教育最大的失败就是把学习变成折磨
སློབ་སྦྱོང་མནར་གཅོད་དུ་གྱུར་བ་ནི་སློབ་གསོའི་ཕམ་ཁའོ།
ཀྲིག་གོ་ཕིན་གྱིས་བྲིས། 作者:周国平 ཏཱ་ན་འབྲོག་ཕྲུག་གིས་བསྒྱུར། 译者:本巴加
好奇心和独立思考能力具体到学习上,作为一个学生来说,看一个学生在智育上是不是过关,智力素质好不好,我就看两条。
སློབ་སྦྱོང་ནི་མཚར་འཛིན་གྱི་བློ་དང་རང་སྟོབས་ཀྱི་རིག་པ་མ་ཉམས་པའི་སྟེང་ནས་བྱ་བ་སྟེ། འདི་གཉིས་ནི་སློབ་མ་གང་གི་རིག་སྒོ་ཕྱེས་ཡོད་མེད་དང་ཤེས་རབ་འཕེལ་ཐུབ་མིན་གྱི་གནད་དུ་ཁོ་བོས་འདོད།
第一条,你有没有快乐学习的能力。学习是好奇心和求知欲的满足,本来应该是一件快乐的事情。
དང་པོའི་ཆ་ནས། ཁྱོད་ཀྱིས་སློབ་སྦྱོང་སྤྲོ་སྣང་དང་ལྡན་པར་བྱེད་ཐུབ་བམ། སློབ་སྦྱོང་བྱེད་པ་ནི་མཚར་འཛིན་གྱི་བློ་ཡིས་སྐུལ་ཞིང་ཤེས་འདོད་ཀྱི་འདུན་པ་སྐོང་བའི་བགྱི་བ་ཞིག་ཡིནསྟབས། དེ་ཀོ་མ་གཞི་ནས་སྤྲོ་སྣང་ལྡན་པ་ཞིག་ཅི་ལ་མིན།
第二条,你有没有自主学习的能力。尤其是大学生,你一个是要对知识有兴趣,另一个是你要知道自己的兴趣在什么地方,对什么东西最有兴趣,然后你就根据你的兴趣来安排自己的学习。
གཉིས་པའི་ཆ་ནས། ཁྱོད་ལ་རང་སྦྱོང་བྱེད་པའི་ནུས་པ་ཡོད་དམ། ལྷག་པར་སློབ་ཆེན་པར་མཚོན་ན། དང་པོ་ཤེས་བྱ་ལ་དགའ་དགོས།གཉིས་པ་རང་ཉིད་ཀྱི་དགའ་ཕྱོགས་གང་ཡིན་པ་དང་གང་ཞིག་ནི་རང་ཉིད་ཆེས་དགའ་ས་དེ་ཡིན་པ་ཤེས་དགོས། དེ་ནས་རང་གི་དགའ་ཕྱོགས་ལྟར་བསླབ་པར་བྱ་བ་ལ་འཇུག་དགོས།
大学生不应该是跟着老师走的人,要具备自己安排自己的学习的能力。所以,我觉得大学期间的学习有两个目标,一个是爱上学习,另一个是学会自学。
སློབ་ཆེན་པ་ནི་དགེ་རྒན་ཁོ་ནའི་རྗེས་སུ་འབྲང་མི་རུང་བར། རང་ཉིད་ལ་གང་ཞིག་ཇི་ལྟར་སློབ་པའི་ནུས་པ་ལྡན་དགོས་སྙམ། དེ་བས་སློབ་ཆེན་སྐབས་ཀྱི་སློབ་སྦྱོང་ལ་དམིགས་ཡུལ་གཉིས་ཡོད་དེ། སློབ་ལ་དགའ་བ་དང་སློབ་ཤེས་པ་གཉིས་སོ།
有了这两条,你就获得了一笔终身的财富。因为大学期间的学习,学生阶段的学习,仅仅是学习的一个开端,你要真正在知识上大有作为,做出成就,那你是一辈子要学习的,以后就靠你自己了。
ཆ་རྐྱེན་འདི་གཉིས་ནི་སློབ་ལ་བརྩོན་པ་རྣམས་ཀྱི་རིན་ཆེན་ནོར་མཆོག་ཡིན་ཏེ། དེ་ཡང་སློབ་ཆེན་སྐབས་ཀྱི་སློབ་སྦྱོང་ནི་བསླབ་པའི་རིམ་པ་མགོ་ཚུགས་པ་ཙམ་ཡིན་ལ། ཐོས་པ་རྒྱ་ཆེར་འཚོལ་བ་དང་ལག་རྗེས་མངོན་དུ་འཇོག་པར་ཚེ་གང་བོར་འབད་པ་བྱེད་དགོས་ཤིང་། དེ་ནི་རང་ཉིད་ཁོ་ནར་བརྟེན་དགོས་པས་ཡིན།
我认为一个人在受过大学教育以后,应该成为一个知识分子。什么是知识分子?就是热爱智力生活的人,养成了智力活动习惯的人。你品尝到了智力活动的快乐,养成了智力活动的习惯,一辈子也改不掉了,不让你从事智力活动你就难受,这就叫知识分子。如果你离开学校后就仅仅是去谋生了,你对智力活动再也不感兴趣了,那你就真的是白受了教育,你没有成为知识分子。
ཁོ་བོའི་བསམ་པར་མི་ཞིག་གིས་སློབ་ཆེན་སློབ་གསོ་མྱངས་རྗེས་ཤེས་ཡོན་པར་གྱུར་ན་འོས་སྙམ། འོ་ན་ཤེས་ཡོན་པ་ཟེར་བ་ག་འདྲ་ཞིག་རེད་བསམ་ན། ཚེ་གང་བོར་རིག་སྟོབས་ཀྱི་ལས་ལ་འཇུག་སྤྲོ་ཞིང་གོམས་པར་གྱུར་ཡོད་པ་སྟེ། རིག་སྟོབས་ཀྱི་ལས་ལ་འཇུག་པར་བཀག་འགོག་བྱས་པ་ནི་སྡུག་བསྔལ་ཆེ་ཤོས་སུ་སེམས་མཁན་ཞིག་ལ་ཤེས་ཡོན་པར་བཏགས་ཆོག་པར་སྙམ།
当然,从我们现在这种应试教育的体制来看,要让孩子们、学生们成为热爱智力活动的人,实在是太困难了。
སྤྱིར་྄ང་ཚོའི་ད་ལྟའི་རྒྱུགས་བསྟུན་སློབ་གསོའི་སྒྲིག་གཞི་འདི་འདྲ་ཞིག་གི་འོག་ཏུ། བྱིས་པ་ཚོ་རིག་སྟོབས་ཀྱི་ལས་ཀར་འཇུག་སྤྲོ་བ་ཞིག་སྐྱེད་བསྲིང་བྱེད་རྒྱུ་ཤིན་ཏུ་དཀའ་བ་སྨོས་མ་དགོས།
基本上这个体制起了相反的作用,让你讨厌智力活动。其实也不是讨厌智力活动,因为你还没有真正品尝过智力活动的快乐,你从事的很多活动根本不是智力活动,那些为考试做的死记硬背不是智力活动,你跟智力活动还没有沾边,还没有把你引入到智力活动里面去,问题在这里。结果你就这样从大学毕业了,由于在学校里就没有品尝到智力活动的快乐,走上社会以后,在择业的时候,你也就不会有真正属于自己的兴趣和志向,只有薪金之类的外在标准,这真是很可悲的。
རྩ་བའི་ཆ་ནས་སྒྲིག་གཞི་འདིས་སློབ་མ་རྣམས་རིག་སྟོབས་ཀྱི་ལས་ལ་འཇུག་པར་མགོ་ན་བ་ཞིག་ཏུ་བཏང་ཡོད་པར་བཤད་ཆོག་མོད། དོན་དངོས་སུ་དེའང་མིན་ཏེ། ཁོ་ཚོས་རིག་སྟོབས་ལས་ཀའི་དགའ་བ་དང་སྤྲོ་བ་ངོ་མ་ཅི་ཡང་ཉམས་སུ་མྱོང་ཐུབ་མེད། རྒྱུགས་སྤྲོད་པའི་ཆེད་དུ་བཙན་གྱིས་ཁ་འདོན་བློ་སྐྱོར་བྱས་པ་དེ་ཤེས་རིག་ལས་ཀ་ཞིག་ག་ལ་ཡིན། རིག་སྟོབས་ཀྱི་ལས་ཀའི་སྒོ་མོ་རྡོག་པས་མ་མནན་གོང་ནས་དེ་ལྟར་ལམ་ལོག་ཏུ་ཁྲིད་སོང་བ་རེད། དེ་ལྟའི་མཇུག་འབྲས་སུ་སློབ་མ་དག་གིས་སློབ་ཆེན་སྐབས་རིག་སྟོབས་ཀྱི་བྲོ་བ་མངར་མོ་མྱོང་མ་ཐུབ་ཅིང་། སློབ་ཆེན་ནས་མྱོང་མ་ཐུབ་པས་སྤྱི་ཚོགས་སྟེང་དུ་སླེབས་ནས་ལས་རིགས་འདེམས་པའི་སྐབས་སུའང་། ངའི་དགའ་ཕྱོགས་འདི་དང་དམིགས་ཡུལ་འདི་ཡིན་ཟེར་རྒྱུ་མེད་པ་ཞིག་ཏུ་གྱུར་ཅིང་། གང་དུ་གླ་ཕོགས་མཐོ་ན་དེ་ནི་དགའ་ཕྱོགས་ལྟ་བུར་བརྩི་བའི་ཡིད་སྐྱོ་བའི་མཇུག་འབྲས་འདི་བྱུང་ངོ་།
一个人没有自己的真兴趣,是永远不可能活得有意思的。
མི་ཞིག་ལ་དགའ་ཕྱོགས་མེད་དུས། མི་ཚེ་ལ་དོན་སྙིང་མེད་པའོ
在我看来,学习不快乐,把学习变成折磨,仅此一点,就已经是教育的最大失败。从小学开始,孩子们就受这个折磨,上了一天学,回家还必须做大量枯燥的作业,天天上床时都筋疲力尽,其用途只是应付考试,对真正的智力开发毫无益处。到了初中,尤其高中,折磨越来越甚,简直是虐待了。
ཁོ་བོའི་བསམ་པར། སློབ་སྦྱོང་བྱེད་པ་སྤྲོ་སྣང་དུ་མ་གྱུར་བར་མནར་གཅོད་དུ་གྱུར་བ་འདི་ནི་སློབ་གསོའི་ཕམ་ཁ་ཆེས་ཆེ་བ་དེའོ། མནར་གཅོད་འདིའི་མགོ་སློབ་ཆུང་ནས་བརྩམས་ཤིང་། ཉིན་གང་བོར་སློབ་གྲྭ་ནས་དང་ཡུལ་ལ་ལོག་རྗེས་ཡུལ་ནས་ཀྱང་འབྲི་དགོས་པའི་རྫོགས་མེད་བྲོ་མེད་ཀྱི་ལས་བྱ་དེ་དག་གིས་ཨ་ཐང་ཆད་པར་བཏང་འོང་། འདི་དག་ཡོད་ཚད་རྒྱུགས་འབྲས་ཀྱི་ཆེད་ཁོ་ན་ཙམ་ལས་དོན་ངོ་མའི་རིག་སྒོ་འབྱེད་བྱེད་དུ་ཕན་པ་ཅི་ཡང་མེད།
སློབ་རིམ་ཇི་ཙམ་འཕར་བ་དེ་ཙམ་གྱིས་མནར་གཅོད་ཇེ་ཆེར་གྱུར་ཅིང་། ལྷག་ཏུ་མཐོ་འབྲིང་གི་སྐབས་སུ་བཟོད་ཐབས་མེད་པའི་ཚད་དུ་སླེབས་ཡོང་།
我认识一个中学校长,他任职的学校是当地最好的中学,所谓高考名校吧,升学率最高,反正高官大款都把自己的子女送到那里去。那次我去那个城市做一个讲座,他听说了,就一定要请我吃饭。在饭店,他见我的第一面就说:周老师,我们这些人都是历史的罪人,我们将来是要受审判的。据他说,他这个学校考上清华、北大的多了,考上北师大算差的。怎么做到的?全封闭管理,两周休息一天。在应试体制下,不这样做,他的学校就会出局。他自己的孩子也在这个学校上高中,毕业那一天,他请孩子吃饭,流着泪说:你的生活从今天才真正开始。是啊,原来过的不是生活,不是人的生活!
ང་ལ་ངོ་ཤེས་ཤིག་ཡོད། ཁོ་ནི་སློབ་འབྲིང་ཞིག་གི་སློབ་གཙོ་ཡིན་ལ། སློབ་འབྲིང་དེ་ནི་རྒྱུགས་འཕྲོད་ཚད་ཧ་ཅང་མཐོ་བའི་སློབ་འབྲིང་རྩེ་གྲས་ཞིག་ཡིན་པས་རྒྱུ་ཆེན་དབང་ཆེན་མང་པོས་བུ་ཕྲུག་སྐྱེལ་ས་ཞིག་ཡིན། སྐབས་ཤིག་ང་གྲོང་ཁྱེར་ཞིག་ཏུ་འཆད་ཁྲིད་བྱེད་དུ་སླེབས་པ་ཤེས་པས། ཁོས་མགྲོན་འབོད་བྱས་བྱུང་། ཟ་ཁང་དུ། ཁོས་ང་ལ་བཤད་པའི་སྐད་ཆ་དང་པོ་ནི། དགེ་རྒན་ཀྲིག ང་ཚོ་ནི་ལོ་རྒྱུས་ཀྱི་ཉེས་ཅན་རེད། མ་འོངས་པར་ཉེས་ཅན་གྱི་འདྲི་གཅོད་དང་ལེན་བྱ་དགོས་པ་རེད་ཟེར། དེའང་ཁོ་ཚོའི་སློབ་གྲྭ་དེ་རུ་པེ་ཅིན་སློབ་ཆེན་དང་ཆིན་ཧྭ་སློབ་ཆེན་དུ་རྒྱུགས་འཕྲོད་པ་མང་ཤོས་ཡིན་ལ། པེ་ཅིང་དགེ་འོས་སློབ་ཆེན་དུ་རྒྱུགས་འཕྲོད་ན་ད་དུང་ཞན་ཤོས་སུ་བརྩི་ཡིན་ཡོད་སྐད། འོ་ན། ཐབས་ལམ་ཅི་ཞིག་ཡིན་ཞེ་ན། ཕྱོགས་ཡོངས་ནས་སྒོ་སྡོམ་པའི་དོ་དམ་བྱེད་ཐབས་སྤྱད་པ་སྟེ། གཟའ་གཉིས་རེར་ངལ་གསོ་ཉིན་གཅིག་ལས་མེད།
རྒྱུགས་བསྟུན་སློབ་གསོའི་སྒྲིག་གཞིའི་འོག་ཏུ་འདི་ལྟར་བྱེད་པ་ལས་ཐབས་ཅི་ཡོད། ཁོ་རང་གི་བྱིས་པའང་འདི་ནས་མཐར་ཕྱིན་པ་ཡིན་ལ། སློབ་མཐར་ཕྱིན་པའི་ཉིན་མོར། ཁོས་བུ་ལ་སྟོན་མོ་བཤམས་ཤིང་། མིག་ཟུང་མཆི་མས་བཀང་བཞིན་བུ་ལ། ཁྱོས་དེ་རིང་ནས་བཟུང་མི་ཞིག་གི་འཚོ་བ་རོལ་ཐུབ་སོང་བ་རེད། དེ་སྔའི་འཚོ་བ་དེ་ནི་མི་ཞིག་གི་འཚོ་བ་ག་ལ་ཡིན། ཅེས་ངག་ནས་ཐལ་ཟེར།
你们也都受过这种苦,中国的教育,你们都是直接受害者,从初中、高中过来,就好像从炼狱里过来。现在过了高考关,进了大学,好像进到了天堂,可以松一口气了。
ཁྱོད་ཚོས་ཀྱང་དཀའ་སྡུག་འདི་མྱངས་ནས་འོང་བ་རེད། ཁྱོད་ཚོ་ནི་ཀྲུང་གོའི་སློབ་གསོས་གནོད་ཅིང་འཚེ་བར་བྱས་མྱོང་མཁན་དག་རེད། དམའ་འབྲིང་མཐོ་འབྲིང་ནི་དངོས་ནས་བཙོན་ར་རྗེས་མཐུན་པ་ཞིག་དང་འདྲ། ད་ནི་ཁྱེད་ཅག་གནས་དེ་ནས་ཐར་བ་ཐོབ་ནས་སློབ་ཆེན་དུ་སླེབས་པ་རེད། ཅུང་ཟད་ཞེ་ལྷོད་ལྷོད་བྱས་ཆོག་པ་རེད།
大學比中学好得多,多少有一点自由了,但还是很可怜的,是吧?在大学做讲座时,有些学生让我题词,我就题两句话:做学习的主人,向教育争自由。
སློབ་ཆེན་ནི་སློབ་འབྲིང་དང་མི་འདྲ་བར་རང་དབང་ཅུང་ཙམ་ཡོད་པ་རེད། ཡིན་ནའང་ད་དུང་ཡིད་ཚིམས་པ་ཞིག་རེད་དམ། ངས་སློབ་ཆེན་དུ་འཆད་ཁྲིད་བྱེད་སྐབས་སློབ་མ་རེ་གཉིས་ཀྱིས་ང་ལ་འབོད་ཚིག་ཅིག་ཤོད་ཟེར། ཁོ་བོས་ཚིག་གཉིས་བཤད་ཡོད་དེ། སློབ་སྦྱོང་ལ་རང་མགོ་ཐོན་པ། སློབ་གསོ་ལ་རང་དབང་རྩོད་པ། ཞེས་པའོ།
現在大学的问题是急功近利,你要清醒,把弊端对你的损害减小到最低限度。几年的时间一晃就过去了,你要珍惜,自己好好想一想,这几年怎么学,自己有一个计划,真正做学习的主人。
དེང་གི་སློབ་ཆེན་གྱི་གནད་དོན་གཙོ་བོ་ནི་མིག་རྒྱང་ཐུང་བའི་ཁེ་ཕན་ཆུང་ངུ་ལ་བརྩོན་པ་དེ་རེད། ཤེས་པར་གྱིས། འདིས་རང་ལ་ངན་ཤན་ཐེབས་པར་ཅི་ནུས་ཀྱིས་གཡོལ་དགོས། ལོ་ཟླ་མི་སྡོད་སྐད་ཅིག་འདས་པར་འགྱུར། ཁྱོད་ཀྱིས་ཞིབ་ཏུ་བསམ་དགོས། ལོ་འདི་དག་ལ་ཅི་བྱས། ཅི་ཞིག་བྱ་རྩིས་ཡོད། འདི་དག་ལ་གཅེས་འཛིན་གྱིས་རང་྄མགོ་ཐོན་པར་སློབ་སྦྱོང་བྱེད་དགོས།
这是我讲的精神快乐的第一点:智力活动的快乐。其实,幸福观和人生观是统一的,从幸福观的角度讲,是智力活动的快乐,从怎么做人的角度讲,就是要有一个自由的头脑,把上帝赋予你的理性能力的价值实现出来。
གོང་དུ་སྨྲས་པ་འདི་ནི་ངས་བཤད་པའི་བསམ་བློའི་སྤྲོ་སྣང་གི་ཆ་གཅིག་སྟེ། རིག་སྟོབས་ཀྱི་ལས་ལ་འཇུག་པའི་སྤྲོ་སྣང་ཡིན། དོན་དངོས་སུ། འདི་ལྟར་བྱས་པས་བདེ་སྐྱིད་ཀྱི་མི་ཚེ་ལྟ་བ་ཞིག་ཆགས་པ་སྟེ། ཤེས་ཡོན་གྱི་ལས་ལ་འཇུག་པའི་སྤྲོ་བ་ལས་བདེ་སྐྱིད་རྙེད་ཅིང་། རང་དབང་གི་འདུ་ཤེས་སད་པའི་མི་བུ་ཞིག་ཀྱང་འཁྱོངས་བ་ཡིན། དེ་ལྟར་གནམ་རྒན་མས་ཁྱོད་ལ་གནང་བའི་དཔྱོད་ཤེས་ཀྱི་རིན་ཐང་ཡང་མངོན་དུ་གྱུར་ཏོ།
ཡོང་ཁུངས། ཀྲུང་གོའི་སློབ་གསོ་ཞིབ་འཇུག
རྩོམ་ཁུངས། བཙན་པོ་ཚང་།
好奇心和独立思考能力具体到学习上,作为一个学生来说,看一个学生在智育上是不是过关,智力素质好不好,我就看两条。
སློབ་སྦྱོང་ནི་མཚར་འཛིན་གྱི་བློ་དང་རང་སྟོབས་ཀྱི་རིག་པ་མ་ཉམས་པའི་སྟེང་ནས་བྱ་བ་སྟེ། འདི་གཉིས་ནི་སློབ་མ་གང་གི་རིག་སྒོ་ཕྱེས་ཡོད་མེད་དང་ཤེས་རབ་འཕེལ་ཐུབ་མིན་གྱི་གནད་དུ་ཁོ་བོས་འདོད།
*བཅོས། (ཁོ་བོའིའདོད་པར། མཚརསེམས་དང་བསམ་གཞིག་ཁོ་ནའི་སྟོབས་སྒོ་ཀུན་ནས་སློབ་སྦྱོང་གི་སྟེང་དུ་སྦྱོར་ཐུབ་པར་བྱེད་པ་ལ། སློབ་མ་ཞིག་ལ་མཚོན་ན། བསམ་པའི་སྨིན་ཚད་དང་། ཤེས་སྟོབས་རང་གཤིས་བཟང་ངན་འདི་གཉིས་ལ་ལྟ་དགོས། །) རྒྱ་ཡིག་སོར་བཞག་ལས་འགྱུར་བཅོས་ཅུང་ཟད་བྱས་ན་གོ་བདེ་བར་སྣང་། ། འོག་མ་རྣམས་ལའང་ཚིག་དོན་གཉིས་ཀའི་ཆ་ནས་བཅོས་ཤིན་ཏུ་མང་པོ་འདུག་སྙམ་མོ། ། ༼བསམ་གཞིག་་་་ ཡིག་རྙིང་དུ་གཞིག་འགྲེལ་ཞེས་བཀོད་པ་མང་། ཤེས་སྟོབས་རང་གཤིས། ཤེར་སྟོབས་རང་བཞིན་དུ་བསྒྱུར་བ་ཡང་ཡོད། ༽