འཕན་པོ་སྐལ་ལྡན།
ཁམས་གསུམ་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་དང་།།
འཇིག་རྟེན་ཞི་བདེའི་དེདདཔོན་ཆེན་པོ་མཆོག །
སྲིད་གསུམ་ཀུན་མཁྱེན་ལྷ་ཡི་བླ་མ་སྟེ།།
རྒྱལ་དབང་ཐམས་ཅད་མཁྱེན་པས་སྙིང་རྗེས་དགོངས།།
དགེ་བཅུའི་ཁྲིམས་ཀྱི་བསླབ་སྡོམ་མི་བསྲུང་ཞིང་།།
རིག་གྲོལ་ཡོན་ཏན་ཀུན་ལ་སྦྱང་བརྩོན་མེད།།
ངུར་མིག་གར་འཁྲབ་མིག་སྟོན་ཁྱུ་ཚོགས་ཁྲོད།།
སེང་ལྤགས་གྱོན་པའི་ཁྱི་རྒན་ག་ཚོད་འདུག །
ང་རྒྱལ་འགྲན་སེམས་ཁ་ཕོདགུང་ལས་མཐོ།།
སྤྱི་ཚོགས་ཁྲོད་དུ་རང་ནུས་འབྱོན་ཐང་མེད།།
ལས་གནས་ཆེ་མིན་ཆུང་མིན་ཁྱུ་ཚོགས་ཁྲོད།།
སེང་ལྤགས་གྱོན་པའི་ཁྱི་རྒན་ག་ཚོད་འདུག །
ལས་འབྲས་མི་སེམས་ཁེ་ཚོང་འཁོར་ལོ་བསྐོར།།
མཆོད་མཆོག་ཀུན་ལ་ཆེད་དུ་ལོག་ལྟ་འཛིན།།
བླུན་པོ་ནོར་རྐྱལ་འཁུར་བའི་ཁྱུ་ཚོགས་ཁྲོད།།
སེང་ལྤགས་གྱོན་པའི་ཁྱི་རྒན་ག་ཚོད་འདུག །
གནའ་དེང་སྔོན་ཐོན་ཤེས་རིག་བློ་ལ་མེད།།
མེས་པོའི་ཡ་རབས་གཤིས་བཟང་རྒྱུད་ལ་མེད།།
དེང་སངས་སྤྱི་ཚོགས་སྟེང་གི་མི་བུའི་ཁྲོད།།
སེང་ལྤགས་གྱོན་པའི་ཁྱི་རྒན་ག་ཚོད་འདུག །
གངས་ཅན་བོད་ལ་ཕན་པའི་ལེགས་སྐྱེས་མེད།།
མི་རིགས་ཤིག་ལ་མཁོ་བའི་ལ་རྒྱ་མེད།།
དབུ་རང་བཙན་བྱོལ་སྤྱི་ཚོགས་གསར་པའི་ཁྲོད།།
སེང་ལྤགས་གྱོན་པའི་ཁྱི་རྒན་ག་ཚོད་འདུག །
སེང་ལ་བརྫུས་པའི་ཁྱི་རྒན་ཁྱུ་ཚོགས་ཁྲོད།།
རང་ཉིད་མེད་པའི་ཁ་ཚོན་བཅད་མེད་ཅིང་།།
སུ་ལ་ཕོག་ཀྱང་དགོངས་པ་དངས་པར་ཞུ།།
ཧ་ལས་ཧོན་འཐོར་མ་གནང་ཀུ་རེ་ཡིན།།
འཚེ་མེད་ཞི་བའིསྤྱོད་ཚུལ་མཚོ་ལྟར་མི་གཡོ་ཞིང་།
རྟེན་འབྱུང་ལྟ་བའི་མྱོང་བ་རི་ལྟར་བརྟན་པས་ན་།
གང་གི་སྒོ་གསུམ་གཟུར་གནས་ཀུན་གྱི་ཡིད་ལ་བབས་།
བསྟོད་ཅིང་བསྔགས་པའི་གཟེངས་རྟགས་ཆར་བཞིན་འཐོར་།
དྲག་སྤྱོད་སེར་བ་བབས་ཀྱང་ཐུགས་རྗེྗེྗེྗེ་གཡོ་གླགས་མེད་།
ཁོག་གཙུབགཏམ་ཆར་བབས་ཀྱང་བསླུ་བའི་སྐབས་ནི་དབེན་།
ནམ་ཟླ་དུས་ཀྱིས་འགྱུར་ཡང་ཁྱེད་ཐུགས་དེ་ལས་ལྡོག་།
ཁྱེད་ལྟར་བཀའ་དྲིན་ཆེ་བའི་མགོན་ཞིག་འདི་ན་དབེན་།