ཤར་ཕྱོགས་ཁུག་རྟ།
གནས་ཚུལ་ཐོས་གསལ་ལྟར་ན་ཉེ་སྔོན་གྱི་༧གོང་ས་མཆོག་གི་ཐུགས་ཕམ་འབྱུང་གཞིའི་བཀའ་སློབ་དང་འབྲེལ། གདན་ས་གསུམ་གྱི་མཁན་ལས་སྣེ་ཚང་འཛོམས་ཀྱིས་ཞིབ་གྲོས་གནང་མཐར། ད་ནས་བཟུང་གདན་གསུམ་རྒྱུད་གྲྭ་སྟོད་སྨད་བཀྲས་ལྷུན་གཙོས་དགེ་ལུགས་པ་སྤྱི་ཡོངས། གཞུང་འབྲེལ་གྱི་ལས་འགུལ་ཁོ་ན་མ་གཏོགས་གཞུང་འབྲེལ་མིན་པའི་མར་མེ་ཁྲོམ་སྐོར་ཚུན་ཆུད་དུའང་མི་འགྲོ་རྒྱུ་ཁྲིམས་ཐོག་ནས་གཏན་འབེབས་གནང་སོང་ཟེར། གནས་ཚུལ་འདིས་ང་རང་སེམས་སྐྱོ་བོ་བྱུང། ༧གོང་ས་མཆོག་གི་རླབས་ཆེན་དགོངས་གཞིར་ཤེས་ནས་ངེས་པ་རྙེད་པའི་ཚོགས་པ་དང་སྒྲིག་འཛུགས་མང་པོ་ཞིག་ཉེ་སྔོན་གྱི་བཀའ་སློབ་འདི་དང་འབྲེལ་བ་ཁྱོན་ནས་མེད་ཁར། ༧ཐུགས་ཕམ་དང་འབྲེལ་ནས་བློ་འཚབ་ཟས་བརྗེད་གཉིད་བྲལ་གྱི་ཚུལ་དུ་སོང་ཡོད་ཀྱང། ཁོང་རྣམས་པས་སླད་མར་ང་ཚོ་བོད་ཀྱི་གཞི་རྩར་གྱུར་བའི་གདན་ས་ཁག་གི་ནང་དུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྐབས་དཀའ་ངལ་འཕྲད་མི་ཡོང་བསམས་ནས་སེམས་སྐྱོ་བྱུང། ལྷག་པར་རང་ཉིད་ཀྱི་འགན་འཁྲི་དང་འབྲེལ་ནས་སེམས་དེ་བས་སྐྱོ་བོ་བྱུང། སྐབས་དེར་ངར་སློབ་ཆུང་སྐབས་ཁྲིད་མྱོང་བའི་སློབ་ཚན་ཞིག་ཏུ་” མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར་”ཞེས་པའི་སློབ་ཚན་དེའང་ཡིད་ལ་ངམ་ངམ་ཤུགས་ཀྱིས་འཁོར་བཅུགས་སོང། ད་ཅི་བྱ། གང་དྲག་བསམས་པ་ལས་གཞན་མི་འདུག
གཏམ་བཟང་རེད།
མི་ངན་གཅིག་པོ་སུ་རེད།
ཧ་ཅང་སེམས་དགའ་དགོས་པའི་་གནས་ཚུལ་རེད། ༸གོང་ས་མཆོག་གི་བཀའ་དགོངས་དང་། བོད་མིའི་འགྲིགས་འཛུགས་ཀྱི་སྲིད་བྱུས་དང་འགལ་བའི་ལས་འགུལ་ཚང་མ་རྩ་མེད་འགྲོ་བའི་སྨོན་འདུན་ཡང་ཡོད་ལགས། ཧ་ཧ། བཟང་ངོ་། གནས་ཚུལ་བཟང་ངོ། །
ཤར་ཁུག་ད་ཡ་མེད་ཡིན་སྟབས་མི་ངན་གཅིག་པོ་དེའི་མིང་ལྡོག་སེ་བཏོན་ཡང་ངེས། ཚང་མས་ཉོན་ཨང་།
རེད་མིང་མེད་ངེད་གཉིས་ཀྱི་བསམ་ཚུལ་མཐུན་པོ་བྱུང་།
ཨ་ཁུ་ཤར་ཁུག་པས་བོད་རང་བཙན་བརྗོད་ན་ཆོལ་གསུམ་ཅིག་སྒྲིལ་ལ་གནོད་རབ་ཟེར། འོ་ན་ད་ནས་བཟུང་བོད་རང་བཙན་མི་ཟེར། རྒྱ་དམར་གྱི་རྒྱལ་ཁུར་ནས་འགྲོ་གི་ཡིན། དེས་ཀྱང་ཆོལ་གསུམ་ཅིག་སྒྲིལ་ལ་ཕན་པར་ཤོག
གནས་ཚུལ་འདི་ཧ་ཅང་ཡག་པོ་འདུག གདན་ས་ནི་ཆོས་ཀྱི་གདན་ས་ཡིན་པས། ཆབ་སྲིད་ཚོགས་པ་ཚོའི་རྗེས་སུ་མ་འབྲངས་པར་རང་ཚུགས་ཡོད་པའི་གདན་ས་ཞིག་གྱུར་ན་དེའི་ཆོག
ཐན་བྱ་དེ་ཚོ་གདན་ས་ལ་འཕུར་ལྡིང་བྱས་ན་གྲིབ་ངན་པ་ཕོག་འགྲོ་གི་རེད།
རེད་དེར། ཐན་བྱ་ཁ་ནག་དེ་ཚོའི་ཁ་ཐལ་བོས་ཆོད།
དེ་དངོས་ཡོད་གནས་ཚུལ་ཡིན་ན། རྒྱ་ཤར་ཕྱོགས་ཁུག་རྟའི་དམིགས་ཡུལ་ཐོག་མ་དེ་འགྲུབ་སོང་ནི་རེད། མི་ངན་དཀྲུགས་གཞི་མཁན་དེ་ཁྱོད་རང་ཉིད་ཡིན་པ་ཚང་མས་ཤེས་ཀྱི་རེད། ཡང་ཁ་གཡོལ་ས་ཞིག་འཚོལ་བཞིན་ཡོད་དམ།
གོང་ས་མཆོག་ལ་མོས་མཁན་ཞིག་ཡིན་ཡང་ཁོའི་ཆབ་སྲིད་ཀྱི་ལམ་ལ་མོས་མཐུན་མེད་མཁན་ཞིག་ཡིན། དེ་ནི་ཕྱོགས་གང་ནས་བལྟས་ཀྱང་ཆུ་ངོགས་གཏམ་རྒྱུད་ཀྱི་སུང་ཅང་གྱི་ལྟ་གྲུབ་དང་གཅིག་མཚུངས་རེད། གསུང་ཅང་ཡང་མི་ཡ་རབས་ཚུལ་མཐུན་ཞིག་ཡིན་པས་རང་གི་སྙན་གྲགས་དང་མི་བཟང་བྱེད་སླད་མགོ་འདོགས་རིང་ལུགས་ཀྱི་ལྟ་བ་ཟིན་པ་རེད། ཁོང་གི་ཡང་དག་པའི་བསམ་ཤེས་དང་གཉིས་ཕན་གྱི་དབུ་མའི་ལམ་དེ་སུང་རྒྱལ་རབས་ཀྱི་བློན་ཆེན་གཡོ་སྒྱུ་ཅན་རྣམས་ཀྱིས་བེད་སྤྱོད་ལོག་པ་བཏང་ཏེ་མཐར་རྩ་མེད་བཟོས་པ་རེད། དྲང་བདེན་གྱི་མི་རྣམས་གཡོ་སྒྱུ་ཅན་ཚོས་ལག་ཆ་ཡིན་པས་ད་བར་དཀའ་ལས་རྒྱག་པའི་བཙན་བྱོལ་གཞུང་ཡང་དེ་ལྟར་མི་འགྱུར་བ་སྨོན། དེ་ལྟར་གྱུར་ན་མི་རྣམས་རང་མགོ་གང་ཐོན་གྱི་འགྲོ་ངེས་རེད། དེ་ནི་ཕྱིའི་གནོད་ཤུགས་ཀུན་ལས་བརྒྱ་ཕྲག་གིས་ལྕི་བ་ཡོད་དེ། མི་མེད་ན་སྒྲིག་འཛུགས་ཤིག་གནས་ཡ་མེད་པས་སོ། མི་ཡོད་ན། གཅིག་མཐུན་གྱི་མངོན་འདོད་ཡོད་ན་དཀའ་ངལ་ཅི་ལྟར་འཕྲད་ཀྱང་འཚོ་གཞིས་སུ་གནས་ཐུབ་ངེས་རེད། དེ་བརྟེན། སྒེར་ལ་འདོད་ཚུལ་ག་འདྲ་ཞིག་ཡོད་མེད་ལ་མ་ལྟོས་བར་གཞུང་གི་སྣེ་ཁྲིད་པ་ཚོས་མི་མང་གི་མངོན་འདོད་ལྟར་འགྲོ་རྒྱུ་ལས་དེར་ཚོད་འཛིན་བྱེད་པ་ནི་མང་ཚོགས་ཁ་ཐོར་རུ་འགྲོ་བའི་གནས་སུ་འདོད།
རིག་པ་ཅན། སོང་ཅང་སྐོར་མ་བཤད་ངའི་སྙིང་ན་གི
དབང་འཛིན་པ་འགས་དབང་ཡོད་བཤད་པ་འདི་བོད་ལ་ཕན་པའི་ལས་ཞིག་མ་ཡིན་པར་རྡོག་རྩ་གཏོར་སྤྱད་གྱི་རྒྱུ་ཞིག་དུ་འགྲོ་བར་ཐེག་གིས་ཆོད། མི་རབས་རྙིང་བ་འདི་ཚོས་རྒྱལ་ཁབ་ཤོར། ད་ཡང་དེ་ལེན་པའི་རྡོག་རྩ་་ལ་གཏོར་བཤིག་བྱེད་པ་སོགས་ཁོང་ཚོའི་ཀླད་པ་དེ་ལ་ག་རེ་བྱུང་བ་ཡིན་ན་ཨ། ཉིན་མོ་ལྷ་དང་མཚན་མོ་འདྲེ་ཡི་གཟིགས་ཀྱིས་བོད་འདི་སྐྱབས་དགོས་བའི་དུས་འདིར་ཡང་བར་ཆད་ཞིག་མགོ་ཐོག་དུ་ཤར་བ་ཅི་འདྲའི་དགོད་ཤོར་བ་ཤིག
དུས་རབས་གསར་བའི་གྲྭ་བ་འདི་ཚོ་མ་འོངས་བོད་བསྟན་པ་ཆབ་སྲིད་ཀྱི་ལག་པ་ཡ་གཅིག་ཡིན་ན་དེ་དེ་བཞིན་དུ་འགན་ལེན་ཡོད་པར་ཤོག།
མི་རྒན་ཀླད་པར་སྐྱོན་ཞུགས།
ཀླད་གསར་ལག་པར་འདྲེ་ཞུགས།
རྒྱ་དམར་ཚང་ལ་སྟོན་བུད།
བོད་ཞེན་ཅན་ཚོའི་ལྕེ་བཅད།
ཤར་ཁུག་གིས་བཤད་པའི་གཏམ་ངན་དེ་ངོ་མ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་རེད། གང་ཡིན་ཞེ་ན་ད་ལྟའི་དུས་ཚོད་ལ་མི་འབོར་ཆེ་ཤོས་འདུ་སའི་དགོན་སྡེ་ཁག་གི་ནང་ནས་ཆབ་སྲིད་ཀྱི་ཐོག་ལ་དོ་སྣང་བྱེད་མི་ཆོག་པ་དང་། མཉམ་ཞུགས་བྱེད་མི་ཆོག་པ་བཟོས་པ་འདི་ཧ་ཅང་ཐབས་སྐྱོ་བོ་རེད་བསམ་གྱི་ཡོད། ད་སྐབས་འདི་འདྲའི་ཆབ་སྲིད་ཀྱི་དཀའ་ངལ་ཆེ་ས་ཞིག་ནས་རོགས་དང་རམ་འདེགས་བྱེད་མི་ཆོག་པར་བཟོས་པ་འདིས་བོད་མི་རིགས་ལ་བལྟ་སྟངས་གང་འདྲ་བཟུང་ཡོད་མེད་དང། ལྷག་པར་དུ་བོད་ནང་གི་དགེ་འདུན་པ་དེ་ཚོས་རང་ལུས་མེ་རུ་བསྒྲོན་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་ལས་འགུལ་སྤེལ་བར་ངོ་རྒོལ་ལྟ་བུ་ཞིག་ཏུ་མི་འགྲོ་བའི་ངེས་པ་མེད་པས། དེ་དོན་ལ་བསམ་བློ་བཏང་ན་མི་བཟང་ངམ། ད་སྐབས་དགེ་འདུན་པས་ཆོས་ཁོ་ན་བྱེད་མི་ཐུབ་པ་ནི་གསལ་བོ་གསལ་རྐྱང་རེད། དགེ་འདུན་པའི་ནང་ན་ཚོང་པ། འཁྲམ་པ། རྐུ་མ། གཡོ་ཚོང་བྱེད་མཁན། སྐྱག་རྫུན་བཤད་མཁན། མགོ་སྐོར་གཏོང་མཁན་སོགས་མང་པོ་ཡོད་པས་ཕྱོགས་གང་ཅིའི་ཐད་ལ་གཟབ་རན་རེད། ཆབ་སྲིད་ལ་ཡ་མི་བྱེད་པར་འདུག་ས་ཞིག་ཡེ་ནས་མ་མཆིས་སོ།།
འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཡུལ་རྡ་རམ་ས་ལར་ རྒྱལ་བ་རིན་པོ་ཆེ་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དུ་བཞུགས་ནས་དབུ་མའི་ལམ་ལ་མཉམ་པར་བཞག་པ་དང་། ཡང་དེའི་ཚེ་བཙུན་པ་ཟམ་གདོང་བླ་མ་དབུ་མའི་ལམ་ལ་མཉམ་པར་བཞག་གོ དེ་ནས་བོད་མི་རྣམས་ཀྱི་སྐུ་ཚབ་སྤྱི་འཐུས་རྣམས་ཀྱིས་བཙུན་པ་ཟམ་གདོང་བླ་མ་ལ་འདི་སྐད་ ཅེས་སྨྲས་སོ།། གང་བོད་ཀྱི་མི་འམ་བོད་དོན་རྒྱབ་སྐྱོར་བའམ། བོད་དོན་ལས་འགུལ་སྤེལ་མཁན་དག་གིས བོད་ཀྱི་བདེ་སྐྱིད་དམ། བོད་ཀྱི་རང་དབང་ངམ། བོད་ཀྱི་རྩ་དོན་ཇི་ལྟར་རྩོད་པར་བྱ། དེ་སྐད་ཅེས་སྨྲས་པ་དང། བཙུན་པ་ཟམ་གདོང་བླ་མས་འདི་སྐད་ཅེས་སྨྲས་སོ། གང་བོད་ཀྱི་མི་འམ་བོད་དོན་རྒྱབ་སྐྱོར་བའམ། བོད་དོན་ལས་འགུལ་སྤེལ་མཁན་དག་གིས་འདི་ལྟར་རྩོད་པར་བྱ་སྟེ། བོད་རྒྱ་ལས་ལོགས་སུ་མ་མཆིས་པ་དང་། རྒྱ་ཡང་བོད་དང་ངོ་བོ་དབྱེར་ཐབས་མེད་པར་འབྲེལ་བར་གནས་པར་བལྟ་བར་བྱ་ཞིང་། དེ་བཞིན་དུ་བོད་ཀྱི་རྒྱལ་ཁབ་ཀྱང་ལོགས་སུ་མ་མཆིས་པ་དང། བོད་ཀྱི་བདེ་སྐྱིད་ཀྱང་ལོགས་སུ་མ་མཆིས་པ་དང་། བོད་ཀྱི་རང་དབང་ཀྱང་ལོགས་སུ་མ་མཆིས་པ་དང་། རྩ་དོན་ཀྱང་ལོགས་སུ་མ་མཆིས་སོ།། གང་བོད་མི་ཡིན་པ་དེ་ནི་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འབངས་ཡིན་ལ། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ནི་བོད་ཀྱི་རང་རྒྱལ་ཡིན་ནོ། དེ་ལྟ་བས་ན་བོད་ལ་ཀྲུང་གོ་ལས་ལོགས་སུ། རྒྱལ་ཁབ་མེད། ཁྲིམས་ལུགས་མེད། ཕྱི་འབྲེལ་མེད། དམག་དཔུང་མེད་དོ།། དེ་བཞིན་དུ་བདེ་སྐྱིད་དང་། རང་དབང་དང། མ་ཐོབ་པའང་མེད་ལ་ཐོབ་པ་འང་མེད་དོ། དེ་ལྟ་བས་ན་བོད་དོན་བདེན་མཐའ་གསལ་བར་བྱེད་པ་ལ་ལམ་འདི་ཉིད་སྒོམ་པར་བྱ་ཞིང་ ཡིད་ལ་བཅངས་པར་བྱའོ།། འདི་ཉིད་བསླབ་པར་བྱའོ།། དེ་ནས་རྒྱལ་བ་རིན་པོ་བོད་མིའི་སྲིད་ཀྱི་དབུ་ཁྲིད་ལས་རྒལ་ཡོལ་དུ་ཕེབས་ནས། བཙུན་པ་ཟམ་གདོང་ལ་ ལེགས་སོ།། ལེགས་སོ།། རིགས་ཀྱི་བུ་དེ་དེ་བཞིན་ནོ།། རིགས་ཀྱི་བུ་དེ་དེ་བཞིན་དེ་ཇི་ལྟར་ཁྱོད་ཀྱིས་བསྟན་པ་བཞིན་དུ་གཉིས་སྨན་དབུ་མའི་ལམ་ལ་བརྩོན་པར་གྱིས་ཤིག དེ་སྐད་ཅེས་བཀའ་བསྩལ་ནས། ཚེ་དང་ལྡན་པ་བཙུན་པ་ཟམ་གདོང་དང་། སྤྱི་འཐུས་ལྷན་ཚོགས་དང་བཅས་པ་རྗེས་སུ་ཡི་རང་སྟེ། ཡེ་ཤེས་དབྱིངས་དཔྱད་ཀྱིས་གཟིགས་པའི་རྒྱལ་བའི་གསུངས་པ་ལ་མངོན་པར་བསྟོད་དོ།།
དེ་འདྲ་ཞིག་་་་་་་་་་་་་་་་་་་་་་་་་་་
གོང་ས་མཆོག་གིས་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་རབས་གསར་པའི་ལག་ཏུ་རྩིས་སྤྲོད་གནང་ཚར་བ་རེད། དེ་ནས་བཟུང་སྟེ་གོང་ས་མཆོག་གིས་ཆོས་ཕྱོགས་ཀྱི་མཛད་པ་ཁོ་ན་སྐྱོང་དགོས་ཐུག་པ་ལས་རང་བཞིན་གྱིས་ཆོས་དང་སྲིད་ཁ་ཁ་ཕྱེ་དགོས་པ་ཞིག་ཆགས་སོང་བ་རེད། ཡུལ་དུས་གནས་བབས་གང་འདྲ་ཞིག་གི་འོག་ཏུ་བོད་ཀྱི་བདེན་དོན་ནི་ནམ་ཡང་བློས་གཏོང་གནང་གི་མ་རེད་ལ། ཆོས་ཕྱོགས་ཀྱི་བྱ་བ་དེ་བས་ཀྱང་བློས་གཏོང་གི་མ་རེད། དགོན་པར་དགོན་པའི་འགན་འཁྲི་ཞིག་ཡོད་དགོས་ལ། དགོན་པའི་ལས་དོན་འཐུས་ཤོར་འགྲོ་བའི་རིགས་རྩ་འགོག་བྱེད་ཐུབ་ན་ཡག་གི་རེད། གཞུང་འབྲེལ་མ་ཡིན་པའི་ལས་འགུལ་རིགས་སྤེལ་ཚེ་གྲྭ་རྐྱང་རྣམས་ལ་ཞལ་འདེབས་སློང་བ་དང་སྐུལ་སློང་བྱེད་པ་སོགས་ལས་འགུལ་ལ་ཁ་གཡར་ནས་དགོན་པའི་ལས་དོན་འཐུས་ཤོར་ཕྱིན་ན་མི་ལེགས་པས་དགོངས་པ་ཡག་པོར་བཞེས་དགོས་པ་རེད། དགོན་པས་ཆབ་སྲིད་ལ་ལག་པ་བརྐྱངས་ན་མི་ལེགས་ཚུལ་རང་བཙན་འཐབ་རྩོད་པ་དང་གཞོན་སྐྱེས་མཁས་དབང་རྣམས་ཀྱིས་ནམ་རྒྱུན་ཤོད་ཀྱིན་པ་དེ་རེད།
དེ་དུས་ཤིག་ལ་ཀླུ་མཁར་བྱམས་ཀྱིས་ལྷོ་ཕྱོགས་ཀྱི་ཚོགས་ཐོག་ཤིག་ནས་གྲྭ་བ་ཚོ་སྤྱི་ཚོགས་རང་བཞིན་གྱི་ལས་འགུལ་ནང་ཞུགས་ཆོག་པ་དང་། ཆབ་སྲིད་རང་བཞིན་གྱི་དབང་ཆའི་འཐབ་རྩོད་ནང་ཞུགས་ན་ཡག་པོ་མེད་སྐོར་བརྗོད་སོང་། ངས་དྲན་གྱིན་འདུག
བདེ་པ་འདྲ་ཞིག་འདུག
དངོས་གནས་ཚུལ་བཟང་པོ་ཞིག་རེད་བསམ། གང་ལགས་ཞེས་ན། ད་ལྟའི་ཆར་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མིང་ཐོག་ནས་མང་ཆེ་བས་ཆབ་སྲིད་ཀྱི་ཚོགས་པ་ཞིག་གི་ལས་ལ་འཇུག་བཞིན་པའི་ཚོགས་པ་ཡོངས་རྫོགས་ཆབ་སྲིད་དང་འབྲེལ་ཆགས་ཆེ་བ་ལས་ཆོས་དང་ཐད་དཀར་འབྲེལ་བ་མེད་སྟབས་ཆོས་སྡེ་ཆེན་པོ་ཁག་གི་ནང་ལས་འགུལ་སྤེལ་མི་ཆོག་པ་བཟོས་བ་ནི་རླབས་ཆེན་གྱི་མཛད་འཕྲིན་ཞིག་ཡིན་པར་ངོ་འཛིན་གྱི་ཐོག་ནས་དགའ་བསུ་ཞུ་རྒྱུ། ཆབ་སྲིད་དང་འབྲེལ་ཆགས་ཀྱི་ཚོགས་པ་གང་འདྲ་ཞིག་ཡིན་རུང་རང་རང་སོ་སོའི་དམིགས་ཡུལ་དང་ལངས་ཕྱོགས་སྒྲུབ་ཐབས་སུ་སོ་སོ་དཀར་པོ་དང་གཞན་དེ་ནག་པོ་ཡིན་པ་སྒྲུབ་ཐབས་བྱེད་རྒྱུ་དང་དེར་རྒྱབ་བསྐྱོར་དང་ངོས་ལེན་ཡོང་བར་འབད་བརྩོན་གང་ཡོང་གནང་མཁན་ཤ་སྟག་རེད། གཞན་ཕན་བྱང་སེམས་དང་བདག་འཛིན་འདོད་ཆགས་སྡུག་གསུམ་སྤོང་བ་དང་དགེ་སྦྱོང་དགེ་བཅུའི་རྩ་བ་འཛུགས་སར་ཕྲག་དོག་ངར་རྒྱལ་གྱི་འཁོར་ལོ་བསྐོར་ས་མེད་པར་བཟོ་བ་ནི་བཀྲ་ཤིས་ཉི་མ་གསར་པ་ཞིག་རེད།
བདེན་པ་འདྲ་ཞིག་འདུག
བླུན་པོ་ལགས་བླུན་གཏམ་མ་བཤད་རོགས། དགེ་འདུན་པའི་ཆབས་སྲིད་ལ་དག་སྣང་གནང་མི་ཆོག་པའི་ཁྲིམས་སུས་བཟོས་འདུག །༧གོང་ས་ཡིད་བཞིན་ནོར་བུའི་དགོངས་གཞི་དང་མཐུན་པའི་ལས་འགུལ་གཞུང་འབྲེལ་ཐོག་ནས་ག་དུས་སྤེལ་ན་མཉམ་ཞུགས་དང་རྒྱབ་སྐྱོར་ཡོད་ངེས་ཅན་ཡིན་པར་མ་ཤེས་སམ། མ་ཤེས་ན་གང་གི་ཡི་གེ་དེར་ཡག་པོར་གཟིགས་དང་། ཐག་གཅོད་དེར་ཡག་པོ་བྱུང་འདུག །དེ་མིན་གདན་སའི་གྲྭ་བཙུན་བསམ་མེད་མང་པོ་ཞིག་དེང་སྐབས་ཆབས་སྲིད་པ་ཚོས་བརྩེད་ཆས་ལྟ་བུར་འགྱུར་ཉེན་ཆེ་བ་མངོན། ལས་དོན་དེའི་གང་མཚོན་པར་བྱས་འདུག་ཞེ་ན། དགེ་ལྡན་པའི་འགོ་དམངས་ཡངས་༧གོང་ས་མཆོག་དང་གཞུང་གིས་ལོངས་ཕྱོགས་སུ་ཤར་བསྐྱོད་གནང་བར་མཚོན་པར་གནང་འདུག་ངོ་མ་ཡིད་རང་ཡོད། ད་དུང་དགེ་འདུན་རྣམས་པའི་སྔར་བཞིན་ཐས་བསམ་སློབ་གཉེར་རྒྱུན་བསིང་གནང་རོགས་དང་། རྩ་དོན་ཟེར་ན་རེད་་་འཐབ་རྩོད་ཟེར་ན་རེད་་་་དེ་ལས་ལྷག་དགོས་གལ་མི་ཆེ་ངོ་མ་ཡིན། བླུན་པོ་ཆུ་སྣ་གང་འཁྲིད་ལྟ་བུ་མི་གནང་བར་རེ་བསྐུལ་ཡིན།
ད་དེ་ཡག་ཤོས་རེད།ད་ལྟ་བར་དུ་བོད་ཀྱི་ཆོས་པ་ཚོས་རང་དབང་བརྩད།བོད་དོན་ཆེད་རང་སྲོག་བཏང་སྟེ་ཡོང་བ་རེད།ད་དུང་མུ་མཐུད་གྲྭ་པ་དང་གྲྭ་ལོག་སོགས་ཆོས་ཁས་ལེན་མཁན་རྐྱང་རྐྱང་གིས་རང་ལུས་མེར་བསྲེགས་བྱས་ཏེ་བོད་དོན་བརྩད་བཞིན་པའི་སྐབས་འདིར།བོད་མི་ཆོས་མེད་སྨྲ་བ་མི་སྐྱ་མགོ་བདེ་སོ་སོའི་སྐྱེས་དམན་ལའང་བཀོད་ཇུས་གཏོང་མི་ཐུབ་མཁན་ཚོས།བོད་མིའི་བར་དཀྲུག་ཤིང་བརྒྱབ་ཏེ་ཆོས་ཀྱིས་མ་འགྲིག་པ་དང་ཆོས་པ་ཚོས་བོད་བཙོང་སོང་བ།ཆོས་པ་ཚོ་མགོ་འདོགས་རིང་ལུགས་པ་རེད་ཅེས་ས་སྒྲོག་གནམ་སྒྲོག་བྱེད་བཞིན་པའི་སྐབས་འདིར།
གདན་ས་ཁག་གཙོས་ཆོས་སྒར་ཁག་གིས་ཆབ་སྲིད་གནང་རྒྱུ་འཚམས་འཇོག་བྱས་པ་ཡག་ཤོས་རེད།ད་མི་སྐྱ་མགོ་བདེ་དྲན་འཁྲུལ་ཚོས་གང་འཛོན་ང་ཚོས་བལྟས་ཆོག་གི་རེད།བཙན་བྱོལ་ནང་གདན་སའི་གྲ་བ་མེད་ན་ཞི་བའི་གོམ་བགྲོད་ཅིག་གནང་རྒྱུར་ཡང་མི་ཁ་ཤས་མ་གཏོགས་མེད་པ་མངོན་གྱུར་རེད།
ཐན་བྱ་ཁུག་་རྟའི་དམིགས་ཡུལ་འགྲུབ་བཞིན་འདུག།
ང་ཚོ་བོད་པ་ཚང་ལ་ལེགས་རྟགས་མིན།
ཁུག་རྟ་ཁྱེད་རང་འབུ་སྲིན་འདྲ་ཟ་རྒྱུ་རྙེད་ཡོད་སྲིད་དེ་མིན་གཡག་ཤ་ཟ་བཞིན་སེམས་སྐྱོ་དགོས་དོན་ཡོད་མ་རེད།
མི་སྒེར་པས་བསམ་ཚུལ་བཤད་ཆོག་དུས་རྒྱལ་བ་རིན་པོ་ཆེ་ཁོ་རང་ཡང་སྒེར་ངོས་ནས་བསམ་ཚུལ་གསུང་པ་ཆོག་གི་རེད།
བོད་རིགས་ཡོད་དོ་ཅོག་ཁྱུ་ཚོ་གཅིག་ལས་གཞན་་ཡ་བྲལ་མི་ཉན་རྒྱུ་དེ་ང་ཚོའི་རྒྱལ་ཁ་ཡིན། མི་སྒེར་ངོས་ནས་རྒྱལ་བ་རིན་པོ་ཆེ་མ་གཏོགས་བོད་རྒྱའི་གནས་ཚུལ་ཐོག་སུས་ཀྱང་རྒྱ་དམར་མཉམ་དུ་གྲོས་མོལ་བྱས་ཐུབ་མེད་པ་ང་ཚོས་ཤེས་གསལ་ཡིན་པ་ལ་ད་བཤད་ཅི་མཁས་ཀྱང་ཕོ་འབྱོན་པོ་ཞིག་མཐོང་མ་བྱུང། ཁྱེད་་རང་རྒྱ་མཉམ་དུ་བོད་རྒྱའི་འབྲེལ་མོལ་ཡང་ཞིག་བྱས་ཐུབ་ན་གུས་བརྩི་དང་ལེན་བྱེད་ཆོག་དེ་མིན་འདྲ་མིན་བཤད་ན་མེ་གྲ་སྒྲིག་བྱས་ཡོད་མཉམ་དུ་འགྲོ་ཡང་ན་ཁྱེད་རང་ཚོ་སྔོན་དུ་འགྲོ་གདམས་ག་ལོངས་ཤིག
དོན་མེད་བློ་ཕམ་བྱས་ན་རང་སྡུག་རེད། བློ་མ་ཕམ། དཀྲུགས་ཤིང་མ་རྒྱག ར་ཡིན་ན་རའི་མཉམ་དུ་རྒྱུགས། གཡག་ཡིན་ན གཡག་གི་མཉམ་དུ་ཤོག
༧གོང་ས་མཆོག་གིས་ཨི་ཌ་ལིར་གནང་བའི་འཕྲོས་བཤད་བཀའ་སློབ་ལས་སྔ་དུས་རྒྱ་གར་གཞུང་གིས་བོད་ལ་རྒྱ་ནག་གི་ཉེན་ཁ་ཡོད་སྐོར་བཤད་པར་སྐབས་དེའི་གདན་ས་ཁག་གཙོས་པའི་འབྲེལ་ཡོད་ཚོས་བྱིས་བློའི་ཆབ་སྲིད་ཀྱི་བསམ་བློ་ཞིག་གིས་མ་ཤེས་ཤེས་མདོག་གིས་ཉེན་ཁ་མེད་ཟེར་བའི་གཏམ་ལན་འཇལ་ཡོད་ཟེར།
འོན་ཀྱང་། དེ་རིང་ཕྱི་ཡུལ་དུ་གདན་སའི་འགོ་གཙོས་གསལ་ཁ་ཞིག་སྟོན་ནས་གཞུང་འབྲེལ་ལས་འགུལ་ཁོ་ནར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཟེར་བ་ནི་དུས་བབས་ཀྱི་གཟི་བརྗིད་ཆེ་བའི་འོས་འགན་ཞིག་བླངས་པར་འདོད། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་སྲིད་གཞུང་འབྲེལ་ལས་འགུལ་ཁག་ལ་རྒྱབ་སྐྱོར་གནང་ན་ཚོགས་པ་ཆུང་ཚགས་དབུ་མའི་ལམ་ལྟ་བུས་སེམས་ཁྲལ་བྱ་དགོས་དོན་མིན་འདུག གང་ཡིན་ཞེ་ན། བསྒྲུབ་བྱ་གཅིག་ཡིན་པས་སོ།
སྒོས་སུ། བོད་ཀྱི་རིག་གཞུང་གི་ཉིང་ཁུ་སྟེ་ནང་དོན་རིགས་པ་འཛིན་སྐྱོང་སྤེལ་གསུམ་གནང་སའི་བསྟི་གནས་གདན་ས་ཁག་ཏུ་དགོས་མེད་ཀྱི་བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུའི་ལས་འགུལ་མང་པོ་སྤེལ་བ་ནི་དུས་ཚོད་འཕྲོ་བརླག་ཁོ་ན་རེད།
ད་རེས་ཀྱི་གསལ་ཁ་དེས་དུས་ཚོད་འཕྲོ་བརླག་དང་། ནུས་པ་འཕྲོ་བརླག་མི་འགྲོ་བའི་སྟ་གོན་ཞིག་ཀྱང་རེད་ཨང་།
ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདིའི་ནང་གནད་དོན་མང་པོ་ཞིག་གོ་བརྡ་འཕྲོད་དཀའ་བའི་ཁར་གོ་བརྡ་ལོག་པར་སྤྲོད་མཁན་ཡང་མང་པོ་ཡོད། གང་ལྟར་མི་མང་གི་ཤེས་ཚད་སྤྱི་དང་ལྷག་པར་ཆབ་སྲིད་ཀྱི་གོ་རྟོགས་ངེས་ཅན་མེད་ཙང་ཕྱོགས་མང་པོ་ཞིག་ནས་གཡམ་རྒྱུག་གི་གནས་ཚུལ་རིམ་བཞིན་མཐོན་དང་མཐོན་བཞིན་པ་རེད། གང་ལྟར། གཙོ་བོ་དེ་༧རྒྱལ་བའི་དགོངས་པ་མ་དཀྲུགས་པར་རང་རྟོགས་རང་དཔྱད་ཀྱིས་ཐོག་ནས་མི་རིགས་ཀྱི་མདུན་ལམ་འཚོལ་བ་ལས་དྲ་བའི་འབུ་སྲིན་དང་སྤྱི་ཚོགས་ཀྱི་འགན་འཁྲི་མེད་པའི་འཆལ་གཏམ་ལ་ཉན་རྒྱ་མེད་པ་དེ་ང་ཚོའི་ངོས་ནས་བཤད་ན་ཧ་ཅང་གི་གལ་ཆེན་པོ་རེད། ཕྱོགས་གཞན་ཞིག་ནས། དེང་སང་དྲ་བའི་ནང་འགན་འཁྲི་མེད་པའི་འཆལ་གཏམ་དང་རྩོམ་རྫོབ་མང་པོ་སྤེལ་གྱི་འདུག་སྟབས་དེ་རིགས་ལ་དྲ་བདག་གིས་དོ་དམ་ཡག་པོ་གནང་དགོས་པ་དེ་ཡང་ཧ་ཅང་གི་གལ་ཆེན་པོ་རེད། རྩོམ་རྫོབ་དེ་རིགས་སྨྲ་བརྗོད་རང་དབང་གི་གཞི་རྩའི་ལྟ་གྲབ་དང་མཐུན་གྱི་མེད་ལ་དེའི་ཁྱབ་ཁོངས་སུའང་ཚུད་ཀྱི་མེད། དེར་བརྟེན་ཉུང་ཤས་ཀྱིས་བྱ་སྤྱོད་ངན་པས་ཁྱོན་ཡོངས་ལ་གནོད་པའི་ལས་ངན་དེ་རིགས་སྔོན་འགོག་བྱ་རྒྱུའི་འགན་དེ་དྲ་བདག་ལ་ཡོད་པར་མཐོང་། ཐུགས་རྗེ་ཆེ།
མི་རིགས་འདི་འུར་འདྲོགས་ཀྱིས་སློབ་གསོ་ཡག་པོ་ཞིག་མ་མྱང་བའི་མངོན་རྟགས་ཡང་དང་བསྐྱར་དུ་སྟོན་རྒྱུ་ཡོད ། ད་ཐེངས་ཀྱང་འདྲོགས་འུར་དེ་ལངས་བྱུང་། སྤྱི་ཚོགས་འདིས་རང་རློམ་ལས་ཤེས་བ་ལས། རང་ཉིད་ལ་དབང་བའི་བསམ་བློ་གཏོང་མི་ཤེས་པ་དེ། དངོས་གནས་ཉེན་ཁ་རེད། ༈ གོང་ས་མཆོག་གིས་བཀའ་ཞིག་མ་གནང་བར ། སྤྱི་ཚོགས་འདིས་སྣང་སྒོར་བལ་གཞག་ནའང་བརྒུལ་རྩིས་མི་བྱེད ། ༸གོང་ས་མཆོག་གིས་བཀའ་ཞིག་གནང་ན ། དེའི་དགོངས་དོན་ལ་ཟབ་ཞུགས་མི་བྱེད་པར། འུར་འདྲོགས་གིས་སྤྱི་ཚོགས་ཆུང་ཆུང་འདིར་ཟང་ཟིང་གི་ཐལ་རྡུལ་འཕྱིར་རྒྱུ་འདུག ཡང་བསྐྱར་རང་རེའི་དགོན་གྲོང་གཉིས་ཆར་ཟང་དེ་ལངས་ནས། ནང་ཁུལ་མཁོན་འཛིང་གི་བྱ་སྤྱོད་བརྒྱུད་སྤེལ་བྱེད་མཁན་ཡང་ཡོད་ཚོད་རེད ། བསམ་བློ་མ་སྨིན་པའི་ཆོལ་ཆུང་འུར་འདྲོགས་པ་དག་གིས་་ཀྱང་། ༸ གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཁུལ་ཡིན་རྒྱུ་རེད་དེ། དོན་དངོས་ཐོག་ཡང་བསྐྱར་༸ གོང་ས་མཆོག་ལ་ཐུགས་ཕམ་བཟོ་ཉེན་ཡོད་པས། བསམ་མེད་འུར་འདྲོགས་ཀྱི་བྱ་སྤྱོད་དེ་རིགས་ཅུང་ཙམ་ཉུང་དུ་གཏོང་རྒྱུར་འབད་ན་ལེགས་པར་སེམས།
ཡག་པོ་རེད། ཆོས་པ་ཆོས་ཀྱིས་འཚོ། གྲྭ་བ་སྒྲིགས་ཀྱིས་འཚོ། ངང་པ་ཆུ་ཡིས་འཚོ་ཞེས་པ་ལྟར་བྱ་ཐུབ་ན་ལེགས་ཤོས་རེད།
དེ་མིན་གྲྭ་བ་ནི་དམག་མི་དང་གྲྭ་ས་ནི་དམག་ཁང་ལྟ་བུ་ཞིག་ཆགས་བའི་ཉེས་ཁ་འདུག།
ཤར་ཁུག་ཁྱོད་ཀྱི་དབང་པོ་ལྔ་ལ་སྐྱྲོན་ཡོད་པ་མ་ཡིན་ནམ་ཡང་ན་ཁྱེད་རང་དཀྲོག་གཏམ་བཤད་པ་ལ་དགའ་བོ་བྱུང་བ་རེད་གང་ལྟར་གྱང་ཁུགས་མེད་ལུགས་མེད་རང་རེད་སྤྱིར་རྩོམ་ཡིག་ཟེར་བ་སྟེ་གཞི་མེད་པ་དང་སྒྲོ་བཏགས་པ་རྐྱང་རྐྱང་ཡིན་རྒྱུ་མ་རེད་ཁྱེད་རང་གི་བྲིས་བའི་ཉོག་གཏམ་དེ་དག་ལ་ང་ངོ་མ་ཡི་ཐང་ཆད་གི་ཁྱེད་ལ་འདི་འདྲ་བ་ཞིག་མ་གཏོགས་འབྲི་རྒྱུ་མི་རག་ནི་རེད་མ་རག་ན་མགོ་སྟུམ་ནས་སྡོད།
གནས་ཚུལ་དེ་འདྲ་ཞིག་གོ་མ་མྱོང་། ཕལ་ཆེར་རྫུན་ཡིན་ཤས་ཆེ། གོ་ཐོས་ལ། གདན་ས་གསུམ་གྱི་མཁན་ལས་སྣེ་དག་གིས་རྒྱལ་བ་རིན་པོ་ཆེའི་ལམ་སྟོན་ཤར་བསྐྱོད་བྱེད་རྒྱུ་ཡིན་ཟེར་བ་ལས། གཞུང་འབྲེལ་མིན་པའི་ལས་འགུལ་ཁག་ལ་གཏོང་གི་མིན་ཟེར་བ་གཏན་ནས་གོ་མ་སོང་། ཤར་ཁུག་གི་སྐད་ཆ་དེ་བདེན་པ་མིན་པའི་ཡིད་ཆེས་ཡོད།
གདན་ས་ཆེན་པོ་ཁག་གི་ཐག་གཅོད་ལ་གུས་བརྩི་ཡོད་ལ། དེ་དེ་བཞིན་རེད། ཡག་པོ་བྱུང་འདུག
མང་གཙོ་ཡིན་ལབ་ངོ་ཚ། སྐྱོན་བརྗོད་བྱེད་ས་མེད་པའི་མང་གཙོ་ཧ་ཧ་ཧ། དངོས་གནས་བྱིས་པའི་ཐལ་རྩེད་མི་མང་མགོ་སྐོར་རང་རེད། ད་དུང་བླ་རྒན་ཚོས་གྲྭ་ཚང་ལས་འགུལ་སྤེལ་རྒྱུ་ལ་ཚད་གཞི་དང་བཀག་རྒྱ་བཟོས་ད་དངོས་གནས་མང་གཙོ་རེད་ཧ་ཧ་ཧ། རྒྱ་ནག་ལ་ཁ་གཏད་བྱས་ན་རྒྱལ་བའི་ཐུགས་དཀྲུགས་ཟེར། གཞུང་གི་ལང་ཕྱོགས་ཡིན་ཟེར་བ་ལ་སྐྱོན་བརྗོད་བྱས་ན་རྒྱ་མི་དང་དོལ་ཚོགས་ཟེར། ད་དངོས་གནས་བྱང་ཆུབ་ཀྱི་སེམས་དང་། བསྔོ་སྨོན་རྐྱང་བྱས་པ་རྣམས་འགྲུབ་འདུག་སྨིན་འདུག་ཧ་ཧ་ཧ།
གདན་ས་ཁག་གི་ཐད་ཀའི་འཛིན་སྐྱོང་ནི་ཕྱག་མཛོད། སྒྲིག་ཁྲིམས་ནི་དགེ་སྐོས། སྤྱི་ཡོངས་ཀྱི་བདག་པོ་མཁན་པོ། ཁང་ཚན་རེ་རེ་ལའང་དེ་མཚུངས་ཀྱི་འཛིན་སྐྱོང་ནི་ཕྱག་མཛོད། སྒྲིག་ཁྲིམས་ནི་ཁང་རྒན། སྤྱི་ཡོངས་ཀྱི་བདག་པོ་ཁང་ཚན་བགྲེས་པ། བསམ་འཆར་བཤད་ས་ཡོད་པ་རེད། སྤྱི་སྒེར་གང་ཡིན་རུང་གནད་དོན་དང་འབྲེལ་བའི་སྙན་ཞུ་འབུལ་མཁན་བྱུང་ཚེ་ཚོགས་འདུ་འཚོགས་ནས་མང་མོས་ཀྱིས་ཐག་ཆོད་བྱེད་གི་ཡོད་པ་རེད། མི་གཅིག་གིས་ཐག་ཆོད་པ་དེ་འདྲ་དེང་སང་ཡོད་པ་མ་རེད། འདི་མང་གཙོ་ཡིན་པའི་རྟགས་རེད།
ཡ་ཁོ་རེ་བོད་པ་ཀླད་མེད་ཚོ། ༧གོང་ས་༧རྒྱལ་བ་རིན་པོ་ཆེ་མེད་ན་དེ་རིང་གི་བོད་རང་བཙན་དང་རང་སྲིད་རང་སྐྱོང་ཟེར་བ་གང་ཡང་ཡོད་མ་རེད། ཁྱོད་རང་ཚོ་དེ་ཙམ་གྱིས་འཇོན་པོ་རྒོད་པོ་ཡིན་ན་ཡང་བོད་ནང་ངམ་ཡང་ན་རྒྱལ་ཁབ་གཞན་ཞིག་ལ་སོང་ནས་རང་བཙན་ཡིན་ནམ་དེ་མི་རྩོད་པར་༧རྒྱལ་བ་རིན་པོ་ཆེའི་རྗེས་ལ་རྒྱ་གར་དུ་སྐྱག་པ་ཟ་གར་ཡོང་ཡིན་པས། ད་དུང་ཀརྨ་ཡེ་ཤེས་ཡིན་ནམ་ཅིག་ཟེར་བ་དེས་༧རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་རྣམ་པ་གཉིས་ལ་ཟུར་ཟ་བྱས་འདུག ཞྭ་དམར་རམ་དེའི་ཞྭ་མོ་འཁྱེར་མཁན་སི་ཏུ་རིན་པོ་ཆེ་རེད་མ་གཏོགས་༧རྒྱལ་བ་རིན་པོ་ཆེ་མ་རེད་ཧ་གོ་སོང་ངམ་ཁོ་རེ། འཇོན་པོ་ཡོད་ན་སི་ཏུ་ལ་དགྲ་རྩོད་ཅིག ཞྭ་དམར་གྱི་སྐྱག་པ་སྐམ་པོ་དེ་བྱིན་རླབས་ཀྱི་རྟེན་སྐལ་དུ་རག་ངེས་རེད།
ཁ་བརྡའི་ནང་ཞྭ་དམར་དང་སི་ཏུའི་རྩོད་པ་ག་རེ་བྱས་ནས་སླེབས་པ་རེད། ངའི་རོགས་པ་ཞིག་གིས་ཞྭ་དམར་པག་ལག་རེད། སི་ཏུ་ཁྲམ་པ་དང་རྫིགས་པོ་བྱེད་རྒྱུར་དགའ། རྒྱལ་ཚབ་སྐད་ཆ་བཤད་མི་ཤེས་བཅས་ཟེར། ་དེ་ནི་བདེན་ཚོད་རེད། དཀྱུས་དོན། གདན་ས་ཁག་གི་སློབས་གཉེར་བྱེད་སྟངས་ལེགས། ཡིན་ནའང་ད་དུང་བསམ་བློའི་འཁྱེར་བཟོ་སོགས་བསྒྱུར་བཅོས་བཏང་དགོས་རྒྱུ་མང་།
ད་ལྟ་ང་ཚོར་གང་ཡང་ཡོད་མ་རེད། ང་ཚོས་རྩོད་པ་འདི་ཆབ་སྲིད་མ་རེད་རང་དབང་རེད། དགོན་པ་གྲྭ་ཚང་ལ་རང་དབང་མི་དགོས་ན་ཆོས་དད་རང་དབང་རྩོད་ནས་ཅི་བྱེད། བོད་ལ་བསྡད་ན་དགའ་གི་མ་རེད་པས།
ཡང་ན་དཀའ་ལས་གཞན་གྱིས་བརྒྱབ། སྐྱིད་པོ་རང་གིས་གཏོང་དགོངས་ཀྱིན་ཡོད་མ་རེད་དམ། ངས་བལྟས་ན་རང་དབང་ནི་དགོན་པ་དང་ཁྱིམ་ཚང་། མི་སྒེར་སུ་འདྲ་ཞིག་ཡིན་ཡང་དགོས་ཀྱི་རེད། དེ་ཆབ་སྲིད་ཀྱི་སྐད་ཆ་མ་རེད། དེ་རང་ཉིད་མི་ཞིག་གི་སྐྱེ་བ་བླངས་པའི་རྒྱུ་མཚན་རེད། ད་ལྟ་མི་ཚད་མ་ལ་སོ་སོའི་ལུང་བ་ཡོད་རེད། ཡིན་ན་ཡང་ང་ཚོ་ལ་ཡོད་མ་རེད། མི་ཚད་མ་ལ་བདག་པོ་ཡོད་རེད་ང་ཚོ་ལ་ཡོད་མ་རེད། མི་ཚང་མ་ལ་དཀའ་ངལ་བཤད་ས་ཡོད་རེད། ང་ཚོ་ལ་ཡོད་མ་རེད། མི་ཚང་མས་རང་མགོ་རང་གིས་ཐོན་ཡོད་རེད། ང་ཚོས་
རང་མགོ་མ་ཐོན་པར་སྦྱིན་བདག་ལ་རེ་བ་བརྒྱབ་ནས་སྡོད་ཀྱིན་ཡོད་རེད། ད་ང་ཚོ་་རང་ལ་བདག་པའི་ས་ཞིག་དགོས་ཀྱིན་འདུག་མི་འདུག་བསམ་བློ་ཐོངས།
རྗེས་སུ་ཡི་རང་དང་དགའ་བསུ་ཡོད། སྔར་ཡང་བོད་གྱི་ཆོས་དང་རིག་གཞུང་གྲྭ་བའི་འཛིན་སྐྱོང་བྱས་ནས་ད་ལྟ་གཞན་གྱི་ཡིད་སྨོན་སྐྱེ་དགོས་པ་འདི་བྱུང་ཡོད། ད་དུང་ཡང་གྲྭ་བ་ཆབ་སྲིད་གྱིས་ནང་དུ་མི་ཁྲིད་པར་གྲྭ་བ་གྲྭ་བའི་ས་ན་བཞག་ན་ཡག་པོ་འདུག། སྐྱབས་མགོན་རིན་པོ་ཆེའི་མཉམ་བཞེའི་གང་གནང་བ་དེ་དང། བོད་གཞུང་གི་ལམ་སྟོན་འོག་ཤར་སྐྱོད་བྱེད་པ་གལ་ཆེན་པོ་རེད། གྲྭ་བ་ཚང་མ་མཁན་དགེ་སོགས་གྱིས་ལམ་སྟོན་འོག་ཁ་དོན་མཐུན་པའི་ཆོས་པ་དང་གཞནཕན་བསྒྲུབ་པའི་བྱང་སེམས་ཤ་རྟག་དུ་གྱུར་ནས་འཛམ་ལང་མི་རིགས་རྣམས་གྱི་རྩི་མཐོང་དང་གུས་བཀུར་བྱེད་ས་ཞིག་དུ་འགྱུར་བའི་རེ་བ་ཡོད། ཐུགས་རྗེ་ཆེ། བཀྲ་ཤེས་བདེ་ལེགས།
གོང་གི་རྩོམ་འབྲི་མཁན་དང་། མཆན་འགོད་མཁན་མང་བོ་ཞིག་གིས་སོ་སོའི་ལྗི་ཁོག་རྒྱ་མ་ཚད་ནི་གསལ་བོ་བཟོས་འདུག
ཡིན་ནའང་ལྷན་རྒྱས་ཚོའི་ནང་དུ་བོད་ཀྱི་བསྟན་པ་ཆབ་སྲིད་ལ་ཕན་ཐོགས་མཁན་གྱི་ལྗི་ཚད་ལོན་མཁན་སུ་ཡང་མི་འདུག་པ་གསལ་བོ་རེད། གང་ལྟར་སོ་སོའི་འདོད་པ་བཞིན་སྨྲ་བརྗོད་རང་དབང་ལོངས་སུ་སྤྱོད་པས་རང་སེམས་ལྷོད་དུ་བབ་སྟེ། མཚན་གཅིག་གི་གཉིད་ལེགས་པོ་ཞིག་ཁུག་ཐུབ་ཡོད་པའི་རེ་བ་ཡོད།
གཡུ་ཐོག་པས་བཤད་པ་བདེན་པ་རེད་། གྲྭ་ས་ཡིན་ན་ཆོས་སློབ་སའི་ཡུལ་ཡིན་པ་ལས་ཚོགས་པ་རེ་འགས་༧གོང་ས་མཆོག་གི་གསུངས་ཁ་ལ་འཁྱེར་ནས་ཁ་སྟོང་གི་ནང་གི་ཚིག་སྟོང་བཤད་ས་ཡོད་ཚད་ལ་གྲྭ་བ་ཚོ་འགྲོ་དགོས་ན་ཆོས་སློབ་པའི་དུས་ཞིག་གང་ན་ཡོད་།
མི་མང་གིས་ཡར་ལང་སྐད་འབོད་མི་ཆོག་པའི་གཞུང་དང་དབང་འཛིན་པ་ཟིག་བྱུང་ན་དགའ་འོས་པ་རེད་དམ། མགོ་ཁྲིད་བཟང་པོ་རྐྱང་རྐྱང་འོང་རྒྱུར་ངེས་ན་དེ་ལྟར་འོས་མོད། འོན་ཀྱང་གོམས་སྲོལ་རྒྱུན་གནས་དེས་མ་འོངས་པའི་གངས་ཅན་པ་རྣམས་བསམ་ཀྱང་ཁར་འཐོན་མི་འཕོད་པ་དང་། འདོད་ཀྱང་ལག་ཏུ་ལེན་མི་ནུས་པ་ཞིག་ཏུ་འགྱུར་ནས། མགོ་ཁྲིད་ངན་པ་ཞིག་གིས་ཡོད་ཚད་རང་ཕྱོགས་སུ་རྒྱུར་རྒྱུའི་ཉེན་ཁ་མེད་དམ། དེ་བས་སྨྲ་བརྗོད་རང་དབང་དང་དམངས་གཙོའི་ལམ་དུ་བསྐྱོད་དེ་གཞུང་ཁྲིམས་དང་འགལ་བ་མིན་ཚེ་གང་ལྟར་བྱས་ཀྱང་རུང་ལ། གཞུང་ཁྲིམས་ཀྱང་མི་མང་གི་རང་དབང་ལ་དོ་འཕོགས་མི་འགྲོ་བ་ཞིག་དགོས་ངེས་འདྲ།
ཞྭ་དམར་ལ་ཉེན་ཁ་འཕྲད་པ་ནི་བཅུ་དྲུག་པའིབདག་དབང་ལ་རྔམ་པས་རེད་། སི་ཏུས་ཀར་མ་པ་ཁྲི་ལ་འགོད་རྒྱུ་ནི་ཞྭ་དམར་བའི་ཐོབ་ཐང་འཕྲོག་པའི་གོ་སྐབས་ཡག་ཤོས་རེད་། བོད་གཞུང་གིས་དེ་ལ་རྒྱབ་རྐྱོར་བྱེད་རྒྱུ་ནི་བཀའ་རྒྱུད་པ་དབང་དུ་བསྡུ་བའི་ལག་ཆ་ཡག་ཤོས་རེད་། སྔ་མའི་འདོད་ཐོག་ཏུ་མ་སོང་མོད་། ཕྱི་མ་གཉིས་ཀྱི་རྨི་ལམ་ཕལ་ཆེར་མངོན་དུ་གྱུར་ཡོད་།
ད་ཡང་བླ་ཆེན་དང་ཆོས་ལུགས་བར་དཀྲུགས་མཁན་སྐྱག་ཕྲུག་འགའ་འདིར་ཆབ་སྲིད་བགྲོ་གླེང་བྱེད་སར་སླེབས་འདུག གནས་སྐབས་བསྒུག་རོགས་ལྷོད་ལྷོད་ཡིན།
འཇམ་དབྱངས་ནོར་བུས་འདི་ཟེར་གྱི་འདུག
སྒྲིག་འཛུཊ་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད།
འདོན་སྤེལ། ༢༠༡༢/༠༧/༠༢
ཉེ་བའི་ལོ་འགའི་ནང་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པར་བྱུང་པའི་ཐད། རང་བཙན་འཐབ་རྩོད་པ་དང་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལུགས་སུ་བཅར་འདྲི་ཞུས་ཡོད།
དྲི་བ། བཀའ་སྤྱི་གཉིས་ཀྱིས་བོད་ནང་གི་མེར་བསྲེགས་ལས་འགུལ་ཐོག་ཕྱག་ལས་གནང་སྟངས་ལ་འདོད་པ་ཁེངས་ཀྱི་ཡོད་མེད་དང་། མེད་ཚེ་ལས་དོན་གང་འདྲ་ཞིག་བརྩམ་དགོས་པར་མཐོང་གི་ཡོད་དམ།
ལན། ད་སྐད་ཆ་དྲང་པོར་བཤད་ན། སྔོན་མ་བཙན་བྱོལ་གཞུང་ཞིག་ཡོད་པ་རེད། ད་ལྟ་སྒྲིག་འཛུགས་ཡིན་གཞུང་མིན་ཟེར་གྱི་ཡོད་པ་རེད། དེར་བརྟེན་ང་ལ་ཅི་གང་ལབ་རྒྱུ་མེད། སྒྲིག་འཛུགས་ཤིག་ཆགས་ཚར་དུས་རེ་བ་རྒྱག་ས་ལྷག་གི་ཡོད་པ་མ་རེད། སྔོན་མ་ནས་རེ་བ་བཅོལ་བསྡད་ན་མར་ཆགས་ཡོང་དུས། ངས་མང་པོ་བཤད་བསྡད་ན་ཆོ་མི་འདུག ཕན་ཐོགས་ཀྱི་མི་འདུག དངོས་ནས་རང་གི་གཞུང་ཡིན་ན་བརྩེ་དུང་ཞུ་དགོས་པ་རེད། ད་འདི་སྒྲིག་འཛུགས་ཤིག་རེད། ད་ང་རང་ཚོ་བོད་མི་སོ་སོ་རང་ཉིད་ཀྱི་ངོས་ནས་ཤུགས་རྒྱག་དགོས་ཀྱི་འདུག འདི་ལ་རེ་བ་བཅོལ་ནས་བསྡད་ན་ཆོ་གཅིག་ཀྱང་མི་འདུག འདི་ནས་ཅིག་མ་འགྲིག་པར་ཁ་བཏང་སྟེ། ལས་ཀ་ཞིག་བྱེད་དགོས་པ་རེད་ཟེར་ནས་ལབ་ས་ཡོད་པ་མ་རེད། ཁོ་ཚོར་འདི་ལས་ལྷག་པ་ཞིག་འཇོན་རྒྱུ་ཡོད་པ་མ་རེད། དཔེར་ན། མི་མིག་མེད་མཁན་ཞིག་ལ་མཐོང་དགོས་པ་རེད་ཅེས་ལབ་ན་འགྲིག་གི་མ་རེད། ཁོ་ཚོས་ད་ལྟ་ད་དུང་རྒྱ་ནག་ལ་རེ་བཅོལ་བསྡད་ཡོད་པ་རེད།
ཡཡཡ ཁོ་རེ་ཚོ་གནས་ཚུལ་མང་བོ་གདའ་ལེ། ཤར་ཁུག་གི་གོང་ས་མཆོག་གིས་གསུངས་བ་དེ་ཚོགས་པ་ཁག་ལ་འབྲེལ་མེད་ཚུལ་བཤད་གི་གདའ་ཡིན་ན་བདེན་དཔུང་ཅི་ཞིག་ཡོད་མི་ངན་གཅིག་གིས་མི་བརྒྱ་རླུང་ལ་བསྐུར་ཟེར་ན་འོ་ན་མི་ངན་དེ་སུ་རེད། ཡང་ཁྱོད་དང་རྒྱབ་རོགས་ཡོད་ནས་འགའ་ཡི་ཡང་ཉམ་ཆུང་སུ་ཞིག་དོང་ནང་དུ་གཡུག་འདོད་ནས།
བོད་མི་ཚོས་མེར་སྲེགས་ཀྱི་ལས་ཀ་ག་ཚོད་བྱས་ནའང་་་་་རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་འགྲོ་རྒྱུ་ནི་ཉིན་མའི་གཉིད་ལམ་རང་རེད། ང་ཚོ་ཚང་མས་མྱ་ངན་དང་མར་མེ་ཁྲོམ་སྐོར་ཡང་དོན་སྙིང་མེད་པར་རེད་། ང་ཚོས་ངེས་པར་དུ་རང་ལུས་མེར་བསྲེགས་དེར་བཀག་བགོག་བྱེད་དགོས་། གལ་ཏེ་མུ་མཐུད་དུ་རང་ལུས་མེར་སྲེག་ན་ང་ཚོའི་ཚེ་སྲོག་ནམ་ཡང་་ཤོར་བར་འདུག་།གལཏེ་ང་ཚོ་སྤུན་ཟླ་མུ་མཐུད་དུ་རང་ལུས་མེར་བསྲེགས་ན་ངོ་རྒོལ་ཀྱི་སྟོབས་ཤུགས་ཇེ་ཉུང་དུ་གཏོང་བ་རེད་། དེས་ན་ང་ཚོ་ཚང་མས་ཚེ་སྲོག་ལ་གཅེས་སྤྲས་བྱེད་དགོས་། ང་ཚོ་གསོན་པས་ཁོ་ཐག་ན་ད་བཟོད་ངོ་རྒོལ་བྱེད་དོ་།
གཡོ་སྒྱུ་ངན་པ་དགུ་ཚང་གི་འཇམ་ནོར་ཝ་སྐྱེས་བདུད་མོ་དང་ཀླད་མེད་ཁ་མང་གཡོག་མོ་གཟེ་མ་ར་མགོ་ཀླུ་བྱམས་ཟེར་བ་འདི་གཉིས་ཀྱིས་ཕྱིའི་དགྲ་ལ་འདི་བྱས་ཏིལ་འབྲུ་ཙམ་ཡང་སྟོན་རྒྱུ་མེད་པར། ཁུངས་མེད་ཀྱི་སྐད་ཆ་ཆལ་ལེ་ཆོལ་ལེ་ཞིག་བཤད་ནས་ཡར་༧གོང་ས་མཆོག་གི་དགོངས་པ་དཀྲུགས་ཤིང་། མར་སྤྲང་བོ་ཉལ་ས་མི་བདེ་བར་བཟོས། བར་མི་མང་སེམས་པ་འཁྲུགས་བཅུག་ཡོད། བོད་པ་ཚང་ཡོད་པ་ནས་མེད་པ་དང་གསོན་ས་ནས་འཆི་སར་འདེད་ཀྱིན་ཡོད། སྡུག་ཁོ་གཉིས་ལ་འདི་ལྟ་བུའི་བློ་ཁོག་ཅིག་གཏན་ནས་མེད། མི་ཤེས་་རྒྱུ་ཅི་ཡོད། ཁོ་གཉིས་ཀྱི་ཁོག་པ་ཀླ་ཀློའི་མའོ་ཡི་ཤི་འདྲེ་འཛུལ་ཚར་ཡོད། ད་ཕན་ཐོགས་ཡོད་མ་རེད། སྡུད་བསུབ་བརྒྱག་རན་པ་རེད།
གཟུར་གནས་བློ་ལྡན་ཁོ་ན་རེ།
ཁྱོད་ཀྱིས་བཀའ་བརྒྱུད་པ་དེ་བོད་གཞུང་གི་ནང་དུ་མེད་པ་ཞིག་སྟོན་འདུག །བཀའ་བརྒྱུད་པ་བོད་གཞུང་གི་ལོགས་སུ་ག་བར་བསྡད་འདུག་ངོ་སྤྲོད་གྱིས་དང་ཁྱེད་རང་གི་མིང་དོན་དང་མཐུན་ཡོད་མེད་ཚང་མས་བརྟག་ཆོག
སི་ཏུ་ཞ་དམར་ཞ་འཕྲོག་པའི་རྩོད་པ་མ་མཐོང་། དམ་ཉམས་པའི་ལས་ངན་འགའ་ཡིས་མཚམས་མེད་པའི་ལས་ཀས་ཡར་མར་དཀྲུགས་ཡོད་པ་ཚང་མས་ཤེས་བཞིན་པ་རེད། འདི་ཚོ་སྒེར་ནད་སྤྱི་ལ་མ་གཡོག་ན་བཟང་། ས་མ་ཡ་ན་རཀ་ཀན
འདྲེ་ནག་མགོ་དགུའི་བསམ་ཚུལ་དེར་མི་འཐད་ཀི ང་ཚོ་ལ་མང་གཙོ་ཅིའི་ཕྱིར་དགོས་པ་རེད ། དེ་རང་དབང་གི་ཆེད་དུ་དགོས་པ་མ་རེད་དམ ། རང་དབང་དེ་ཡང་སྐྱེ་བུ་སྒེར་གྱི་ཚུགས་ཐུབ་ཀྱི་བསམ་བློའི་ཉུང་བཅུད་དག་བཤད་ཆོག་ལ་སྒྲུབ་ཀྱང་ཆོག་པའི་ཆེད་དུ་མ་རེད་དམ ། ༸ གོང་ས་མཆོག་དང་གཞུང་གིས་མང་ཚོགས་ཀྱི་རུམ་ལ་མང་གཙོ་དེ་་རྫིང་གིན་ཡོད་ཀྱང་། དམག་ཁྲིམས་འོག་གི་དམག་མི་བཞིན་སྤྱོད་པ་སྣ་གཅིག་དང་ལྟ་གྲུབ་སྣ་གཅིག་ཁོ་ནའི་འོག་ཤར་སྐྱོད་བྱེད་དགོས་པའི་ཀུ་དོག་པའི་བསམ་བློ་ཅན་སྟེ། གཏོར་མེད་འདྲ་སྲིན་དག་གིས་སྤྱི་ཚོགས་འདི་ཁེངས་པའི་དཔུང་ཚོག་ས་དེས། ༸ གོང་ས་མཆོག་གིས་མི་ལོ་དྲུག་ཅུ་ལྷག་རིང་མི་རིགས་འདིའི་ཆེད་སྐུ་ངལ་ལྷུར་བཞེས་བ། ཞེ་ས་མ་བྱས་ན་རྔུར་ནག་གི་ཐུག་པ་བསགས་ནས་བསྒྲིགས་ཤིང་བཙུགས་གནང་བའི་མང་གཙོ་དེར ། རང་རེའི་སྤྱི་ཚོགས་ཁྲོད་རྐང་བརྟན་པོར་འཛུགས་པ་ལ་ཕོད་བཙུགས་ཤིང་དོར་སྡོ་ཡི་ཡོད་པ་མ་རེད་དམ།
འདྲེ་ནག་མགོ་དགུ་བ། ཡང་མི་གསོད་རྒྱུ་ཡིན་ཨེ། ཁྱོད་ཚོས་འཇམ་དང་ཀླུ་བྱམས་ཚང་མ་སྡུག་བསྲུབ་རྒྱོབས་ཤོག ང་ཚོས་བལྟོས་བསྡད་ཡོད།
འཇམ་ནོར་སོགས་མི་བུ་རེ་ཟུང་གིས་གོ་སྐབས་ནམ་ཤར་ལ་༧གོང་ས་མཆོག་གིས་ལམ་སྟོན་དང་དགོངས་གཞི་ཁག་ལ་ཟུར་ཟ་དང་སྐྱོན་འདོན་ཡ་མ་བླ་བྱས་དང་བྱེད་མུས་ལ་རང་རིགས་རྒྱལ་ཞེན་པ་དག་གིས་ཡིད་གཟབ་བྱ་རྒྱུ་ཤིན་ཏུ་དོ་གལ་ཆེན་པོར་འཛིན་རྒྱུ་ཐུགས་མངའ་ཡོང་བར་འབོད་སྐུལ་ཞུ།
འཇམ་ནོར་སོགས་མི་བུ་རེ་ཟུང་གིས་གོ་སྐབས་ནམ་ཤར་ལ་༧གོང་ས་མཆོག་གིས་ཡང་དག་པའི་ལམ་སྟོན་དང་། ཡང་དག་པའི་དགོངས་གཞི་ཁག་ལ་ཟུར་ཟས་དམའ་འབེབས་དང་། སྐྱོན་འདོན་ཡ་མ་བླ་བྱས་དང་བྱེད་མུས་ལ་རང་རིགས་རྒྱལ་ཞེན་པ་དག་གིས་ཡིད་གཟབ་བྱ་རྒྱུ་ཤིན་ཏུ་དོ་གལ་ཆེན་པོར་འཛིན་རྒྱུ་ཐུགས་མངའ་ཡོང་བར་འབོད་སྐུལ་ཞུ།
ཁ་ནང་ལ་འཁོར་ན་རྒྱག་གཅིག་མཆོང་གཅིག
ཁ་ཕྱི་ལ་འཁོར་ན་བ་སྤུ་ཟིང་ཟིང་།།
བོད་གངས་ཅན་ཕྱི་རབས་སྤྲེལ་ཕྲུག་འདི་ཚོ།།
ལྕགས་ཕྲ་མའི་གསེབ་ལ་བཙུད་རྒྱུ་རང་རེད།།
མཆན་བུ་༼༥༣༽པ་གཞོན་ནུ་ཟླ་མེད་ཀྱི་ཚིག་བཅད་ལ་གོ་རྒྱ་ཆེན་པོ་འདུག དེ་དོན་ཀུན་གྱིས་བསམ་ཤེས་དགོས་འདུག ལག་པའི་ཕྱི་ནང་གཉིས་ངོ་ཤེས་དགོས་པ་གལ་ཆེ་མི་འམ། །
ཚིག་བཅད་ཚིགས་བཅད་ལ་བཅོས།
ཤར་ཁུག་ཨེ་བདེན་ན།སྐྱོ་ན་ཡག་པོ་མཐོང་སོང་།