མེ་ཏོག་འཁུར་ནས་ཁྲོམས་འཁོར་བྱས་བས་མཐར་རང་བཙན་ཐོབ་པ་རེད། རྒྱུ་མཚན་ནི་དབང་སྒྱུར་བས་ད་ནི་ཆེ་ཁིའི་མི་མང་གི་གོ་རྟོགས་སེལ་ཡོད་པ་རྟོགས་ནས་ཞེ་སྣང་སྐྱེས་ཤིང་རང་དབང་སྤྲད་པ་རེད། ད་ལྟ་རྒྱ་མིས་བོད་ལ་འདི་ལྟར་སྲིད་ཇུས་བཟོ་དགོས་དོན་ཡང་བོད་མི་རྣམས་ད་དུང་གོ་རྟོགས་ཡག་པོ་སེལ་མེད་པ་རྟོགས་ཤིང་མ་སེལ་གོང་རྩ་མེད་དུ་བཟོ་བའི་འདོད་འདུན་འོག་བཟོ་བ་རེད། དེ་ནི་བོད་མིས་རྒྱ་ལ་སྤྲད་པའི་བག་ཆགས་རེད།
རྒྱ་མིས་སློབ་གྲྭ་ཀུན་སྒོ་བརྒྱབས་མི་སྲིད་ཅིང་བརྒྱབས་ན་བོད་ལས་རྒྱ་ལ་གྱོང་ཆེ་བས་ཡིན། ཟླ་ཁ་ཤས་སམ་ལོ་གཅིག་གཉིས་སུ་འཇིགས་སྐུལ་གྱི་ཚུལ་དུ་བརྒྱབས་ཉེན་ཆེ་ལ་ད་ནི་ཡོང་འོས་ཤིང་ལས་དོན་གང་ཞིག་སྒྲུབ་ཀྱང་དུས་ཚོད་ལོས་དགོས། རྒྱ་གཞུང་ཡིན་ཡང་མི་མང་གི་འདོད་འདུན་ཡོད་ཚད་ཡ་ལེན་མི་བྱེད་ཅིང་བྱེད་ཚེ་འཛིན་སྐྱོང་ལ་དཀའ་ངལ་ཕྲད་པ་མ་ཟད་གནས་ཚུལ་འདི་རིགས་མངའ་སྡེ་གཞན་གྱིས་མིག་དཔེ་གྱུར་ནས་མ་འོངས་བར་བཏང་འཛིན་བྱེད་པའི་དཀའ་ངལ་འཕྲད་པས་འུ་མ་ཐུག་ན་ངོས་ལེན་མི་བྱེད། དེ་ནི་ཚོང་ལྟ་བུ་རེད། ཁེ་ཕན་དང་གྱོང་གུད་གཉིས་བསྡུར་ནས་རྒྱ་གཞུང་གིས་ཐག་གཅོད་བྱེད་ངེས་རེད། ཁེ་ཕན་དང་གྱོང་གང་ཞིག་སྤྲད་མིན་བོད་མི་ཚོའི་ནུས་པ་དང་འགུལ་སྤྱོད་ལ་ཐུག་ཡོད།
ཆད་ལྷག་དང་ཡིག་ནོར་ཁ་ཤས་ཤོར་ཡང་ཉོབ་པ་དོགས་ནས་ཞུ་དག་མི་བཏང་། བདེ་མོ།
གསལ་བཤད།
ངས་དང་པོ་ནས་བཤད་པ་བཞིན་ལས་འགུལ་དེ་ལྟར་སྤེལ་བ་ལ༼འདི་འདྲའི་ལས་འགུལ་སྤེལ་བ་ལ་བོད་མི་ཡོངས་ཀྱིས་མ་གྲོས་གཅིག་མཐུན་གྱིས་མཉམ་ཞུགས་གནང་རྒྱུ་ལས་ཁ་ཤས་ཞུགས་ཞིང་ཁ་ཤས་ཀྱིས་རྒྱ་ནག་གི་སྐད་ཡིག་སྲིད་ཇུས་དང་ལེན་བྱེད་པ་ཡིན་ན། ལས་འགུལ་གྱི་ནུས་བ་ཉམས་ནས་གྲུབ་འགྲས་ཐོན་རྒྱུ་ལས་ལྡོག་སྟེ་འོས་ལངས་བྱེད་མཁན་ཚོར་ཚད་མེད་ཀྱིས་གྱོང་གུད་ཕོགས་ངེས་ཤིང་། དང་ལེན་བྱེད་མཁན་ཚོར་བླ་མེད་ཀྱི་ཁེ་ཕན་ཐོབ་པས་མི་རིགས་འདི་ནང་འགལ་གྱི་འཁྲུག་རྐྱེན་དུ་གྱུར་ནས་ཕྱོགས་ཁག་གཉིས་སུ་གྱེར་མཐར་འཇིག་ངེས་རེད། ༽དེའི་དོན་ནི་ཚང་མ་མཉམ་ཞུགས་བྱེད་མ་ཐུབ་ཀྱང་ཉུང་མཐར་ཡང་བརྒྱ་ཆ་༨༠ནས་༩༠བར་གྱི་བོད་ཀྱི་སློབ་གྲྭ་ཡོངས་རྫོགས་མཉམ་ཞུགས་བྱ་རྒྱུ་ལས་་ཉུང་དུ་ཕྱིན་ན་ཁྲོམ་སྐོར་བྱེད་ཚོའི་སློབ་སྒོ་བརྒྱབ་ནས་ཚད་མེད་ཀྱིས་གྱོང་གུད་རེག་ཅིང་མཐར་རྒྱ་ནག་གི་དགོས་དོན་ཁས་ལེན་མི་བྱེད་ཐབས་ཆགས་པ་སེམས།
གྲོགས་པོ་ལགས། ངས་སློབ་གྲྭའི་སྒོ་རྒྱབ་རྒྱུ་རེད་ཅེས་པ་ནི་ཁ་སྔོན་ལས་འགུལ་སྤེལ་མཁན་ཁག་ཡིན་པ་ལས་རྒྱ་ནག་རང་གི་སློབ་གྲྭ་སྒོ་རྒྱབ་ག་ན་སྲིད། གྲོགས་པོ་ལགས། ང་ཚོ་ལ་བོད་ཀྱི་སྐད་ཡིག་མེད་ན་རྒྱ་དབྱིན་སོགས་ཀྱང་མེད་དགོས་འདོད་པ་ནི་ནམ་ཡང་ང་ཚོའི་རེ་འདོད་ཐོབ་རྒྱུ་མེད་པར་བྱས་པ་ཞིག་རེད། ང་ཚོས་བདེན་དོན་རྩོད་དགོས་ལ། འོན་ཏེ་བོད་ཀྱི་སྐད་ཡིག་ཅིག་པུས་འགྲུབ་ཐབས་རྩ་བ་ནས་ཡོད་པ་མ་རེད། ང་ཚོས་ནམ་ཡང་བྱེས་པ་ཚོ་ལ་སྐད་ཡིག་སྣ་མང་མ་ཤེས་ཀྱང་རྒྱ་བོད་དབྱིན་གསུམ་ལ་ངེས་པར་དུ་སྦྱང་དགོས་པའི་བསླབ་བྱ་གནང་དགོས་པ་ནི་ཁ་ཚ་དགོས་གཏུགས་ཀྱི་བོད་དོན་འཐབ་རྩོད་རེད།
བདེན་པ་རེད། ཡིག་རིགས་གཞན་པ་སྦྱང་དགོས། རྒྱ་དབྱིན་བོད་གསུམ་ཙམ་མ་ཡིན་པ་མི་རིགས་ཤིག་ལ་མཚོན་ན་འཛམ་གླིང་གི་ཡི་གེ་ཚང་བ་ཤེས་མཁན་དགོས། དེ་ནི་མི་གཅིག་གིས་ཚང་མ་སྦྱང་དགོས་ཟེར་བའི་དོན་མིན་པར་བགོ་ཤ་བྱས་ན་སྦྱང་དགོས་ཏེ་གཅིག་གིས་ཚང་མ་ཤེས་བའི་གནས་མེད། འོན་ཀྱང་དེ་དག་ཐམས་ཅད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་དང་སྲུང་སྐྱོབ་བྱེད་བའི་ཆེད་དུ་སྦྱང་དགོས་བ་ལས་དེ་དག་མི་རིགས་ཀྱི་རང་དབང་དང་འདོད་འདུན་བརླགས་བྱེད་དུ་བེད་སྦྱོད་བཏང་མི་རུང་ཏེ། ཡིག་རིགས་གཞན་པ་སྦྱང་དགོས་དོན་ཡང་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་ཆེད་དུ་ཡིན་པ་ལས་འགོག་རྐྱེན་གྱི་ཆེད་དུ་མ་ཡིན་པས་རེད། དེ་བརྟེན་སྐད་ཡིག་གང་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་ན་དེ་ལ་འགོག་རྐྱེན་བཟོ་རྒྱུ་གནད་དུ་ཁུམས།
ནོར་བཅོས་དང་ཁ་གསབ།
བདེན་པ་རེད། ཡིག་རིགས་གཞན་པ་སྦྱང་དགོས། རྒྱ་དབྱིན་བོད་གསུམ་ཙམ་མ་ཡིན་པ་མི་རིགས་ཤིག་ལ་མཚོན་ན་འཛམ་གླིང་གི་ཡི་གེ་ཚང་བ་ཤེས་མཁན་དགོས། དེ་ནི་མི་གཅིག་གིས་ཚང་མ་སྦྱང་དགོས་ཟེར་བའི་དོན་མིན་པར་བགོ་ཤ་བྱས་ན་སྦྱང་དགོས་ཏེ་གཅིག་གིས་ཚང་མ་ཤེས་བའི་གནས་མེད། འོན་ཀྱང་དེ་དག་ཐམས་ཅད་མི་རིགས་ཀྱི་རང་དབང་དང་ཐོབ་ཐང་སྲུང་སྐྱོབ་བྱེད་བའི་ཆེད་དུ་སྦྱང་དགོས་བ་ལས་དེ་དག་མི་རིགས་ཀྱི་རང་དབང་དང་འདོད་འདུན་བརླགས་བྱེད་དུ་བེད་སྦྱོད་བཏང་མི་རུང་ཏེ། ཡིག་རིགས་གཞན་པ་སྦྱང་དགོས་དོན་ཡང་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་དང་དར་སྤེལ་ཆེད་དུ་ཡིན་པ་ལས་འགོག་རྐྱེན་གྱི་ཆེད་དུ་མ་ཡིན་པས་རེད། དེ་བརྟེན་སྐད་ཡིག་གང་ཞིག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་ན་དེ་ལ་འགོག་རྐྱེན་བཟོ་རྒྱུ་གནད་དུ་ཁུམས། རབ་བྱུང་ན་སྐད་ཡིག་གཞན་སྦྱང་སའི་སྡེ་ཚན་འཛུགས་རྒྱུ་ལས་བོད་མིའི་ཡོད་ཚད་སྐད་ཡིག་སྦྱང་དགོས་བ་འདོད་ཀྱིན་མེད་ལ་འདོད་ཀྱང་འོང་མི་སྲིད་པ་ཞིག་རེད།