གླིང་གཅེར་བུ།
གཅིག
འབྲི་ཀློག་ཙམ་ཞིག་ཡག་པོ་འཁྱོང་གི་མེད་པའི་མི་ཞིག་ལ་དེ་ལས་གཞན་པའི་སློབ་སྦྱོང་ཡག་པོ་ཞིག་མེད་པ་ཐག་གིས་ཆོད་ཚར་རེད། སློབ་སྦྱོང་ནི་འབྲི་ཀློག་ཙམ་ཞིག་མ་རེད་ཟེར་མཁན་དག་ནི་ག་དུས་ཡིན་ན་རང་གིས་འབྲི་ཀློག་ཙམ་ཞིག་ཀྱང་འཁྱོང་གི་མེད་མཁན་དག་ཡིན་པ་རེད། ཁོ་ཚོས་གཞན་གྱི་ཁ་གཅོད་ཐབས་དང་ལག་འགུལ་མཚམས་འཇོག་ཐབས་ལ་ག་དུས་ཡིན་ན་སྐད་ཆ་འདི་ལས་མེད་སོང་བ་རེད་ལ། འདོར་དེད་ན་ཕ་རོལ་པོའི་ཤེས་རབ་ལ་ལག་མ་ཁེལ་དུས་འདི་ལྟར་བཤད་པ་ལས་ཐབས་ཅི་ཡང་མེད་སོང་བ་རེད། དེ་མིན་འབྲི་ཀློག་གི་སློབ་སྦྱོང་གལ་ཆེན་ཡིན་མིན་བླུན་པོ་བླུན་ནག་ཅིག་མིན་ན་ཀུན་གྱིས་ཤེས་དགོས་པ་རེད།
གཉིས།
ཤཱཀྱ་ཐུབ་པས་ཀྱང་ལྔ་བརྒྱ་དུས་ཀྱི་མཐའ་མ་ན་ང་ནི་ཡི་གེའི་གཟུགས་སུ་ཡོད་ཟེར་བ་མིན་ནམ། འབྲི་ཀློག་མི་ཤེས་པའི་མི་ཞིག་གིས་ཁོང་གི་གསུངས་རབ་དག་ལ་ཅི་ལྟར་ཐོས་བསམ་སློབ་གཉེར་བྱ་དགོས་པ་རེད། དེ་བཞིན་བོད་ཀྱི་སྔོན་བྱོན་མེས་པོ་དམ་པ་གསེར་རི་འདྲ་བ་དག་གིས་ཀྱང་འབྲི་ཀློག་གཉིས་ནི་ཀུན་གྱི་གཞི། དང་པོ་ཉིད་ནས་དེ་ལ་སྦྱོང་ཟེར་ཡོད་པ་མིན་ནམ། སུམ་ཅུ་པ་ལས་ཀྱང་བསླབ་པ་ཀུན་གྱི་གཞི་འཛིན་ཅིང།།རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།།མིང་ཚིག་བརྗོད་པ་ཀུན་གྱི་གཞི།།ཡེ་གེའི་སྦྱོར་བ་བཤད་པར་བྱ།།ཞེས་དང་།བསླབ་པའི་རིམ་པ་འདི་ཡིས་ནི།།གང་ཞིག་འབད་པ་ཆུང་ངུས་ཀྱང།།ཤེས་རབ་མྱུར་དུ་གྲོལ་བར་འགྱུར།།དེ་ཕྱིར་དང་པོ་འདི་ཉིད་བསླབ།། ཞེས་འབྲི་ཀློག་གལ་ཆེན་ཡིན་པ་བཤད་མི་འདུག་གམ།
གསུམ།
འདི་དག་ནི་ཤེས་རབ་ཀྱི་སྙིང་ཁུ་བཙག་པ་ལས་ཐོན་པའི་ལེགས་བཤད་རེད། གདམ་པ་རེད། ཧ་གོ་སོང་ངམ། འབྲི་ཀློག་ཙམ་ཡག་པོ་མི་འཁྱོང་བའི་མི་ཞིག་ལ་རིག་པའི་རྗེས་འདེད་བཏང་ན་ཡང་དེ་ལས་གཞན་པའི་སློབ་སྦྱོང་ཡག་པོ་ཞིག་མེད་པ་གསལ་ཞིང་གསལ་བོ་རེད། དང་པོ་ཡི་གེའི་འབྲི་ཀློག་ཡག་པོ་སྦྱང་། དེ་ནས་གསུངས་རབ་ལ་ཐོས་བསམ་སློབ་གཉེར་བྱས། དེ་ནས་རང་གི་བསམ་བློས་ཟབ་འཇུག་བྱས་ཏེ་རྒྱུད་ལ་གོམས་པར་བྱ་དགོས་པ་མིན་ནམ། ངས་ནི་བོད་ཀྱི་སྔ་རབས་མེས་པོ་དག་གིས་འདི་ལྟར་གདམ་པ་གོ་བ་ལས་ཁྱེད་ཚོས་བཤད་པ་ལྟར་འབྲི་ཀློག་མི་ཤེས་པར་སློབ་སྦྱོང་གིས་མཁས་པར་གྱུར་སོང་བ་གོ་མ་མྱོང་།
བཞི།
ཙོང་ཁ་བས་ཀྱང་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར།། མཐའ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་ལེན། ཞེས་གསུངས་པ་ལྟར། དང་པོ་འབྲི་ཀློག་མི་ཤེས་པའི་མི་ཞིག་གིས་རྒྱ་ཆེན་ཐོས་པ་ག་འདྲ་བྱས་ནས་བྱ་དགོས་པ་རེད། རྒྱ་ཆེན་ཐོས་པ་མེད་པའི་མི་ཞིག་ལ་གཞུང་ལུགས་ཀྱི་གདམ་པ་མེད་པ་ཐག་གིས་ཆོད་ཚར་མ་རེད་དམ། དེ་ནས་ཉིན་མཚན་ཀུན་ཏུ་ཉམས་སུ་ལེན་རྒྱུ་ཅི་ཡང་མེད་པར་གྱུར་སོང་བ་མིན་ནམ། དེ་བས་འབྲི་ཀློག་གལ་ཆེན་མ་རེད་ཟེར་མཁན་དག་གིས་སློབ་སྦྱོང་གི་གཞི་ནི་འབྲི་ཀློག་གཉིས་ཡིན་པ་ངོས་ཟིན་པ་བྱོས།
ལྔ།
འབྲི་ཀློག་གལ་ཆེན་པོ་མ་རེད་ཟེར་མཁན་བོད་ནང་ན་དེ་ཙམ་མེད་མོད། དེ་ཡིས་རྐྱེན་གྱིས་ཡིན་ནམ་བོད་ནང་གི་སློབ་ཆུང་སློབ་མ་ཞིག་དང་བཙན་བྱོལ་བའི་སློབ་ཆེན་སློབ་མ་ཚོས་འབྲི་ཀློག་གི་གནས་བབ་ཕལ་ཆེར་གཅིག་པ་འདྲ་ཞིག་རེད་ཟེར་ན་འུད་ཆེན་པོ་ཞིག་རེད་མི་འདུག དེ་བཞིན་བོད་ནང་གི་བོད་མི་ཚོའི་འབྲི་ཀློག་གི་ནུས་པ་དང་རྩོམ་འབྲིའི་བློ་སྦྱོང་སྐད་ཆའི་ཐབས་རྩལ་སོགས་ཕྱོགས་གང་ཐད་ནས་ཡག་པོ་ཡོད་པའི་རྒྱུ་མཚན་གཅིག་དེ་ཡིས་རེད་འདུག བཙན་བྱོལ་བ་ཚོས་སློབ་ཆུང་སློབ་མར་སློབ་གསོ་གཏོང་སྟངས་ནས་འབྲི་ཀློག་གལ་ཆེན་པོ་མ་རེད། དེ་ལས་གཞན་ཞིག་ཡོད་མདོག་སྟོན་ནས་མཐའ་མར་ཅི་ཡང་མེད་པར་གྱུར་ནས་ཡོད་པ་རེད་ལ། མཐའ་ན་སློབ་ཆེན་ལ་ཐོན་དུས་འབྲི་ཀློག་རང་མགོ་འཁྱོང་བ་ཞིག་མི་ཡོང་མཁན་ཧ་ཅང་མང་པོ་རེད། ཡིན་ཡང་། ཁོ་ཚོས་གནས་ལུགས་དེ་ཧ་གོ་ཡི་མི་འདུག ཁོ་ཚོས་ད་དུང་སློབ་ཆེན་ནས་མིག་མདུན་གྱི་སློབ་ཚན་ཙམ་ཞིག་ཡག་པོ་ཞིག་ཤེས་ཀྱི་མེད་ན་ཡང་། སློབ་གསོ་དེ་སྔར་བཞིན་འབྲི་ཀློག་གལ་ཆེན་པོ་མ་རེད་ཟེར་བ་དེ་རང་རེད་འདུག
འབྲི་ཀློག་གཉིས་ནི་རང་ཉིད་ཀྱི་སློབ་སྦྱོང་གོང་འཕེལ་གཏོང་བྱེད་ཀྱི་ཐབས་ལམ་གཙོ་གལ་ཆེ་ཤོས་གཉིས་ཡིན་པ་ནི་ཤིན་ཏུ་བདེན་ནོ།།
སློབ་བཟང་སངས་རྒྱས་བོད་གཞུང་རྡོ་རྗེ་གླིང་སློབ་གྲྭ་ནས་འཛིན་རིམ་བཅིུས་ཐོན་མཁན་ཞིག་གིས་བོད་ཡིག་ ང་ ན་
ཚ་མེད་ གཡག་ ལྔ་ཀར་(རྔ་དཀར་) ཤི་སོང་ཞེས་ ཀློག་གི་མིན་འདུག་གས་། ཡི་གེ་ཀློག་ཤེས་པ་ཙམ་གྱིས་སློབ་སྦྱོང་ཐོབ་པ་བརྗོད་མི་ཐུབ་།
གཞུང་པ་ཚེ་བསོད་ལགས་སློབ་གྲྭར་བསྐྱོད་སྨྱོངས་མེད་མཁན་ཞིག་གིས་བོད་ཡིག་གང་འདྲ་ཡག་པོ་བྲིས་ཀྱི་ཡོད་པ་དང་སློབ་སངས་ཀྱིས་༼ལྐུ་༽དང་༼སྐུ༽་ཁྱད་པར་མི་ཤེས་པའི་གནས་གཉིས་བསྡུར་དང་།
སློབ་བཟང་ཧ་ཝ་ཌ་ནས་ཁྲིམས་ལུགས་མཁས་དབང་ཡིན་ཟེར་བ་ལས་ཆབ་སྲིད་བཙུན་ཟུར་གྲྭ་བག་དྲོས་བོད་དོན་དྲིལ་བྱས་པ་ཤུགས་ཆེ་། བག་དྲོས་གོ་རྒྱུ་གསལ་པོ་རང་མེད་པའི་དེབ་འགའ་ཤས་བྲིས་ཡོད་། སློབ་སངས་ཀྱིས་དེབ་ནམ་ཡང་བྲིས་མི་ཐུབ་།
ཡིན་ནའི་སློབ་བཟང་གིས་རྒྱ་མགོ་བོད་ལ་བཙོངས་བོད་མགོ་རྒྱ་བཙོངས་ཐུབ་། ཡིན་ནའི་ཁོ་པར་༧གོང་ས་མཆོག་གིས་འཛམ་གླིང་ཕྱོགས་བཞི་མཚམས་བརྒྱད་ལ་དར་སྤེལ་ཡོང་སླད་འབད་བཙོན་གནང་བཞིན་པའི་བཟང་སྤྱོད་ཀྱི་གཤིས་ཁའི་དྲི་མ་ཙམ་མེད་པ་དང་དེར་རིན་ཐང་ཡང་གང་ཡང་འཛིན་གྱི་མེད་པ་ཚང་མའི་མཐོང་ཆོས་དེ་རེད་།
སློབ་སངས་ཀྱི་ཤེས་ཡོན་དེ་རང་དོན་གྲུབ་ན་ཆ་ལུགས་ངན་ཀྱང་ངན་ཟེར་བ་དེ་རེད་། བསྟན་པ་མགོ་ནས་བཤིགས་ཡོང་སྟེ་གཟི་བརྗིད་སྐུལ་ཡོང་དུས་གཞོན་སྐྱེས་ཚོས་ཀྱང་དེ་བཞིན་བྱེད་ཀྱི་རེད་། ཁྱེད་ནང་རྩོམ་དེར་སྲིད་སྐྱོང་སློབ་སངས་གད་མོ་ཤོར་སྲིད་པ་རེད་།