—-ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོ།
༼ཧི་མ་ལ་ཡའི་གློག་བརྙན་འཁྲབ་སྟོན་པ་དོལ་པོ་འཕྲིན་ལས་ལྷུན་གྲུབ་སྐུ་གཤེགས་པར་རྗེས་དྲན་ཞུ།༽
ཕ་ཡུལ་དོལ་པོའི་བྱུང་རབས་རིང་ཤིང་ཞིང་འབྲོག་ཟུང་གི་རང་བཞིན་ལྡན། །
འཕྲིན་ལས་ལྷུན་གྲུབ་ས་མཐོར་སྐྱེས་ཤིང་ས་མཐོའི་འཚོ་བར་མྱོང་བ་ཟབ། །
ཨེ་རིག་མགོ་སེར་དྲན་འཕྲུལ་རྒོད་པས་རང་བཞིན་ཇི་མཐོང་གཏམ་རྒྱུད་བྲིས། །
‘’ཧི་མ་ལ་ཡ”འི་མཚན་སྙན་གླེང་ན་མེས་མེས་ཁྱེད་ཀྱི་གདོང་རིས་དྲན། །
སྦས་ཡུལ་དོལ་པོ་ས་སྒང་ཡོད་ཀྱང་ས་སྟེང་མི་ཡིས་མ་མཐོང་སྐབས། །
གཡག་དེད་ཚྭ་ཚོང་གཏམ་བརྗོད་འདི་ཡིས་དོལ་པོ་ཀུན་གྱི་ལྟད་མོར་བཤམས། །
ཡམ་བུའི་བོད་པས་མེས་མེས་ཁྱེད་ལ་ཕྱུ་པ་གོན་པའི་ཧི་རོར་འབོད། །
ལྷན་སྐྱེས་ཉམས་ཀྱི་སྒྱུ་རྩལ་དེ་ཡིས་ཁྱེད་ཀྱི་སྣང་བརྙན་སླར་ཡང་དྲན། །
བོན་ཆོས་ཁྱད་མེད་སྐྱབས་སུ་བཅོལ་ནས་བུ་རབས་བར་དུ་ཞི་བདེས་གནས། །
དཀར་ནག་རྒྱ་ཡི་ཆལ་ཆོལ་མ་འདྲེས་རང་གི་རིག་གཞུང་གཙང་མར་ལྷག །
མར་དང་རྩམ་པའི་བཅུད་ལ་རོལ་ཞིང་རང་སྐད་རང་རྐྱ་ཚུགས་ཐུབ་སྤྱོད། །
ཕ་ཡུལ་དོལ་པོ་རང་བཞིན་ལྷན་དུ་”ཀ་རཱ་ཝཱན་”མེས་མེས་སེམས་ལ་ཤར། །
མང་ཉུང་རན་པའི་སྟོང་སྐུད་བཀྲིས་ཤིང་འཛུམ་དང་དགོད་ཀྱི་བག་ཡང་ཅན། །
རིང་ཐུང་མཉམ་པའི་ཨག་ཚོམ་དེ་ཡིས་ཁྲོས་ན་དཔོན་གྱི་རྔམ་བརྗིད་ལྡན། །
གདོང་རིས་གཉེར་མའི་རི་མོ་རེ་ལ་རོང་འབྲོག་འཚོ་བའི་བདེ་སྡུག་མངོན། །
མཐོ་དམན་འཚམས་པའི་ཕྱུ་པའི་གོས་བཅས་ཁྱེད་ཀྱི་སྣང་བརྙན་སེམས་ལ་ཤར། །
ཁྱེད་ཉིད་གཤེགས་པའི་གནས་ཚུལ་ཐོས་ཕྲལ་གློ་བུར་སེམས་ལ་ཡིད་མ་ཆེས། །
འཕྲང་དོག་རི་གཟར་ཆུ་བོ་བྲུག་པའི་རྐང་ལམ་དེ་ལ་གཏིང་ནས་ཁོང་ཁྲོ་སྐྱེས། །
འཆི་བ་འདི་ལ་གཡོལ་ཐབས་དཀའ་ཡང་གློ་བུར་བཞུད་ལ་ཧ་ཅང་འཕང་། །
ཐག་རིང་འདི་ནས་བྱ་ཐབས་ཟད་ཀྱང་བསྔོ་སྨོན་སྒྲོན་མེས་སྐྱེལ་མ་ཞུས། །
ཆོས་འཁོར་ཚང་གཡུང་དྲུང་རྒྱ་མཚོས ༢༠༡༦། ༥། ༢ ཉིན།
༅༅། གསན་དང་གསན་དང་ལག་འཁྱེར་སྒམ་ཆུང་ཡིད་འོང་ལགས།།
ཁ་ལ་ཟ་ལོང་འཐུང་ལོང་མེད་པར་ལག་འཁྱེར་ཁ་པར་ཁྱེད་ལ་འཐམས།།
ག་ས་ག་ནས་བརྡ་འཕྲིན་འབྱོར་ནས་གཡོག་པོ་ལས་འབྲེལ་ཁྱེད་ཀྱི་བཟོས།།
ངོ་ཐུག་བྱེད་རྒྱུ་དངོས་སུ་མེད་ཀྱང་གཏམ་གླེང་བྱེད་སའི་སྒམ་ཆུང་ཁྱེད།།
ཅ་དངོས་ཆུང་ཡང་གོ་ཆོད་ཆེ་བས་ནོར་བུ་དགོས་འདོད་ཀུན་འབྱུང་འདྲ།།
བགྲེས་པོ་ཁོང་ལ་མྱ་ངན་ཞུ།
༅༅། གསན་དང་གསན་དང་ལག་འཁྱེར་སྒམ་ཆུང་ཡིད་འོང་ལགས།།
འདི།
ཀ་ཡེ་གསན་དང་ལག་འཁྱེར་སྒམ་ཆུང་ཡིད་འོང་ལགས།།
བྱུང་ན།
https://www.youtube.com/watch?v=mbeeEo09A5A
རང་གི་རྩ་ཆེའི་རིག་གཞུང་གོམས་སྲོལ་ལ་།
སྤྲོ་སྣང་འཕེར་བའི་འཚོ་བ་སྦྱིན་མཁན་ཁྱེད་།
སྐུ་ལུས་ཕུང་པོ་མི་ཡུལ་སྟོང་ཟིན་ཀྱང་།
སྒྱུ་སྩལ་འཁྲབ་གཞུང་ཕྱག་རྟགས་བཞག་ནས་བཤེགས་།
དཔྲས་པའི་རི་མོས་མི་ཚེའི་གྲངས་བྱ་བསྟན་ན་ཡང་།
བཅོས་མའི་འཛུམ་མདངས་འདི་ཡིས་མི་ཚེར་སྤྲོ་བ་སྟེགས་།
ཧི་མ་ལ་ཡེའི་བོད་ཀྱི་རིག་གཞུང་ལེགས་མོ་འདིའི་།
བང་ཆེན་སྤྲོ་བ་ཅན་ལ་ཡིད་ནས་རྗེས་དྲན་ཞུ་།
དོལ་པོའི་རྒད་པོ་དེ་ལ་མྱ་ངན་ཞུ། དོལ་པོའི་ལོ་རྒྱུས་ལྟར་ན་བོད་མངའ་རིས་ཀྱི་ཁོངས་གཏོགས་ཡིན། དུས་ད་ལྟ་ཡང་བོད་པའི་ཆོས་རིག་གི་གོམས་གཤིས་བཟང་པོ་ཡོད། ཇོ་ནང་པའི་ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་འཁྲུངས་ཡུལ་ཡིན།
དོལ་པོ་ནི་བལ་ཡུལ་ནང་གི་ཧི་མ་ལའི་མ་རིགས་མང་པོ་ཞིག་ཡོད་པ་ལས་བོད་ཀྱི་རིག་གཞུང་གཙང་མ་སྤྱོད་ཁན་གྱི་མི་རིགས་ཞིག་རེད།