ཟླ་ཚེས། སྤྱི་ཟླ་༡༡ཚེས་༡༦ ཉིན། རེས་གཟའ་ལྷག་པ།
འཚོགས་ཡུལ། ནེའུ་ཡོག་གི་(Rubin Meseum) རུའུ་སྦིན་འགྲེམས་སྟོན་ཁང་།
དུས་ཚོད་། ༥དང་སྐར་མ་༡༥སྟེང་། དཔེ་ཀློག་དང་བྱིས་པའི་མཉམ་དུ་རྩེད་མོ།
དུས་ཚོད་། ༦པའི་སྟེང་། དཔེ་དེབ་ལ་མཚན་རྟགས་འགོད་རྒྱུ
དུས་ཚོད་། ༧པའི་སྟེང་། སྣེ་ལེན་འགོ་འཛུགས།
དུས་ཚོད་། ༧དང་ཕྱེད་ཀའི་སྟེང་། དཔེ་དེབ་མཛད་སྒོའི་དབུ་འབྱེད་གསུང་བཤད་དང་བགྲོ་གླེང་འགོ་འཛུགས།
སྐུ་མགྲོན་གཙོ་བོ།
༡ ཨ་རིའི་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས།
༢ བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་འགན་འཛིན་བསྟན་རྡོར།
༣ ཞ་རོན་སྒ་ནོན། (Sharon Gannon)
དུས་ཚོད་། ༧དང་སྐར་མ་༥༠སྟེང་། དྲི་བ་དྲིས་ལན་འགོ་འཛུགས།
དུས་ཚོད་། ༨དང་སྐར་མ་༡༠ནས་༨དང་ཕྱེད་ཀ་དབར། དཔེ་དེབ་ལ་མཚན་འགོད་མུ་མཐུད་རྒྱུ།
དུས་ཚོད་༥དང་སྐར་མ་༡༥སྟེང་གི་དཔེ་ཀློག་དང་བྱིས་པའི་རྩེད་མོ་དེར་། བོད་རིགས་ཕ་མ་ཚོས་རང་གི་བྱིས་བ་རྣམས་འཁྲིད་ཡོང་རོགས། དེབ་ཀྱི་རྩོམ་པ་པོ་རེས་མ་ཧྤུའུ་རྗེས་ཏ་(Rima Fujita) ནས་བྱིས་པ་རྣམས་ལ། རི་བོ་ཧི་མ་ལ་ཡའི་སྟེང་གི་ངོ་མཚར་བའི་བྱིས་སྒྲུང་དེ་ཀློག་གི་རེད་། ཧི་མ་ལ་ཡ་སྐྱོབ་རོགས་ཟེར་བའི་བྱིས་སྒྲུང་འདི་ནི། དབྱིན་ཡིག་དང་བོད་ཡིག འཇར་པན་སྐད་ཡིག་བཅས་ལ་བསྒྱུར་ཡོད་ཅིང་། འདི་ནི་རི་བོ་ཧི་མ་ལ་ཡའི་ཁོར་ཡུག་གི་གནད་དོན་གཙོ་བོར་བཟུང་བའི་། སྣུམ་ཚོན་རི་མོ་ཅན་གྱི་ལྟ་ཀློག་བྱིས་སྒྲུང་ངོ་མཚར་བ་ཞིག་ཡིན།
སྒྱུ་རྩལ་བ་གྲགས་ཅན་རེས་མ་ཧྤུའུ་རྗེས་ཏ་ཡིས་། ད་ཕན་བོད་རིགས་བྱིས་པ་རྣམས་ཀྱི་ཆེད་དུ་། ངོ་མཚར་བའི་ལྡུམ་ར་(Wonder Garden)དང་ཡ་མཚན་ཅན་གྱི་སྒྲུང་(Wonder Talk)། ཌི་སྦིའི་ནད་གཞིའི་སྐོར་(TB Aware)། ཧི་མ་ལ་ཡ་སྐྱོབ་རོགས་(Save The Himalayas) སོགས་དཔར་བསྐྲུན་བྱས་ཡོད་ཅིང་། རྒྱ་བལ་འབྲུག་གསུམ་གྱི་བོད་པའི་སློབ་གྲ་རྣམས་ལ་དཔེ་དེབ་སྟོང་ཕྲག་བརྒལ་བ་ཞལ་འདེབས་སུ་སྤྲད་ཡོད་ལ། ཡ་མཚན་ཅན་གྱི་སྒྲུང་ཟེར་བ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མཚམས་སྦྱོར་ལྟ་ཀློག་བྱིས་སྒྲུང་གི་གྲས་སུ་འདེམས་ཡོད་། ལྷག་པར་དུ་། ངོ་མཚར་བའི་ལྡུམ་ར་ཟེར་བའི་སྒྲུང་དེ་༧གོང་ས་མཆོག་གི་ཁྱིའི་དངོས་སྒྲུང་གི་སྐོར་ཡིན།
དཔེ་དེབ་གསར་འབྱེད་ཀྱི་སྐོར་དབྱིན་ཡིག་ཏུ་འདི་ནས་ཀློགས།
རྩོམ་པ་པོ་སྒེར་གྱི་ཟིན་བྲིས།
གསར་བསྒྲག་ལ་བལྟས་ན་མགོ་སེར་འགུགས་ཐབས་ཤིག་རེད་བསམ་སོང་།བོད་ཡིག་ཐོག་དེ་འདྲ་སྒྲོག་གིན་
མི་འདུག གཞན་བཤད་ཡ་མེད།
ད་གང་ཤེས་ཚོགས་པ་སྒྲིགས་འཛུགས་ལས་སོགས་སྤང་ལ་ཤ་མོང་བརྡོལ་བ་བཞིན་ཡོང་བཞིན་འདུག་འོན་ཀྱང་དངོས་ཡོད་དཀའ་ངལ་གྱི་དོང་དུ་ལྷུང་བའི་བྱིས་པ་དེ་ཚོའི་མི་བཟོད་པའི་དཀའ་ངལ་དེ་ཟས་གོས་གནས་མལ་སློབ་སྦྱོང་སོགས་ལ་སྐྱོབས་པ་ཞིག་གནང་ཐུབ་ན་ཤིན་ཏུ་ནས་དགེ་མཚན་ཆེའོ།
རྗེས་སུ་ཡི་རངས་ཞུ།།
བསྟོད་འོས་བསྟན་རྡོར་ལགས་ཀྱིས་དེ་ལྟ་བུའི་ལས་བཟང་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། སྐུ་ཉིད་ཀྱིས་བོད་མིའི་རང་དབང་ཆེད་འབད་བརྩོན་ལྷོད་མེད་གནང་བར་ཐུགས་རྗེ་ཆེ་ཞུ་བ་དང་འབྲེལ། མུ་མཐུད་སེམས་ཤུགས་བསྐྱེད་དེ་དབྱར་ཆུ་དགུན་ལ་འཁྱོལ་བ་བཞིན་གནང་སྐྱོངས་ཡོང་བ་ཞུ།། །།
བྱིས་པའི་པ་དེ་བྱིས་བ་བ་རུ་བཟོས་ཚར་འདུག ད་ས་རྗེས་འཇུག་ས་ཕྱིས་ནས་བྱི་བ་བཟོས་ནས་བྱི་བ་དང་བྱིའུ་ཕྲུག་དག་སློབས་ཤིག
ཅི་ཞིག་ཤོད་ཀྱི་ཡོད་མིན་མི་ཤེས། བྱི་བ། བྱིས་པ། དག་ལ་རྨོངས་པ་ཡོད་ན།
བོད་པར། བོད་རྒྱ་ཚིག་མཛོད་ཆེན་མོའི་ལྡེབ་གྲངས་༡༨༨༧་ནང་དུ་གཟིགས་རོགས།
ལ་སྟོད་སྲས་ལགས།
་་་་༼བོད་རིགས་ཕ་མ་ཚོས་རང་གི་”བྱིས་བ་”རྣམས་འཁྲིད་ཡོང་རོགས།༽་་་་འདི་ལ་གཟིགས་ནས།
༤༽ ཀརྡོ་རབ་འབྱམས་པ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༤ གི་ཆུ་ཚོད་ ༢༠ སྐར་མ་ ༠༠
“བྱིས་པ”འི་པ་དེ་”བྱིས་བ་”བ་རུ་བཟོས་ཚར་འདུག ད་ས་རྗེས་འཇུག་ས་ཕྱིས་ནས་བྱི་བ་བཟོས་ནས་བྱི་བ་དང་བྱིའུ་ཕྲུག་དག་ལ་སློབས་ཤིག
༥༽ ལ་སྟོད་བུ་ནས།
སྤྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༡༤ གི་ཆུ་ཚོད་ ༢༠ སྐར་མ་ ༡༡
ཅི་ཞིག་ཤོད་ཀྱི་ཡོད་མིན་མི་ཤེས། བྱི་བ། བྱིས་པ། དག་ལ་རྨོངས་པ་ཡོད་ན།
བོད་པར། བོད་རྒྱ་ཚིག་མཛོད་ཆེན་མོའི་ལྡེབ་གྲངས་༡༨༨༧་ནང་དུ་གཟིགས་རོགས།
འདི་གཉིས་བསྡུར་ནས་ཀློགས་དང་། ཀུན་རླུང་རང་ཞིར་གྲོ་ཡོང་། ངས་བྱིས་པ་ལ་བྱིས་བ་བྲིས་པ་ནོར་འདུག་ལབ་ལ་་ཁྱེད་ཀྱིས་་་་་
རྒན་རབ་འབྱམས་པ་ཆེན་མོ་དག་གིས་ཅི་ཞིག་ལ་ལན་འདེབས་མིན་མི་ཤེས་གང་ལྟར་ངས་ནི་མི་བུ་འགའ་ཞིག་བྱིས་པ་དང་བྱི་བ་ལས་སོགས་ལ་རྨོངས་པ་ཞིག་ཡོད་པར་མཐོང་བར་བཤད་པ་ལས་ཁྱེད་ལ་ཞུས་མེད།
གང་ལྟར་རྟོག་ཚོགས་སྤྲིན་གྱི་ཕུང་པོ་དག་སེམས་ཉིད་ནམ་མཁའི་ཀློང་དུ་རང་ཤར་རང་གྲོལ་རང་ཡལ་རང་ཞིག་ཏུ་གྲོལ་གྱུར་ཅིག་གུ།
ལགས་སོ། ལགས་སོ། ལགས་སོ་ལགས།
འདི་ལྟ་བུའི་ལས་འགུལ་ལ་བསྔགས་བརྗོད་ཞུ་འོས་པ་མཐོང་། འོན་ཀྱང་ཡིག་ནོར། བྱིས་བ་མ་རེད། བྱིས་པ་རེད། ཕྱེད་ཀ་དབར་མ་རེད། ཕྱེད་ཀ་བར། རེད། སློབ་གྲ་མ་རེད། སློབ་གྲྭ་རེད། གྲས་སུ་འདེམས་ཡོད། གྲས་སུ་གདམས་ཡོད་ཅེས་འདས་པ་བྲིས་ན་ལེགས་པར་མཐོང་།
གཞན་གྱིས་ཡིག་ནོར་བྲིས་འདུག་ཟེར་བཞིན།
སོ་སོས་ཡིག་ནོར་བྲིས་འདུག
མིག་བརྒྱད་པ་ལགས།
ཡིག་ནོར་ཐོག་རྒྱུན་མཐུད་ནས་ཞབས་འདེགས་ཞུ་རོགས།
མིག་བརྒྱད་པ་ལགས།
ང་ལ་མིག་གཉིས་ལས་མེད་ཀྱང་གང་ཐུབ་འབད་བརྩོན་ཞུས་ཆོག
མིག་བརྒྱད་པ་ལགས།
མིག་གཉིས་པར་སྐྱོ་རོགས་མཛོད།
སྐད་ཡིག་གི་ནད་ཡམས་གཙང་སེལ་གནང་བར་ཡང་ཡང་ཕེབས་རོགས།།
མིག་བརྒྱད་པ་ལགས། བསྔགས་བརྗོད་ཞུ་འོས་པ་མཐོང་མ་རེད་”ཞུ་འོས་པར་མཐོང་”། གདམས་འདས་པ་མ་རེད་མ་འོངས་པ་རེད། དེ་ཐུགས་མཉམ་མ་བཞག་པ་འདྲ། དེ་ནས་དེང་སང་བསེ་རུ་ལགས་ཀྱིས་ཀྱང་བསེ་རུའི་བརྟུལ་ཞུགས་བཟུང་ནས་ཡིག་ནོར་གཏགས་ནོར་ལ་ཐུགས་སྣང་དེ་ཙམ་མཛད་ཀྱི་མེད་ཚོད་འདུག
ཡི་གེ་དག་དང་མ་དག་མང་པོ་འབྱུང་། ཡི་གེ་ཚང་མར་བལྟས་ཏེ། ད་ཡིན་ན་དག་པ་འགྲིགས་ཡོད་བསམས་ཏེ། སྤར་པའི་རྗེས་སུ་མ་དག་པ་མང་པོ་བྱུང་བ་མཐོང་མྱོང་། ཁྱེད་རྣམས་ཀྱིས་འདི་དག་འདུག འདི་དག་མི་འདུག་ཅེས་གཤགས་འགྱེད་པར་མཛད་ན། བོད་གངས་ཅན་པའི་ཡི་གེ་དག་པའི་སྙིང་པོའི་འོད་སྣང་ཆེན་པོ་ཞིག་བོད་ཆེན་པོའི་ཡི་གེའི་དག་ཆའི་མཁའ་དབྱིངས་སུ་འཆར་བ་ལ་ཕན་པར་མ་ཟད་གནོད་པ་ཞིག་མི་འབྱུང་བ་ཐག་ཆོད་ཡིན་འདུག བྲིས་ཆུང་ངུ་འདི་ལ་ཡང་བདག་གིས་དག་ཡོད་བསམས་ཀྱང་། གཞན་བློ་གྲོས་ཀྱི་སྤྱན་རས་གསལ་བ་ཞིག་གིས་གཟིགས་ན། དག་ཆ་ནོར་པ་མང་དུ་ཡོད་ངེས། གཉིད་ལོག་རན་འདུག མཚན་མོ་བདེ་ལེགས།
མགོ་བསྐོར་མགོ་གཡོག་རང་རེད།ཧེ་མ་ལ་ཡ་བཙན་བྱོལ་བོད་མི་ཚོས་སྐྱོབ་ཐུབ་ཀི་རེད་དམ།དེ་ཚོའི་གྲས་མི་རིགས་གཞན་པས་གོ་ན་ཁྲེལ་གད་ཤོར་ཀི་རེད།ཕྱི་རྒྱལ་བོད་མི་ཚོ་ཡ་མཚན་པ་ཅིག་ལ་ག་དུས་ཡིན་ན་འདི་འདྲ་འབྲེལ་མེད་དོན་གཞན་རྐྱང་སྒྲུབ་ནས་དུས་ཚོད་གཏོང་གི་ཡོད་རེད།
གོང་གི་སྐུ་མགྲོན་ཚོའི་གྲས་ཁ་ནས་ལྷག་དཀར་ལས་འགུལ་དང་བོད་སྐད་གཙང་མ་སོགས་མང་ཚོགས་ནང་སློབ་གསོ་མེ་འབར་འབར་གནང་གི་འདུག་མོད།བསམ་བློའི་གཏིང་ན་དེ་ཚོ་ཆབ་སྲིད་གཡོ་ཇུས་ཁོ་ན་ཅིག་ལ་བརྩི་ཀི་ཡོད་ས་རེད།ཁོ་རང་ཚོ་ནང་ཚགས་དང་མཐའ་ན་རྒྱ་གར་ནང་གི་ཁོ་ཚོའི་ཨབ་ཕྲུག་ཚོ་ཚུན་ཆད་ནང་ཕན་ཚུན་སྐད་ཆ་བཤད་སྐབས་ཅིག་ཡིན་མདོག་གིས་དབྱིན་སྐད་ཁོ་ན་བཤད་ཀི་འདུག་པས།tcvཀི་ཕྲུ་གུ་ཁ་ཤས་ལོ་ཤས་རིང་ཕྱི་རྒྱལ་དུ་སོང་ནས་ཕྱིར་ལོག་དུས་tcv ཀི་ཕྲུ་གུ་གཞན་ཁག་ཅིག་དང་གོ་བརྡ་མི་འཕྲོད་ཁུལ་བྱས་ཏེ་དབྱིན་ཇི་འདྲ་བརྒྱབ་ཁུལ་བྱབ་ཆུང་གི་བྱེད་སྟངས་དེར།དགོད་བྲོ་ལ་ངུ་ཡང་ཤོར་ཀི།
མ་དག་པ་ལ་སུས་བཅོས་ཀྱང་དགའ་བསུ་ཡོད། དག་བཅོས་ལ་རྒྱབ་སྐྱོར་ཆ་ཚང་ཡོད་ལགས།