རྟ་ནག་སྐལ་བཟང་ལུང་རིགས།
(Haward Universty)ཧ་ཧྥུ་སློབ་གྲྭ་ཆེན་མོས་ཨ་རིའི་ལོ་རྒྱུས་སྟེང་གི་སྲིད་འཛིན་མི་ སྣ་བདུན་སྐྱེད་སྲིང་བྱས་པ་དང་། ནོ་པེལ་གཟེངས་རྟགས་ཐོབ་མཁན་གྱི་རླབས་ཆེན་མི་སྣ་སོ་གཉིས་དང་། རྒྱལ་མང་ཀུང་ཟིའི་སྤྱི་ཁྱབ་པ་མི་བཅུ་སྐྱེད་སྲིང་བྱས་པས། ཨ་རིའི་ལོ་རྒྱུས་སྟེང་བྱས་རྗེས་ཟབ་ཤོས་ཀྱི་སློབ་གླིང་ནི་ཧ་ཧྥུ་སློབ་ཆེན་ ཡིན་སྐད། (Oxford Universty牛津大学)དེ་སྔ་ནོ་བེལ་གཟེངས་རྟགས་ཐོབ་མཁན་གྱི་རླབས་ཆེན་མི་སྣ་ཉི་ཤུ་ རྩ་བདུན་དང་། དབྱིན་ལན་གྱི་ཚན་རིག་ཆེད་མཁས་པ་བརྒྱད་དང་སུམ་ཅུ། ད་དུང་ཆེས་གཟེངས་སུ་ཐོན་པའི་ཆབ་སྲིད་དབུ་ཁྲིད་པ་མང་བོ་སྐྱེད་སྲིང་བྱས། འདི་ལྟར་བསམས་ན་གཞོན་སྐྱེས་ཁྲིམས་མཁས་པ་བློ་བཟང་སེང་གེ་ཉིད་ཀྱང་ཨ་རིའི་ལོ་ རྒྱུས་ཁྲོད་ཀྱི་བྱས་རྗེས་ཟབ་ཤོས་ཡིན་པའི་ཧ་ཧྥུ་སློབ་གྲྭ་ཆེན་མོས་སྐྱེད་ སྲིང་བྱས་པ་ཡིན་པས། ང་ཚོས་ཧ་ཧྥུ་སློབ་གྲྭ་ཆེན་མོའི་མཚན་སྙན་དང་མཛད་རྗེས་ལ་ཡང་ཕྱིར་མིག་བལྟ་ འོས། “ལོ་རྒྱུས་ལས་ཐོབ་པའི་བསླབ་བྱ་དེས་ཁྱེད་ནམ་ཡང་བསླུ་མི་སྲིད”(ཧིལ་ཀར་གྱི་ གསུང)པ་ཡིན་ན། ང་ཚོས་ཀྱང་ཧ་ཧྥུ་སློབ་གླིང་གིས་སྐྱེད་སྲིང་བགྱིས་པའི་ཨ་རིའི་རླབས་ཆེན་གྱི་ མི་སྣ་དག་དཔེ་རུ་བྱས་ཏེ། བློ་བཟང་སེང་གེ་ཡི་འདས་མ་ད་གསུམ་ལ་ཡིད་ཆེས་དང་གདེངས་འཇོག་བྱ་ཐུབ་ཚེ། ང་ཚོ་ཡང་ཨ་རི་བ་ནང་བཞིན་གཞན་ལ་ངོམ་དུ་རེ་བའི་ཧ་ཧྥུ་སློབ་གླིང་གིེས་བསྐྱེད་ པའི་སྲིད་འཛིན་གསར་བ་ཞིག་བྱུང་སོང་བ་མིན་ནམ། འདི་ནི་ལོ་ངོ་སྟོང་ཕྲག་དུ་མར་གཉིད་དུ་ཡུར་བའི་བོད་དག་གི་རྨི་ལམ་དུའང་འཁོར་དཀའ་ཞིག་ཅི་ལ་མིན། འདི་ལྟའི་ལོ་རྒྱུས་ཤིག་ཡོད་དེ། སུང་ཙི་ཡིས་རང་ཉིད་ཀྱི་སློབ་བུ་ཞིག་ལ། མཚོ་ནང་གི་ཉ་ཆེ་ལ། ཆུ་ཕྲན་གྱི་ཉ་ཆུང་བའི་རྒྱུ་མཚན་ཤེས་སམ་ཞེས་དྲིས་ཚེ། ཆུ་ཡི་ཆེ་ཆུང་དང་། གཏིང་ཟབ་མིན་གྱིས་ཉ་ལའང་ཆེ་ཆུང་ཤོར་བ་རེད་ཅེས་སློབ་བུས་ལན་བཏབ། སུང་ཙི་དགྱེས་ཏེ། དེ་དེ་བཞིན་ཏེ། འདི་ནི་དཔེ་མཚོན་ཙམ་རེད། རྒྱལ་ཁབ་ཆེན་པོ་དག་གི་རྒྱལ་བློན་ནི་བློ་རྒྱ་ཆེ་ལ། རྒྱལ་ཁབ་ཆུང་བ་དག་གི་རྒྱལ་བློན་ནི་བློ་རྒྱ་ཆུང་ངོ་།། ཞེས་སྨྲས་སོ།།
ལོ་རྒྱུས་ཀྱི་བཤད་སྒྲོས་འདི་ལས་ང་ཚོས་ཀྱང་བསླབ་བྱ་ལེན་ཆོག་སྟེ། སློབ་གླིང་ཆེན་མོ་དག་གིས་སྐྱེད་སྲིང་བྱས་པའི་མི་སྣ་ཤེས་རྒྱ་ཆེ་ཞིང་བློ་ གྲོས་ལྡན་ལ། གཞན་ནི་དེ་ལས་ལྡོག་གོ། རྒྱའི་སྤྱི་ཚོགས་དཔྱད་བརྗོད་པ་ ཡེས་ཅེ་ཡི་ལས་རྒྱ་ནག་གི་རིག་གནས་སློབ་གསོ་ཐུར་དུ་འགྲིབ་པར་སྐྱོན་བརྗོད་དུས། རྒྱ་ནག་ན་སློབ་གླིང་ཚད་ལྡན་མེད་རྐྱེན་དབུ་ཁྲིད་མཁས་མཛངས་ཅན་བསླེབས་མ་ཐུབ་པ་དང་། དེའི་རྐྱེན་ལས་རྒྱ་ནག་ཕྱོགས་ཡོང་ནས་ཉམས་རྒུད་དུ་སོང་བ་རེད་ཅེས་སྐྱོན་བརྗོད་བྱས་འདུག འདི་ལ་བསམ་བློ་བཏང་ན་ཡིན་ན། ང་ཚོའང་ཕྱོགས་གང་ས་ནས་ཐུར་དུ་འགྲིབ་བཞིན་པ་ནི་སློབ་གླིང་ཚད་ལྡན་མེད་སོང་བ་ དང་། དབུ་ཁྲིད་མཁས་མཛངས་ཅན་མེད་སོང་བ་ཡིན་པར་བདག་གིས་འདོད། དེ་བས། བདག་གིས་ས་སྐྱ་ལེགས་བཤད་ཀྱི་ཚིག་ཅིག་དྲན་འོང་སྟེ། ཙན་དན་གསེར་ལས་རིན་ཆེ་བ།།བླུན་པོས་སོལ་བར་བྱས་ལ་ལྟོས།། ཞེས་པ་འདི་རེད་དེ། བློ་བཟང་སེང་གེ་ཙན་དན་ས་མཆོག་ཡིན་པའི་དབང་དུ་བཏང་ན། འུ་ཅག་གིས་སོལ་བར་མི་གཏོང་བའི་ངེས་པ་གཏན་ནས་མི་འདུག་པས་ཅུང་གཟབ་རོགས། འུ་ཚང་ལ་སྲིད་འཛིན་ཞིག་སྐྱེད་སྲིད་བྱ་སའི་སློབ་གླིང་ཞིག་མེད་སོང་བ་ནི་དོན་དངོས་རེད་དེ། གཞན་གྱིས་བསྐྱེད་ཚར་བའི་འབྲས་བུ་ལ་ཡིད་ཆེས་གདེངས་འཇོག་བྱེད་དགོས་པའང་དོན་དངོས་ཅི་ལ་མིན།
ཡག་པོ་ཞེ་དྲག་འདུག འདིར་ད་དུང་ཞུ་རྒྱུར།
དོན་དག་རྡོག་རྡོག་འདི། བོད་ནང་གི་མི་དམངས་རྣམས་ལ་སེམས་ཤུགས་སྦྱིན་པ་དང་། ཁོང་རྣམས་དང་གདུང་སེམས་མཉམ་སྐྱེད་བྱ་རྒྱུ་འདི་བོད་དོན་གྱི་འཐབ་རྩོད་ཁྲོད་ཀྱི་གནད་དོན་ཨ་མ་འདི་རེད། བོད་ནང་གིས་མི་དམངས་ཀྱིས་བཙན་བྱོལ་གཞུང་ཟེར་བ་དེ་ལ་ཡིད་ཆེས་དང་གུས་ཞབས་མེད་པའི་ཉིན་མོ། བཙན་བྱོན་བོད་གཞུང་གི་ལས་དབང་རྫོགས།
ད་བློ་བཟང་སེང་གེ་ལྟ་བུ་བཀའ་བློན་ཁྲི་པར་སླེབས་པའི་ཉིན་མོ་དེར་། ངོ་མ་བོད་ནང་གི་མི་རབས་གསར་པ་ཚོ་དང་། ད་ལྟ་ཞུགས་པའི་རྒན་རབས་རྣམས་ལ་སྦས་མི་བཏུབ་པའི་སྤྲོ་བ་ཞིག་སྦྱིན་པར་བྱ་སྟེ། ང་ཚོ་བོད་པ་ཟེར་མཁན་གྱི་མི་འདི་ལ། རེ་བ་འདུག་ཨང་སྙམས་པའི་གདེང་ཞིག་སྤྲོད་ཐུབ། རྒྱུ་མཚན་ནི། ཕ་ཡུལ་བོད་མིག་གིས་མཐོང་མ་མྱོང་ཡང་བོད་སྐད་དང་བོད་པའི་གཤིས་ཀ་ཉར་ཐུབ་མཁན། བཙན་བྱོལ་གྱི་གཞིས་ཆགས་སྐྱོ་བོ་ཞིག་ནས་འཛམ་གླིང་གི་སྙན་གྲགས་ཆེ་བའི་སློབ་གྲྭར་འགྲོ་ཐུབ་མཁན། ཁྱིམ་ཚང་དང་། སྤུན་མཆེད། འབྱོར་ལྡན་གྱི་རོགས་ལ་མ་ཡིན་པར་རང་གི་ལྷག་བསམ་དང་འཇོན་ཐང་ལ་བརྟེན་ནས་རང་ལྟ་ཅི། བོད་པ་གཞན་གྱི་འགོ་ཁྲིད་ཐུབ་མཁན་ན་གཞོན་འདི་འདྲ་ཞིག་གི་བཀའ་ཤག་ལ་སླེབས་ཐུབ་པས་ཡིན།
རྒྱ་ནག་གི་ངོས་ནས་བལྟས་ན། བློ་སེང་ལྟ་བུ་བཀའ་ཤག་ནང་ལ་ཡོང་སྐབས། ད་རྒྱལ་བ་རིན་པོ་ཆེ་ཞུགས་མ་ཞུགས་ལ་མ་ལྟོས་པར་བོད་པའི་འཐབ་བརྩོད་དེ། སྔར་ལས་ཛ་དྲག་ཆེ་བ་དང་། སྟོབས་ཤུགས་ཆེ་རུ་འགྲོ་བར་མངོན་ཐུབ། དེར་བརྟེན་རྒྱ་ནག་གིས་ཀྱང་བསམ་བློ་མ་གཏང་རང་གཏང་རེད། ད་བོད་ཀྱི་གནས་དོན་དེ་རྒྱལ་བ་ཁོང་སྐུ་གཤེགས་རྗེས་ཐག་གཅོད་བྱས་ན་དགའ་འམ་ཡང་ན། ཁོང་སྐུ་འཚོ་བཞུགས་རིང་ཐག་གཅོད་བྱ་བར་སྔར་ཀླད་པའི་ནང་འཁོར་མྱོང་མེད་པའི་གནས་ཚུལ་ཞིག་ཆག་གི་ཡོད།
ད་དེས། བཀའ་ཁྲིའི་འོས་ཤོག་ཆུང་ཆུང་འདིས་ང་ཚོའི་འཐབ་བརྩོད་འདི་ག་པར་སླེབས་སོང་།
བསམ་བློ་ཐོངས་རོགས། ཀླད་པ་འགུལ་རོགས། དཔྱད་པ་གནང་རོགས།
རྟ་ནག་སྐལ་བཟང་ལུང་རིགས་ལགས་དང་། ཚངས་དབྱངས་ལགས་སུ་ཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་གཉིས་འདྲ་བའི་བློ་མཐུན་གང་མང་ཞིག་བྱུང་ན་བློ་བཟང་སེང་གེ་ལགས་བཀའ་ཁྲིར་ཐོབ་རྒྱུ་ཐེ་ཚོམ་ག་ལ་་ཡོད། འབྲེད་བརྗོད་གང་ལེགས་གནང་འདུག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། མུ་འཐུས་ནས་མི་དམངས་ལ་གསལ་སྒྲགས་གང་མང་གནང་ཐུབ་ན་དགེ་མཚན་ཆེ་བ་མཐོང་ངོ་།། རང་ཉིད་ནས་ཀྱང་ནུས་ཤུགས་གང་ཡོད་ཀྱིས་ངོ་སྤྲོད་དང་གསལ་སྒྲག་ཞུ་ཞིན་པ་ཡིན།།
འཕན་པོ་བསྟན་དར་པས།།
མི་རབས་གསར་པ་ཞིག་བཀའ་ཁྲིར་བཀོད་ན་ཕྱོགས་གང་ཐད་ནས་ཕན་ཐོག་ཆེ། ལྷག་པར་དུ་འུ་ཅག་གི་འབྱུང་འགྱུར་གྱི་འཐབ་རྩོད་ལ་ཁེ་ཕན་དེ་བས་ཆེ། ཟུར་དུ་ཞུ་རྒྱུར། ༼དབྱིན་ལན་གྱི་ཚན་རིག་ཆེད་མཁས་པ་བརྒྱད་དང་སུམ་ཅུ།༽ ཞེས་བྲིས་འདུག་པ་འདི་བརྒྱ་དང་སུམ་ཅུ་རེད་དམ་བརྒྱད་དང་སུམ་ཅུ་རེད།
བོད་དོན་བདེན་པའི་འཐབ་བརྩོད་ཀྱི་རྒྱལ་ཁ་དང་ ༧གོང་ས་མཆོག་གི་ཐུགས་གི་བཞེད་དོན་འགྲུབས་ཆེད་ གཞིས་བྱེས་བོད་རིགས་སྤྱུན་ཟླའི་གདུང་སེམས་ཀྱི་རེ་དོན་གྲུབས་ཐུབ་རྒྱུར་བཀའ་བློན་ཁྲི་པའི་འོས་མི་ཀུན་གྱི་ནང་ནས་རེ་བ་བཟང་ཤོས་དང་ འཛམ་གླིང་རྒྱལ་ཁབ་གཞན་ལའང་ངོམས་སུ་མཆོག་པ་གཅིག་པོ་དེ་ མཁས་དབང་བློ་བཟང་སེངྒེ་ཁོང་ཉིད་རེད་ དེ་ན་ངའི་བཀའ་བློན་ཁྲི་པའི་འོས་ཤོག་དེ་ཐེ་ཚོམས་དང་འགྱུར་བ་སྤུ་ཙམ་མེད་པར་སེམས་ཐག་མཆོད་པོ་དང་ དམ་བཅའ་བརྟན་པོ་ བོད་དོན་བདེན་པའི་རྒྱལ་ཁ་མྱུར་དུ་ཐོབ་ལེ་གི་རེ་སྨོན་ཟབ་མོའི་ངང་ནས་ མཁས་དབང་བློ་བཟང་སེངྒེ་ལགས་ལ་འབུལ་རྒྱུ་ཡིན་ ངས་ནི་ཆོལ་ཁ་ ཆོས་ལུགས་ ཚོགས་པ་ སྐྱིད་སྡུག་སོགས་ཆི་མི་ཤེས་ ཤེས་ལེ་དེ་བོད་རྒྱལ་ཁབ་བཙན་འོག་དུ་འཚུད་པ་དང་ བོད་ནང་གི་བོད་རིགས་སྤུན་ཟླ་དམྱལ་བ་མི་ཡུལ་དུ་མྱོང་བ་ བོད་ཀྱི་རིག་གཞུང་རྩ་གཏོར་གཏོང་བ་དེ་ཡིན་ ༧གོང་ས་མཆོག་གི་མཛད་འགན་ལ་རབ་འདེགས་གནང་སྟེ་དེ་དག་ལས་སྐྱོབ་ཐུབ་པའི་ནུས་སྟོབས་ཆེ་ཤོས་ཀྱི་འོས་གཞི་དེ་མཁས་དབང་བློ་བཟང་སེངྒེ་ལགས་ཁོ་ན་རེད་།
མཁས་དབང་བློ་བཟང་སེངྒེ་རྒྱལ་གྱུར་གཅིག་།
བོད་རིགས་སྤུན་ཟླ་རྒྱལ་གྱུར་གཅིག་།།
ད་བཀའ་ཁྲི་བཀོད་རྒྱུར་བསམ་བློ་གཟབ་ཟགབ་གཏོང་གལ་ཆེ།་བློ་བཟང་སེང་གེའི་ཤེས་ཡོན་གྱི་གནས་ཚད་ལ་དོག་པ་མེད་ཡང་ཁོང་གི་ཕྱག་ལས་གང་འདྲ་ཞིག་གནང་འཆར་ལ་གུས་པར་བློ་ཚབ་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག་གང་ལ་ཞེས་ཁོང་གི་གསུངས་རྒྱུར་གསར་ལྟོད་དང་ལས་འཆར་ནང་ཕྱག་རོགས་བཀའ་བློན་བསྐོ་སྒྲིག་གནང་འཆར་ལ་གཟིགས་དང་གསར་ལྟོད་ལྟ་ཞོག་ཕྱི་ལོ་དྲུག་བཅུའི་ནང་སྐྱར་ལོག་བྱེད་རྩིས་རེད་མི་འདུག་གམ།ཁོང་བཀའ་ཁྲི་ཆགས་ན་བཀའ་ཤག་འདི་ཆོལ་དང་ཆོས་ལུགས་ཀྱི་སྐུ་ཚབ་ཚང་བ་ཞིག་བསྐོ་འཆར་གསུངས་སོང།་འདི་ནི་༧གོང་ས་མཆོག་གི་སྐུ་ངལ་འཛེམས་མེད་སྐུ་ལས་བསྐྱོན་ཏེ་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་འཐེན་འཁྱེར་མེད་པར་མི་ཤེས་འཇོན་ཅན་སུ་ཞིག་ཡིན་རུང་བཀའ་བློན་སླེབས་ཐུབ་པའི་གུ་ཡངས་གསར་ལྟོད་ལ་ནག་སུབ་གནང་འཆར་ལ་ལྟས་ཚེ་སེམས་ནང་དོག་གཞི་རང་བཞིན་གྱི་ཡོང་གི་འདུག་་དེར་ཁྱེད་རྣམས་ཀྱི་དགོངས་ཚུལ་ག་རེ་ཡོད་དམ།་རྩ་བའི་བློ་བཟང་སེང་གེ་ལགས་ཀྱི་མཁས་དབང་ཇན་ཤབ་ཀྱི་རྩམ་གནང་བའི་འཚེ་མེད་ཞི་བའི་ལྟ་གྲུབ་གཞིར་བཞག་གི་ཡག་པོ་གསུངས་སོང།་རྡ་ས་འི་མི་མང་མང་པོ་ཧང་སང་སང་བཟོས་སོང་།
རྟ་ནག་སྐལ་བཟང་ལུང་རིགས་ལགས་ཁྱེད་གི་གོ་རྒྱུ་ཡོད་པའི་སྐད་ཆ་བཤད་འདུག། དེ་དུས་བབས་དང་བང་ཆེན་སོགས་ལ་བཀོད་རོགས་ལ་བྱུང་ན་མི་དམངས་ནང་ཁྱབ་གྲགས་བྱེད་ཐུབ་ན་ཡག་པོ་ཡོང་ས་རེད། བསམ་ཡོད་མང་པོར་ཕན་ཐོག་ཡོང་ས་རེད།
རྟ་ནག་སྐལ་བཟང་ལུང་རིགས་ལགས་ཁྱེད་གི་གོ་རྒྱུ་ཡོད་པའི་སྐད་ཆ་བཤད་འདུག། དེ་དུས་བབས་དང་བང་ཆེན་སོགས་ལ་བཀོད་རོགས་ལ་བྱུང་ན་མི་དམངས་ནང་ཁྱབ་གྲགས་བྱེད་ཐུབ་ན་ཡག་པོ་ཡོང་ས་རེད། བསམ་ཡོད་མང་པོར་ཕན་ཐོག་ཡོང་ས་རེད། དེ་ངའི་རེ་བ་ཡིན།
རྟ་ནག་ལགས་ཀྱི་དངོས་ཡོད་གནས་ལུག་ཡོད་ཞིག་བཤད་འདུག ང་ཚོའི་ངེས་པར་དུ་བསམས་བློ་གཏོང་དགོས་ཀྱི་ཡོད། གྲ་གྲོགས་ཚོ། འདི་ནས་རྩི་མོ་དང་སྐུ་རེ་སོགས་ཙ་བ་ནས་མིན། མ་བཀའ་ཁྲིར་དེ་ངེས་པར་དུ་མཁས་དབང་བློ་བཟང་སེངྒེ་འདེམས་དགོས། གནས་སྟངས་དངོས་ལ་ལྟས་ཀྱང་ངེས་པར་དུ་དགོས་། ཨ་བུ་བློ་བཟང་སེང་གེ་རྒྱས་གྱུར་གཅིག
དངོས་གནས་གྲ་གྲོགས་མང་པོ་ཞིག་གི་དགོངས་ཚུལ་གནད་ལ་ཁེལ་བ་གསུངས་འདུག ད་ལྟའི་ཆར་བཀའ་ཁྲིར་མཁས་དབང་བློ་བཟང་སེང་གེ་འོས་བབ་ཆེ་ཤོས་རེད་འདུག གོང་དུ་རྟ་ནག་ལགས་ཀྱི་གསུངས་པ་དེ་དངོས་ཡོད་གནས་ཚུལ་རེད། ང་ཚོའི་ངེས་པར་དུ་བཀའ་ཁྲིར་འདེམས་ཀ་མ་ནོར་བ་གནང་དགོས་། ང་ཚོའི་དགྲ་བོས་མིག་གི་ལྟས་ནས་སྡད་ཡོད་།
རྟ་ནག་ལུང་རིག་སྐལ་བཟང་ལགས། དངོས་གནས་ཡག་པོ་བྲིས་འདུག ཐུག་རྗེ་ཆེ་ཞུ། ཡིན་ན་ཡང་ང་ཚོའི་མི་རིགས་ནི་ད་རུང་རྗེས་ལུས་དང་མུན་ནག་གི་སྨག་རུམ་ལུས་ཡོད་སྟབས་དཀའ་ངལ་ཅུང་ཟད་ཡོད་པ་རེད། དཔེར་ན། བཀྲ་མཐོང་དང་། རྒྱ་རི་སྒྲོལ་མ། སྤེན་པ་གསུམ་གྱི་གཡོ་འཁྲབ་སྟངས་ལ་བལྟས་ན་ཤེས་ཐུབ་པ་རེད། བོད་མི་རིགས་འདི་གཉིད་ལས་སད་པའི་དུས་སུ་བབ་ཡོད་ན། མཁས་དབང་བཟང་སེང་གེ་ལགས་སུ་བཀའ་ཁྲིའི་འོས་བླུགས་དགོས་ཡག་རེད།
ཤེལ་བཀར་ལེགས་བཤད་ལགས། ཁྱོད་ད་རུང་མིག་ཤེར་སེར་པོ་གྱོན་པའི་གང་ཟག་དག་གམ་ཡང་ན་རྒུན་ཆང་གིས་ར་རོ་ནས་སྲང་ལམ་དུ་ཡར་རེ་ཡོར་རེ་འགྲོ་བཞིན་ཡོད་པསི་ཕྱོགས་རིས་རང་ལུགས་པའི་ཡང་བྲན་ཞིག་ཡིན་པ་གསལ་སྟོན་བྱས་འདུག་པས་གཟག་པར་བྱོས།
སྐལ་བཟང་ལུགས་རིགས་ཀྱིས་སྐལ་བཟང་གི་དུས་ཤིག་འཆར་ཉེ་བའི་སྔོན་བརྡ་བཏང་སོང་། དངོས་གནས་ཕྱོགས་རིགས་ཀྱིས་གཞན་དབང་དུ་མ་སོང་བར་མི་ཚོད་ལྡན་ཞིག་བཀའ་ཁྲིར་དགོས་གལ་ཆེ། དེ་མིན་ཇག་རྐུན་གྱི་ཚོགས་དག་མགོ་ལ་བཞག་ན་ང་ཚོ་བོད་མི་ཚོས་ཞབས་འདྲེན་རེད། ཡག་པོ་གསུངས་འདུག ལུགས་རིགས་ལགས་ཐུགས་རྗེ་ཆེ།
བོད་ཀྱི་དུས་བབས་དང་བང་ཆེན་གསར་ཤོག་གི་ཚོགས་མི་འདྲ་ཡོད་ན་ངེས་པར་དུ་རྩོམ་ཡིག་འདི་ཚགས་ཤོག་ནང་བཀོད་དགོས་འདུག
བློ་བཟང་སེང་གེ།
ཐོག་མར་སྤྱི་འཐུས་ལ་བདམས། དེ་ནས་བཀའ་བློན་ལ་བདམས། དེ་ནས་བཀའ་བློན་ཁྲི་པར་བདམས། དེ་འདྲ་གནང་ན་ཐེག་པ་རིམ་འཛེགས་ཀྱིས་རང་སྐྱིད་མི་སྨོན་དང་། བོད་འབངས་ཀུན་གྱི་བློ་ཁ་འགེངས་ཐུབ་པ་ཞིག་ཡོང་ངེས་ལགས།
འོན་ཀྱང་། ད་ལྟའི་ཆར་ཁོང་གི་སློབ་སྦྱོང་གི་བརྒྱུད་རིམ་ཙམ་གླེང་གིན་ཁོང་བཀའ་ཁྲིར་འོས་སོ་ཞེས་གླེང་ན། མི་འགྲིག་པ་མེད་ཀྱང་། དོན་དམ་པར་སྤྱི་འཐུས་རྒས་འཁོགས་མང་པོ་ཞིག་གིས་ཁོང་གི་ལས་དོན་ལམ་ལྷོང་ཡོང་རྒྱུར་འགོག་རྐྱེན་སྣ་ཚོགས་བཟོ་སྲིད་པའི་ཉེན་ཁ་ཞིག་ཁོ་བོས་མཐོང་གིན་ཡོད། སྐབས་དེ་དུས་བློ་བཟང་སེང་གེར་རེ་བ་བཅོལ་མཁན་གྱི་གང་ཟག་ཡོད་དོ་ཅོག་སྤྱི་འཐུས་ཚོར་མཆིལ་ཞགས་འཕེན་གྱིན་ལྷག་སྲིད་པའི་ཉེན་ཁ་ཞིག་ཀྱང་མཐོང་གིན་འདུག། འོ་ལགས་སོ། ཨ་ལ་ཐ་ལས་གླེང་མཚམས་འདིར་འཇོག།
རྟ་ནག་པོ་འགྲོས་ལེགས་པོ་ཐུགས་བདེ་མོར་བཞུགས།།
འཇམ་དཔལ་རྣོན་པོ་ལགས།
གལ་ཏེ་བློ་སེང་བཀའ་ཁྲིེར་སླེབས་མ་ཐུབ་པའི་དབང་དུ་བཏང་ནའང་བཀའ་ཁྲིར་ཇག་པ་དང་རྐུན་མ་དེ་འདྲ་ནམ་ཡང་བཀའ་ཁྲིེར་སླེབས་ཐུབ་གི་མ་རེད།
བོད་རྒྱ་ཆེའི་མི་མང་ལོང་བ། འོན་པ། ཞ་ར། ལྐུགས་པ་མ་རེད།
འོས་གཞི་ནང་ལ་དེ་འདྲ་སུ་འདུག རང་གི་སྣང་བ་མ་འགྲོ་བ་དང་ལམ་སེང་ཇག་པ་དང་རྐུན་མ་གསུངས་རོགས།
བློ་སེང་གིས་ཀྱང་བོད་སོག་ལས་ཁུངས་ཀྱི་ཡིག་ཆ་ཞིག་ཇག་པ་རྒྱབ་པའམ་རྐུན་མ་བརྐས་པ་ཞིག་བྱས་རྗེས་སུ་འབྲང་ནས་མང་པོ་ཞིག་བཤད་གི་འདུག
ཇག་པ་དང་རྐུན་མ་ཁོང་ཚོས་བོད་དོན་བྱས་པ་དངོས་ཡོད་རེད། ཁྱེད་ཀྱིས་ཁོང་ཚོར་རྐུན་མ་དང་ཇག་པ་ལབ་པའི་བྱས་ཡུས་འབྲང་རྒྱུའི་བོད་སྤྱི་དོན་ལས་ཀ་ག་རེ་ག་རེ་གནང་ཡོད། རང་སེམས་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་ན་ཤེས་གི་རེད།
སྐུ་མཁྱེན། མཁྱེན་པའི་བདག་པོ་ཁྱེད་ཀྱིས་བློ་སེང་ལ་རྒྱབ་སྐྱོར་གནང་བར་དགའ་པོ་བྱུང་ཡང་། འོས་གཞིར་བཞུགས་པའི་གང་ཟག་གཞན་ལ་ཁ་རྡུང་བཏང་བར་ལེགས་པོ་མཐོང་མ་སོང་།
ཁྱེད་ཀྱིས་གཞན་ཁ་མ་ཟེར་བར་བློ་སེང་ལ་བསྟོད་པ་གནང་རྐྱང་གནང་དང་དགའ་བསུ་ཡོད།
ཤེལ་དཀར་ལེགས་བཤད་ལགས་
༼ བློ་བཟང་སེང་གེའི་ཤེས་ཡོན་གྱི་གནས་ཚད་ལ་དོག་པ་མེད་ཡང་ཁོང་གི་ཕྱག་ལས་གང་འདྲ་ཞིག་གནང་འཆར་ལ་གུས་པར་བློ་ཚབ་ཆེ་རུ་ཆེ་རུ་འགྲོ་བཞིན་འདུག་གང་ལ་ཞེས་ཁོང་གི་གསུངས་རྒྱུར་གསར་ལྟོད་དང་ལས་འཆར་ནང་ཕྱག་རོགས་བཀའ་བློན་བསྐོ་སྒྲིག་གནང་འཆར་ལ་གཟིགས་དང་གསར་ལྟོད་ལྟ་ཞོག་ཕྱི་ལོ་དྲུག་བཅུའི་ནང་སྐྱར་ལོག་བྱེད་རྩིས་རེད་མི་འདུག་གམ།ཁོང་བཀའ་ཁྲི་ཆགས་ན་བཀའ་ཤག་འདི་ཆོལ་དང་ཆོས་ལུགས་ཀྱི་སྐུ་ཚབ་ཚང་བ་ཞིག་བསྐོ་འཆར་གསུངས་སོང།་འདི་ནི་༧གོང་ས་མཆོག་གི་སྐུ་ངལ་འཛེམས་མེད་སྐུ་ལས་བསྐྱོན་ཏེ་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་འཐེན་འཁྱེར་མེད་པར་མི་ཤེས་འཇོན་ཅན་སུ་ཞིག་ཡིན་རུང་བཀའ་བློན་སླེབས་ཐུབ་པའི་གུ་ཡངས་གསར་ལྟོད་ལ་ནག་སུབ་གནང་འཆར་ལ་ལྟས་ཚེ་སེམས་ནང་དོག་གཞི་རང་བཞིན་གྱི་ཡོང་གི་འདུག་་ ༽
ཞེས་ཁྱེད་ཀྱི་ཆེ་རུ་ཆེ་རུ་འགྲོ་བའི་བློ་ཚབ་དེ་ རི་བོང་གནམ་རྡིབས་པའི་སེམས་འཕྲལ་ཡིན་ཡང་འདྲ་ ཡང་ན་ཆེད་མངགས་མང་ཚོགས་སུ་དོགས་གཞིའི་ས་བོན་དོར་ཏེ་ བློ་སེང་ལགས་ཀྱི་འོས་ཁ་ཐོར་གཏོང་རྩིས་བྱེད་ཁུལ་ཡིན་ཡང་འདྲ་ གང་ལྟར་ གལ་སྲིད་བློ་སེང་ལགས་ཀྱི་གཏམ་བཤད་གནང་པའི་ལུང་འདྲེན་བྱེད་ལེ་ཡིན་ན་ ལུང་དེར་རང་ཉིད་ཀྱི་དགོས་མཁོར་བཏུན་ཏེ་བཟོ་བཅོས་དང་སྒྲོ་བཏགས་བྱས་པའི་ལུང་འདྲེན་མིན་པར་ དྲང་པོ་དང་ ཇེ་མ་ཇི་བཞིན་ ཆ་ཚང་བའི་ལུང་དྲངས་ན་མིན་ལེ་ དེ་མིན་ཕར་དཀྲུངས་ཚུར་དཀྲུགས་གི་རྣམ་པ་གསལ་པོར་བངོན་ཡོང་ཞི་འདུག་ ཆི་ཡིན་ཟེར་ན་
༡༽ …ཕྱི་ལོ་དྲུག་བཅུའི་ནང་སྐྱར་ལོག་བྱེད་རྩིས་…བྱེད་ཁན་བཀའ་ཁྲི་སུ་གཅིག་ཀྱང་ཡོང་ལེ་མ་རེད་།
༢༽ …གསར་ལྟོད་ལ་ནག་སུབ་གནང་འཆར་ལ་ལྟས་ཚེ་… ཟེར་བ་འདི་ནི་འཛམ་གླིང་བོད་ཡིག་དྲ་རྒྱ་གཟིགས་པ་པོ་རྣམས་པའི་མིག་ལམ་དུ་རྫུན་གཏམ་རི་ལྟ་བུ་ཞིག་བཤད་ལེ་རེད་ བོད་མི་ས་ཡ་དྲུག་གི་ནོང་ནས་འཛམ་གླིང་ནོང་མཚན་སྙན་ཆེ་ཤོས་ ཧར་ཝརཊ་གཙུག་ལག་ཆེན་མོ་ནས་དེ་ཡང་རྒྱལ་སྤྱིའི་ཁྲིམས་ཀྱི་ཐར་སོན་སློབ་མ་བློ་སེང་ལགས་ཁོང་གཅིག་པོ་ཡིན་ལེ་ མི་ཟད་ ཆུང་དུས་བོད་གཞུང་སློབ་གྲའི་དུས་ནས་ ལྡི་ལི་མཐོ་སློབ་ནོང་དང་ མཐོ་སློབ་ཐོན་རྗེས་ལོ་ངོ་བཅུ་ཕྲག་འགའི་རིང་རྒྱུན་དུ་༸གོང་ས་མཆོག་དང་ བོད་གཞུང་གི་བཀའ་དྲིན་བསམ་ཤེས་སྙིང་བཅང་གིས་མ་བསྐུལ་དྭངས་ལང་ངང་བོད་ཀྱི་རྩ་དོན་ཐབས་བརྩོད་རྒྱུན་མི་འཆད་པར་གནོང་བཞིན་པའི་མཁྱེན་ལྡན་མཁས་དབང་ཞིག་གིས་ གསར་ལྟོད་ལ་ནག་སུབ་གནང་འཆར་ ཟེར་ན་ ཡུལ་མཐའ་ཁོབ་ཀྱི་ཤིང་ནག་ནོང་སྡོད་ལེ་གི་དུད་འགྲོ་འདྲ་བའི་མི་གླེན་ལྐུག་ཞིག་ཡིན་ན་མིན་ཚེ་སུས་ཀྱང་ཡིད་མཆེས་ལེ་མ་རེད་།
བློ་སེང་ལགས་ནས་ ཁོང་བཀའ་ཁྲིར་མཁོད་ན་ བཀའ་ཤག་གསར་རྙིང་གཞི་འཇམ་ངང་འཕོ་འགྱུར་ཡོང་ཆེད་དུ་རྗེས་མའི་ཁོང་གི་བཀའ་ཤག་གསར་པའི་ནང་བཀའ་བློན་རྙིང་པ་འགའ་དང་གསར་པ་འགའ་ བུད་མེད་ཀྱང་ཡོད་པ་ཆ་ཚང་བ་ཞིག་དཀྲུན་ཐབས་བྱ་རྒྱུ་ཡིན་གསུངས་སོང་།།
བརྩེ་བའི་དྲ་གྲོགས་ཚོ། མང་པོས་བཀྱགས་ན་གདུང་མ་ཟེར་བ་ལྟར། ངེད་ཅག་གིས་མཐུ་རྩལ་ནུས་ཤུགས་གཅིག་ཏུ་བསྒྲིལ་ཏེ་མཁས་དབང་བློ་བཟང་སེང་གེར་རྒྱབ་སྐྱོར་བྱེད་དང་ང་ཚོའི་བསམ་དོན་འགྲུབ་པར་གདོན་མི་ཟ། ང་ཚོར་སྤྱི་ཚོགས་རྙིང་པ་བསྐྱར་གསོ་བྱེད་འདོད་མེད་ལ། གཡོ་སྒྱུའི་ཉམས་མྱོང་ལྡན་པའི་སྐུ་ངོ་ཚོའི་དབང་འོག་ཏུ་དུས་ཚོད་སྐྱེལ་འདོད་མེད། ང་ཚོ་དུས་རབས་གསར་བའི་འཕེལ་འགྲོས་ཕྱོགས་སུ་བསྙེགས་དགོས་ན་དེ་དང་འཚམས་པའི་དབུ་ཁྲིད་ཅིག་དགོས་པ་སྨྲོས་མ་དགོས། འདི་ཕྱིའི་སྐྱབས་གནས་༸གོང་ས་ཐམས་ཅད་མཁྱེན་པའི་དུས་གསུམ་གསལ་གཟིགས་ཀྱིས་དགོངས་པ་དང་ཐུགས་རེའི་གཏད་སོ་བོད་མི་རིགས་གསར་བར་བཅོལ་ཡོད་ལ། དེ་ལྟར་འགྲུབ་མིན་གྱི་འདམ་ཀ་མ་འཆོལ་བ་བྱེད་རྒྱུ་གལ་ཆེ་བའི་ཕྱིར་ན། ངས་མཁས་དབང་བློ་བཟང་སེང་གེར་འདེམས་ཤོག་འཕེན་རྒྱུར་ཐག་གཅོད་བྱས་པ་ཡིན། །ཕྱོགས་ལྷུང་ཕྱོགས་ཞེན་སྲོལ་རྙིང་རྨི་གབ་ཀྱིས། །འདྲེན་བྱེད་སྟོར་བའི་རྗེས་སུ་མི་འབྲངས་བར། །ཕུགས་བསམ་ལྷག་བསམ་དཀར་པོས་དཔུང་བསྒྲིགས་ཏེ། །བློ་བཟང་སེང་གེའི་རྒྱབ་སྐྱོར་གནང་རོགས་མཁྱཻན།
ད་ལྟ་འོས་གཞིའི་ནང་སླེབས་པའི་འགྲས་ནས་དྲག་ཤོས་བློ་བཟང་སེང་གེ་དང་། བསྟན་འཛིན་རྣམ་རྒྱལ་རེད་འདུག ཁོང་གཉིས་སུ་ལ་འཐོབ་ཀྱང་ཁྱད་པར་ཆེན་པོ་མིན་འདུག གཙོ་བོ་འདི་ཁོང་གཉིས་རྡ་སའི་ཤོག་ཁག་དེ་ཚོའི་ནང་མ་ཚུད་པའི་ཟོ་འདྲ་པོ་ཞིག་འདུག་པས་དེས་བློ་ཅུང་བདེ་བ་འདུག དེ་མིན་རྒྱ་རི་སྒྲོལ་མར་འཐོབ་ན། འཇུ་ཆེན་ཁོང་ཚོའི་འགྲས་ཀྱིས་རྟག་པར་རྙོག་འདྲ་ཞིག་བཙལ་ནས་དཀྲུག་བྱས་སྡོད་ཀྱི་རེད། སྤེན་པ་ཚེ་རིང་ལ་འཐོབ་ན། གཟམ་སྟོང་རིན་པོ་ཆེའི་རྒྱུག་ཁྱི་རེད་ལབ་ནས་ཡང་སྐྱིད་དུ་བཅུག་གི་མ་རེད།
བོད་མགོ་ནག་མི་སྦར་ཐིལ་གང་ལས་མེད་ནའང་། རྙོག་འདྲ་ལུས་ལས་ཆེ་བ་ཡོད། རྒྱ་མི་དེ་ཚོ་མཐུན་སྒྲིལ་དཔེ་ཡག་པོ་འདུག ཁོང་ཚོ་ལ་ང་ཚོ་ལྟ་བུའི་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་འདྲ་མིན་འདུག མི་འབོར་འདི་འདྲ་མང་པོ་ཡོད་ནའི་ཀྲུང་ཧྭ་ཟེར་བའི་ནང་འདུས་འགྲོ་གི་འདུག ད་ང་ཚོ་བོད་པར་རྙོག་འདྲ་ཡོད།
མི་རབས་གསར་པ་འདི་ཚོར་རེ་བ་བཅོལ་ནས་ཆོས་ལུགས་དང་ཆོས་ཁའི་འདུ་ཤེས་ནག་པོ་དེ་ཚོ་མེད་པ་བཟོ་ཐུབ་ན་རེ་བ་ཡོད། སྟབས་ལེགས་པ་ཞིག་ལ། རྡ་རམ་ས་ལའི་བུ་གསོ་ཁང་གི་སློབ་ཕྲུག་དེ་ཚོར་ཆོས་ལུགས་དང་ཆོལ་ཁའི་འདུ་ཤེས་ཆུང་ཆུང་རེད་འདུག དེ་མིན་གདན་ས་ཁག་ནས་ཡོང་བའི་གྲྭ་པ་དེ་ཚོར་ཆོས་ལུགས་དང་ཆོལ་ཁའི་འདུ་ཤེས་ཆེ་བ་འདུག དེ་ལ་རིམ་བཞིན་འགྱུར་བ་བཏང་ནས་བོད་པ་སྤྱིའི་པའི་ངོ་བོ་ཞིག་སླེབས་རྒྱུར་རེ་བ་ཨེ་ཡོད།
ཁྱད་མཚར་དེང་སང་བློ་སེང་ལ་དགའ་བསྟོད་བྱས་ན་བོད་སྤྱི་དོན་ལ་ཞེན་ཁོག་དང་། དྲང་པོ་དྲང་བཞག ཆོལ་ཁ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཕྱོགས་རིས་མེད་པ། རྙིང་ཞེན་མེད་པ། ཞེ་པུ་གཅིག་ཡིན་ཤག་ཤག་དང་། འོས་མི་གཞན་པ་ཚོར་དགའ་བསྟོད་དང་དེའི་ཕྱོགས་བཟུང་ན། གོང་གི་དེ་ལས་ལྡོག་པའི་སྐྱོན་རྙིང་ཞེན། བོད་དང་བོད་མིའི་ལ་རྒྱ་མེད་པ། དྲང་པོ་མེད་པ། གཡོ་སྒྱུ་ཅན། ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེ་བ་ཡིན་ཤག་ཤག་རྩིས་གི་འདུག་ལ། ཕལ་དེ་ཚོའི་གྲས་ལ་དབང་ཆ་ཡོད་ན་བློ་སེང་གཞན་ལ་འོས་འཕེན་རྒྱུ་བཙན་དབང་གིས་བཀག་ས་རེད་ལ། གལ་ཏེ་འོས་གཞན་ལ་འཕེན་ན་ལུས་སྲོག་ལའང་ཉེན་ཁ་བཟོ་སྲིད་པའི་ཚོད་ཙམ་རེད་འདུག
ཁོང་ཚོས་རྒྱ་ཆེའི་མི་མང་གི་འོས་ཤོག་ལ་ཚོད་འཛིན་བྱེད་གི་འདུག
ང་རང་གོ་རྒྱ་ཆུང་བའམ་སྐྱོན་ཅི་ཞིག་གིས་དེ་འདྲ་བཤད་པ་དེ་ཤེས་བྱ་ཕྱོགས་གཅིག་པ་ལྟ་བུ་ཞིག་ལས་དཀྱིལ་ལ་སྡད་ནས་སྐད་ཆ་བཤད་པ་འདྲ་པོ་གཏན་ནས་མིན་འདུག
བློ་སེང་བཀའ་ཁྲིར་བདམས་ན་རྒྱ་ནག་ལ་བརྡ་ལན་གསུམ་ལས་ལྷག་པ་སྤྲད་ཀྱི་ཡོད་པ་སྨྲོས་མེད་ཡིན།
བློ་སེང་བཀའ་ཁྲིར་བདམས་ན་༧གོང་ས་མཆོག་གི་བཀའ་དགོངས་གྲུབ་པ་རེད། རྒྱུ་མཆན་ནི་ཁོང་གིས་༼ངའི་བསམ་བློར་བཀའ་བློན་ཁྲི་པ་འདི་གཞོན་སྐྱེས་ཞིག་དང་རབ་བྱུང་ན་བེུད་ཞིག་བྱུང་ན་ཡག་པོ་རེད་འོན་ཀྱང་སྟབས་ཉེས་པ་ཞིག་ལ་ཡང་བསྐྱར་བླ་རྒན་སྐྲ་དཀར་པོ་ཞིག་སླེབས་འདུག་༽་ཟེར་བ་བཞིན་རེད།
བློ་སེང་བཀའ་ཁྲིར་བདམས་ན་བོད་མི་གཞོན་སྐྱེས་ཚོར་དོ་སྣང་གསར་པ་ཞིག་སྦྱིན་ཐུབ།
བཀའ་བློན་རྙིང་པ་ཤེས་ཡོན་ཏོག་ཙམ་ཡོད་པ་དང་ཉམས་མྱོང་གིས་ཁ་ཕོ་ཆེ་དྲག་པ་དེ་ཚོ་ལས་བློ་སེང་ནི་རབ་དང་ཕུལ་རེད།
ཁོང་ལ་རྙིང་ཞེན་གྱི་བསམ་བློ་མེད་པ་ཐག་གིས་ཆོད། ཁོང་གིས་འཇོན་ན་འཇོན་པའི་ཤེས་ཡོན་ཡོད།
གལ་སྲིད་ཁོང་བཀའ་ཁྲིར་མ་ཐོབ་ན་མཐོ་སློབ་ཁག་ཏུ་ཡོད་པའི་སློབ་ཕྲུག་ཚོའི་བསམ་བློར་བག་ཆགས་ངན་པའམ་བཙན་བྱོལ་གཞུང་ལ་རྒྱང་ཐག་རིང་དུ་འགྲོ་ངེས་རེད།
ད་ལྟ་མཐོ་སློབ་ཁག་ཏུ་བློ་སེང་ལ་ཚ་རླབས་འཕྱུར་བཞིན་པའི་སྒང་རེད་འདུག
ཧ་ཧ་ཧ་༧གོང་ས་མཆོག་གི་གསུང་ནང་བུད་མེད་ཀྱང་གསུངས་འདུག་པས་རྒྱ་རི་སྒྲོལ་མ་འོས་པོ་མིན་འདུག་གམ།
ད་དུང་མཐོ་སློབ་ཀྱི་སློབ་མས་ཅིག་ཅིག་མག་མག་ཟེར་ནས་འཇིགས་སྣང་བསྐུལ་གི་འདུག་ག
མི་གཅིག་ལ་འོས་ཐོབ་མ་ཐོབ་པའི་རྒྱུ་མཚན་ལས་རང་གཞུང་རང་རྒྱལ་ལ་བློ་ཐག་རིང་དུ་འགྲོ་ན་མི་བསམ་ཡོད་ཅིག་མ་རེད། མཐོ་སློབ་ནང་ཡོད་པའི་བོད་ཀྱི་ན་གཞོན་ཚོ་དེ་འདྲ་མིན་པའི་ཡིད་ཆེས་ཡོད།
མེ་ཏོག་དཀར་པོའི་གསུངས་ལ་རྒྱབ་སྐྱོར་ཡོད།
མི་མང་པོ་ཞིག་མྱོས་འདུག རང་ཞེན་གྱིས་མྱོས་འདུག རང་ཉིད་དགའ་སར་གསུངས་རྩོམ་གྱི་དཔེ་དེབ་གནིས་གཉིས་ལས་སྟོན་དུ་མེད་ཀྱང་མཁས་དབང་དང་། མི་མོས་སར་རྐུན་མ་དང་ཇག་པ་རེད། བྱས་རྗེས་ཅི་ཙམ་བཞག་ཀྱང་རྐུན་མ་དང་ཇག་པ་རེད། ཅི་འདྲའི་ཕྱོགས་རིས་ཆེ་བ་ལ། ཧ་ཝ་སློབ་གྲྭ་ཟེར་རུང་འབྱོར་ལྡན་ཁྱིམ་ཚང་དང་སྐུ་དྲག་ཁྱིམ་རྒྱུད། འབྱོར་བ་ཅན་ཚོས་སློབ་གྲྭ་རེད། སྐད་གྲགས་འགྲོ་བའི་རྒྱུ་རྐྱེན་ཡང་སློབ་ཡོན་སློབ་མཐོ་པས་རེད། དེ་ནི་འབྱོར་ལྡན་ཁྱིམ་རྒྱུད་དང་སློབ་ཡོན་ཐོབ་པའི་ལས་བསོད་ཅན་གྱི་ཟ་སྐལ་ཡིན་པ་ལས་ཁྱེད་ཚོས་སེམས་ལ་དྲན་པ་བཞིན་རྣམ་དཔྱོད་ཅན་ཚོས་བགོ་སྐལ་གྱི་སློབ་གྲྭ་ཞིག་མིན།
ད་བར་བཀའ་ཁྲིའི་འོས་མི་སུས་ཀྱང་རྒྱུད་རིམ་ལྡན་ཞིང་གསར་བཏོད་ཀྱི་རང་བཞིན་གྱི་འཁེངས་བ། བོད་མིའི་ལས་དབང་ལ་ཕན་པའི་ལྟ་གྲུབ་ཡང་དག་ཅིག་གསུངས་གནང་བྱུང་མ་སོང་། དེ་བརྟེན། བཀའ་ཁྲི་སུ་ཞིག་འཁེལ་ཡང་དེ་ཙམ་ཡར་རྒྱས་བཏང་བ་ཐེ་ཚོམ་ཡོད།
ང་བློ་བཟང་སེང་གེ་ལ་དགའ་བོ་ཡོད་ཀྱང་ཁོང་དེ་ལྟར་ཕུལ་ཏུ་བྱུང་ཆབ་སྲིད་པ་ཡིན་པའི་འཚོར་སྣང་སྟེར་མ་བྱུང་། རྒྱུ་མཚན་ནི། ལོ་བརྒྱད་ལོར་རྡ་སྟེང་ཚོགས་འདུའི་སྟེང་ཁོང་གིས་འདི་ལྟར་གསུངས། ང་ཚོས་འདི་ནས་སྐད་ཆ་ག་རེ་བཤད་བཤད་རེད། དཀའ་ལས་བརྒྱགས་མཁན་ངོ་མ་དེ་བོད་ནང་གི་མི་ཡིན་པས་ངས་ང་ཚོས་འདི་ལས་མི་དམིགས་བསལ་གྱིས་བྱེད་ཡ་མེད། ང་ཚོས་མུ་མཐུད་དེ་ལྟར་གནང་ཚེ་སྡུག་ངལ་མྱོང་མཁན་བོད་ནང་གི་བོད་མི་ཚོར་ཡིན་ཚུལ་གསུངས་སྐབས་འཇམ་དབྱངས་ནོར་བུ་ཡིས་དེ་ལྟར་མ་གསུངས་ཟེར་ནས་བཀག་ཀྱང་ཁོང་གིས་ཨུ་ཚུགས་ཀྱིས་རྒྱུན་མཐུད་དུ་གསུངས། ངའི་བསམ་པར་དེ་ནི་ཅི་ཡོད་ཐད་ཀར་གླེང་བའི་རྩོམ་པ་པོའི་ལྟ་གྲུབ་ཅིག་ཡིན་པ་ལས་ཆབ་སྲིད་པའི་ལྟ་གྲུབ་མ་རེད་སྙམ། རྒྱུ་མཚན་ནི། ཆབ་སྲིད་པ་ཡིན་ན་དངོས་ཡོད་དང་བདེན་པ་ཡིན་ཡང་དུས་དང་གནས་བབ་ལ་སྟུན་ནས་སྐད་ཆ་བཤད་རྒྱུ་ལས་ཡོད་ཚད་ཐད་ཀར་སྨྲས་ན་ལས་དོན་ལ་གནོད་སྐྱོན་ཐེབས་ལ། གནས་ཚུལ་བོད་ནང་གི་མི་ཚོས་ཐོས་ནས་སེམས་ཤུགས་གཅོག་པས་ཡིན། ཆབ་སྲིད་པ་ཡིན་ན་དུས་དང་གནས་བབ་ལ་སྟུན་ནས་ལས་དོན་སྒྲུབ་མཁན་ཞིག་དགོས་ཀྱང་བློ་བཟང་ལ་རྩོམ་པ་པོའི་བློ་སྟོབས་ལས་ཆབ་སྲིད་ཀྱི་འཛིན་སྐྱོངས་ཞན་པའི་འཚོར་སྣང་ཞིག་ངང་གིས་བྱུང་། དེ་བརྟེན། ང་ལ་བློ་བཟང་སེངྒེ་ཆབ་སྲིད་པ་ཚད་ལྡན་ཞིག་ལྟ་བའི་བག་ཆགས་ལ་གས་སྐྱོན་ཤོར། འོན་ཀྱང་། ཁོང་ནི་རིག་པ་སྤྱང་ལ་སྨྲ་བ་མཁས་པ། སྤོབས་པ་ཆེ་ལ་ལྷག་བསམ་དཀར་པ། ཕྱིའི་གནས་བབ་ལ་རྒྱུས་མངའ་ཆེ་ཞིང་དྲང་ཚིག་ཡོད་པ་ཞིག་མཐོང་། གང་ལྟར་ང་ལ་ཁོང་བཀའ་ཁྲིར་ཐོབ་པའི་གདེང་ཚོད་ཡོད།
ད་ལྟ་བར་བསམ་བློ་གཏང་བ་ཡིན། མར་ཉལ་ནས་བསམ་བློ་གཏང་བ་ཡིན། ཡར་ལངས་ནས་བསམ་བློ་གཏང་བ་ཡིན། བསམ་བློ་དྲུག་གསུམ་བཅུ་བརྒྱད་གཏང་བ་ཡིན། ད་ལྟའི་དུས་ཚོད་འདིར་བློ་བཟང་སེང་གེ་ལས་ལྷག་པ་ཕལ་ཆེར་མཐོང་གི་མི་འདུག་བྱས་ཙང་ངའི་འོས་དེ་བློ་སེང་ལ་འབུལ་གྱི་ཡིན།།།།
༡ སློབ་སྦྱོང་ཡག་པོ་རེད། མཁས་པ་རེད་ཟེར་ནས་བཀའ་ཁྲིར་འདེམས་ན་ནོར་བ་རེད། མཁས་པ་ཚོ་རང་ལྟ་མཆོག་འཛིན་དང་། ཀླད་པ་མཁྲེགས་པོ་ཡོད་རེད། གཞན་གྱི་བསམ་ཚུལ་ལ་ཞེ་དྲག་ཉན་གྱི་མ་རེད། ཁ་དང་ལག་ལེན་གཉིས་ལས་ལག་ལེན་ཆུང་ང་ཡོད་པ་རེད། མཁས་པ་ཚོ་ཉམས་ཞིབ་ཁང་དང་ཁྲིམས་བཟོ། འཆར་འགོད་དེ་འདྲའི་ཁ་འཕྲོར་བཞག་ན་ཡག་པོ་ཡོད་པ་རེད།
༢ ལས་འགུལ་ཅིག་ཅིག་སྤེལ་རེད་ཟེར་བ་དེའང་བཀའ་ཁྲིའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་འགྲོ་གི་མི་འདུག དེ་ཡིན་ན་ལན་ཤོས་དེ། བསྟན་འཛིན་བརྩོན་འགྲུས། བསྟན་རྡོར། ལྷག་སྒྲོན་སོགས་བཀའ་ཁྲིར་ཅིས་མི་མཛའ།
༣ རྒྱ་ནག་ལ་འབྲེལ་བ་ཡག་པོ་བྱེད་ཐུབ་གི་རེད་ཟེར་བ་དེ་ཡང་དེ་ལྟར་དུ་མཐོང་དཀའ་འོ། འབྲེལ་བ་དེ་རྒྱ་གཞུང་ལ་མིན་པར་རྒྱ་གཞུང་དང་ལྟ་བ་ལོགས་སུ་འཛིན་མཁན་ ་་གསར་བརྗེའི་ངོ་ལོག་པ་་ ཚོ་དང་མཉམ་བགྲོ་གླེང་རེ་ཚུགས་པ་ཙམ་མོ། འདི་ཡང་བོད་རྒྱ་ཞི་མོལ་གྱི་བཀག་རྡོ་ལྟ་བུར་མི་འགྱུར་པའི་ངེས་པ་ཡོད་མ་རེད།
༤ བཀའ་ཁྲི་ལ་ཆ་རྐྱེན་འགའ་ཤས་ཤིག་དགོས་ཀྱི་ཡོད་པར་འདོད། བློ་སེང་ལ་གཞན་ལས་ཁྱད་དུ་འཕགས་པའི་ཆ་རྐྱེན་གཅིག་རང་གཅིག་ཡོད་པ་ནི། ཁྲིམས་ཀྱི་ཤེས་ཚད་གཞན་རྣམས་ལས་ལྷག་པ་ཙམ་རེད། དེ་མིན་གཞན་རྣམས་ལས་འབུར་དུ་ཐོན་པའི་ཆ་རྐྱེན་ག་རེ་འདུག
མགོན་པོ་ཕྱག་གཉིས་བ་ལགས་དཀོན་མཆོག་གསུམ་ད་ཡིན་ན་འུ་གཉིས་དགའ་ས་གཅིག་རེད་། བསྟནའཛིན་བརྩོན་འགྲུས། བསྟན་རྡོར། ལྷག་སྒྲོན་ལགས་་ཁོ་རང་གསུམ་ལ་རེ་བ་ཆེན་པོ་ཡོད་། ཐུགས་རྗེ་ཆེ་མགོན་ཕྱག་ལགས་།
ང་ཚོ་སྤྲེལ་གྱི་བུ་བརྒྱུད། །
ཨག་གསར་རྟ་ལས་ཆེ་བ། །
ང་ཚོ་སྲིན་མོའི་ཚ་བོ། །
འབུར་འཇོམས་གཏོང་རྒྱུར་དགའ་པོ། །
བློ་སེང་བློ་སེང་མང་སོང་། །
བློ་སེང་འོས་པོ་མཐོང་སོང་། །
བློ་སེང་མིན་པ་གཞན་ཚོའང་། །
ང་ཚོར་བཀའ་དྲིན་མི་ཆུང་། །
ཁ་བརྡའི་དྲ་རྒྱ་འདི་ནང་། །
དེ་འདྲའི་གཡམ་རྒྱུག་མང་པོ། །
ལ་ལས་རྒྱ་རི་སྒྲོལ་མ། །
རྗེ་བཙུན་སྒྲོལ་མ་དངོས་འདོད། །
ལ་ལས་བཀྲས་མཐོང་སྐུ་ངོ་། །
ལ་ལས་སྤེན་པ་ཚེ་རིང་། །
ལ་ལས་རྔ་བ་ཚེ་རྒྱམ། །
རང་རང་སོ་སོའི་ཡི་དམ། །
དེ་ལས་གཞན་པ་འདྲེ་རེད། །
དེ་ལས་གཞན་པ་ཇག་པ། །
དེ་ལས་གཞན་པ་རྐུན་མ། །
དེ་ལས་གཞན་པ་དཀྲུག་ཤིང་། །
བློ་སེང་དགའ་ནའང་ལེགས་ལ། །
སྤེན་ཚེར་མོས་ནའང་འོས་ཤིང་། །
རྒྱ་རིར་སྣང་བའང་འགྲོ་ཆོག །
བཀྲས་མཐོང་དེ་དང་དེ་བཞིན། །
གཅིག་ལ་བསྟོད་པ་བྱེད་པར། །
གཞན་ལ་མཐོང་ཆུང་དམའ་འབེབས། །
དེ་འདྲ་བྱེད་རང་ཨེ་དགོས། །
དེ་འདྲ་ཟུར་གནས་རེད་དམ། །
རང་ཉིད་དགའ་ས་ཞིག་གིས། །
སྐྱག་པའང་དྲི་མ་ཞིམ་པོ། །
མི་དགའི་གང་ཟག་དེ་ཡི། །
གང་བྱས་ཀྱག་གེ་ཀྱོག་གེ །
ཨ་ནུ་ཐང་དང་མགོན་ཕྱག། །
གངས་ལྷ་ལ་སོགས་འགའ་ཞིག །
གཡས་གཡོན་གཉིས་ཀའི་སྐད་ཆ། །
གསུངས་པར་སྣང་བས་དགའ་འོ། །