སྤོབས་པ་མཐའ་ཡས།
ཨ་ནེ་ཆོས་དབྱིངས་སྒྲོལ་མ་ནི་༡༩༧༡ལོའི་ཟླ་བ་༦པའི་ཚེས་༤་ཉིན་བལ་ཡུལ་གྱི་རྒྱལ་ས་ཀ་གྲུ་ནམ་དུ་རུ་སྐྱབས་བཅོལ་བོད་མིའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་ན་བཅུ་གཉིས་སུ་སོན་སྐབས་རབ་དུ་བྱུང་ནས་རྒྱལ་སའི་ཐོད་ཀྱི་རི་ངོས་སུ་ཆགས་པའི་སྣང་དགེ་དགོན་པ་རུ་ཞུགས། སྤྲུལ་སྐུ་ཨུ་རྒྱན་རིན་པོ་ཆེ་དང་ཁོང་གི་སྐུ་ཟླ་སོགས་དགེ་རྒན་རྣམས་ལ་བརྟེན་ནས་དགོན་པའི་ཆོ་ག་འདོན་དབྱངས་སོགས་སྦྱངས་པ་མཐར་ཕྱིན་བྱས། ༡༩༩༤ཙམ་ནས་མོ་རང་གི་མགུར་དབྱངས་འཁོར་ཐག་བཟོ་བསྐྲུན་བྱེད་མགོ་ཚུགས།
རང་བྱུང་བརྗིད་ཆགས་ལྷོད་དུ་བབ་པའི་སྙན་འགྱུར་དང་། ནང་པ་སངས་རྒྱས་པའི་བྱམས་བརྩེ་དང་ཞི་བདེའི་དོན་སྙིང་ལྡན་པའི་མགུར་མ་དང་། གཟུངས་སྔགས་གྱེར་འདོན། རོལ་དབྱངས་འབུད་དཀྲོལ་གྱིས་མིའི་སེམས་ཁོངས་སུ་ཞི་བདེ་དང་ངལ་གསོའི་དགའ་བ་བཅོས་མིན་དུ་སྟེར་བས་མོ་དང་མོའི་གླུ་གཞས་ཀྱི་སྙན་གྲགས་ཀྱིས་བལ་ཡུལ་རྒྱལ་ཁོངས་ནས་བརྒལ་དེ་འཛམ་གླིང་གི་ཕྱོགས་ཀུན་དུ་ཁྱབ་དེ་གཟེངས་རྟགས་ཀྱང་མང་པོ་བཞེས།
ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་ལ་གསུངས་སྐད་སྙན་མོ་ཞིག་དང་གླུ་མགུར་ལ་བྱང་ཆ་ལྡན་པ་དེ་ནི་དེ་ཙམ་གྱི་གླེང་རིན་ཡོད་པ་ཞིག་མིན། ཆེས་ཤིན་ཏུ་གདེངས་འཇོག་བྱ་འོས་པ་དེ་ནི་ཁོང་གི་ཆེས་ངོ་མཚར་ཆེ་བའི་རེ་བ་དང་། ཕུགས་བསམ། དམིགས་ཡུལ་དེ་ནི་རང་ཉིད་ཀྱི་ནུས་པ་དང་། འཇོན་ཐང་། ནུས་ཤུགས་ཡོད་ཚད་ཀྱིས་གཞན་ལ་ཕན་བདེ་བསྐྲུན་རྒྱུ་དེ་རེད། ཤེས་རིག་དང་། འཕྲོད་རྟེན། ཞི་བདེ་བཅས་ཁྱབ་སྤེལ་གྱི་ཐུགས་འདུན་ཟབ་མོ་ཞིག་ཡོད་པ་དེ་རེད། མི་ལ་རེ་བ་དང་ཕུགས་བསམ་ཡོད་པ་ཙམ་གྱིས་མི་ཆོག་པར་རྨི་ལམ་ཞིག་མངོན་དུ་འགྱུར་བ་ལ་དཀའ་བ་ཁྱད་བསད་དང་ངལ་བ་དང་ལེན་གྱིས་འབད་བརྩོན་ལ་སྐྲག་མི་རུང་བ་ཞིག་ཡིན་སྟབས་ལོ་ན་གཞོན་པའི་ཆོས་དབྱིངས་སྒྲོལ་མས་རྩ་བའི་བླ་མའི་ཐུགས་བཞེད་སྒྲུབ་པ་དང་རང་ཉིད་ཀྱི་མི་ཚེ་ལ་སྙིང་པོ་ལེན་པའི་ཆེད་དུ་ཕྱི་ནང་གི་འགོག་རྐྱེན་ཚང་མར་གདོང་ལེན་བྱས་ནས་གཞན་ཕན་སྒྲུབ་པའི་ལས་འགུལ་སྤེལ་བར་སེམས་ཐག་བཅད།
༢༠༠༠ལོ་ནས་ཨརྱ་ཏ་ར་སློབ་གྲྭ་གསར་འཛུགས་གནང་། དེ་ཡང་ཐོག་མར་བཙུན་མ་བདུན་ལས་མེད་ཀྱང་རིམ་གྱིས་ཐོག་བརྩེགས་ལྔ་ཡོད་པ་ལ་འཛིན་ཁང་ཁ་ཤས་དང་། བསམ་གཏན་སྒོམ་ཁང་། དཔེ་མཛོད། གློག་ཀླད་ཁང་། ཐབ་ཚང་། གསོལ་ཚིགས་ཁང་། མཛོད་ཁང་། ལས་ཁང་། བཙུན་མ་ལྔ་བཅུ་ལྷག་གི་གཟིམ་ཤག་སོགས་ཆ་རྐྱེན་ཀུན་ལྡན་གྱི་སློབ་གླིང་ཞིག་གསར་བཞེངས་ཐུབ་པ་བྱུང་འདུག ༢༠༡༠ལོའི་ཟླ་༤པའི་ཚེས་གསུམ་ཉིན་ནི་སློབ་གྲྭ་དེ་བཙུགས་ནས་ལོ་༡༠འཁོར་བའི་དུས་ཆེན་ཡིན་པར་བརྟེན་སློབ་གྲྭ་རུ་མཛད་སྒོ་སྤེལ་སྐབས་སུ་བཙུན་མ་ལོ་ན་ཆུང་བ་ཚོས་ཆོས་མགུར་དང་རོལ་ཆ་འབུད་དཀྲོལ་གཟིགས་འབུལ་ཞུས་པ་དང་། ཐང་ཀ་འབྲི་སྦྱོང་སྡེ་ཚན་ནས་རི་མོ་བཤམ་སྟོན་གནང་། སྐབས་དེ་བལ་ཡུལ་གྱི་དཔོན་རིགས་མཐོ་གྲས་ཁ་ཤས་དང་། ཀ་ཏྲུ་མན་དུར་ཡོད་པའི་འཇར་མི་ནིའི་གཞུང་ཚབ་ཆེན་མོ་སོགས་ཀྱང་ཕེབས་འདུག བཙུན་མ་ཆོས་དབྱིངས་སྒྲོལ་མ་ལགས་ཀྱི་རེ་བ་ལ་མོ་རང་གི་བཙུན་མའི་སློབ་གྲྭ་ནས་བཙུན་མ་ལྷ་བྲིས་པ་ཚད་ལྡན་དང་། ནང་ཆོས་འཆད་སྤེལ་མཁས་པ། དེང་རབས་ཀྱི་འཕྲོད་རྟེན་ཤེས་ཡོན་ལ་མཁས་པ་སོགས་འཚར་ལོངས་ཐུབ་པ་དང་། དེ་དག་ཕྱིས་སུ་ཆ་རྐྱེན་ཞན་པའི་གྲོང་གསེབ་ཁག་ཏུ་མངགས་གཏོང་གིས་གཙང་སྦྲ་འཕྲོད་རྟེན་དང་། ཤེས་ཡོན་སློབ་གཉེར། ལྷག་པར་ཡང་བུད་མེད་ཀྱི་ཤེས་ཡོན་སློབ་གསོ་གོང་འཕེལ་བཅས་ལ་ནུས་པ་ཐོན་ཐུབ་པའི་ཡིད་ཆེས་ཡོད་གསུངས།
ཨ་ནེ་ཆོས་དབྱིངས་སྒྲོལ་མའི་རང་རྣམ་དེབ་དེ་ཚོང་རྒྱུག་ཆེ་བའི་གྲལ་དུ་ཚུད་ནས་སྐད་ཡིག་བཅུ་གཅིག་གི་ནང་དུ་དཔར་བསྐྲུན་བྱས་ཡོད། ཆོས་དབྱིངས་སྒྲོལ་མས་བལ་པོའི་སྐད་ཡིག་དང་། བོད་སྐད་ཡིག། དབྱིན་ཇིའི་སྐད་ཡིག། ཧིན་དི་བཅས་འབྲི་ཀློག་འཆད་གསུམ་ལ་ཐོགས་པ་མེད་པས་འཛམ་གླིང་གི་མི་སྣ་མང་པོར་འབྲེལ་གཏུག་གིས་ལས་དོན་བསྒྲུབ་པར་ས་ཆོད་ཧ་ཅང་ཆེ།
བལ་ཡུལ་དུ་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པར་བརྟེན་ཨ་ནེ་ཆོས་དབྱིངས་སྒྲོལ་མ་རང་གི་མ་ཡུམ་དེ་མཁལ་མའི་ནད་གཞིར་བརྟེན་ནས་གྲོངས་པར་བརྟེན་མ་ཡི་དྲིན་ལན་བསབ་པ་དང་བཀའ་དྲིན་རྗེས་སུ་དྲན་པའི་རྟེན་དུ་བལ་ཡུལ་དུ་མཁལ་མའི་ནད་གཞི་བཅོས་སྲུང་གི་སྨན་ཁང་ཆ་རྐྱེན་ཚང་བ་ཞིག་བཙུགས་ནས་རིན་མེད་ཀྱི་སྨན་བཅོས་གནང་བཞིན་མཆིས། སྨན་ཁང་དེར་མཁལ་མ་བརྗེ་སྤོར་སོགས་ཀྱང་བྱེད་པའི་ཆ་རྐྱེན་ཡོད། དེ་བཞིན་དུ་བལ་ཡུལ་བུད་མེད་དབུལ་ཕོངས་དང་བཙན་གཡེམ་དང་ཆགས་སྤྱོད་ཀྱི་གནོད་འཚེ་ཕོག་ཡུལ་རྣམས་ལ་སློབ་གསོ་དང་། སྨན་བཅོས། ཟས་གོས་གནས་མལ་གྱི་ཆ་རྐྱེན་སྦྱོར་བ་སོགས་ཀྱང་གནང་བཞིན་ཡོད།
ཆེས་ཤིན་དུ་དོ་སྣང་བྱེད་པར་འོས་པ་ཞིག་ནི་ཨ་ནེ་ཆོས་དབྱིངས་སྒྲོལ་མ་ལགས་ཀྱིས་ད་དུང་ཡང་སློབ་སྦྱོང་གནང་གིན་འདུག ད་དུང་ཡང་མོའི་ལས་གཞི་རྒྱ་སྐྱེད་གནང་གིན་འདུག བྱ་བ་མང་པོ་ཞིག་ཀྱང་ལམ་ལྷོངས་ཡོང་བཞིན་པའི་སྒང་རེད། རྱ་ཏྰ་ར་སློབ་གྲྭ་བཞེངས་ཟིན་ཞིང་ཆོས་རིག་སློབ་གཉེར་ཙམ་དུ་མ་ཟད་རྫས་འགྱུར་མ་འདྲེས་པའི་ལོ་ཏོག་ཚལ་རིགས་འདེབས་འཛུགས་སོགས་ཀྱང་མགོ་འཛུགས་གནང་ཟིན་འདུག མཁལ་མའི་སྨན་ཁང་ཡང་ཕལ་ཆེར་བཞེངས་བསྐྲུན་ཆ་ཚང་གྲུབ་འདུག སྒྲུབ་གྲྭ་ཞིག་ཀྱང་འཛུགས་པའི་འཆར་གཞི་འགོད་ཀྱིན་མཆིས། མོ་རང་གི་རེ་འདུན་གྱི་རྨི་ལམ་ཆེན་པོ་དེ་དག་མངོན་དུ་མ་གྱུར་བར་དུ་ཁོང་གི་འབད་བརྩོན་མཚམས་འཇོག་ནམ་ཡང་གནང་འདོད་མི་འདུག
ཨ་ནེ་ཆོས་དབྱིངས་སྒྲོལ་མས་རྒྱལ་སྤྱིའི་ཐོག་མགུར་དབྱིངས་འཐེན་ནོ་ཡག་པོ་རེད། ཡིན་ནའང་ད་ལོ་རྒྱ་ནག་ལ་མགོ་འདོགས་བྱས་ནས་རྒྱ་གཞུང་གོ་བསྒྲིགས་འོག་སོང་ནས་མགུར་འཐེན་པ་ནི་ཇི་འདྲའི་འཇིགས་པོ་ཞིག་རེད། ཡིན་ནའང་སྤོ་མཐའ་སོགས་ཀྱིས་ཡང་དེ་ལ་དྲང་ངེས་འབྱེད་བགྱི་ལོས་ཡིན།
རྒྱ་ནག་ལ་གཞས་གཏོང་བར་ཕྱིན་པ་ཡིན་ན་རྩ་བའི་དམ་བཅའ་དང་རྒྱབ་བརྒལ་ཆགས་འདུག དེང་སང་དངུལ་བྱུང་ན་གང་ལའང་ལྟོས་མེད་རེད། མོའི་ལུས་ནང་བོད་ཀྱི་ཁྲག་རྒྱུན་རྒྱུགས་བཞིན་ཡོད་ཀྱང་། འགྲོ་འདུག་སྤྱོད་གསུམ་དང་། བསམ་བློའི་ཁྱེར་སོ་ཚང་མར་བོད་དྲི་མེད། བལ་པོ་འཁྲུལ་མེད་གཅིག་རེད། བཙན་བྱོལ་ཁྲོད་ཀྱི་བོད་ཀྱི་དགེ་འདུན་ཁྲི་་ཕྲག་མང་པོའི་ཁྲོད་སྐད་སྙན་པོ་དང་འགྱུར་ཁུག་ལེགས་པའི་དགེ་འདུན་པ་མང་པོ་ཡོད་ཀྱང་། ཁོ་ཚོས་རྩ་བ་བོར་ནས་ཡལ་ག་བཟུང་མི་འདུག ཁོ་ཚོའི་ཐུགས་ལ་ཆང་དང་གླུང་གར་རོལ་མོ་བྱེད། ཅེས་པའི་སྡོམ་ཚིག་ཅིག་བཟུང་ཡོད།
སྤོབས་པ་མཐའ་ཡས་ཀྱི་གསུངས་ལ་ཡི་རང་དང་ཨ་ནེའི་ཕུག་བསམ་འགྲུབ་པའི་སྨོན་ལམ་ཡོད། ད་དུང་མགུར་གླུ་དང་རོགས་སྐྱོང་གནང་བར་འཚལ། །
ཨ་ཎི་ཆོས་དབྱངས་སྒྲོལ་མས་བོད་པའི་བྱིས་པ་གཉོར་གཞས་སོགས་གཏོང་བའི་གྲ་སྒྲིག་ཅིག་ལོ་ཤས་གོང་ནས་གནང་གི་འདུག དེའི་སྐོར་གྱི་སྒྲ་ཐག་འདྲ་ཐོན་ཡོད་ལས་ཆེ། དེའི་སྐོར་ནས་ཤེས་མཁན་ཚོས་ལན་རེ་གནང་རོགས།
ཨ་ནེ་ཡག་པོ་འདུག ཆང་དང་གླུ་བྲོ་དང་ཚོང་ལས་དེ་ཚོ་སྤྱིར་རབ་བྱུང་རྣམས་ལ་དགག་བྱ་ཞིག་ཡིན་ཡང་བོད་རང་དང་སྤྱི་ཚོགས་ལ་ཕན་ན་དགོས་པ་དགའ་བྱ་ཞིག་བརྩི་ཆོག
ཉེ་སྔོན་དྲ་གྲོགས་ཤིག་གིས་ངོ་དེབ་དུ་ཨ་ནི་ཆོས་དབྱིངས་སྒྲོལ་མའི་མགུར་དབྱངས་ཚན་པ་ཞིག་བཞག་འདུག་པ་དེས་ངའི་ཡིད་དབང་རབ་ཏུ་འཕྲོག་སོང་།
དེ་ནས་མེག་ལོར་སྲང་ལམ་དུ་ཁོ་མའི་མགུར་དབྱངས་འཚོལ་དུ་སོང་ནས་གཅིག་ཉོས་པ་ཡིན། དངོས་གནས་སེམས་ལ་ཞི་བདེའི་ཚོར་བ་ཞིག་སྦྱིན་སོང་། ཕྱི་ཉིན་ནས་ཟ་ཁང་དུ་མགུར་དབྱངས་དེ་ཉིན་འགར་བཏང་བས་ཕྱི་གླིང་བ་དང་ཁོ་རི་ཡའི་མགྲོན་པོ་མང་པོས་ཡག་པོ་འདུག་ཟེར་ནས་ཉོ་རུ་ཕྱིན་སོང་།
ད་འདི་ནས་ཨ་ནི་ཆོས་དབྱངས་སྒྲོལ་མའི་སྐུ་ཚེ་རིང་ཞིང་བསམ་དོན་འགྲུབ་པའི་སྨོན་ལམ་འདེབས།
སྤོབས་པ་མཐའ་ཡས་ལགས་ཀྱི་ངོ་སྤྲོད་རྩོམ་ཡིག་ཀྱང་ཡག་པོ་བྲིས་འདུག་པས་ཁྱོད་ལའང་བཀའ་དྲིན་ཆེ་ཞུས་པ་ཡིན།
ཡ་ད་ཡིན་ངས་མ་གོ་བ་མང་པོ་ཁྱེད་རྣམ་པས་གོ་འདུག བོད་ཀྱི་གདན་ས་ཆེན་པོར་ཁས་འཆེ་མཁན་དེ་ཚོས་ཀྱང་གསང་སྔགས་ཀྱི་དཀྱིལ་འཁོར་བཤམ་སྟོན་དང་གར་འཆམས་ཁྲོམ་སྟོན་སོགས་ནི་ཡོང་སྒོ་བསྡུ་བྱེད་ཆེ་ཤོས་རེད། ཆོས་དབྱིངས་སྒྲོལ་མས་གླུ་བླངས་པ་ལ་ཉེས་པ་དེ་ཙམ་ཆེ་དོན་ག་རེ་ཡིན་ནམ། བལ་པོ་ཟེར་བ་འདི་དེང་སྐབས་དཀའ་ངལ་ཆེ་དུས་ཤིག་རེད། འདི་ཚོར་ཕན་རེ་ཐོགས་ན་བླ་མ་ཆོས་པ་ངོ་མ་དེ་དེ་ཚོ་རེད། རིས་མེད་བྱེད་དགོས་ན་མི་རིགས་རིས་མེད་བྱ་རྒྱུ་དེ་གལ་ཆེན་རེད། གལ་ཆེ་ཤོས་དེ་སུ་ལ་ཕན་ཐོགས་དང་མི་ཐོགས་རེད། རྒྱ་ནག་དང་བལ་པོ་ལ་འབྲེལ་བ་ཡོད་ནས་སྡུག་རྒྱུ་ཅང་ཡོད་པ་མ་རེད། ཟམ་གདོང་སྤྲུལ་སྐུས་བླ་མ་གྲྭ་བ་ཆབ་སྲིད་ལ་མ་ཞུགས་ཟེར་ནས་འབོད་སྐུལ་ཞུས་པ་དེ་ད་དུང་ཡང་གོ་མེད་དམ།
དེ་རེད། བཟོད་རྒྱམ་འདིས་ཅི་མ་བདེན། ང་ཚོས་རང་གི་མིའི་རིན་ཐང་མཐོང་གིན་ཡོད་པ་མ་རེད། ས་སྐྱ་པཎ་ཆེན་གྱིས། ཙན་ཏན་གསེར་ལས་རིན་ཆེ་བ༎བླུན་པོས་སོལ་བར་བཟོས་ལ་ལྟོས༎གསུངས་པ་ཡང་འདི་འདྲ་ཞིག་ལ་ཟེར་གྱིན་ཡོད་པ་རེད།
ཨ་ནེ་ཆོས་དབྱངས་སྒྲོལ་མས། བལ་ཡུལ། བོད། རྒྱ་ནག་དང་རྒྱ་གར། ནུབ་ཕྱོགས་སོགས་གང་དུ་ཕེབས་ནས་རོལ་དབྱངས་དང་། གདོན་རྟ་དབྱངས་སོགས་གང་བྱེད་ཀྱང་། ངས་དགའ་བསུ་དང་རྒྱབ་སྐྱོར་ཡོད།
ཁྱོད་ཚོས་གཞན་ག་རེ་བཤད་ན་བཤད། ཨ་ནེ་འདི་ལ་ཁ་གཏོང་ཡོང་ན་མི་འགྲིག་ངོ་མ་ཡིན།
ཡ་ད་ཁ་བརྡ་ཚང་ནང་སྟོན་གཉིས་པ་སླེབས་ཚར་འདུག དམ་བཅོས་འདུལ་བ་ལ་བཟོ་བཅོས་བརྒྱབ་སྟེ་རབ་ཏུ་བྱུང་བ་ལ་གླུ་གར་རོལ་མོའི་གནང་བ་བྱིན་ཟིན་འདུག
སྐད་ཆ་ཆོ་མེད་ཤོས་རྒྱུ་ཡོད་པ་མེརད། སུ་ལ་ཕན་ཀྱང་དེས་འཐུས་ཟེར་བ་འདིས་ཆེས་ཐབས་རྡུགས་དང་འགན་མ་ཁྱེར་བའི་སྐད་ཆ་རེད། འོ་ན་རྒྱ་ནག་དམར་པོར་ཕན་ཐོགས་ན་བོད་བློས་གཏོང་དགོས་སམ། རྒྱ་དམར་ལ་ཕན་ཐོགས་རྒྱུའི་ཆེད་བོད་ཀྱི་བདེན་མཐའ་བརྩོད་རྒྱུ་མཚམས་འཇོག་དགོས་སམ། ཧ་ཧ། ད་ཁྱེད་རང་ཚོ་རིས་མེད་བྱོས། ཉེ་ཆར་ས་ར་མཐོ་སློབ་ཏུ་རང་ངོ་རང་ཤེས་ཀྱི་ཚོགས་འདུ་འཚོགས་པ་བརྗེད་ཚར་རམ། ཏག་ཏག་རེད། བལ་པོ་སྐྱོ་དྲགས་ཐག་ཆོད་ནས་ཉེ་ཆར་བོད་པའི་འོས་སྒམ་འཕྲོགས་ནས་གཞན་ལ་བཙོངས་འདུག
བལ་པོ་ལས་སྐྱོ་བ་ང་ཚོ་རེད། སོ་སོའི་ལུང་པ་མིའི་ལག་ཏུ་ཤོར་ཡོད། བལ་པོ་ག་ཚོད་སྐྱོ་ཡང་སོ་སོའི་ལུང་པ་རང་ལག་ཏུ་ཡོད།
ང་གི་ཡང་འདི་ན་བསམ་ཚུལ་ཞིག་བཤད་འདོད་བྱུང་།
སྤྱིར་བལ་ཡུལ་ནང་དུ་རི་འབའ་འབུར་དུ་ཡོད་དང་། ས་སྡེ་སྡེ་གང་ཡོད་སར་བོད་པའི་བླ་སྤྲུལ་དང་དགེ་བཤེས་ག་གེ་མོ་རེས་དགོན་པ་ཐེབ་རྡོག་ཙམ་རེ་བརྒྱག་ནས་དེའི་ནང་དུ་གྲྭ་བཙུན་འདྲེས་མིའི་ཚུལ་དུ་བོད་སྐད་ཤེས་ལ་མ་ཤེས་པ་དང་། ཆ་ལུགས་རབ་བྱུང་དང་སྔགས་པ་གང་ཡིན་མི་ཤེས་པ་ལྔ་བཅུ་དང་བརྒྱ་ཡན་མན་ཙམ་རེ་ཉར་ནས། རང་ཉིད་ཀྱིས་དེ་ཚོང་རྫས་རེ་བྱེད་ནས་བྷོ་དྷ་དང་རྒྱལ་ས་སོགས་སུ་ཁང་པ་ཐོགས་རྩེགས་མང་པོ་ཡོད་པ་རེ་བརྒྱག་ནས། གཡོག་པོ་དང་གཡོག་མོ་དེ་བཞིན་དུ་མཁའ་འགྲོ་མ་དང་། བདག་མོ་སོགས་ཀྱི་ཡོངས་སུ་བསྐོར་བཞིན་ཕྱི་རྒྱལ་ཁག་ཏུ་ཕར་འཕུར་ཚུར་འཕུར་བྱེད་བཞིན་པ་འདི་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན། ཨ་ནེ་མོ་ཡང་དེའི་ནང་གི་གཅིག་ཡིན་པ་རེད། ངས་གོ་ཚོད་ལ་ཁོང་ལོ་ན་ཆུང་དུས་ཕྱི་རྒྱལ་འགྲོ་མཁན་གྱི་མཁན་སྤྲུལ་དེ་ཚོའི་མཉམ་དུ་ཤི་མ་ཤི་འཁྲབས་ཀྱི་ཡོད་པའི་གནས་ཚུལ་ཡང་ཐོས་མྱོང་།
སྟོན་པས་གར་སོགས་གསུམ་དང་ཕྲེང་སོགས་སུམ་རབ་བྱུང་གི་དགག་བྱ་ཡིན་པར་གསུངས་བཞིན་དུ་བཙུན་མའི་མིང་ཐོག་ནས་གླུ་གཞས་གཏོང་ཡ་འདི་རབ་བྱུང་གི་བྱེད་ཆོག་པ་ལྟ་བུའི་ཡོངས་ཁྱབ་ཀྱི་འཛམ་གླིང་སྒང་ལ་ཁྱབ་བསྒྲགས་བྱེད་ནས་དངུལ་བསྡུ་རུབ་བྱེད་པ་ལ་ཡིད་རང་རྩ་བ་ནས་མེད། གང་ཡིན་ཞེ་ན་སྟོན་པའི་བསྟན་པ་འདི་ཉིད་ལ་བསྲེས་སླད་ཚད་མེད་པ་ཞིག་བཏང་པས་སོ།
གལ་ཏེ་ཁོང་གི་མགུལ་དབྱངས་སྙན་མོའི་ཐོག་ནས་པད་ཤག་འཚོལ་སྒྲུབ་བྱེད་འདོད་ན། གཟམ་ཤམ་ཕུད་ནས་བོད་ལྭ་གོས་ཆེན་གྱི་ཟུར་ཤན་ཡོད་པ་ཞིག་དང་འབུ་རས་ཀྱིས་སྟོད་ཐུང་རྒྱ་སྨུག་ཉམ་ཆགས་པོ་ཞིག་གོན་ནས་སམ། དེ་ལྟར་མ་བྱུང་ནའང་གོས་ཐུང་འཇིང་ཛི་རླ་ཤ་དམ་པོར་བསྡམས་འདུག་པ་ཞིག་དང་། སྟོད་གོས་ཕུང་མེད་ནུ་མ་འབུར་དུ་དོད་བསྡད་པ་ཞིག་གོན་ནས་འཛམ་གླིང་གི་སྡིང་ཆ་སྟེང་དེང་དུས་ཀྱི་འཛམ་གླིང་གྲགས་ཅན་གླུ་མ་ཚོ་འདྲ་པོ་ཞིག་བྱས་ནའང་རྗེས་སུ་ཡི་རངས་ཚད་མེད་ཞུ་འོས། ད་དུས་དེའི་ཡོངས་བབ་ཀྱིས་སྤྱི་ཚོགས་ལ་ཕན་པའི་ལས་ཀ་རེ་བྱས་ན་དེ་ལས་ཀྱང་ལག་ཐལ་མོར་སྦྱར་ནས་བསྔགས་འོས།
སྤྱིར་འདུལ་བ་ཡུལ་དུས་དང་བསྟུན་ཟེར་བའང་ཡོད། ཡང་འདུལ་བ་ནི་མཉན་ཡོད་ཀྱི་ཁྲིམས་ཞིག་ཡིན་པར་བརྟེན་ཧ་ཅང་གལ་ཆེན་དུ་མི་བརྩི་བའི་རིགས་ཤིག་ཀྱང་ཡོད། གང་ལྟར་འདུལ་བ་ནི་ཁྲིམས་ཞིག་རེད་ཁྲིམས་དེར་ཞུགས་ནས་ངེས་པར་དུ་ཆོས་སྒྲུབ་དགོས་པ་ལས། ཁྲིམས་དེར་འཇུགས་ནས་ཆོས་མ་བསྒྲུབས་ནས་ཧ་ཅང་གནས་སྟངས་སྐྱོ་བོ་རེད། ཨ་ནི་ཆོས་དབྱིངས་ལགས་གར་ཕྲེང་སོགས་དང་འགལ་བ་ཡིན་མདོགས་མ་བྱེད། བོད་མིས་བླ་རྒན་འཚོས་སྲིད་དོན་བསྒྲུབས་ནས་མིའི་ཚེ་སྲོག་གི་ཕྱག་ལས་གནང་བ་ལས། ཨ་ནི་ཆོས་དབྱིངས་ཀྱིས་ཞི་འཇམ་གྱི་གཞས་བཏང་ནས་གཞན་ལ་ཕན་པ་སྒྲུབ་པ་བཟང་ངེས་རེད།
བལ་ཡུལ་དུ་དགོན་སྡེ་ཆུང་ཆུང་རེ་བཟོས་ཤིང་དེའི་ནང་དུ་གྲྭ་བཙུན་བརྒྱ་ཉིས་བརྒྱ་བསྡུས་ནས་ཚོང་རྒྱག་གིན་འདུག་ཅེས་ཟེར་བའང་དེ་ཙམ་དགོས་པ་ཡོད་པའི་གཏམ་ཞིག་མ་རེད། གྲྭ་བཙུན་བརྒྱ་འམ་ཡང་ན་ཉིས་བརྒྱ་དེ་ལ་བོད་པའི་སྐད་དང་ཡི་རིགས་ཀྱི་ཤེས་ཡོན་སྤེལ་བ་དེ་བོད་མིར་བསམ་ན་ཧ་ཅང་ཕན་ཐོགས་ཅན་ཞིག་ཡིན། བོད་མིར་ཕན་ཐོགས་མཁན་ཡིན་ན་རྒྱལ་དར་བཟུང་ནས་སྐད་འབོད་བྱེད་པའམ། ཡང་ན་རྒྱ་ནག་ལ་དམོད་མོ་བྱེད་མཁན་ཞིག་ཡིན་པའི་ངེས་པ་གང་ན་ཡོད། དབྱིན་ཇི་སྲིད་གཞུང་གི་ལོ་བཅུའི་རིང་རྒྱལ་ཁབ་ཀྱི་འགྲོ་སོང་ཆེ་སོང་སྐད་ཡིག་ཁྱབ་སྤེལ་ཆེད་དུ་བཏང་བའི་ལོ་རྒྱུས་ལ་གཟིགས་དང་། ངས་ངོས་ནས་བལ་ཡུལ་དུ་དགོན་པ་ཆེ་ཆུང་ག་ཚོད་ཡོད་པ་ཐམས་ཅད་ལ་རྗེས་སུ་ཡི་རེངས་ཡོད། རྒྱ་ནག་དང་འབྲེལ་བ་ཡོད་ཚད་བོད་གཞུང་དང་རྒྱབ་འགལ་དུ་མ་བརྩི། ང་ཚོས་གཞུང་གིས་རྒྱ་ནག་དང་ལྷན་དུ་འབྲེལ་བ་བཟོ་མ་ཐུབ་ལས་མ་བཟོས་པ་ག་ལ་ཡིན།
ཡང་ཁོང་གི་ལོ་ཆུང་དུས་ཁྲབ་པ་རེད་ཟེར་ནས་སྡུག་མདོགས་མདོགས་བཤད་མོད། མ་བརྟགས་པའི་གཏམ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ལོ་ཉེར་དགུའི་བར་དུ་བཙུན་མོ་རྣམས་དང་ལྷན་བདེ་སྐྱིད་ལ་རོལ་བའི་ལོ་རྒྱུས་ལ་ཕྱི་མིག་ཅིག་གཟིགས་རོགས་གྱིས། སྤྱིར་ང་ཚོ་ཚང་མ་བྱང་ཆུབ་སེམས་སྡོམ་ལེན་ཟིན་པ་ཤ་སྟག་ཡིན་པས་ཆགས་པ་ལས་ཀྱང་ཞེ་སྡང་ཉེས་པ་ཆེ་བ་དྲན་པར་གྱིས། ཞི་བ་ལྷས། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །ཅེས་གསུངས་པ་དེ་ལ་ཞིབ་ཏུ་བསམ་ན་རྒྱུ་མཚན་ཆེན་པོ་ཡོད། འོན་ཀྱང་ལུགས་སྲོལ་ཙམ་གྱི་རྗེས་སུ་འབྲང་ན་དེ་ལྟར་གནང་མཛོད།
བལ་ཡུལ་གྱི་འོས་སྒམ་འཕྲོག་མཁན་དེ་ཚོ་དང་ཆོས་དབྱིངས་སྒྲོལ་མས་རོགས་སྐྱོར་བྱ་ས་དེ་ཚོ་བལ་པོ་ཡིན་ན་ཡང་མི་ཁ་ཁ་སོ་སོ་རེད། ཉ་ཉུང་མཉམ་བསྲེས་མ་གནང་རོགས། སྟོན་པས་གར་སོགས་གསུམ་དང་འཕྲེང་སོགས་གསུམ་དགག་བྱ་ཡིན་གསུངས་ཡོད་ན་བོད་པའི་གྲྭ་བ་ཚོས་གར་འཆམས་འཁྲབ་པ་དང་འཕྲེང་བ་བགྲང་བ་དེ་ཡང་སྟོན་པའི་བཅོས་པ་དང་འགལ་བ་ཡིན་པར་ཐལ། མ་གཞི་ང་ནི་སྟོན་པའི་བཅོས་པ་འཆད་མཁན་ཞིག་མིན། ངས་འདིར་ཕུལ་བྱུང་གི་སྐྱེས་བུ་ཞིག་གིས་གཞན་ཕན་གྱི་ལས་ཀ་སྒྲུབ་སྟངས་སྤྱིར་བཏང་བ་གཞིར་བཟུང་ནས་མོ་རང་ངོ་སྤྲོད་བྱེད་ཀྱིན་ཡོད། ས་ར་སློབ་གྲྭའི་རང་ངོ་རང་ཤེས་ཀྱི་ཚོགས་འདུ་དང་ཆོས་དབྱིངས་སྒྲོལ་མས་བལ་ཡུལ་དུ་གཞན་ཕན་གྱི་ལས་དོན་གཉེར་བ་ལ་འབྲེལ་བ་ག་རེ་འདུག
ཞིང་པའི་བུ་ལགས། མི་ཞིག་གིས་གྱོན་ཆས་གང་ཞིག་གྱོན་མིན་དེ་གལ་ཆེན་པོ་མ་རེད།
དབང་འདུས་ལགས།
ད་ལྟ་བར་དུ་༧གོང་ས་མཆོག་གིས་ལུས་ཆོས་གོས་འབྲལ་མེད་བྱེད་ནས་གོ་ལ་ཧྲིལ་པོ་འདིའི་ཐོག་སྟོན་པས་ཇི་སྐད་གསུངས་པའི་ཁྲིམས་ལུགས་གཞིར་བཟུང་ཁ་ཐོག་ཏུ་ལག་དོན་འཁྱོལ་བ་ཞིག་བྱས་ནས་ཕེབས་བཞུགས་གནང་པའི་རྒྱུ་མཚན་ལ་བརྟེན་ནས། མགོ་སེར་དཀར་དམར་ནག་དབྱེ་བ་མེད་པར་བོད་ནང་པའི་ཆོས་དང་རིག་གཞུང་ལ་མེ་ཏོག་ལ་སྦྲང་མ་འཁོར་བ་བཞིན་བྱེད་དོན་གཙོ་བོ་ཡང་ཁོང་གིས་ཁ་བཤད་དང་མིང་དོན་མཚུངས་པ་ཞིག་གནང་པའི་དྲིན་ཉག་ཏུ་འཁུམས།
དེའི་རྗེས་སུ་ཡང་སྟོན་པའི་བསྟན་པ་དང་རྒྱབ་འགལ་རྟག་སྤྲོད་ཅན་ཆ་ལུགས་ཡ་མ་ཟུང་། སྤྱོད་པ་ཆོས་དང་མི་མཐུན་པ། འདུལ་བ་དང་མི་མཐུན་པ། སྟོན་པའི་བཀའ་དང་འགལ་བ་དེ་འདྲ་བྱེད་སྡོད་མཁན་ཚོ་ལ་ང་ཚོས་ཡི་རང་འདྲ་བྱེད་འདུག་པ་ཡིན་ན་གང་འདྲ་འདུག
གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་གྲུབ་དོན་ལ་བསམ་བློ་ལེགས་པར་གཏོང་དགོས།
མ་གཞི་དགོན་ཆུང་རེ་བཙུགས་ནས་ཕྱི་རྒྱལ་མགོ་གཡོག་འདུག་མཁན་དེ་ཚོས་བོད་དོན་ལ་ཕན་པ་ཆེན་པོ་འདུག་ཟེར་བ་ཧ་ཅང་ཐལ་བ་ཞིག་རེད།
ཕྱི་རྒྱལ་དེ་ཚོ་མི་རེད། སྨྲ་ཤེས་དོན་གོ་རེད། ནམ་ཞིག་བོང་བུའི་གཟིགས་པགས་གོན་པ་འདི་ཤེས་ཡོང་དུས་ནང་པའི་ཆོས་ལའང་ཞེན་པ་གཏིང་ནས་མི་ལོག་པའི་ངེས་པ་མེད།
བོད་ཀྱི་ནང་ཆོས་ལ་དད་ལོག་དང་སྐུར་འདེབས་བྱེད་མཁན་མང་དུ་ཕྱིན་པ་དེ་ཙམ་གྱིས་ང་ཚོའི་བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཉུང་དུ་ཕྱིན་ངེས་རེད།
མཐར་འབྲས་ལ་བསམ་བློ་གཏོང་དགོས།
ཤེས་ཨེ་སོང་།
སྤོབས་པ་ལགས། ཁྱེད་རང་གིས་དམ་ཆོས་འདུལ་བའི་སྐོར་ལ་ཐེ་བྱུས་བྱ་ཡས་བསྡད་མི་འདུག འཕྲེང་བ་བགྲང་བ་སྟོན་པའི་བཅས་པར་ཁས་ལེན་མཁན་ད་བར་དུ་གོ་མ་མྱོང་། ཁག་ཆེར་མེད། དེ་ཁྱེད་རང་གིས་མ་ཤེས་ཙང་ཡིན་སྲིད། ལྷག་དོན་ཁྱེད་རང་གིས་ཡི་གེའི་གོ་བ་ལེན་ཤེས་ཀྱི་མི་འདུག རང་ངོ་རང་ཤེས་དང་། འོས་སྒམ་འཕྲོགས་ཞེས་པ་སོགས་གང་གི་དོན་དུ་བཤད་པ་དང་། སུ་ཞིག་ལ་བཏབ་པའི་ལན་ཡིན་ལེགས་པར་སོམས་ཤིག
ཁྱེད་རྣམས་པས་མང་དག་ཞིག་བྲིས་འདུག་ཀྱང་ངས་བྱས་ན་མཐའ་སྡོམས་ལ་ཚིགས་ཅིག་རང་ཡོད་པ་ནི།
གར་སོགས་འཕྲེང་སོགས་སྤངས་བར་བྱ། ཞེས་པའི་ལུང་ཚིགས་དེ་ལས་ལྷག་པ་ཞིག་འགོད་དགོས་ཀྱི་མི་འདུག
ཨ་ནེ་ཆོས་དབྱངས་སྒྲོལ་མས་གང་གནང་ཐམས་ཅད་ལ་དགའ་བསུ་ཡོད། འོན་ཀྱང་ཤང་ཀང་(hong kong)མེས་རྒྱལ་གྱི་བང་དུ་ལོག་པའི་དུས་ཆེན་མཛད་སྒོ་ལ་ཕྱི་སྡོད་བོད་རིགས་ཀྱི་སྐུ་ཚབ་བྱས་ནས་བཞེས་བཏང་བ་དེར་ངོ་རྒོལ་ཡོད།
མོས་ཧོང་ཀོང་མེས་རྒྱལ་གྱི་པང་དུ་ལོག་པར་བཀྲ་ཤིས་བདེ་ལེགས་ཀྱི་གཞས་བཏང་བ་ད་བར་གོ་མྱོང་མེད། འདི་བརྟག་གཞིར་འཇོག་དགོས། གལ་ཏེ་བཏང་བ་བདེན་ན་དེ་ཡང་དངུལ་གྱི་ཆེད་དུ་རེད། གལ་ཏེ་བཏང་བདེན་པ་ཡིན་ན། རྒྱ་ནག་དམར་གཞུང་ལ་ངོ་དགའ་སྤྲེལ་ལད་དང་སྦྱིན་བདག་གི་ངོ་སྲུང་ཆེད་བྱས་པ་ཞིག་རེད། ཆབ་སྲིད་པ་ཞིག་གི་ངོས་ནས་བལྟས་པ་ཡིན་ན་གནས་ཚུལ་དེ་ཆུང་ཆུང་ཞིག་མ་རེད། གང་ལྟར་མོ་ལ་བོད་ཞེན་རྩ་བ་ནས་མེད། ཐམས་ཅད་དངུལ་གྱི་ཆེད་དུ་རེད།
ཉེས་པ་གཅིག་གིས་ལེགས་པ་བརྒྱ། །
བརྡོག་རོལ་གཏོང་བ་བོད་པའི་ལུགས། །
ཁོ་བོ་ནི་སྤོབས་མཐའ་དང་། ཟླ་མེད། གཟོད་རྒྱམ། དབང་འདུས་སོགས་ཀྱིས་རྗེས་སི་འབྲང་བར་བྱའོ།
ཨ་ནེ་ལགས་མེས་རྒྱལ་གྱི་པང་དུ་ལོགས་པ་འདི་རེད།http://v.youku.com/v_show/id_XNTMyMTM3MDQ=.html
ཨ་ནེ་ཆོས་དབྱིངས་མེས་རྒྱལ་གྱི་པང་ལ་ལོགས་ན་བསྟོད་བསྟོད་བསྔགས་གི་ཐད་མོ་བརྡབས།
ཨ་ལེན་ཟླ་བ་སྒྲོལ་མས་ལྷ་སའི་ལྕགས་ལམ་ལ་བསྟོད་པ་བྱས་ནས་ཡང་སྟོད་བསྔགས་བྱས། ང་ཚོར་ལངས་ཕྱོགས་ཞིག་མི་འདུག དཀྱིལ་འཁོར་མཛོ་མོས་ལྡུག་ན་འཛུམ་མོལ་མོལ། གཏོར་མ་ཁྱི་མོས་ཁུར་ན་འཛུམ་མོལ་མོལ།ཟེར་བ་འདི་རེད། ཁག་ཆེ་ཡོད། ང་ཚོ་ཚང་མ་སྤྱང་ཁུའི་འོ་མས་གསོས་བའི་བུ་ཕྲུག་ཡིན་པས།
བྷི་བྷི་སི་ལགས།
ཨ་ནེ་ཆོས་དབྱིངས་སྒྲོལ་མས། བཙུན་མའི་མིང་ཐོག་ནས་དངུལ་གྱི་ཆེད་དུ་བྱེད་མ་མྱོང་བ་སྣ་གཅིག་མེད་པ་ཞིག་ཡིན།
དངོས་གནས་བྱས་ན་ཁོང་གིས་གླུ་དབྱངས་སྙན་མོ་རེ་གཏོང་བཞིན་མི་སེམས་དྲོན་མོ་མང་པོ་གཅིག་འགུག་འདོད་ཡོད་ན། གཟན་ཤམ་ཕུད་ནས་རང་གི་མི་རིགས་དང་མཐུན་པའི་བོད་ལྭ་འམ། ཡང་ན་ཕྱི་ལུགས་དང་མཐུན་པའི་གོས་རེ་གྱོན་ནས། འཛམ་གླིང་གི་གླུ་མ་གྲགས་ཅན་ཚོ་དང་འདྲ་བ་ཞིག་བྱས་ནི། གདིང་ཆ་ཅི་འདྲ་ཞིག་གི་སྟེང་དུ་བཞེངས་ནས་ཕེབས་ན། ང་ཚོ་བོད་མིའི་གཟི་བརྗིད་གཅིག་ཏུ་བརྩི་ཆོག
དེ་ལས་གཞན་མགོ་ལས་སྐྲ་བྲེགས། ལུས་ལ་གཟན་ཤམ་གོན་བཞིན། རྣམ་འགྱུར་ཡ་མ་ཟུང་གི་ངང་། བལ་པོའི་སྐད་ཐོག་ནས་གླུ་གཞས་གཏོང་བ་འདི་ནི།
སྤྱིར་བོད་ཀྱི་ཆོས་ལུགས་ལ་སྐྱོན་ཤོར་བ་དང་། འདུལ་བའི་ཁྲིམས་ལུགས་རྩིས་མེད་གཏོང་བ། བོད་པའི་བཙུན་མའི་སྤྱོད་ལམ་འབགས་ཙོག་བཟོས་པ་སོགས་ཉེས་པ་མང་དུ་བཟོས་ཡོད།
དེས་ན་ཁོང་གིས་བྱེད་སྟངས་འདི་ལ་ཡི་རང་རྩ་བ་ནས་བྱེད་ཐབས་མི་འདུག
བོང་པོའི་གཟིགས་པགས་གོན་ནས་བལ་པོའི་ཕྲུ་གུ་ཚོ་ལ་ཚེ་འདིའི་འགྲོ་སྟངས་ལ་མཁོ་བའི་དེང་དུས་ཀྱི་འགྲོ་སྟངས་ཚད་ལྡན་ཞིག་ཀྱང་མེད་ཅིང་། ཚེ་ཕྱི་མར་དགོས་པའི་ནང་པའི་ལྟ་གྲུབ་ཡང་དག་པ་ཞིག་ལོབ་མི་ཐུབ་པའི་ཁར། བལ་སྐད་དང་བོད་སྐད་འདྲེས་མའི་ཚུལ་དུ་གོན་ཆས་ཡ་མ་ཟུང་བྱེད་འདུག་མཁན་ཁྱུ་གཅིག རང་གི་སྦྱིན་བདག་ཚོར་སྟོན་ཆེད་དུ་གསོ་འདུག་པ་དེ་ལ་ཡི་རང་མེད།
ངས་བསམ་པ་ལ། ང་ཚོའི་ཆོས་ལུགས་བཞིའི་གདན་སའམ་བོད་ནང་པའི་སློབ་གྲྭ་ཆེན་མོ་དགེ་ལྡན་པའི་ཕྱོགས་ནས། སེར་འབྲས་དགའ་གསུམ་ལྟ་བུ། བཀའ་རྒྱུད་པའི་ཕྱོགས་ནས་ཀརྨ་པ་སྐུ་གོང་མའི་སྐབས་ཀྱི་འབྲས་ལྗོངས་རུམ་སྟེགས་བཤད་གྲྭ་ལྟ་བུ། རྙིང་མའི་ཕྱོགས་ནས་མེ་སོར་རྣམ་གྲོལ་གླིང་གདན་ས་ལྟ་བུ། སར་སྐྱ་ཕྱོགས་ནས་རྫོང་གསར་བཤད་གྲྭ་ལྟ་བུ་ནང་ཆོས་ཀྱི་བཤད་ཁྲིད་ཚད་དང་ལྡན་པ་ཆེ་ཁག་རེ་ཡོད་ན་དེས་ཆོག་པ་ལས། ཕྱི་རྒྱལ་མགོ་གཡོག་མགོ་སྐོར་གཏོང་ཆེད་དུ་བསྐྲུན་པའི་བཤད་སྒྲུབ་ཀྱི་བསྟན་པ་ཚད་ལྡན་གང་ཡང་མེད་པའི་དགོན་ཆུང་ནམ་མཁའི་སྐར་མ་ལས་གྲངས་མང་ནའང་བོད་ཀྱི་ཆོས་དང་སྲིད་ལ་གང་ཡང་མི་ཕན་པའི་ཁར་རིམ་བཞིན་ནང་ཆོས་བྱེད་མཁན་གྱིས་དབང་གིས་ནང་ཆོས་ཀྱི་རིན་ཐང་ཆུང་དུ་ཕྱིན་ན་འཛམ་གླིང་འདིར་གྱོང་གུན་ཚད་མེད་ཅིག་ཡོང་གི་ཡོད་པའི་བསམ་ཚུལ་ཤུགས་ཆེན་ཡོད་ཀྱང་། ཁ་ཤུགས་དང་ཚིག་ནུས་གང་ཡང་མེད་པས་གཏོང་བསམ་ཉག་གཅིག་ཏུ་གྱུར།
༧གོང་ས་མཆོག་གིས་ཀྱང་དེང་དུས་སུ་གྲྭ་བཙུན་མང་མི་དགོས་པར་སྤུས་ལེགས་ཉུང་ཤས་ཡོད་ན་ལེགས་པའི་བཀའ་ལན་མང་གནང་ཡོད།
ཞིང་པས་གནས་ཚུལ་ཞིབ་ཕྲ་ཤེས་འདུག བལ་པོའི་ཕྲུ་གུ་ཚོ་ལ་ཚེ་འདིའི་འགྲོ་སྟངས་ལ་མཁོ་བའི་དེང་དུས་ཀྱི་ཤེས་ཡོན་ཡང་མེད་ཅིང་། ཚེ་ཕྱི་མར་དགོས་པའི་ནང་པའི་ལྟ་གྲུབ་ཡང་དག་པ་ཞིག་ཀྱང་བསླབ་མི་ཐུབ་པར། བལ་སྐད་དང་བོད་སྐད་འདྲེས་ཤིང་གོན་ཆས་ཡ་མ་ཟུང་བྱེད་མཁན་ཁྱུ་གཅིག རང་གི་སྦྱིན་བདག་ཚོར་སྟོན་ཆེད་དུ་གསོ་ཉར་བྱེད་པ་ལ་ཡི་རང་མེད། དེ་དེ་བཞིན་ནོ། བལ་པོ་དང་ཧི་མ་ལ་ཡའི་རི་ཁུག་གི་མི་སྐྱོ་པོ་དེ་ཚོ་མགོ་སྐོར་བཏང་སྟེ་ཕྲུ་གུ་དེ་ཚོའི་མི་ཚེ་འཕྲོ་བརླག་བཏང་བ་རེད། རང་དང་རང་གི་ནང་མི་དང་བླ་བྲང་ཆེད་ཕྲུ་གུ་དེ་ཚོ་རྩེད་ཆས་དང་ཚོང་རྫས་བྱེད་མཁན་ཁ་ཤས་ཡོད་རེད་ད།
མདོར་ན་ངས་བལ་ཡུལ་གྱི་དགོན་ཕལ་ཆེར་ལ་མིང་འདི་འདྲ་ཞིག་འདོགས་ཉན་འདོད་བྱུང་།
རང་གི་འཚོ་བའི་ཆེད་དུ་བལ་ཕྲུག་གསོ་ཉར་ཁང་།
མཐར་ཁོང་ཚོ་ནར་སོན་ཅིང་རང་གི་འཚོ་བའི་ཐད་བསམ་བློ་ལེགས་པར་གཏོང་ཤེས་པའི་སྐབས་ཚེ་འདིར་དགོས་པའི་དེང་དུས་ཤེས་ཡོན་ཐ་ན་བལ་སྐད་དང་བོད་ཀྱི་སྐད་ཡིག་འདང་ངེས་པ་ཞིག་མེད་ལ། ཚེ་ཕྱི་མའི་ཆེད་དུ་ནང་པའི་ལྟ་གྲུབ་ཀྱང་མ་ཤེས་པས།
ད་ནི་ངའི་སློབ་སྦྱོང་གི་གོ་སྐབས་གསེར་ལྟ་བུའི་དུས་ཚོད་གལ་ཆེན་དེ་དག་ཁོང་ཚོའི་ཚོང་རྫས་ཆེད་དུ་བེད་སྤྱོད་བྱས་འདུག་ཅེས་ཟེར་ནས།
འཁང་ར་བྱེད་བཞིན་ནང་ཆོས་ལའང་ཁ་གཏོང་ནས་འདུག
ད་མི་བཤད།
བསམ་ཞིང་བསམ་ལ་སེམས་པ་སྡུག་ཡ་འདྲ་འདུག
ཨ་ནི་ཆོས་དབྱིངས་སྒྲོལ་མའི་བྱས་རྗེས་མང་པོ་འདུག་ཀྱང། དཔལ་འབྱོར་ཡོངས་ཁོངས་གང་ཡིན་ཁ་གསལ་མི་འདུག ལྷག་དོན་དུ་ཁོང་གི་དགེ་བའི་བཤེས་གཉེན་ཕ་རྒན་ལ་སྤྲུལ་སྐུ་ཞེས་མིང་བཏགས་ནས་གྲྭ་ཆས་གྱོན་པ་དང། གཡས་གཡོན་དུ་སྐྱེས་དམན་གསུམ་བཞི་དང་བུ་ཕྲུག་མང་པོ་བསྐོར་བའི་ཨོ་རྒྱབ་སྟོབས་རྒྱལ་ཟེར་བ་དེ་རེད་འདུག་ན། དགེ་རྒན་གྱི་ངོ་ལ་བལྟས་ཚེ་དགེ་ཕྲུག་ཡང་དེ་ལྟར་མིན་ནམ་སྙམ་པའི་དོགས་པ་ཆེ།
དྲ་གྲོགས་རྣམ་པ། རང་ཉིད་ཕ་རྒན་ལ་སྒྱུར་ཟིན་ཀྱང་ད་དུང་གྲྭ་ཆས་གྱོན་ན་འགྲིག་གམ།
ཞིང་པའི་བུ་ལགས། ཁྱེད་རང་གི་དགོངས་ཚུལ་ཡག་པོ་འདུག་ཀྱྲང་། ཆོས་དབྱིངས་སྒྲོལ་མས་གྲྭ་ཆས་ཕུད་དེ་སྐྱ་ཆས་གོན་ནས་གཞས་བཏང་ན་མོའི་ལྟོ་ཕོར་ཤོར་རྒྱུ་ཉག་གཅིག་རེད། མོ་ལ་དོ་སྣང་བྱེད་མཁན་ཚང་མས་མོའི་གྱོན་པ་གྲྭ་ཆས་དང་དབྱངས་སྙན་པོ་གཉིས་གཞི་གཅུག་ཏུ་འཚོགས་པའི་སྟེང་དུ་བལྟས་ཡོད། དབྱངས་སྙན་པོ་དེའི་སྟེང་གྲྭ་ཆས་དེས་ནང་པ་ཡིན་པའི་དད་ཅན་མང་པོ་ཞིག་གིས་བློ་ཁ་དྲངས་ཡོད། ཁོ་ཚོས་འཐོབ་འདོད་པ་ནི་ཆོས་ཀྱི་གཞུང་ནས་གསུངས་པའི་སེམས་ཞི་བདེ་ཡོང་ཆེད་ཀྱི་བསླབ་བྱ་ཁག་རེད།
དབྱངས་བུ་ལགས། དེ་འགྲིག་གི་རེད། རང་རེའི་སྟོན་པ་དགྲ་གཅན་འཛིན་གྱི་ཕ་རྒན་དུ་གྱུར་ཟིན་ཀྱང་གྲྭ་ཆས་བསྣབས་ཡོད་རེད་ལགས།
སྟོན་པ་ཐུབ་པའི་དབང་པོས་གྲྭ་ཆས་གོན་བཞིན་དུ་སྐྱེས་དམན་ཞིག་ཉར་ནས་བསྡད་འདུག་ཨེ།
ཞྭ་དཔེ་ལྷམ་ལ་མ་འགེབས་མེ་དཀར་ལགས།
དེའི་ཐད་ང་གཉིས་བསམ་ཚུལ་མི་མཐུན་པ་འདྲ།
༡༽ མཐོ་སྤྲུལ་སྐུ་ནས་དམའ་གྲྭ་པ་དཀྱུས་མ་ཡན་སུ་ཡིན་རུང་དགེ་ཚུལ་སློང་གི་སྡོམ་པ་མེད་བཞིན་དུ་རབ་ཏུ་བྱུང་བའི་གོན་ཆས་གཟན་ཤམ་གྱོན་ནས་འགྲོ་འདུག་པ་འདི་གཅིག་དང་།
བཤད་སྒྲུབ་ཀྱི་བསྟན་པ་གང་ཡང་མེད་བཞིན་དུ་ཁང་པ་རྫིག་པོ་རེད་བརྒྱག་ནས་གྲྭ་བཙུན་རེ་ཟུང་ཞིག་གསོ་ཉར་བྱེད་ནས་ཕྱི་རྒྱལ་རྣམས་ལ་ཆོས་མཐུན་མིན་པའི་ཐོག་ནས་པད་ཤག་བསྡུ་རུབ་བྱེད་བཞིན་པ་འདི་གཉིས་ཡིན།
ཞིང་པའི་བུ་རང་ས་དགེ་དཀའ་རྙིང་གང་ཡིན་ཡང་ཆོག་འདུག ཁྱོད་ཀྱིས་བཤད་པའི་སྐད་ཆ་ལ་འཐེན་ཁྱེར་གྱི་དྲི་མས་གོས་མི་འདུག དེ་ལས་མེ་ཏོག་ནག་པོ་ཡིན་ནམ། xxxxxxxxxxxxxx
ལགས་སོ།། ཞིང་པའི་བུ།
ངས་དབྱངས་བུས་དྲིས་སྟངས་ལ་དཔག་པའི་ལན་དེ་ལྟར་བཏབ་པ་ཡིན།
དེ་མིན་སྟོན་པ་ལ་བསྐུར་བ་མེད། ལར་ནས་གྲྭ་པ་ཡིན་ན་རབ་བྱུང་ཡིན་དགོས་དེ་འདྲ་རང་ཨེ་ཡིན་ན།
ཁྱེད་ཀྱིས་གོང་དུ་བོད་ཕུད་པའི་ས་དགེ་བཀའ་རྙིང་གི་གདན་ས་ཆེ་གྲས་རིགས་ཁ་ཤས་ལས་གཞན་ལ་ལུང་རྟོགས་ཀྱི་བསྟན་པ་འཛིན་སྐྱོང་མེད་པར་བཤད་པ་འདི་ཅུང་ཐལ་མེད་ན་ངེད་གཉིས་འདོད་ཚུལ་ལ་མི་མཐུན་གཏན་ནས་མེད།
ངས་ནམ་རྒྱུན་ནས་བསམ་ཚུལ་འདི་ཤུགས་ཆེན་པོ་ཡོང་གིན་ཡོད། དགོན་པ་ཞིག་ནང་དམའ་མཐར་ཤེས་ཡོན་ཞིག་ཀྱང་སྤྲོད་རྒྱུ་མེད་པར་ཕྲུ་གུ་མང་པོ་ཞིག་བཞག་པ་ནི་ཕན་ཡོན་ཕར་བཞག ཆོས་དང་འཇིག་རྟེན་གཉིས་ཀ་ནས་ཉེས་པ་ཚབས་ཆེན་བསགས་གི་ཡོད་པར་འདོད།
དེའི་ཐད་ལ་ངེད་གཉིས་བསམ་ཚུལ་མཐུན་མ་མཐུན་མིན་འདུག་དངོས་པོའི་གནས་ཚུལ་གྱི་ཁ་གྲགས་ཡོང་གིན་འདུག་ག
བསྟོད་པ་བྱེད་ས་མེད་ས་ཞིག་ལ་བསྟོད་གི་མ་འདུག ཨ ནེ་ཆོས་དབྱིངས་སྒྲོལ་མའི་ལོ་རྒྱུས་ཆ་ཚང་ངས་ཤེས་ཡོད། བསྟོད་པ་བྱེད་ས་ཟིག་མེད་གི། སྐུ་མཁྱེན
ཧ་ཧ་བི་བི་སི།
ནག་པོ་དང་དཀར་པོ་གང་ཤེས། གོང་དུ་ངས་གང་བརྗོད་པ་འདི་དངོས་ནས་རེད་དང་མ་རེད།
ནོར་བ་འདུག་ན་དགོངས་དག་ཐུགས་བདེན། རྗེས་སུ་དེ་ལྟར་མི་བརྗོད་པའི་མནའ་ཆུ་འཐུང་གི་ཡིན།
ཐུགས་བདེ་བར་བཞུགས།
མེ་དཀར་ལགས།
ཁྱེད་ཀྱི་གོ་ནོར་ཐེབས་འདུག
ངས་བཤད་པ་ནི་གོང་དུ་བགྲངས་ཟིན་པ་ལྟ་བུའི་གདས་ས་ཁག་དེ་འདྲ་པོ་མདོ་སྔགས་རིག་གཞུང་དང་བཅས་པ་ལ་སློབ་སྦྱོང་དང་སྒོམ་སྒྲུབ་སོགས་བྱེད་རྒྱུ་ཡོད་པ་ཞིག་པའི་སྐད་ཆ་ལས་དེ་དག་ལས་གཞན་མེད་ཅེས་ལབ་མེད།
བི་སུ་དང་ཞིང་བུ་གཉིས་ཀྱི་བཤད་པ་ལྟར་ན་རྒྱལ་བ་རིན་པོ་ཆེ་ཡང་སྣང་མེད་དུ་འཇོག་གི་འདུག ཨ་ནེ་ཆོས་དབྱིངས་ཀྱི་ཏྰ་ར་སློབ་གྲྭ་དེ་ཏྰ་ལའི་བླ་མའི་མིང་དང་མཚན་རྟགས་བཀོད་ནས་བཞེངས་པ་དང་གསོ་སྐྱོང་དང་དཀོར་བསྡུད་བྱས་པ་ཞིག་རེད། མོས་ཀྱང་དེ་བཞིན་གནང་བ་ཞིག་རེད། ནམ་ཞིག་ཁྱེད་ཚོས་ཏྰ྄་ལའི་རབ་བྱུང་ཡིན་མིན་ལ་རྩོད་ས་རེད་པྰ། ད་ཡིན་ན་ཁ་བརྡ་སང་གཉིད་ཁུག་སོང་བ་མིན་ནམ།
ཀླད་པ་འགུལ་མི་ཤེས་པའི་བོད་མི།
བོན
གནག་ཕྱུགས་ཀྱི་གྲངས་ཀ་བརྩི་བཞིན།
གནག་ཕྱུགས་ཀྱི་རྨིག་རྗེས་བསྙེག་གིན་པའི་བོད་པ་ཚོས།
ཀླད་པའི་འགུལ་ཤུགས་གནག་ཕྱུགས་ཀྱི་རྗེས་སུ་བཀོལ་བ་ལས།
ཕྱི་རོལ་གཏན་ནས་མི་མཐོང༌།
རྒྱུ་མཚན་ནི། གོ་མེད་ཚོར་མེད་ཀྱི་དུད་འགྲོ་དེ་དག་གི་རྗེས་སུ།
ཁེར་རྐྱང་དུ། ཁ་ཆར་དང་བུ་ཡུག་ཁྲོད་ནས།
ཁོ་ཚོར་ཐོབ་པ་ནི། སྡུག་བསྔལ་དང་འབྲེལ་བའི་ཡོད་ཚད།
སྟོང་དུ་ཟད་པའི་མི་ཚེ་སོགས་ལས་ཅི་ཡང་མེད།
འདི་དག་ནི་ཐམས་ཅད་ཀླད་པའི་འགུལ་ཤུགས་ཞན་སོང་བས་རེད།
ང་ཁྱོད་ཀྱི་སྣང་བ་བརྩད་པའི་གསར་བུ་དག
ཅིས་ཕྱིར་མྱུ་གུ་ཡི་རྣོ་ངར་མི་འགྲན་པར།
གྲི་མཚོན་གྱི་ནུས་རྩལ་འགྲན་དགོས།
ང་རྒྱལ་གྱི་མགོ་འཕང་འདེགས་པའི་བུད་མེད་དག
ཅིས་ཕྱིར་ཤེས་རིག་གི་དགའ་ཚལ་མི་བསྙེག་པར།
དབང་མེད་ཀྱི་གནས་ཡུལ་འགྲིམ་དགོས་སོང༌།
ལྷག་ལྟུང་གི་འདམ་དུ་ལྷུང་བའི་བཙུན་གཟུགས་དག
ཅིས་ཕྱིར་སྐྱེས་མཆོག་གི་རྣམ་ཐར་མི་འཚོལ་བར།
ཚོང་ཡུལ་གྱི་སྒོར་མོ་བཙལ་དགོས་སོང༌།
འདོད་སྔམ་གྱི་མེ་ལྕེ་མཆེད་པའི་སྐུ་སྐྱེ་དག
ཅིས་ཕྱིར་ཚུལ་ཁྲིམས་ཀྱི་དེ་ཉིད་མི་སྲུང་བར།
ཙི་ན་ཡི་རྒྱ་སྒོ་སྲུང་དགོས་སོང༌།
རེ་འདུན་དག་རླུང་དུ་སྤུར་བའི་སློབ་མ་དག
ཅིས་ཕྱིར་རིག་གཞུང་གི་ཉིང་ཁུ་མི་འཐུང་བར།
ཆང་རག་གི་སྨྱོ་ཆུ་འཐུང་དགོས།
པིར་རྩལ་གྱི་འཁྱུག་གར་རྩེན་པའི་སྨྱུག་ཐོགས་ཚོས།
ཅིས་ཕྱིར་སྤྱི་ཚོགས་ཀྱི་བདེ་སྡུག་མི་གླེང་བར།
བསྟོད་ཕྲེང་གི་ཚིག་སྐམ་བསྒྲིག་དགོས་སོང༌།
མདོར་བསྡུས་ན། ཡོད་ཚདཀླད་པ་འགུལ་མ་ཤེས་པས་རེད།
བཙུན་མས་གཞས་བཏང་ན་ཕན་ལས་གནོད་ཆེ་སྙམ། འོན་ཀྱང་རོལ་མོ་གདོན་རྟ་དབྱངས་ནི། སུས་འགྱེར་ཡང་རྗེས་སུ་ཡི་རང་ཡོད།
ངས་མི་རེ་རེ་ལན་རྒྱག་ཚོད་མི་འདུག མདོར་བསྡུས་ནས་ང་རང་གི་བསམ་ཚུལ་ཞིག་བཤད། གདན་ས་ཆེ་ཁག་ལས་ཆུང་གྲྭས་སྡུག་པས་ངེས་པ་མེད། ཞབས་འདྲེན་བླ་མེད་ཞུས་ཏེ་བླ་སློབ་ནང་གསོད་རེས་བྱེད་མཁན་ཡང་གདན་ས་ཆེ་ཁག་ནས་བྱུང་ཡོད། དེས་བྱང་སེམས་ཀྱི་སྡོམ་པའི་མ་གཞི་དང་འགལ་བ་རེད། བཤད་མི་དགོས་ཀུན་གསལ་རེད། བོད་མི་རིགས་ཡོངས་ཀྱི་སྤྱི་བོའི་གཙུག་རྒྱན་༧སྐྱབས་མགོན་མཆོག་དང་རྒྱབ་འགལ་གྱིས་ལས་དོན་སྒྲུབ་མཁན་ཡང་གདན་ས་ཆེ་ཁག་ནང་དུ་ཡོད། དེས་གསང་བ་སྔགས་ཀྱི་རྩ་བའི་དམ་ཚིག་ཉམས་པ་རེད།
འཁོར་བ་ལ་ངེས་འབྱུང་སྐྱེས་ནས་རབ་ཏུ་བྱུང་མཁན་ཤིན་ཏུ་དཀོན་པས་སོར་སྡོམ་ཞུས་ཚད་སྡོམ་པ་ཡོད་དོ་སྙམ་པ་དེ་གཞི་རྩ་མེད་པའི་བསམ་ཚུལ་ཞིག་རེད། ངས་གདན་ས་ཆེ་ཁག་ལ་སྨད་འདོད་གཏན་ནས་མིན་ཀྱང་། གདན་ས་ཆུང་བ་ཁག་ལས་ཆེ་བ་བཟང་མདོགས་བྱེད་རྒྱུ་ཅུང་སྔ་དྲགས་པ་མ་རེད་དམ་ཞེས་ངོ་སྤྲད་པ་ཡིན། སྤྱིར་གུས་རང་ངོས་སྡོམ་པ་དང་དམ་ཚིག་སོགས་ཀྱི་སྐོར་གླེང་ནས་མི་ལ་སྐྱོན་འགེལ་འདོད་མེད། རྒྱུ་མཚན་གང་ཡིན་ཞེ་ན། དབང་ཞུས་ཚད་དབང་ཐོབ་པས་ངེས་པ་མེད་ལ། སྡོམ་པ་ཞུས་ཚད་ལ་སྡོམ་པ་ཐོབ་པའི་ངེས་པ་མེད་པས་བཤད་ཁག་པོ་ཞིག་རེད། དཔེར་ན་དེང་དུས་བཙུན་པ་ཡིན་པར་རློམས་ནས་སྐྱེ་དམན་དང་ལྷན་དུ་འབྲེལ་བ་མེད་ཙམ་བྱས་ནས་སྡོད་པ་དེ་མཐར་གཏུགས་ན་བོད་མིའི་གོམས་གཤིས་ཀྱི་གྲྭ་པ་ཙམ་ལས། དོན་དངོས་ཀྱི་སོར་སྡོམ་རྒྱུད་ལྡན་ཡིན་མིན་འཁོར་བ་ལ་ངེས་འབྱུང་ཡོད་མེད་ལ་བལྟ་དགོས། བུ་མོ་ཞིག་དང་ལྷན་དུ་ལུས་འབྲེལ་མེད་ཙམ་གྱིས་རབ་བྱུང་དུ་ཇི་ལྟར་འགྱུར། འགྱུར་ན་བྱིས་པ་ཆུང་ཆུང་ཚོ་ལ་ལོ་བཅུ་ཙམ་གྱི་བར་དུ་སོར་སྡོམ་ཞུ་བཅུག་ནས་བཞག་ན་དགེ་བ་ཡོད་ཅིང་དཀའ་ངལ་ཡང་མེད་པར་ངེས། དེས་ན་ཐུགས་བསམ་ཞིབ་ཏུ་མ་བཏང་བར་བོད་མིའི་ལུགས་སྲོལ་དང་གོམས་གཤིས་ཙམ་གྱི་ཐོག་ནས་རབ་བྱུང་དང་གྲྭ་བའི་ཚད་གཞི་ངོས་བཟུང་ཏེ་གཞན་ལ་སྐྱོན་གང་ཐུབ་འགེལ་ན་གང་ནས་འགྲིག
ཡང་རེ་ཟུང་ནས་བལ་ཡུལ་གྱི་དགོན་པ་ཡོད་ཚད་སྡུག་པོའི་གྲས་སུ་བགྲངས་ཤིང་། ཁ་ཤས་ཀྱིས་བལ་ཡུལ་དགོན་སྡེ་ཚོས་མཐར་ཐུག་ཆོས་ལ་གནོད་ཅེས་བཤད་འདུག རྒྱུ་མཚན་ཞིབ་ཏུ་འཚོལ་དུས་སྦྱིན་བདག་ཞེན་པ་ལོག་རྒྱུ་རེད་ཅེས་པ་ཙམ་ལས་གཞན་གང་ཡང་མི་འདུག བོད་མིའི་རྒྱལ་རབས་ལོ་རྒྱུས་དེ་སྙེད་ནང་དུ་བླ་དཔོན་ཁག་གི་སྐྱོན་དངོས་ཤུགས་ཟུར་གསུམ་ཅི་རིགས་པའི་སྒོ་ནས་གསལ་བ་རྣམས་ཡོངས་རྫོགས་དབྱིན་སྒྱུར་བྱེད་བཞིན་པ་དེས་མི་སྐྱོན་ན། བལ་ཡུལ་དུ་བླ་མ་རྣམས་ཀྱིས་གཞན་ལ་ཕན་འདོགས་པའི་ཞོར་དུ་སོ་སོའི་ནང་མི་དང་ཉེ་འབྲེལ་གསོ་བཞིན་པ་དེས་ཇི་ལྟར་གནོད། གལ་སྲིད་སྦྱིན་བདག་ཚོས་ཆོས་དང་གང་ཟག་གི་སྐྱོན་སོ་སོར་འབྱེད་མ་ཤེས་པར་གང་ཟག་གི་སྐྱོན་ཆོས་ལ་བཀལ་ནས་ཞེན་པ་ལོག་པ་ལ་བསམ་ན། དེ་འདྲ་ཕྱོགས་གང་ནས་ཀྱང་ཡོང་ངེས་པས་བལ་ཡུལ་གྱི་དགོན་སྡེ་ཁག་ལ་དམིགས་བསལ་གནགས་དགོས་དོད་གང་ཡང་མི་འདུག མདོར་ན་ལས་ཀ་གང་ལའང་སྐྱོན་ཡོད་གཉིས་གཉིས་ཡོད་པ་མ་བརྗེད་རོགས།
ཡང་ལུང་གི་བསྟན་པ་བཤད་པའི་སྒོ་ནས་འཛིན་དགོས་ཤིང་། རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་དགོས་ན། གདན་ས་ཆེ་ཁག་ཏུ་ལུང་གི་བསྟན་པ་བཤད་པའི་སྒོ་ནས་འཛིན་བཞིན་པ་སྨོས་མེད་རེད། འོན་ཀྱང་རྟོགས་པའི་བསྟན་པ་སྒྲུབ་པའི་སྒོ་ནས་འཛིན་པ་ཡོད་མེད་ཇི་ལྟར་བཤད། བཤད་ན་ངོ་ཚ་བའི་རྒྱུ་ཙམ་མ་རེད་དམ། ཡང་ན་རང་ལྟ་མཆོག་འཛིན་གྱི་སྒོ་ནས་མ་ཡིན་ཡིན་མདོགས་བཤད་རྒྱུ་རེད།
མདོར་ན་རྩ་བ་ཅུང་རུལ་ཟིན་པས་ལོ་མ་དང་འབྲས་བུ་ལ་སྐྱོན་འགེལ་ནའང་ཕན་ཐོགས་མེད། དེས་ན་བཅོས་ཐུབ་པའི་འབྱོན་ཐང་དང་། ཤེས་ཡོན་ཡོད་ན་རྩ་བ་བརྟན་པོ་ཟོས་དང་། ལོ་འབྲས་རྣམས་དེའི་རྗེས་སུ་འགྲོ་རྒྱུ་དེ་ཙམ་ཁག་པོ་མེད། དེ་ལྟར་མ་བྱས་པར་སྐྱོན་ཅན་གྱི་རྩ་བ་དེར་ཆོ་སྟོད་དང་མཐོང་ཆེན་བྱས་ནས་ཁག་མེད་པའི་ལོ་འབྲས་ལ་སྡིགས་མོ་བྱས་པས་ག་ལ་ཕན། དེང་དུས་མཁས་པ་སྐད་གྲགས་ཅན་རྣམས་ཀྱིས་ནང་ཆོས་ལ་བོད་ཀྱི་གོ་མཚོན་ལྐོག་གྱུར་མ་ཞེས་བརྗོད་བཞིན་པ་མ་མཐོང་ངམ། ཚིག་དེ་ཕར་བལྟས་ཚོད་ལ་བསྟོད་པ་འདྲ་ཞིག་ཡིན་ཀྱང་དོན་ལ་སྨད་པར་སོང་ཡོད། དེ་སྨད་པར་སོང་ཚུལ་ཞིབ་ཏུ་རྟོགས་འདོད་ན་ཁྱད་པར་འཕགས་བསྟོད་ཅེས་པའི་གཞུང་དེར་ཚར་གཅིག་གཟིགས་དང་གཞི་ནས་ངེས་ཤེས་སྐྱེ་སྲིད།
གླེང་ཕྱོགས་འདི་དེ་ཙམ་གྱིས་མཇུག་སྒྲིལ་ཐུབ་པའི་རེ་བ་ཡོད། སྐད་ཆ་འདི་དག་སྡུག་ཏུ་སོང་ན་སྐྱོན་ཐེར་འདོན་བྱེད་དགོས་པའི་གནས་སུ་གྱར་སྲིད་པས་གཟབ་འཚལ།
གླུ་བཏང་ན་སེམས་ཅན་ལ་ག་འདྲ་བྱས་ནས་གནོད་པ་རེད། ཆོས་དབྱིངས་སྒྲོལ་མས་སུ་གཅིག་ལ་མགོ་སྐོར་བཏང་ཡོད་་པ་མ་རེད། མོ་རང་གི་གཞས་བཏང་ནས་བྱུང་བའི་ཡོང་འབབ་དེས་སློབ་གྲྭ་འཛུགས་པ་དང་སྨན་ཁང་འཛུགས་གི་ཡོད་པ་རེད། གྱོན་ཆས་ཟེར་བ་དེ་མི་རང་རང་གི་ལུས་སེམས་ལ་གང་འཕྲོད་བལྟས་ནས་གྱོན་ཆོག་པའི་གདམས་ང་ཅན་ཞིག་རེད། ཁྱོད་ཚོས་དེ་ཙམ་མི་བོཟད་དོན་ག་རེ་ཡིན་ནམ།
དྲ་གྲོགས་ཚོས་བགྲོ་གླེང་གནང་བར་དགའ་བསུ་ཞུ། འོན་ཀྱང་། ནང་ཁུལ་ལ་དབྱེན་དཀྲུགས་ཀྱི་མཆན་རྒྱག་མཁན་ཚོ་འདི་ནས་འགོག་གི་ཡོད།
ཁ་བརྡ་རྩོམ་སྒྲིག་པས།
khabdha@gmail.com
http://www.khabdha.org
སྔོན་མ་ཞིག་ལ་བླ་མ་ཆེ་ཁག་ཞིག་ ༧གོང་ས་མཆོག་གི་བཀའ་དགོངས་ལྟར་གདན་སར་ཕེབས་ནས་དྲང་ངེས་དཔྱད་པ་རྒྱས་པོ་ཞིག་གནང་གི་ཕེབས། དེའི་སྐབས་སུ་རྩོད་པ་རྩོད་སྐབས་སུ་སྡུག་ཁམ་པོ་ཆེ་བསགས་སྟངས་ཞིག་གསུངས་སོང་། སངས་རྒྱས་ཆོས་ཅན་དུ་བླངས་ནས། རྩོད་པ་རྩོད་སྟངས་སྐོར་ཞིག་ནི་ཆོས་ལ་རྟེན་པའི་སྡིག་པ་གསོག་གི་ཡོད་པ་གསུངས་སོང་། ད་གོང་གསལ་རྩོད་པ་རྩོད་སྟངས་སྐོར་ཞིག་ན་ཆོས་ལ་རྟེན་པའི་སྡིག་པ་གསོག་གི་མེད་དམ་སྙམ། རང་ཉིད་རྩོད་པ་ལ་བྱང་མདོག་བསྟན་ནས་ཆོས་ལ་རྟེན་པའི་སྡུག་ཁམ་པོ་ཆེ་གསག་གི་ཡོད་ས་རེད་ཀོ དྲིན་ཆེན་ཚོ།
ཆོས་ལགས་ཀྱིས། གཅོད་དང་གཟུངས་སྔགས་གདོན་རྟ་དབྱངས་འཐེན་ན། ཐོས་མཁན་ལ་དད་པ་འཕེལ་ཤིང་དགའ་བ་འཕེལ་བས་ཕན། ཡང་གླུ་གཞས་བཏང་ནས་འདོད་ཆགས་འཕེལ་ནས་དགའ་བ་དང་། ཆབ་སྲིད་སོགས་ལ་གནོད་ན་མ་འགྲིག་པ་རེད་སྙམ།
འབྲེལ་ཐག་འདི་ལ་གཟིགས་རོགས། http://v.youku.com/v_show/id_XNTMyMTM3MDQ=.html
པེ་ཅན་གྱི་ཨ་ནེ་ཆོས་དབྱིངས་འདི་ན་འདུག
སྤོབས་པ་མཐའ་ཡས། ཁྱོད་ཀྱི་མཆན་༣༩༽པ་ལ་བལྟས་ན་རླུང་ལངས་ཡོད་ས་རེད། འོན་ཀྱང་རླུང་ལངས་རྒྱུ་ཡོད་ནི་མ་རེད། གང་ན་བོད་རང་གི་མི་འབུར་དུ་ཐོན་པ་ཞིག་ཡོད་ན་དེ་ནག་པོ་བཟོ་ཐབས་བྱེད་རྒྱུ་དེ་བོད་པ་སང་གི་རྩྭ་ཟ་སྟངས་དང་། ཆུ་འཐུང་སྟངས་ཤིག་གིས་རེད། ལས་ངན་ཅི་ཞིག་བསགས་པའི་འབྲས་བུ་ཡིན་ནམ། ཡང་གཅིག་བཤད་ན། མི་ཞིག་ལ་གླེང་ཕྱོགས་བཟོ་བསམ་ན་ཡིན་གཅིག་ཁ་བརྡ་དྲ་ཐོག་ཏུ་གླེང་སློང་བྱེད་དུ་འཇུག་དགོས། དེ་ནས་མི་རེ་རེས་མིང་གཉིས་གསུམ་རེ་བཟོས་ནས་སྐུར་འདེབས་བྱེད་རྒྱུ་རེད། མི་འདི་ཚོའི་བརྒྱ་ཆའི་དགུ་བཅུ་གོ་དགུ་གྲྭ་བ་མ་ལོག་གོང་སློབ་སྦྱོང་བྱེད་ས་དང་། སློབ་སྦྱོང་བྱེད་སྟངས་ཀྱིས་མ་འགྲིག་པ་རེད། དཀོན་མཆོག་གསུམ། ཡི་ཐང་ཆད་ནི་ཞིག་རེད།
སྤོབས་པ་མཐའ་ཡས། ཁྱོད་དང་འུ་གཉིས་ཀྱང་མི་ཡག་པོ་དང་ཚད་ལྡན་ཞིག་མ་རེད། མི་ཡག་པོ་དང་ཚད་ལྡན་ཞིག་ཡིན་ན་མིའི་རྐང་ལ་འཇིབ་པའི་ཡི་དྭགས་ཚོའི་ནང་དུ་འགྲེ་དོན་མེད། མཁན་ཆེན་དཔལ་དགྱེས་སོགས་མི་ཚད་ལྡན་སྐོར་ཞིག་རྒྱང་དུ་ཆས་སོང་། གཅིག་བྱས་ན་ཁོ་བོ་ཡང་ཁ་བརྡ་དྲ་ཐོག་ཏུ་ཡོང་བའི་མཆན་ཐ་མ་འདི་ཡིན་རྒྱུ་རེད། རྒན་རབ་གསལ་གྱིས་ལྷག་བསམ་རྣམ་དག་གིས་བོད་མི་མཉམ་འཛོམས་བྱེད་སའི་དྲ་རྒྱ་འདི་འདྲ་ཞིག་བཟོས་པ་རེད། ཁོང་གི་རེ་བ་སྟོང་ཟད་དུ་བཏང་བར་བློ་ཕམ་ཧ་ཅང་ཆེ། ལོ་གཅིག་གི་རིང་ལ་འདི་འདྲ་རང་མ་གཏོགས་མེད་ན་ཁ་བརྡ་དྲ་རྒྱ་མེད་པ་བཟོས་ན་ཡག་ས་རེད། སྐབས་རེ་མི་སྐོར་ཞིག་གིས་རྐང་བཙུགས་ནས་བརྙས་བཅོས་བྱས་ཡོང་དུས་སྡིག་པ་མང་པོ་བསགས་ཤོར་གྱི་འདུག དུས་བབ་དྲ་ཐོག་གི་མདུན་ངོས་ཀྱི་མཆན་ལ་སྟངས་འཛིན་བྱེད་ཐུབ་ཀྱི་འདུག ཁ་བརྡ་ལ་ཡང་ཅིག་བཟོ་རྒྱུ་ཡོད་ས་རེད། ཞི་བདེའི་ཐོག་ནས་བགྲོ་གླེང་བྱེད་ས་ཞིག་ཆགས་ཐུབ་ཡོང་ན་ཞབས་འདེག་ཞུ་ཆོག་ཡ། དེ་མིན་འདིར་ཡོང་བ་དེ་རྒྱག་རེས་རྒྱག་རྒྱུའི་ཆེད་དུ་ཡོང་བ་འདྲ་བོ་འདུག
ཁྱེད་ཚོས་ཨ་ནེ་ལགས་སྡུག་སྐྱ་འདུག་ཟེར་བ་ཆམ་་ག་རེ་འདུག་གམ། འདོད་ཆགས་བྱེད་མ་ཆོག་པའི་ཆོས་ལུགས་ཀྱི་ལུགས་སྲོལ་འདི་ཡག་པོ་མ་རེད། ང་ཚོ་བུ་མོ་ཚོ་ལ་ཁྱོ་ག་གདམ་གདམ་སུག་སུག་གཅིག་རག་གི་མི་འདུག
ཚང་མ་གྲྭ་བ་ཡིན་མདོག་མདོག་བྱས་ནས་དགོན་པ་ནང་དུ་བསྡད། ཁོང་རང་འདོད་ཆགས་མེད་མཁན་དེ་འདྲ་ནི་མ་རེད། དེ་ལས་འདོད་ཆགས་བྱེད་ནི་བྱེད་འདོད་འདུག
སྔོན་མ་ང་ལ་གྲྭ་བ་ངོ་ཤེས་པ་གཅིག་ཡོད། ཁོང་གིས་གསུངས་ཡ་བྱས་ན་གྲྭ་པ་ཚོ་ལ་འདོད་ཆགས་ཡོང་སྟངས་གཅིག་པ་རེད་གསུངས་ཀྱི་འདུག མ་ཟད་ཁོང་རང་ཚོ་ལ་གྲྭ་པས་གྲྭ་པ་ལ་འདོད་ཆགས་བྱས་སྟངས་ཡོད་རེད་གསུངས་ཀྱི་འདུག དངོས་གནས་ཡིན་པར་རེད།
ཁྱོད་རང་ཚོས་སོ་སོར་ཡག་པོ་ཞེ་པོ་ཡོད་མདོག་མ་བྱེད་ལོ། ངས་ཤེས་གི་ཡོད། གྲྭ་བ་བླ་མ་ཚོའི་འདོད་ཆགས་ག་འདྲའི་བྱས་ཀྱི་ཡོད།་ཨ་ནེ་གཅིག་གི་ཅིག་འགྲིག་མེད་མདོག་བྱས་ནས་གང་ཡོང་། ཁྱེད་རང་ཚོས་སྐད་མ་རྒྱབ། དེ་ལས་སྟུ་ལྡག་རོགས། ང་ཚོ་བུ་མོ་ལ་ཡང་དགོས་ཀྱི་དེ་རེད། མཁྱེན་སོང་ངམ།
xxxxxxxxxxxxxxxxxxxxxxxxxxxxxx
བོད་མོ་གཅིག་གིས་ངའི་དེ་ལྡག་མྱོབ་རེད་ཟེར། འ་ཛི་ཛིཛི། ངས་འདི་རིང་མ་གཏོགས་གོ་མ་མྱོང་།
ལྡག་མྱོངས་ཨེ།
སང་ཉིན་ནས་ཁ་བརྡའི་ནང་ལ་ཡོང་ཕོད་ཚོད་རེད།
བསྟན་ལྷ་ལགས་སྐུ་རྩེད་ཞུས་པ་ཡིན་ནོ།
གླེན་པ་ཚོས་ག་རེ་ཟེར་གྱིན་ཡོད། དེང་སང་རྒྱ་ནག་ལ་འབྲེལ་བ་བྱེད་ཐུབ་མཁན་ཚོ་ང་ཚོའི་ནང་གི་མི་འཇོན་པོ་དང་རྒོད་པོ་ལ་རྩི་གི་ཡོད་པ་རེད་ད།
ཨ་མའི་བུ ད་རྩོད་ཅིག ཆོལ་ཁ་ཆོས་ལུགས་རྒྱུན་དུ་རྩོད །དཔོན་ལ་མ་ཉེས་ཁ་གཡོགས་བྱོས །། བཙུནཔ་བཙུན་མར་ཁྱད་གསོད་དང་ །། ཕ་སྤུན་བུ་སྤུན་ནང་དམེ་བྱོས །། མེས་པོའི་ལོ་རྒྱུས་རྩ་གཏོར་ཐོངས །། ལ་རྒྱ་ཅན་གྱི་མགོ་ནས་ནོན །། བྱས་རྗེས་ཅན་ལ་ཝ་སྤགས་གཡོགས །། དགྲ་ཡི་དྭངས་མ་བང་དུ་ལོངས །། འདི་ལྟར་བགྱིས་པའི་འབྲས་བུ་ལ །།མནོ་བསམ་ཞིབ་ཏུ་བཏང་བ་ན །། བོད་པ་ཚང་གི་ལས་དབང་འདིར །། ངུ་ཡང་ཤོར་ལ་དགོད་ཀྱང་འཆོར །།
དྲ་བདག་ལགས གོང་གི་ཚིགས་སུ་བཅད་པ་འདི་མདུན་ངོས་སུ་བཀོད་ཐབས་ཞུ །
ངས་ཀྱང་འདི་ལྟར་བསམ། ཨ་ནེ་ཆོས་དབྱངས་ཀྱིས་གླུ་གཞས་བཏང་བས་འདུལ་བའི་བསྟན་པ་ལ་རྨ་འབྱིན་པ་སུས་ཀྱང་བཤད་དཀའ་བ་ཞིག་རེད། དཔེར་ན་རང་རེའི་སྔགས་གཞུང་མང་པོར་རྡོ་རྗེ་སྔགས་གླུ་སོགས་ཡོད་པ་མ་ཡིན་ནམ། དེའང་ལུས་ལ་སྔགས་ཆས་སྤྲས་པའི་སྔགས་པ་ཞིག་ཁོ་ནས་སྤྱོད་དགོས་པ་གང་དུ་གསལ་ཡོད། ཡང་ན་འདུལ་འཛིན་པ་ཚོས་གསང་སྔགས་ཀྱི་ལུགས་རེད་ཅེས་ཟུར་དུ་འཇོག་རྩིས་ཡིན། སྤྱིར་དེ་ལས་ཐབས་སྡུག་པ་ཞིག་ཏུ། རང་རེའི་བླ་སྤྲུལ་སྐྱེས་ཆེན་གྱི་མཚན་འཆིང་བ་རེ་འགས་གྲོགས་སུ་ནག་མོ་བསྟེན། ལུས་ལ་འདུལ་འཛིན་པའི་ནབ་བཟའ་གྱོན། ཁ་ནས་ཆོས་བཤད་ནས་དཔལ་འབྱོར་འདུ་འགོད་ཀྱི་ཆེད་ཕྱི་ནང་རྒྱལ་ཁབ་ཀུན་ཏུ་ཕེབས་ཤིང་། དེ་དག་གིས་རང་རེ་གངས་ཅན་པའི་འདུལ་འཛིན་ཡོངས་ལ་བསུབ་ཏུ་མེད་པའི་རྨ་འབྱིན་པ་པར་ང་ཚོས་དྲ་ངོས་སོགས་ནས་བགྲོ་གླེང་འདྲ་བྱས་ན་ག་འདྲ་འདུག བླ་སྤྲུལ་དེའི་རིགས་ནི་རང་རེའི་ཆོས་རྒྱུད་གྲུབ་མཐའ་ཕལ་མོ་ཆེའི་ནང་དུ་འདུག་པས། དེ་ནི་ངེས་པར་དུ་མེད་པར་བཟོ་ཐབས་ཞུ་དགོས་པའི་དུས་ལ་འཁེལ། སྤྱིར་དྲ་ཐོག་གི་ཡིག་འབུ་ཙམ་གྱིས་ཁོང་ཚོར་སེན་བྲད་ཙམ་ཀྱང་ཡོང་མིན་མི་ཤེས་མོད། སྤྱི་ཚོགས་ཁྲོད་ཁྱབ་བསྒྲགས་བྱས་ན་ག་འདྲ་འདུག
སྐྱོན་མེད་པའི་མི་ཞིག་མི་སྲིད་ལ། སྡིག་པ་མེད་པའི་སོ་སྐྱེ་ཞིག་མི་སྲིད།
བཙུན་མ་ཁོང་གིས་སྤྱི་ཚོགས་འདིའི་ནང་ཕན་ཐོགས་མི་ཉུང་བ་ཞིག་སྐྲུན་གྱི་འདུག་པས་དགའ་བསུ་ཞུ།
རང་གི་ལྟོ་གོས་འཚོ་ཐབས་མི་ནུས་པའི་མཆན་པ་འདི་ཚོའི་ཁ་ནང་སི་པན་བླུག་ན།
ཨ་མ་མ། མི་འདི་ཚོའི་ཁ་སྒོག་དེ།
ད་དོན་མེད་རྩོད་པ་མ་རྒྱག་རོགས། རྩོད་པ་བརྒྱབ་ནས་ཕན་ཐོགས་མི་འདུག རྒྱུ་མཚན་ཡོད་ན་ཤོད། མཚང་འབྲུ་རེས་མ་བྱེད།
མཐོན་པོའི་ཁྲི་ཁ་རུ་བདག་མོར་རོལ་བ་དང།།
བཤང་ཁང་ཆང་ཁང་ནས་བུ་མོ་སྤྱད་པ་གཉིས།།
ཕྱི་ཡི་རྫིག་ཉམས་ལ་མི་འདྲ་ཁྱད་ཡོད་ཀྱང།།
བྷ་གའི་བདེ་སྣང་ལ་ཁྱད་པར་ཆེ་ཡོད་བསམ།།
འཚུལ་ཆོས་ཚུལ་ཁྲིམས་ཀྱི་རྒྱུ་རུ་མཁས་པའི་གསུངས།།
གོམས་པ་ཤུགས་ཆེན་གྱིས་ཐར་བའི་མདུན་སར་འདེད།།
ཡང་ཡང་དྲན་ཤེས་ཀྱིས་བསྟེན་པའི་སྤྱོད་པ་དེ།།
བྱང་ཆུབ་མ་ཐོབ་ཀྱི་བར་གྱི་གུས་བས་འདུད།།
གསང་ཡུམ་བདག་མོ་རུ་འབོད་པའི་གུས་སྲོལ་ཞིག།
གྲྭ་རྐྱང་ཆགས་པ་ལ་འབར་ན་སྡང་སྲོལ་ཞིག།
སྟོན་མཆོག་སྲས་གཙང་གི་སྲས་པོའི་རྣམ་ཐར་དེ།།
སུས་འཁྱོང་སྟོན་པ་ལ་བཀའ་འདྲི་ཞུས་ན་ཤེས།།
ཐོས་བསམ་མཐར་ཆོད་ཀྱིས་སྡོམ་དྲ་མ་བཤིག་བར།།
གསང་སྔགས་ཉམས་ལེན་གྱི་གནད་ཞིག་མི་ཡོང་བ།།
ཞི་བདེའི་སྟོན་མཆོག་གིས་ཡང་ཡང་འདོམས་པ་དེར།།
བླ་ཆེན་སྐྱེས་ཆེན་ཚོའི་ཅུང་ཙམ་གསན་ན་སྐྱིད།།
ཉམས་ཆུང་བཙུན་མ་ཡི་དབྱངས་ཅན་ངག་གི་སྒྲས།།
སེམས་ལ་ཞི་བསིལ་གྱི་ཆར་བ་འཇོ་བ་དེར།།
དོན་མེད་གཏམ་འཆལ་གྱི་ཡལ་ག་མ་འདོགས་ཨང།།
གཞན་ཕན་སྤྱོད་པ་ལ་རྣམ་གྲངས་བྱེ་བ་མཆིས།།
ཐོག་མར་ཁ་བརྡ་ཚང་གིས་ངའི་མཆན་བུ་ཞིག་ནག་བསུབ་བཏང་འདུག་པར་ཐུགས་རྗེ་ཆེ་ཞུ།
ཨ་ནེ་ཆོས་དབྱིངས་ལ་མདོར་བསྡུ་ན་ཕྱོགས་གཉིས་ནས་སྐྱོན་བརྗོད་ཀིན་འདུག་སྟེ།
༡༽ཆོས་ཕྱོགས།
༢༽སྲིད་དམ་འཇིག་རྟེན།
དང་པོ། བཙུན་མས་གླུ་གར་ལ་རོལ་པས་སོ་ཟེར་ནའང་ཨ་ནི་ལགས་ཀྱིས་ལོ་ ༡༢ སྐབས་རབ་ཏུ་བྱུང་ནའང་ཕྱིེས་ནར་སོན་སྐབས་བསླབ་པ་ཕུལ་ཟིན་པས་སྐྱོན་དེས་མ་གོས། གལ་ཏེ་བཙུན་མ་ཞིག་ཡིནའང་། དེ་ཙམ་གྱི་སྐྱོན་ཆེན་ག་ལ་ཡིན་ཏེ། ཞི་བ་ལྷས། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པ། །དེ་ནི་གང་ཡང་ཡོད་མིན་ཏེ། །ཞེས་དང་། བཀག་པ་རྣམས་ཀྱང་དེ་ལ་གནང་། །ཞེས་དང་། བྱམས་པས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་སྦྱང་ན། །ཞེས་དང་། མངའ་རིས་པཎ་ཆེན་གྱིས། གཞན་ཕྱིར་ཕན་ན་ལུས་ངག་མི་དགེ་བདུན། །གནང་བའི་སྐབས་ཡོད་དོན་ལ་དགེ་བ་ཡིན། །ཞེས་དང་། ཁ་དཔེར་ཡང་། དགག་བྱ་ལས་ཀྱང་དགོས་པ་གཙོ། །ཁྱི་ལ་པོ་ཏིའི་བཀྲ་ཤིས་ཤོག །ཅེས་སོགས་མང་ལ་གལ་ཏེ་ད་དུང་སྣང་བར་འགྲོ་པོ་མ་བྱུང་ན། ཞི་བ་ལྷས། སེམས་ཅན་མོས་པ་སྣ་ཚོགས་པ། །རྒྱལ་བས་ཀྱང་ནི་མི་མགུ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །དེ་བས་འཇིག་རྟེན་བསམ་པ་གཏོང། །ཞེས་པ་ལྟར་དུ་རེད། ལར་ནས་ས་དང་ལམ་ཐོབ་ནའང་སངས་མ་རྒྱས་ཀྱི་བར་དུ་སྐྱོན་མེད་པ་མེད་པས་ངེད་བོད་པ་ཚང་ལ་མི་ཡག་མོ་ཞིག་ཐོབ་དཀའ་མོ་རེད།
གཉིས་པ། ཧོང་ཀོང་མེས་རྒྱལ་ལ་ལོག་པའི་རྟེན་འབྲེལ་ལ་ཨ་ནེས་གླུ་ལེན་ཏོ་ཟེར། འདི་ཁ་བརྡའི་མཆན་བུ་འདི་ནས་ཐོས་པ་དང་པོ་ཡིན་ལ། གྲོགས་པོ་ཞིག་གིས་དྲ་ཐག་ཀྱང་བཞག་འདུག་མོད་འདི་ན་དྲ་ཤུགས་ཆང་བས་ལྟ་མ་ཐུབ། གང་ལྟར་གནས་ཚུལ་འདི་ཡག་པོ་ཞིག་མ་རེད། རྗེས་སུ་ཡི་རངས་ཞུ་མི་ཐུབ། འོན་ཀྱང་ད་དུང་དཔྱད་རྒྱུ་ཡོད་དེ། མོས་བསམ་བཞིན་དུ་ཕྱིན་པ་ཡིན་མིན། སྤྱིར་གཞས་པ་ཚོ་མགྲོན་འབོད་ཀྱིས་ས་གནས་གང་ནའང་གཞས་གཏོང་གི་ཡོད་པས་དེར་སོང་བ་ཙམ་གྱིས་དེར་རྒྱབ་སྐྱོར་བྱས་པའི་ངེས་པ་མེད། ཡང་བལ་གཞུང་གིས་དེར་འགྲོ་དགོས་པའི་བཀའ་བཏང་བའང་ཡིན་སྲིད།
སྤྱིར་མོ་རང་བལ་པོའི་མི་ཁུངས་སུ་ཞུགས་པ་རེད། འདི་ནི་ངེད་ཅག་བཙན་བྱོལ་བ་འབོར་ཆེན་ཞིག་གི་གནས་སྟངས་སྤྱིར་བཏང་བ་ཞིག་རེད། དེ་ལས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་ཁུངས་སུ་ཞུགས་པའི་བོད་མི་ཞིག་དང་། བལ་པོའི་མི་ཁུངས་སུ་ཞུུགས་པའི་བོད་མི་གཉིས་ལ་ཁྱད་པར་ཏོག་ཙམ་ཡོད་པ་ནི། ཁོག་ཡུག་གི་དབང་གིས་བལ་ཡུལ་དུ་བལ་མིའི་ལག་འཁྱེར་འཆང་ནས་བོད་མི་ཡིན་མདོག་མང་དྲག་ན་འཇིགས་རུང་གཤིན་རྗེའི་ཁྲིམས་རར་བཅུག་ཉེན་ཡོད་པ་རེད། དེའི་དབང་གིས་འདི་པས་ཀྱང་བལ་མི་ཡིན་མདོག་བྱས་བཞིན་པ་ལས། རང་གི་ཤ་རུས་ཁྲག་གསུམ་གྱི་རྒྱུན་མཐོ་སྒང་བོད་རྒན་དག་ལས་མཆེད་པ་དུས་ནམ་ཡང་བརྗེད་མི་སྲིད། དེ་ལྟར་ཡིད་ཆེས་ཀྱང་ཡོད།
མེ་ཏོག་དཀར་པོ་ལགས། མོས་བསླབ་པ་ཕུལ་ཟིན་པ་རེད་དམ།
ཧོང་ཁོང་མེས་རྒྱལ་དུ་ལོག་པའི་གཞས་ཟེར་བ་དེར་ངས་ཐེངས་གཅིག་བལྟས་མོད་གཞས་ཤིག་གཏོང་གིན་མི་འདུག མོས་གཟུངས་སྔགས་འདྲ་བོ་ཞིག་ཐེངས་ཁ་ཤས་བསྐྱོར་སོང་། སྐབས་དེར་གྲྭ་བ་མང་པོ་འདུག ཆོས་དབྱིངས་སྒྲོལ་མས་གྲྭ་ཆས་ཀྱང་གྱོན་མི་འདུག སྤྱིར་ན་ཧོང་ཁོང་རྒྱ་ནག་ལ་རྩིས་སྤྲད་པ་དེ་བཀྲ་ཤིས་པའི་བྱ་བ་ཞིག་ལ་བརྩི་གི་ཡོད་སྟབས་རྟེན་འབྲེལ་ཞུས་ཀྱང་མི་འགྲིགས་པ་ཞིག་མ་རེད། གོང་དུ་ཅིག་བཤད་འདུག་མཁན་ཚོས་དོན་མེད་རྙད་འཚོལ་ཡིན་པ་འདྲ།
ནམ་རྒྱུན་སྤོབས་པ་མཐའ་ཡས་ཀྱིས་ཧ་ཅང་ལེགས་པོ་བྲིས་པ་དང་ཤོད་བཞིན་ཡོད། འོན་ཀྱང་དེ་རིང་གི་སྐད་ཆ། གྱོན་ཆས་ཟེར་བ་དེ་མི་རང་རང་གི་ལུས་སེམས་ལ་གང་འཕྲོད་བལྟས་ནས་གྱོན་ཆོག་པའི་གདམས་ང་ཅན་ཞིག་རེད། ཁྱོད་ཚོས་དེ་ཙམ་མི་བོཟད་དོན་ག་རེ་ཡིན་ནམ།
ཟེར་འི་་ཚིག་འདིས་སྤོབས་པའི་འདས་ཟིན་གྱིས་གྲུབ་འབྲས་ཐམས་ཅད་ལྕང་ལྕང་ནུས་མེད་དུ་བུད་སོང་། རབ་བྱུང་བ་ཡིན་ཕྱིན། འདུལ་བའི་ཚིག་ལ་བཟོས་བཅོས་ཉན་ས་མེད། འདུལ་བ་ཡུལ་དུས་ཟེར་བའང་འདི་ལ་གོ་ས་ནམ་ཡང་མེད་པས་འཁུམས་སོ།། དེ་རིང་སྤོབས་པར་རྒྱུ་མཚན་ཡང་འགྲོ་ས་མེད་པའི་ཆགས་ཞེན་ཞིག་མངོན་བཞིན་འདུག
ཧོང་ཀོང་མེ་རྒྱལ་དུ་ལོག་པའི་གཞས་ལ་ལན་གཅིག་བལྟས་པ་ཡིན། མོ་ནི་དངུལ་ལོའི་ཆེད་དུ་ཆོས་སྲིད་གཉིས་ཀར་རྩིས་མེད་རྡོག་རོལ་བཏང་འདུག་པ་མ་ཚད།
xxxxxxxxxxxxxxxx ད་འགྲིགས་ཀྱི་འདུག ཁྱོད་རང་ཚོས་མོ་འདྲ་པོ་ལ་བསྟོད་པ་འདྲ་བརྒྱག མཁས་དབང་ཟམ་གདོང་བླ་མ་འདྲ་པོ་ལ་ཁ་འདྲ་གཏོང་ནས་སྡོད།
ཨ་ནེ་ཆོས་དབྱངས་འདི་ནི་ཨ་ནེ་གཞན་ལས་ཁྱད་པར་འཕགས་པ་དེ་ནི་སྙན་མོ་གླུ་ཡི་འགྱུར་ཁུག་དང་། །འོ་འཛིན་དང་སྙིང་སྤོབས་ཆེ་བ། ལྷག་བསམ་དང་ཉམ་ཆུང་བྱམས་པ། མཛེས་འཛུམ་མཛངས་མའི་ཡང་རྩེར་སོན་པ་ཨ་མ་རྗེ་བཙུན་མ་བཞིན་དུ་རྒྱལ་བལ་ཉམ་ཆུང་དང་བླ་གྲྭ་མཁན་སྤྲུལ་དག་གི་བརྩེ་གདུང་གི་འཁྲི་ས་ཞིག་ཏུ་སྣང་ངོ་།
གྲོགས་པོ་ཚོ་ལྷོད་ལྷོད་བྱས་ནས་ཤོད་དང་། ང་ཚོའི་བར་ན་འགལ་བ་གང་ཡང་མི་འདུག ངས་ཆོས་དབྱིངས་སྒྲོལ་མ་ངོ་སྤྲོད་ཅིག་བྲིས་པ་དེར་ཆོས་དབྱིངས་སྒྲོལ་མ་འདི་ཤྰ་རའི་བུ་ལྟ་བུའི་ཤེས་རབ་ཅན་ཞིག་རེད་ཀྱང་བརྗོད་མེད། མོའུ་འགལ་གྱི་བུ་ལྟ་བུའི་རྫུ་འཕྲུལ་ཅན་ཞིག་རེད་ཀྱང་བརྗོད་མེད། ཉེ་བ་འཁོར་ལྟ་བུའི་བཙུན་པ་ཞིག་རེད་དེ་བས་ཀྱང་ཀྱང་བརྗོད་མེད། ངས་གང་ཞིག་བརྗོད་ཡོད་ཟེར་ན་མོས་གླུ་བླངས་ནས་བྱུང་བའི་ཡོང་འབབ་ཀྱིས་བལ་པོ་གཙོ་བོར་གྱུར་པའི་མི་སྣ་སྐྱོ་བོ་མང་པོ་ཞིག་སློབ་གཉེར་དང་སྨན་བཅོས་ཀྱི་མཐུན་རྐྱེན་སྟེར་བཞིན་འདུག དེ་ཡག་པོ་རེད་ཅེས་པ་ཙམ་བརྗོད་ཡོད། ཁྱོད་ཚོ་འདུལ་བ་མཁན་པོ་ཚོའི་བཀའ་བཀྱོན་དེ་འདྲེ་ཤར་དུ་བཞག་ནས་གླུད་ནུབ་ཏུ་གཏོང་བའི་ཟླར་སོང་འདུག རྒྱ་ནག་ལ་འབྲེལ་བ་ཡོད་མིན་ནས་བཤད་ན་ང་ཚོའི་བླ་སྤྲུལ་ང་ཆེ་ང་དྲག་ཟེར་མཁན་མང་པོ་ཞིག་ཀྲུང་དབྱང་གི་ཚོགས་འདུ་ཚུན་ལ་ཞུགས་གི་ཡོད་པ་རེད་ད།
ཞིང་པའི་བུ་ལགས། ཟམ་གདོང་གིས་ཀྱང་ཁོ་རྒྱལ་ཁབ་དང་མི་རིགས་ལ་ཤ་ཞེན་དང་མེད་ཅེས་ཁར་སང་ས་རཱ་སློབ་གྲྭ་རུ་བཤད་པ་དེ་གོ་མ་སོང་ངམ། མི་རིགས་ཀྱི་ཞེན་ཁོགས་ཡོད་མེད་ནས་བཤད་ན་ཟམ་གདོང་དང་ཆོས་དབྱིངས་སྒྲོལ་མ་གཉིས་ལ་དཀར་ནག་གི་ཁྱད་པར་ཞིག་ཡོད་ས་མ་རེད་དོ༎
ཨ་ནེ་ཆོས་དབྱིངས་སྒྲོལ་མས་ཕྱག་ལས་གནང་སྟངས་ཧ་ཅང་གི་ཡག་པོ་འདུག དངོས་དོན་གྱི་རླབས་ཆེན་གྱི་མི་སྣ་ཞིག་རེད། དེ་ལ་གནས་ཚུལ་རེ་ཟུང་གི་སྟེང་ནས་སྐྱོན་བརྗོད་བྱེད་དགོས་པའི་དོན་དག་ཡོད་པ་མ་རེད། རང་སྟེང་ལ་བསམ་བློ་རེ་ཐོངས་དང་། རང་ཉིད་ཇི་འདྲ་ཞིག་རེད་ཨང་། ཁ་སང་དེ་རིང་གི་དུས་ཚོད་འདིར་ཨ་ནེ་ཁོང་འདྲ་བ་ང་ཚོ་ལ་དགོས་གལ་ཆེན་པོ་ཡོད། འདུལ་གཞུང་ནས་གསུངས་པའི་འདུལ་ཁྲིམས་ཀྱི་སྐོར་ནས་བཤད་ན་དེང་སང་ཚད་ལྡན་མང་པོ་ཡོད་པ་བཤད་ཁག་པོ་རེད་ཨང་སྙམ། རྩ་བའི་ཆ་ནས་སྐྱོན་ཆེན་པོ་མེད་ན་སྐྱོན་ཕྲན་བུ་རེ་ཡོང་སྲིད་པ་རེད། དེ་ལ་ཁ་གཡར་ནས་བཟང་ཕྱོགས་ཀྱི་ཡོན་ཏན་ཚང་མ་ཡང་ངན་པའི་ཕྱོགས་སུ་འཕངས་ན་དགེ་མཚན་ཡོད་པ་ལས་གནོད་པ་ཤུགས་ཆེན་པོ་འབྱུང་སྲིད་པས་དོན་དག་འདིའི་རིགས་ལ་ཚང་མས་གཟབ་གཟབ་བྱེད་རྒྱུ་སྐུ་མཁྱེན་ལགས།
སྤོབས་པ་མཐའ་ཡས་ལགས།
བསྟོད་ནས་བསྟོད་ཚད་མ་ཟིན་ན།། གང་དུ་འགྲོ་མིན་འཕྱང་མོ་ཉུག།
དབུ་ནག་བོད་ལུས་བཙན་བྱོལ་གནས་པའི་ནང་། །ཞབས་སུ་ཁུང་ཆེན་གཉིས་བརྩེགས་ཡོད་ཚད་ལས། །རང་གི་རྐང་པས་འཛམ་གླིང་སྤྱི་སྟེགས་སུ། །སླེབས་པའི་དང་པོ་ཨ་ནེ་ཆོས་དབྱིངས་རེད།
ཨ་རོ་སྤོབ་པ། ཟམ་གདོང་གིས་གང་བཤད་འདུག་མ་བལྟ་བར་གང་བྱས་འདུག་ལྟོས་དང༌། དེ་ལྟར་གསུངས་པ་ཡང་ཁ་ནས་ག་རེ་བཤད་འདུག་མི་བལྟ་བར་དོན་ལ་ག་རེ་བྱས་འདུག་གཟིགས་ཐུབ་པའི་ཆེད་དུ་གསུངས་པ་རེད། བོད་མི་རིགས་དང་མི་མང་གི་དོན་དུ་བྱས་བྱས་བཏང་བཏང་ཐེར་འབུམ་དང་བྱེ་བ་སྤྲད་ནས་བདེ་སྐྱིིད་དང་ཡར་རྗེས་བཏང་ཚུལ་བཤད་དགོས་ན་རྒྱ་ནག་གཞུང་ལས་ལྷག་པ་སུ་ཡང་མེད་པར་ཤེས་པ་བགྱིས། ཨ་ནེ་ཆོས་དབྱིངས་ཟམ་གདོང་དང་མཉམ་དུ་སྦྱར་བ་དེར་བལྟས་ན་ཁྱེད་ངོ་མ་ཚ་བ་འཕར་མེད་དམ་སྙམ། སྙིང་རྗེ། ཁ་ནས་ག་རེ་བཤད་པ་ལས་དོན་ལ་ག་རེ་བྱེད་བཞིན་པ་བལྟ་མ་ཤེས་པར། ད་དུང་བླ་ཆེན་མང་པོ་ཀྲུང་དབྱང་གི་ཚོགས་འདུ་ཞུགས་འདུག་ཟེར། རང་དབང་ལུང་པ་ཡོད་པའི་བླ་ཆེན་སུ་ཞིག་ཞུགས་འདུག
དཀོན་མཆོག་ཁྱོད་ཀྱིས་དེ་ཡང་ཤེས་མི་འདུག རྒྱལ་བ་པཎ་ཆེན་དང་ཀརྨ་པ་ནས་བཟུང་སྟེ་བླ་ཆེན་མང་པོ་ཀྲུང་དབྱང་གི་ཚོགས་འདུ་ལ་ཞུགས་མྱོང་བ་རེད་ཡ།
ཧཧཧ་ དེ་ཚོ་སྔར་མོའི་སྐད་ཅ་རེད། དེང་སང་རང་དབང་ལུང་པ་ནས་ཕར་ཚོགས་འདུག་དང་མཛད་སྒོ་དེ་འདྲ་ལ་འགྲོ་མཁན་ཞིག་ཡོད་དམ་སྙམ་བྱུང༌། ཨ་ནེ་ཆོས་དབྱིངས་ནང་བཞིན། རེད་མི་འདུག་ག
བལ་ཡུལ་ན་རང་དབང་ཅང་མི་འདུག་ཡ། རང་དབང་ཡོད་མིན་ང་ཚོའི་འོས་སྒམ་གྱིས་ཁ་གྲག་སོང་ང་།
རང་དབང་ལུང་པའི་བོད་མི་དེ་ཚོ་ཀྲུང་གོའི་ཕྱིར་སྡོད་བོད་རིགས་སྤུན་ཟླའི་ཐོངས་མཆན་ལེན་དུ་རྡི་ལིའི་རྒྱ་དམར་གཞུང་ཁང་གི་སྒོ་འགྲམ་གྱི་འཚངས་ཁ་དེར་གཅིག་གཟིགས་དང་། གླུ་ཞིག་བླངས་པ་དེ་ཅི་གང་ཡང་མ་རེད་ད༎
ཡ་ད་དགྱ་འདྲེ་འདི་པ་ཚང་གིས་བོད་ནང་གི་རྩོམ་པོ་རྣམས་གཙང་པ་བཟོ་ས་རེད། ཁོང་ནི་ཚ་བ་མདའ་སྨྱུག་གི་གྲོགས་པོ་རེད། མདའ་སྨྱུག་ལ་ཉེན་ཁ་མེད་པ་ཤོག ཞོགས་དུང་ནི་ཚར་སོང༌། ང་ཚོའི་བསྟན་པ་འདི་་ གང་དྲག། བསྟན་པ་བློ་གྲོས་ནང་མཆན་འགྲོ་ཡི་མི་འདུག མཆན་གྱི་དུས་ཡུན་རྫོགས་ཚར་ཟེར་ན་གང་ཟེར་བ་རེད།
སྤོབ་པ། རྡི་ལི་ཐོངས་ཆེན་ཞུས་ནས་རང་གི་ཕ་མ་ཐུག་ཁ་འགྲོ་བ་རེད། ཕ་མ་དང་བཟའ་ཟླ་སོགས་ལོ་མང་པོ་ཐུག་ཡོད་མ་རེད། རབ་བྱུང་མིན་ན་གླུ་བླངས་པ་ག་རེ་ཡོད། བདེན་པ་རེད། འོན་ཀྱང་རྒྱ་ནག་གཞུང་གཉེར་མཛད་སྒོར་འགྲོ་བ་འདི་བོད་གཞུང་གི་ལངས་ཕྱོགས་དང་འགལ་ཡོད་པ་རེད། བོད་གཞུང་གི་ལངས་ཕྱོགས་དང་འགལ་ན་ག་རེ་ཡོད་རེད་ཟེར་ན། དེ་ག་རེད། དེ་ལ་ལན་ཡོད་མ་རེད།
ཁ་བརྡ་ཚང་གིས་ང་ཚོ་དྲ་གྲོགས་རྣམས་ལ་གསལ་འདེབས་བྱས་པ་ངོ་མ་རེད། ཁ་སང་དེ་རིང་གི་དུས་འདིར་ང་ཚོས་མཐུན་སྒྲིལ་ཡོང་བར་བརྩོན་ལེན་བྱེད་རྒྱུ་ལས། ནང་ཁུལ་ལ་དོན་ཆུང་རེ་ཟུང་ལ་ཁ་གཡར་ནས་དབྱེན་དཀྲུགས་བྱེད་པ་ཧ་ཅང་གི་ཐབས་སྡུག་རེད། གཞན་ཁ་བརྡ་ཚང་གིས་དུས་ལྟར་གསར་འགྱུར་བརྒྱུད་སྒྲོགས་གནང་བ་རྗེས་སུ་ཡི་རངས་ཡོད། རེ་བ་ཡིན་ན་དཀའ་ཁག་ཆེ་མེད་ཚེ། ཨ་ནེ་ཆོས་དབྱིངས་སྒྲོལ་མའི་སྙན་དབྱངས་ཆེད་སྒྲིག་འདྲ། དྲ་ལམ་འདིའི་སྟེང་བསྐུར་གནང་ཡོང་བར་ཐུགས་རྗེ་སྐུ་དྲིན་སྐྱོང་རྒྱུ་མཁྱེན།
ཧ་ཧ་་་་་་་་་་་་་་་་་་་་་་་་་་བསྟན་འཛིན་སྒྲོལ་མས་ཡག་པོ་བྲིས་འདུག རྒྱུ་མཚན་འདུག་ལ་གོ་རྒྱུ་འདུག སྙིང་རྗེ་བོ་འདུག་ལ་བགོད་བྲོ་བོ་འདུག ཕྱེད་བདེན་ཀྱང་སྲིད་ལ་ཕྱེད་ཙམ་རྫུན་ཀྱང་སྲིད། གང་ལྟར་ཡང་རང་རང་གིས་གང་མོས་བཤད་ཆོག་པ་འདི་ཁ བརྡ་ཚང་གིས་སྤྲད་པའི་ཐོབ་ཐང་རེད། ཨ་རོགས་ཚོ་་་་་་་་་་་་ཨ་ནི་ཆོས་དབྱིངས་ལགས་ཀྱིས་སྡོམ་པ་ཕུལ་ཡོད་མེད་སྐོར་གླེང་དགོས་དོན་མི་འདུག དེ་ལས་གྲྭ་བཙུན་ཚོར་སྡོམ་པ་ཐོབ་ཡོད་མེད་སྐོར་གླེང་དང་། སོ་སོར་ཐར་པའི་སྡོམ་པའི་ངོ་བོ་གང་རེད། ངེས་འབྱུང་དགོས་སམ་མི་དགོས། ངེས་འབྱུང་གི་གོ་དོན་གང་རེད་ལྟོས་དང་དེ་ནས་སུ་ལ་སྡོམ་པ་མཚན་ཉིད་པ་ཞིག་ཡོད་མེད་རྟོགས་པར་འགྱུར་ངེས། ངས་སྔོན་ནས་ཞུས་ཟིན་པ་ཡིན་བོད་མའི་ལུགས་སྲོལ་ཙམ་གྱིས་རྗེས་སུ་འབྲངས་ནས་སྡོམ་པ་ཡོད་མེད་ཀྱི་ཚད་བཟུང་ཏེ་མི་ལ་སྐྱོན་འདོགས་མ་བྱེད།
ཡང་རེ་ཟུང་གིས་དགེ་ཚུལ་དང་དགེ་སློང་གི་རྩ་བཞིའི་ཁྲིམས་དང་འགལ་ནས་སྡོམ་པ་བཏང་རྗེས་རབ་བྱུང་གི་གྲལ་ནས་འབུད་དགོས་པ་ལྟ་བུ་ཞིག་གསུང་བཞིན་འདུག དེ་ལ་བསམ་བློ་གཏོང་དགོས་པའི་གཞི་གཉིས་ཡོད། དང་པོ་དེ་ནི། མ་བྱིན་པ་ལེན་པ་དང་། མི་ཚངས་བ་སྤྱོད་པ་དང་། མི་ཆོས་བླ་མའི་རྫུན་སྨྲ་བ་དང་། སྲོག་གཅོད་པའི་གླེང་གཞི་ཐོག་མར་བྱུང་བའི་དགེ་སློང་རྣམས་སྟོན་པས་ཀྱང་དགེ་འདུན་གྱི་གྲལ་ནས་ཕུད་མེད་ཅིང་། ད་དུང་དགེ་སློང་གི་གྲས་སུ་བགྲངས་ཡོད་པ་རྒྱུ་མཚན་གང་རེད། གཉིས་པ། རྩ་བ་བཞི་ལྟ་བུ་ལས་འགལ་ཀྱང་མ་མོ་འཛིན་པའི་གང་ཟག་རྣམས་རབ་བྱུང་གི་གྲལ་ནས་གནས་དབྱུངས་བྱེད་མི་ཆོག་ཅེས་འདུལ་གཞུང་དུ་འཁོད་ཡོད།
ད་དུང་རང་རེ་གངས་ཅན་པའི་སྡོམ་རྒྱུན་དེ་ཡོད་པར་སྨྲ་བའི་ལུགས་ལྟར་ཡིན་ཅིང་། དེའི་ལུགས་དང་མཐུན་པར་སྡོམ་པའི་གཏོང་ཚུལ་སོགས་ལ་ཞིབ་ཏུ་རྟོག་དཔྱོད་གྱིས་དང་གནས་ཚུལ་མང་པོ་ཞིག་ཏུ་མངོན་དུ་གྱུར་ངེས་ཡིན།
ཡང་བསམ་གཞིག་གནང་དགོས་པ་ཞིག་ལ། མི་མང་པོ་ཞིག་གི་སེམས་ལ་སོར་སྡོམ་བླངས་ཚར་རྗེས་ཕོ་མོའི་ལུས་འབྲེལ་ཡོད་ཕྱིན་སོར་སྡོམ་མེད་པས་ཁྱབ་པ་ལྟ་བུར་བསམ་བཞིན་འདུག་ཀྱང་། དེ་ལྟར་ན་གསུམ་ལྡན་རྡོ་རྗེ་འཛིན་པ་ཇི་ལྟར་འཇོག དེས་ན་གཞི་བསམ་སྦྱོར་བ་མཐར་ཐུག་ཅེས་བརྩི་རྒྱུ་ཡོད་པ་མ་བརྗེད་རོགས།
ཕོ་མོའི་ལུས་འབྲེལ་ཡོད་མེད་གཅིག་པུ་བཤད་ནས་གྲྭ་བཙུན་རེ་ཟུང་ནག་པོ་མ་བཟོ། དགེ་ཚུལ་ལ་རྩ་བ་བཞི་དང་། དགེ་སློང་ལ་དེའི་སྟེང་དུ་ལྷག་མ་བཅུ་གསུམ་བསྣན་ནས་བསམ་བློ་ཐོང་དང་རབ་བྱུང་གཙང་མ་མང་པོ་ཞིག་རྙེད་ངེས་ཡིན། ཐ་ན་རྒྱལ་ཁབ་ཀྱི་ས་མཚམས་རྒལ་སྐབས་ཁྲལ་མ་སྤྲད་ན་རིན་ཐང་ཚང་ཚེ་སྡོམ་པ་གཏོང་རྒྱུ་མ་རེད་དམ། དེ་ཡང་མ་བྱིན་པ་ལེན་པའི་གྲས་སུ་སྟོན་པ་རྗེས་འབྲང་དང་བཅས་པས་བགྲངས་ཟིན་པ་རེད། ང་ཚོ་ལ་ཟློག་ཏུ་མེད་པའི་ལགས་ཆགས་ཀྱི་དངོས་གྲུབ་རེད། ངས་ལན་མང་ཞུས་ཟིན་སྡོམ་པའི་སྐོར་འདི་རྙོགས་ཟིང་ཅན་ཞིག་ཡིན། ལས་སླ་བོ་ཞིག་གིས་འདི་སྡོམ་ལྡན་འདི་དང་སྡོམ་ཤོར་འདི་ཞེས་བཤད་ཆོག་ཆོག་གང་ན་ཡོད།
དེ་བཞིན་དུ་མཁན་པོ་དང་དགེ་བཤེས་སློབ་དཔོན་དང་སྤྲུལ་སྐུ་ད་དུང་མིང་དེ་དང་འདྲ་བ་གང་ཟག་འཕལ་གྱི་བསམ་ངོ་ལ་ནང་ཆོས་ནས་བཤད་པའི་ཡོན་ཏན་ཐུན་མིན་རྣམས་ཡོད་པར་བརྩི་བ་དེ་ཚོ་ལ། རང་རང་ལ་དེ་དང་དེའི་ཡོན་ཏན་མེད་བཞིན་མིང་དེ་བེད་སྤྱོད་བྱས་ནས་བསྡད་ན་མི་ཆོས་བླ་མའི་རྫུན་གྱི་གྲས་སུ་ཡོད། འོན་ཀྱང་མངོན་པའི་ང་རྒྱལ་ཅན་དང་དོན་ལ་འཁྲུལ་པ་མེད་པ་རྣམས་ནི་དེ་ལྟར་མིན་ནོ།།
དེ་བཞིན་དུ་ང་ཚོ་བོད་མིའི་ལུགས་སྲོལ་ལ་རང་རང་གི་བླ་མ་དང་སྤྲུལ་སྐུའི་མིང་ཅན་དེ་ཚོ་ལྷ་ག་གེ་མོའི་སྤྲུལ་པ་ཡིན་ཞེས་བཤད་ཅིང་བསྒྲགས། དོན་ལ་དེ་ལྟར་ཡིན་མིན་སུས་ཐག་གཅོད་ནུས། དོན་ལ་དེ་ལྟར་མིན་ན་མི་ཆོས་བླ་མའི་རྫུན་དུ་འགྱུར་སྲིད། དེའི་སྐོར་ལ་༧སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་ཅིག་ཐོས་མྱོང་། ངས་གསལ་པོ་རང་དྲན་གྱིན་འདུག་འདི་ལྟ་བུ་ཞིག་གསུངས་ཡོད་སྣང་འཆར་བྱུང་། ༼ཁྱོད་རང་ཚོས་ང་སྤྱན་རང་གཟིགས་དངོས་རེད་ལབ། ངས་ཡིན་མདོགས་བྱས་ནས་སོང་ན་མི་ཆོས་བླ་མའི་རྫུན་ཆགས་ཀྱིན་ཡོད་འགྲོ།༽
ད་དུང་ཡང་སྲིད་དངོས་བཟུང་ཚུལ་གྱི་སྐོར་ལ་བསམ་ན་ཤིན་ཏུ་བགོད་བྲོ་བ་མང་པོ་ཡོད་ཀྱང་། གནས་ཚུལ་དེ་ཚོ་དུས་རབས་འདིའི་ནང་བོད་མིའི་སེམས་ཁམས་དང་མི་འཚམས་པས་བཤད་ན་རང་སྡུག་རང་གིས་ཉོས་པ་ཡིན་པས། ཧ་གོ་ཡང་མ་གོ་མདོགས་མདོགས། མོས་པ་མེད་ཀྱང་ཡོད་མདོགས་བྱས་ནས་སྡོད་རྒྱུ་རེད། འདི་དག་ནི་ནང་ཆོས་ཀྱིས་སྤྲད་པའི་གྱོང་གུད་མིན་མོད། བོད་མིའི་ལུགས་སྲོལ་དང་རྨོངས་དད་ལས་སྐྱེས་པའི་དུག་གི་མེ་ཏོག་གཞན་ཡིད་འཕྲོག་པའི་ནུས་པས་གཏམས་ཤིང་། མཐོང་དུག་རེག་དུག་བཤད་དུག་དང་ལྡན་པ་ཞིག་ལགས་སོ།།
གྲོགས་པོ་ཚོ་དེ་ཙམ་བྱེད། མི་སྒེར་པ་རེ་རེ་ལ་སྐྱོན་བརྗོད་བྱས་མེད་ལ་སྤྱིའི་གནང་སྟངས་སྐོར་ནས་བཤད་པ་ཡིན་པས་སུ་ཡང་ཁོང་ཁྲོ་ལང་དོན་མེད་པར་སེམས། གལ་སྲིད་ཁོང་ཁྲོ་ལང་ནས་སྙིང་ཐག་པ་ནས་དགོངས་སེལ་ཞུས་པ་ཡིན།
སྡོམ་པ་ཞུས་རྩ་བ་བཞི་དང་མ་འགལ་བར་དུ། ང་ཚོ་བོད་མི་ནང་པ་ཚོས་ཕྱག་དབང་ཞུ་འདོད་མེད་ན་ཡང་། བརྩི་མཐོང་གུས་བཀུར་ཞུ་དགོས་རེད། དེ་ལས་འགལ་ཚར་ན་ཚར་བ་རེད། གྲྭ་ཆས་ཕུད་ན་བཟང་།
དབང་འདུས་ལ་ལེགས་སོ་བརྒྱ་ཕྲག་ལྟེར་རོ།།
ཨ་ཁ་ཁ། སྤོབས་པ་ལ་རེ་བ་ཅུང་ཟད་ཡོད་མོད། ད་ཨ་ནེའི་འདིའི་དོན་དུ་མི་བཤད་དགུ་བཤད་རེད་འདུག གོས་ལ་ཁྱད་པར་གང་ཡང་མེད་ཟེར་ནས་འདུལ་བའི་སྡེ་སྣོད་ཁྱད་དུ་བསད། ཡང་ཨ་ནེ་ཀྲུང་གོའི་ཚོགས་འདུག་ལ་ཕྱི་སྡོད་བོད་མིའི་ངོ་ཚབ་བྱས་ནས་སོང་བ་འགྲིག་འདུག་ཟེར་ནས་ཆབ་སྲིད་ཕྱོགས་ལ་ཁྱད་གསོད་བྱེད། ཟམ་གདོང་དང་ཆོས་དབྱངས་སྒྲོལ་མ་བསྡུར་ནས་རང་གི་ནང་ཁྲོལ་ཕྱི་ལ་བསྟན། ད་དུང་་་་་་་་་་་་་་
གང་ལྟར་ཁྭ་ཏའི་མིག་ལམ་ན་སྐྱག་པ་ལ་གསེར་མདོག་ལམ་ལམ་འཕྲོ་ཟེར་བ་ཅིས་མ་བདེན། སྐུ་རྩེད་ཞུས་པ་ཡིན་ཀྱང་། ཤེས་ཡོན་པ་ཚོ་ལ་ཅུང་ཟད་རང་ཚུགས་ཡོད་ན་ཡག་གི་རེད་ཀོ ལྷག་པར་དུ་ཆོས་དང་མི་རིགས་ཀྱི་དོན་དུ་སྐྱོན་ལ་ཡང་བཟང་དུ་བཤད་ཀྱི་བསྡད་ན་ཡག་པོ་རང་ཨེ་ཡོད། སྔར་ཡོ་རོབ་ནས་གངས་བླ་རྒྱ་བོ་དང་ཕྱི་སྡོད་བོད་མའི་སྐུ་ཚབ་ཡིན་ཟེར་མཁན་བླ་མ་གྲྭ་བ་ཁ་ཤས་པེ་ཅིན་ཏུ་བསྐྱོད་སྐབས་བཙན་བྱོལ་བོད་མིའི་ནང་ནས་ངོ་རྒོལ་ཤུགས་ཆེན་པོ་བྱུང་བ་རེད། དེ་ལྟར་ཕྱི་སྡོད་བོད་མི་རྣམས་གཅིག་ཤོར་གཉིས་ཤོར་བྱས་ནས་ཀྲུང་གོའི་ཆབ་སྲིད་ཀྱི་སྟེགས་བུའི་སྟེང་དུ་བསྐྱོད་བསྡད་ན། ཀྲུང་གོའི་བཤད་པ་ལྟར། བོད་ཀྱི་གནད་དོན་སེལ་ཚར་བ་ཡིན། ཏྰ་ལེ་བླ་མའི་སྐུ་སྒེར་གྱི་གནད་དོན་རེད་ཟེར་བ་དེ་ལ་རང་ཕྱོགས་བདེན་པའི་རྣམ་འགྱུར་བསྟན་པ་མ་ཡིན་ནམ།
སྤོབས་པ་མཐའ་ཡས་ཨ་ཎི་ལ་ཧ་ཅང་དགའ་བས་རྐྱེན་གྱིས་བསྟོད་པ་མཐའ་ཡས་པ་བྱས་པ་འདྲ། ཨ་ཎིའི་གནས་ཚུལ་བཟང་ངན་གཉིས་ཀ་མང་པོ་ཐོས་མྱོང་། གང་ལྟར་ཨ་ཎི་མགྱོན་ཐག་ཆོད་ཅིག་འདུག
ཨ་ནིའི་འགྲོ་འདུག་སྤྱོད་གསུམ་དངུལ་གྱི་ཆེད་དུ་རེད། དེ་འགྲིགས་པར་ཆ་བཞག་ཀྱང་རྒྱལ་ཁབ་ཀྱི་རྩ་དོན་ལ་གནོད་གཞིའི་དངུལ་དེ་དུག་དང་ཁྱད་མེད། སྤྱི་ཚོགས་ནས་མོ་ལ་སྟངས་འཛིན་ཏོག་ཙམ་མ་བྱས་ན་བོད་ཁ་ལ་ཁྱེར་ནས་འདྲ་མིན་བྱེད་སྲིད། དེ་མིན་གོང་དུ་མང་པོ་ཞིག་དྲིས་འདུག་ཀྱང་གནད་ལ་འཁེལ་བ་ཞིག་མི་འདུག
ང་ཉིན་ཤས་རིང་ཡོང་རྒྱུ་མ་བྱུང་བའི་རིང་ལ།
འདི་ན་ཨ་ནེ་ཞིག་གི་དོན་ལ་གྱོད་ཆེན་པོ་ཞིག་ཐུག་འདུག
ད་བལྟས་ནས་བསྡད་ན་ལེགས།
མི་ཅི་སྨྲ་ལ་མ་ཉན།
མི་ཅི་བགྱིད་ལ་ལྟོས།
ཟེར་བ་ལྟར་འདུག་ན་བསམ།
ད་བོད་པ་ཚང་གི་ཚང་མ་བཙོང་ཤོག
རྫོང་གསར་མཁྱེན་བརྩེས་བཀའ་འགྱུར་བསྒྱུར་ནས་བཙོང་ཤོག
ཟམ་གདོང་བླ་མས་བསྟན་འགྱུར་བསྒྱུར་ནས་བཙོང་ཤོག
ཨ་ནེ་ཆོས་དབྱིངས་སྒྲོལ་མས་གླུ་གཞས་གཏོང་བཙུན་མ་བཙོང་ཤོག
ཚོང་པ་རྒྱག་པ་རྣམས་ཀྱིས་ལྷ་སྐུ་བརྐུས་ནས་བཙོང་ཤོག
མཁན་སྤྲུལ་རྣམས་ཀྱིས་ཆོས་ཚོང་ཁང་བཙུགས་ནས་ནང་ཆོས་བཙོང་ཤོག
གཞུང་ཞབས་རྣམས་ཀྱིས་གསང་འབྲེལ་ཐོག་ནས་རང་བཙན་ལག་དེབ་བཙོང་ཤོག
བོད་རྒྱ་ལ་བཙོང་ཤོག སོགས་པོ་ལ་བཙོང་ཤོག
བཙོང་ཤོག བཙོང་ཤོག
ཟམ་གདོང་ཚང་གིས་བསྟན་འགྱུར་བསྒྱུར། །ཞིང་པའི་བུ་ལ་བསྒྱུར་རྒྱུ་མེད། །
རྫོང་གསར་མཁྱེན་བརྩེས་བཀའ་འགྱུར་བསྒྱུར། །ཞིང་པའི་བུ་ལ་བསྒྱུར་རྒྱུ་མེད། །
ཆོས་དབྱིངས་སྒྲོལ་མས་ཆོས་དབྱངས་བཙོང་། །ཞིང་པའི་བུ་ལ་འཚོང་རྒྱུ་མེད། །
ཚོང་བ་རྒྱག་པས་ལྷ་སྐུ་བཙོང་། །ཞིང་པའི་བུ་ལ་འཚོང་རྒྱུ་མེད། །
སྐུ་ངོ་རྣམ་པས་ལག་ཁྱེར་བཙོང་། །ཞིང་པའི་བུ་ལ་འཚོང་རྒྱུ་མེད། །
བླ་སྤྲུལ་རྣམ་པས་ཆོས་ཚོགས་བཙུགས། །ཞིང་པའི་བུ་ལ་བཙུགས་རྒྱུ་མེད། །
ཧཧཧཧ
ཀུ་གྲོམ་པ་ཟེར་སའི་གྲོང་གསེབ་ཅིག་ན་ངའི་གྲོགས་པོ་དཀོན་མཆོག་ཟེར་བ་ཞིག་ཡོད། ཁྱོད་ཀྱི་སྐད་ཆ་བཤད་སྟངས་དེ་ཁོང་དང་འདྲ་བོ་འདུག
སྤོབས་པ་འདིས་ཨ་ནེའི་སྔོ་ལོ་ཚང་མ་ཕྱི་ལ་འཕྱར་སོང། དེ་སྔོན་ཨ་ནི་ལ་རྒྱུས་མངའ་རྩ་བ་ནས་མེད་པ་རྣམས་ལ་རྒྱུས་མངའ་བཟོས་སོང། ཨ་ནིའི་མི་ཚེ་ལ་ནག་ཐིགས་བརྒྱབ་སོང། མཐའ་དོན་ཨ་ནི་ལངས་རྒྱུ་མེད་པ་བཟོས་སོང།
བསྟོད་མི་ཤེས་གཅིག་གིས་བསྟོད་པ་ལས། སྨད་ཤེས་པ་གཅིག་གིས་སྨད་པ་དགའ་ཞེས་པ་དངོས་གནས་རེད།
BBC ཅིག་བཤད་གིན་བཤད་གིན་ཟམ་གདོང་བཀའ་ཁྲི་དང་བསྡུར་དགོས་པ་ཞིག་ཆགས་སོང་། ཟམ་གདོང་གིས་ཉེ་ཆར་གྱི་རྒྱལ་ཞེན་མེད་ཚུལ་གྱི་གཏམ་བཤད་དེས་ད་ཡིན་ན་ཟམ་གདོང་ལས་ཀྱང་ཁྱད་དུ་འཕགས་སོང་།
ཨ་རོ་བི་སི། ཟམ་གདོང་ཚང་ནི་ཁྲི་བྱང་ལ་དད་པ་དང་དོལ་རྒྱལ་ལ་དགའ་ཞེན་གཏིང་ནས་ཡོད་པ་ཞིག་ཡིན་པ་ཧ་གོ་སོང་། །
ཨ་རོ་ཨོ་རྡོ། ཧོ་ཆི་ཛོ་ལེ་ཡིན། དོན་མེད་གཏམ་འཆལ་བཤད་མ་ཡོང་། ཟམ་གདོང་གི་གནས་བབ་འདི་ཁྱེད་རང་གིས་སྐྱེ་བ་བརྒྱ་ཕྲག་རིང་ལ་བསྒྲུབ་ཐུབ་ལེ་མ་རེད་ཀོ། དེ་ལས་ཁྱེད་ལས་ངན་མ་གསོག ལྟོ་གྲོད་པ་གང་རག་ན་ཉི་ལྡེ་ནས་སྡོད། དེ་ལྷག་ཁྱེད་ཀྱིས་མི་འཇོན་ཁོ་ཐག་རེད།
མུན་ནག་གི་འཇིག་རྟེན།
ས་འཛིན་རིལ་པོར་མུན་ནག་སྟུག་པོ་འཁྲིགས།།
བདག་གི་མདུན་དུ་ཉི་གློག་རྐང་གཅིག་འབར།།
སྟོང་ཕྲག་དུ་མར་འདུས་པའི་ཆོས་སྡེ་འདིར།།
ང་ནི་གྲོགས་མེད་ཁེར་རྐྱང་འདི་རུ་ལྷགས།།
མདུན་གྱི་དར་ལྕོག་ལྷབ་ལྷུབ་རླུང་གིས་གཡོ།།
ང་ཡི་སེམས་ཀྱི་རང་གཤིས་མཚོན་པར་འདྲ།།
ཆར་ཆུས་ཟད་པའི་བྱང་བུ་འདི་ཚོ་ཡིས།།
ཕྱི་ཐག་མེད་པའི་གྲོགས་དེ་མཚོན་པར་སྣང༌།།
ཡ་གིའི་བྱམས་སྨོན་གསུང་བའི་འདོན་སྒྲ་དང༌།།
ཕ་གི་གློག་མཆོད་སྦར་བྱེད་སྐམ་གློག་སྒྲ།
འགྲན་པ་ལྟ་བུའི་རྣ་དཀྱིལ་ལྷུང་ན་ཡང༌།
འབུ་སྲིན་འདི་ཚོའི་སྐད་ཀྱང་ང་ཡིས་ཚོར།། ༢༠༠༩ ༡ ༢༢ ཉིན།
ཀུན་ཕན་ལས་ལ་ཉིན་མཚན་གཞོལ་ནུས་པའི།།
ངེས་དོན་སྤོབས་པའི་གདེང་ཚོད་མ་མཆིས་ཀྱང་།།
གཞན་ཕན་མི་ལ་སྙིང་ནས་བསྟོད་ནུས་པའི།།
སྤོབས་པ་མཐའ་ཡས་རྗེས་སུ་ང་ཡང་འཇུག།
རྒྱུ་མཚན་ལྟར་སྣང་བརྒྱ་བསྒྲགས་སྟོང་བསྒྲགས་ཀྱིས།།
གཞན་སྐྱོན་སྔོག་པའི་གདེང་ཚོད་མ་མཆིས་ཀྱང་།།
མངོན་སུམ་སྙོན་མེད་སྒྲོག་པའི་ཤེས་རབ་དཔལ།།
སྤོབས་པ་མཐའ་ཡས་རྗེས་སུ་ང་ཡང་འཇུག།
ཕལ་སྐད་སྟོང་གིས་འུར་སྒྲའི་ཀློང་དཀྱིལ་ནས།།
བརྡ་དག་བསྣུབ་རྒྱུའི་གདེང་ཚོད་མ་མཆིས་ཀྱང་།།
ཚོགས་གསུམ་ལྷད་མེད་གསལ་བའི་འགྲོ་སྟངས་ཐད།།
སྤོབས་པ་མཐའ་ཡས་རྗེས་སུ་ང་ཡང་འཇུག།
===========================
༈ དྲྭ་གྲོགས་ཚོའི་སྣང་བ་སྐྱིད་པའི་ཆེད་དུ་ད་ངས་ཀྱང་གླུ་ཆུང་ཞིག་ལེན་འདོད།
===========================
ཆོས་ཉིད་དོན་གྱི་གནས་ལུགས་ཡོངས་གཟིགས་པའི།།
ཆོས་ཀྱི་རྒྱལ་པོའི་གསུང་ཆོས་ཇི་སྙེད་པར།།
ཆོས་འདྲེ་རྣམས་ཀྱིས་ལོག་འབྲེལ་བྱེད་པ་ལས།།
ཆོས་ཀྱི་དབྱངས་རྟ་འཐེན་ན་དགའ་བ་ལ།།
===========================
རང་ཚུགས་བཙུན་མདོག་བྱས་ཏེ་ཆོས་སྡེའི་ནང་།།
རང་བཞིན་བཅས་ལྟུང་སྐྱོན་ཀྱིས་སྦགས་པ་ལས།།
རང་གཤིས་མ་བཅོས་ཀུན་ཕན་བློ་ཡི་ངང་།།
རང་འདོད་གླུ་དབྱངས་བླང་ན་སྐྱིད་པ་ལ།།
===========================
དོན་མཐུན་རང་ཚུགས་ཤོར་བའི་མི་ཚེའི་ནང་།།
བསྟན་དགྲ་སྐྱ་མ་སེར་གྱི་རྣམ་འགྱུར་རྩལ།།
དབྱར་རྩྭ་དགུན་འབུའི་རང་གཤིས་འཛིན་པ་ལས།།
ཆོས་ཚིག་དབྱངས་སུ་གྱེར་ན་སྤྲོ་བ་ལ།།
===========================
འོ་ཡ་ད་འགྲིགས་ག།
ཆོས་ལ་བསམ་ན། དགེ་ཚུལ་གྱི་དམའ་མཐའ་སར་སྲུང་དགོས་པའི་ཁྲིམས་བཅུའི་ནང་གསེས་གླུ་གར་བྱས་ནའང་མི་སྐྱོན། བསྟོད་པའི་ཐེ་བོང་གནམ་དུ་བསྒྲེངས།
སྲིད་ལ་བསམ་ན། རྒྱ་དམར་གྱི་དགའ་སྤྲོ་མཛད་སྒོར་ཆེད་དུ་བོད་བྱེས་འབྱོར་གྱི་ཚབ་བྱས་ནས་གླུ་གར་བྱས་ནའང་མི་སྐྱོན། བསྟོད་པའི་ཐེ་བོང་གནམ་དུ་བསྒྲེངས།
གང་བྱེད་ནའང་བྱེད་བཅུག་པའི་བོད་པ་ཚང་གི་ལས་དབང་ཡིན་ས་རེད། ད་གཡུག་ཤོག ང་ལ་ནི་ཨ་ནེ་དེས་གང་ཡང་གནོད་བསྐྱལ་མ་སོང་།
འབྲེལ་བ་གཅིག་རྐྱང་མི་འདུག ཨུ་ཚུགས་མ་བྱེད་ཅིག འགྲོ་ས་མི་འདུག བཙུན་མའི་རྟེན་དུ་གླུ་གར་མི་ཆོག་པ་དེ་རང་གིས་འཁུམས་སོ།།
མདོར་བསྡུས་ནས་བཤད་ན། བཙུན་མས་ཆོས་ཀྱི་དབྱངས་རྟ་འགྱེར་འདོན་ནི། དཔལ་དང་རྒྱན། མེས་རྒྱལ་ནང་ལ་ལོག་ཤོག་གླུ་དོན་གྱིས་དབུ་མའི་ལམ་གྱི་བོད་ཀྱི་ཆབ་སྲིད་ལ་མི་གནོད། འོན་ཀྱང་སྐྱོན་ཅིག་ཡོད་པ་ནི། བཙུན་མས་གླུ་བླངས་པ་ཙམ་གྱི་ཉེས་པ་དེ་རེད། དེ་ཡང་མོ་རང་གི་གསོ་སྦྱོང་སྐབས་ལ་ཉེས་སྦྱོང་ཐུབ་པའི་ཐབས་ཡང་ཡོད།
ད་ཆ་ཨ་ནེ་ལ་ཚང་མས་རྒྱབ་སྐྱོར་བྱེད་ཀྱི་འདུག གཡུག་ཞོག བོད་གཡུག་ཞོག གང་བྱེད་ནའང་བྱེད། ང་ཡང་ཨ་ནེ་ལ་རྒྱབ་སྐྱོར་ཡོད། གཏོང། གླུང་གཏོང་། ད་དུང་མང་ཙམ་གཏོང་། དེ་ལས་གོང་ཆེ་བའི་གླུ་གཏོང་། གླུ་ཐམས་ཅད་ཀྱི་ནང་ནས་ཡོང་འབབ་ཆེ་ཤོས་ཀྱི་གླུ་གཏོང་། ཆགས་གླུ་གཏོང་། ད་དུང་དངུལ་ཉུང་དྲགས་ན་གཅེར་བུའི་ཆགས་གཏོང་། དངུལ་བྱུང་ན་ཐམས་ཅད་ཡོད། དངུལ་བྱུང་ན་གྲོགས་པོ་ཡོད། དངུལ་འདི་ཐམས་ཅད་ཀྱི་རྒྱུ་ཡིན། གོང་ཆེ་བའི་གླུ་ཡི་མདོ་རྫོགས་སོ།།
ཧེ་ཧེ། ཁ་མི་དགེའི་བང་མཛོད་བདག་མེད་ཚོ།
གཞན་ཕན་བསྒྲུབས་ཚད་དངུལ་གྱི་དོན་དང་། དངུལ་བསྒྲུབས་ཚད་རང་གི་དོན་དུ་ཡིན་པར་ངེས་པའི་གཏན་ཚིགས་ཡང་དག་ཅིག་ཡོད་ན་ཁོད་ཅིག ངས་ཡང་ཁྱེད་རྣམ་པའི་རྒྱབ་རྩ་ལ་ཁ་རུབ་ལྕེ་རུབ་བྱ་ཆོག དེ་མིན་སྣང་བ་གང་དྲན་དྲན་ངང་གཞན་སྐྱོན་གྱི་ལྗིད་ཚད་འཇལ་ཁུལ་འདི་འཚམ་པོ་རང་མི་མཐོང་། ཡང་སྙིང་མོས་ཉེས་པ་ཅི་ཞིག་བསགས་ཡོད་པ་ཁྱེད་རྣམ་པས་མཁྱེན་འདུག་ཀྱང་། ཉེས་སྐྱོན་བསྒྲགས་ནས་གཞན་སྐྱོན་གྱི་སྡིག་པ་སེལ་མི་ཐུབ་པ་འདི་མ་མཁྱེན་པ་འདྲ།
ད་ཆ་ང་ཡང་སྤྲོ་པོ་བྱུང་ཡིག་རྩོམ་མང་ཆེ་བས་ཨ་ནི་ལགས་ལ་བསྟོད་བསྔགས་དང་རྗེས་སུ་ཡི་རེངས་ཞུ་བཞིན་འདུག དོན་དངོས་ལ་བསམ་འཛམ་གླིང་གི་རྒྱལ་ཁབ་ཡོངས་སུ་རྫོགས་པའི་ནང་སྐད་གྲགས་དང་ཟེར་ལྡེར་གྱིས་ཁྱབ་བཞིན་པའི་བོད་མི་ལྔ་དྲུག་ཙམ་ལས་མེད་ལ། དེའི་ནང་གི་གཅིག་ཨ་ནི་ལགས་རེད། ང་ཚོའི་སེམས་གཏིང་ན་ཡོད་པའི་གཡའ་དྭངས་སོགས་བོད་ནང་གི་གཞས་པ་གཞས་མ་ཚོ་དང་། རྒྱ་གར་ནང་གི་གཞས་པ་དང་གཞས་མ་ཚོའི་འོད་ལྡེར་ནི་ཁྱབ་ཚད་ཤིན་ཏུ་ཆུང་ཞིང་། སྐད་གྲགས་ཀྱང་རང་རིགས་གི་ནང་ཙམ་དང་དེ་ལས་བརྒལ་ན་རྒྱ་ནག་ནང་ཙམ་ལས་ཆེར་མེད། འཛམ་གླིང་གི་གར་སྟེགས་སྟེང་དུ་ཁྱབ་བཞིན་པའི་བོད་མི་གཞས་པ་གཞས་མ་སུ་དང་སུ་འདུག་བརྟགས་དཔྱད་གྱིས་དང་། གཞི་ནས་ཨ་ནི་ལགས་ཀྱི་ཤེས་འབྱོན་རྟོགས་ཐུབ་ངེས། ཆོས་ཀྱི་སྲོལ་རྒྱུན་ཙམ་ལ་བརྟེན་ནས་བོད་མིའི་ཁྲོད་ཀྱི་ཤེས་ཡོན་པ་དང་འབྱོན་ཐང་ཅན་མང་པོ་ཞིག་བོད་ཀྱི་སྤྱི་ཚོགས་དང་ཁ་བྲལ་དགོས་པ་འདི་ང་ཚོ་བོད་མའི་སྐྱོན་ཆེ་ཤེས་ཤིག་ཡིན་པ་ངོས་ཟིན་དགོས།
ངས་སྔོན་ནས་ཞུས་ཟིན་དགེ་ཚུལ་དང་དགེ་སློང་གི་སྤང་བྱའི་སྐོར་ལ་མང་པོ་ཞིག་བཤད་དང་མ་བཤད་གང་ན་ཡོད། ང་ཚོ་བོད་མིའི་གྲྭ་བཙུན་མང་པོ་ཞིག་ས་མཚམས་རྒལ་སྐབས་ཁྲལ་མ་སྤྲད་པར་བྲོས་བྱོལ་དུ་ཡོང་བཞིན་པ་དེ་ལ་རིན་ཐང་ཚང་མིན་བརྟགས་ན་ཇི་ལྟར་བཤད། རིན་ཐང་ཚང་ན་མ་བྱིན་པ་བླངས་པས་སྡོམ་པ་རྩ་བ་ནས་ཉམས་པ་རེད། དེ་ལ་བགོ་རྫས་འཇོག་རྫས་སོགས་དཔྱད་དགོས་པ་མང་ཞིག་ཡོད་མོད་འདིར་བྲིས་ཀྱང་ཕན་པ་ཆེར་མེད་པས་བཞག་ལ།
ཨ་ནི་ལ་དགེ་ཚུལ་ཡིན་པས་དབང་དུ་བཏང་ནའང་། དགེ་ཚུལ་ལ་བླང་འདས་སོ་གསུམ་དང་། ཚུར་བསྡུ་ན་རགས་པ་བཅུ་ཞེས་བཤད་པ་དེ་རེད། དེའི་ནང་གི་རྩ་བ་བཞིའི་ལྟུང་བ་མ་བྱུང་ན་སྡོམ་པ་གཏོང་བ་མ་རེད།
གར་སོགས་གསུམ་དང་ཕྲེང་སོགས་གསུམ་པོ་བླང་འདས་སོ་གསུམ་དང་རགས་པ་བཅུའི་ཁྲོད་དུ་ཡོད་ཀྱང་། དེ་དང་འགལ་བ་ཙམ་གྱིས་སྡོམ་པ་ཉམས་པ་ག་ལ་ཡིན། དེ་ནི་དཔེར་ན་བོད་ཀྱི་གྲྭ་བཙུན་རྣམས་བོད་ནས་ཕེབས་སྐབས་རབ་བྱུང་གི་བརྟགས་དོར་ནས་ཁྱིམ་པའི་བརྟགས་སྤྲས་པ་དང་། དེ་ཙམ་དུ་མ་ཟད་འགྲོ་འདུག་བདེ་བའི་ཆེད་དུ་རྒྱལ་ཁབ་གང་སར་མཚམས་མཚམས་གྲྭ་བཙུན་རྣམས་ཀྱིས་སྐྱ་ཆས་གྱོན་ནས་འགྲོ་བ་དེ་དང་། ཨ་ནི་ཆོས་དབྱིངས་ལགས་ཀྱི་གཞས་ལེན་པ་གཉིས་ཉེས་པ་ཆེ་ཆུང་གཅིག་ཡིན་པ་འདུལ་བའི་ཁྲིམས་ཀྱི་འགྲོ་སྟངས་རེད། མཚམས་མཚམས་སུ་ད་དུང་རབ་བྱུང་གིས་སྐྱ་ཆས་སྤྲས་ན་ཉམས་པ་གསུམ་གྱི་གྲས་རེད་ཅེས་གར་སོགས་དང་ཕྲེང་སོགས་ལས་ཉེས་པ་ཆེ་བ་ལྟ་བུའང་གསུངས་ཡོད། འདུལ་བ་ལ་ཁོང་གཏུགས་ན་དེ་ལྟར་ཡིན་དགོས་པ་འདྲ། འདུལ་བ་མི་ཤེས་པར་གྲྭ་པའི་སྤང་བླང་གི་རྣམ་གཞག་སྤྱི་ཚོགས་ཀྱི་རྗེས་སུ་འབྲངས་ནས་བཞག་ཏེ། ཤེས་འབྱོན་ཅན་དང་སྐད་གྲགས་ཡོད་མཁན་ཚོ་སྤྱི་ཚོགས་གཞན་གྱི་ཁྲོད་དུ་སྤྱུགས་འདོད་ན་གང་མོས་གྱིས།
སྔོན་ནས་ད་ལྟའི་བར་དུ་ཁ་དང་ཁ་སྤུ་འབྱེད་དགོས་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་བོད་མི་རྣམས་ཁ་གཏོར་གཏོང་བཞིན་པ་འདི་སེམས་པ་སྐྱོ་དགོས་པའི་གནས་རེད།
ཨ་ནི་ཆོས་དབྱིངས་ཙམ་མིན་པར་ད་དུང་སྐད་གྲགས་ཅན་གཞན་ཡོད་ན། དྲྭ་ལམ་དུ་བཀོད་ནས་ཁ་གཏོང་གང་ཐུབ་བྱས་ཏེ་བོད་མིར་ཞེན་པ་ལོག་ཅིང་སྐྱུག་བྲོ་བ་ཞིག་བཟོས་དང་ཧ་ཅང་ལེགས་པོ་འདུག
མདོར་ན་སྲིད་ཕྱོགས་ནས་བསམ་ན། བོད་མི་ཤེས་ཡོན་པ་དང་འབྱོན་ཐང་ཅན་དང་། སྐད་གྲགས་ཅན་དང་། སྤྱི་ཚོགས་གཞན་གྱིས་དོ་སྣང་སྤྲོད་ཡུལ་དེ་ཚོ་བོད་མའི་ཁྲོད་དུ་ཚུར་འགུག་ཐབས་བྱས་ཏེ། བེད་སྤྱོད་གཏོང་ཐུབ་པ་བྱེད་དགོས། དེ་ལྟར་མ་ནུས་པར་བསམ་ཚུལ་མཐུན་པ་ཁོ་ནའི་སྤྱི་ཚོགས་ཤིག་བསྐྲུན་ཏེ་གཅིག་གིས་གཅིག་ལ་སྐྱབས་འགྲོ་བྱས་ནས་སྡོད་པ་དེ་འཛམ་གླིང་སྤྱི་ཡི་སྲིད་ཀྱི་ཆགས་ལུགས་མིན། འོན་ཀྱང་རྒྱལ་ཁབ་ཆེན་པོ་འབྲུག་དང་བོད་མིའི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ལ་འགྱུར་བ་མེད་ན་དེ་ལྟར་ལོས་ཡིན།
ཆོས་ཕྱོགས་ནས་བསམ་ན་ངོ་ཆེ་ཆུང་དང་སྐད་གྲགས་ཆེ་ཆུང་། ཁྱེད་རང་དད་པ་ཡོད་མེད་ལ་མ་ལྟོས་པར་སུ་དང་སུ་འདུལ་བའི་བཅས་པ་དང་འགལ་འདུག སུ་དང་སུ་ལ་བྱང་སེམས་ཀྱི་རྩ་ལྟུང་བྱུང་འདུག སུ་དང་སུ་གསང་སྔགས་ཀྱི་དམ་ཚིག་ཉམས་འདུག་བསམ་བློ་ནང་དུ་ཁུག་ནས་རྟོགས་དཔྱོད་ཞིབ་མོ་ཞིག་གྱིས་དང་། ངོ་མཚར་སྐྱེ་བའི་གནས་མང་པོ་གསར་དུ་རྙེད་ངེས་ཡིན། དེ་ལྟར་བརྟགས་ཤིང་དཔྱད་པར་འདོད་ན། སོ་ཐར་ལུགས་ཀྱི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གཉིས། བྱང་སེམས་ཀྱི་རྩ་བའི་ལྟུང་བ་བཅོ་རྒྱད། སྔགས་ལྟར་ན་ཤིན་ཏུ་མང་ཡང་རྩ་བ་བླའི་སྐུ་གསུང་ཐུགས་གསུམ་ལས་ཕྱེ་བའི་གསུམ་ཚན་དགུ་འམ། ཡང་ན་རྩ་ལྟུང་བཅུ་བཞི་པོའི་གྲངས་དང་ཚད་གཞི་ཕྱོགས་ཙམ་ངེས་པ་དགོས། དེ་ནས་ང་ཚོས་ཁ་གཏོང་ཡུལ་དེ་རང་ཉིད་ཡིན་ནམ་གཞན་ཡིན་རྟོགས་ཐུབ་ངེས་ཡིན།
མདོ་རྒྱུད་རྒྱལ་མཚོའི་འཇིངས་ན་མེད་པ་ཡིས།།
གསར་བྱུང་བོད་མའི་འདུལ་བའི་བཅས་ཁྲིམས་དེས།།
གངས་ཅན་དཔའ་བོ་དཔའ་མོའི་སྙིང་སྟོབས་རྒྱུན།།
མི་རིགས་གཞན་ལ་བསྐྱེལ་ན་མི་ཕངས་སམ།།
འོན་ཀྱང་གཞན་དྲིང་མི་འཇོག་རྣམས་དཔྱོད་ཀྱིས།།
སྤང་གནས་ཀུན་ཚུལ་བཞིན་གཞལ་བྱས་ཏེ།།
ད་གཏོད་ཚུལ་མཐུན་སྐྱེས་བུ་འཚོལ་མཛོད་དང་།།
ཚུལ་འཆལ་གང་དུ་ཡོད་མེད་རྟོགས་པར་ངེས།།
ཁ་བྱ་ཙམ་ལ་བརྟེན་ནས་འདུལ་ཁྲིམས་བཞག།
ཆོས་དང་སྲིད་གཉིས་མི་འགལ་ལྷན་དུ་སྒྲུབ།།
ཟས་གཙང་སྲས་པོ་སླར་ཡང་ཕེབས་སྲིད་ན།།
གངས་ཅན་པ་རྣམས་ངོ་ཚས་ཤི་བར་ངེས།།
མང་དུ་མི་བཤད་ཁ་ནི་ཉེས་པའི་སྒོ།།
མང་དུ་མི་བྲི་བླུན་པོ་གསོད་ལ་དགའ།།
མང་དུ་མི་བསམ་རང་ལའང་ཡིད་ཐང་ཆད།།
མང་པོའི་ཁྲོད་དུ་གཅིག་པུར་ལུས་ལེན་འདུག།
དབང་འདུས་ལགས་ཀྱིས་དངོས་ནས་འདྲ་བོ་ཞིག་གསུངས་བྱུང་ང་། དོན་དངོས་དེ་ག་རང་རེད་ད།
ང་ཚོའི་སྤྱི་ཚོགས་ཁྲོད་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་རྣམ་པ་དེ་ཤུགས་ཆེན་པོ་ཞེ་དྲག་རེད། འདིའི་རིགས་ལ་འགོག་ཐབས་ཡག་པོ་ཞིག་མ་བཙལ་ན་དངོས་གནས་བོད་ཀྱི་མཛངས་མི་རྣམས་ཡུལ་ཁམས་གཞན་དུ་མི་འགྲོ་ཀ་མེད་རེད་འདུག་གོ། དྲང་པོ་ཞུས་ན་ལེགས་ཕྱོགས་དང་ཉེས་ཕྱོགས་སོ་སོར་ཡིན་པས་ལེགས་ཆ་ལ་བསྟོད་མ་ཐུབ་ཀྱང་སྨད་ག་ལ་ཉན། འོན་ཀྱང་དཀར་ནག་གཅིག་ཏུ་བསྒྲུབ་པར་འདོད་པ་འདི་རང་རིགས་རྩམ་ཟན་པ་ཚོའི་རང་གཤིས་ཤིག་ཡིན་པ་ནི་རྒྱུན་དུ་གླེང་བཞིན་པ་འདི་ཡིན་པས་ལས་གནས་ཚུལ་གསར་པ་ཞིག་གང་ཡང་མ་རེད་ཡ།
དབང་འདུས་ལགས་ཀྱིས་དངོས་ནས་འདྲ་བོ་ཞིག་གསུངས་བྱུང་ང་། དོན་དངོས་དེ་ག་རང་རེད་ད།
ང་ཚོའི་སྤྱི་ཚོགས་ཁྲོད་གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་རྣམ་པ་དེ་ཤུགས་ཆེན་པོ་ཞེ་དྲག་རེད། འདིའི་རིགས་ལ་འགོག་ཐབས་ཡག་པོ་ཞིག་མ་བཙལ་ན་དངོས་གནས་བོད་ཀྱི་མཛངས་མི་རྣམས་ཡུལ་ཁམས་གཞན་དུ་མི་འགྲོ་ཀ་མེད་རེད་འདུག་གོ། དྲང་པོ་ཞུས་ན་ལེགས་ཕྱོགས་དང་ཉེས་ཕྱོགས་སོ་སོར་ཡིན་པས་ལེགས་ཆ་ལ་བསྟོད་མ་ཐུབ་ཀྱང་སྨད་ག་ལ་ཉན། འོན་ཀྱང་དཀར་ནག་གཅིག་ཏུ་བསྒྲུབ་པར་འདོད་པ་འདི་རང་རིགས་རྩམ་ཟན་པ་ཚོའི་རང་གཤིས་ཤིག་ཡིན་པ་ནི་རྒྱུན་དུ་གླེང་བཞིན་པ་འདི་ཡིན་པ་ལས་གནས་ཚུལ་གསར་པ་ཞིག་གང་ཡང་མ་རེད་ཡ།
སྤོབས་པ། ང་ཁྱོས་བཤད་པའི་དཀོན་མཆོག་དེ་ཡིན། ཁྱོས་གྲོགས་པོ་ལ་དེ་འདྲ་བྱས་ཡོང་བསམ་བསམ་མེད། ངས་ཁ་བརྡ་ནང་མཆན་མང་པོ་བཏབ་ཀྱང་དཀའ་ངལ་གཅིག་ཀྱང་མེད། ཐེངས་ཤིག་སྤོབས་པ་ནས་ཡར་འཇོག་པའི་ཨ་ནེ་སྐོར་དེ་མཐོང་བྱུང༌། མཆན་ག་ཚོད་བཏབ་ཀྱང་ཕྱིར་འབུད་གཏོང་ཡོང་གི་འདུག ཁྱོས་ང་དཀོན་མཆོག་ཅེས་རང་མིང་དངོས་སུ་བྲིས་ཡོད་སྟབས་ཡིན་རྒྱུ་རེད་བསམ་བྱུང༌། དེ་རྗེས་ཉིན་མ་འགའ་ཞིག་སོང་རྗེས་མཆན་སྦས་བཞག་པ་གཅིག་གཞི་ནས་ཡར་བཏོན་འདུག སྤྱིར་བཏང་ངའི་མཆན་ཚང་མ་ཁ་དོག་ཡོང་གི་ཡོད་རེད། ཁྱོས་ཡར་འཇོག་པ་དེའི་ནང་ངའི་མཆན་ཁ་ཤས་ཉིན་ཤས་ཀྱི་རྗེས་ནས་ཡོང་གི་འདུག ག་རེ་ཡིན་ན་མི་ཤེས། ཕོག་ཐུག་འདྲ་བྱུང་ཡོད་ན་དགོངས་པ་མ་ཚོམ། གྲོགས་པོ་རྙིང་པ།
དཀོན་མཆོག ཁྱོད་ངོ་མ་ཀུ་དྲོམ་པ་ན་ཡོད་པ་དེ་ཡིན་ནམ། ཚུལ་ཁྲིམས་ཀྱི་ག་རེ་བྱེད་ཀྱིན་འདུག
ཧ་ཧ། ད་ཡིན་ན་སྟོན་པ་གཉིས་པ་ཞིག་དྲ་སྟེང་ན་སླེབས་འདུག འདུལ་བའི་བཅས་མཚམས་གསར་པ་བཟོ་བཞིན་འདུག ངས་འདུལ་བ་བལྟས་ནས་ཕལ་ཆེར་ལོ་བཅུ་ཕྲག་གཉིས་ལ་ཉེ་བར་སོང་ཡང་ད་དུང་དྲན་་པའི་ཡུལ་ན་ཅུང་ཟད་འདུག བདེ་བར་གཤེགས་པའི་ལུང་ལས་དགེ་ཚུལ་ལ་བླངས་འདས་སོ་དྲུག་ལས་སོ་གསུམ་ཞེས་པ་གསུངས་མེད། དགེ་སློང་ལ་ཁྲིམས་ཕམ་པ་བཞི་དང་། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ་དང། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་བཅས་ཁྱོན་བསྡོམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ནས་གཅིག་ཁྱེད་ཀྱིས་བསྣམས་ཏེ་ཨ་ནེ་ལགས་སུ་སེམས་རྟེན་དུ་ཕུལ་བ་ཐག་གིས་ཆོད། མ་ཟད་དགེ་ཚུལ་གྱི་སྲུང་བྱ་གསུམ་ཉུང་དུ་གཏོང་དགོས་དོན་གང་ཡིན། དྲ་སྟེང་གི་སྟོན་གསར་པ་ཁྱེད་རང་ཉུང་དུ་གཏོང་རྒྱུར་དགའ་པོ་ཡོད་པ་འདྲ། དེ་བཞིན་ཁྱེད་ཀྱིས་བོད་ཀྱི་གྲྭ་བཙུན་ས་མཚམས་བརྒལ་སྐབས་ཁྲལ་སྤྲད་མེད་པས་རིན་ཐང་ཚང་མིན་བརྟག་ན་སྡོམ་པ་གཏོང་བའི་རྒྱུ་རུ་ཟད་ཅེས་པ་སོགས་བྲིས་་འདུག་པས་གད་མོ་ཤོར་དགོས་པའི་གནས་རང་རེད་འདུག མདོ་ཕལ་པོ་ཆེ་སོགས་ནས་རྒྱལ་བའི་ལུང་གིས་ཟིན་པ་ཀུན་མཁྱེན་མཚོ་སྣ་པས་རིན་ཐང་ཚང་མིན་གྱི་ཐད་མདོ་ལུང་ཁུངས་སུ་མཛད་དེ་རྒྱལ་པོ་མ་སྐྱེས་དགྲས་གྱོད་ལ་དཀྲི་སྟེ་ཞེས་སོགས་ལུང་གི་དོན་བཀྲལ་ནས་རིན་ཐང་གི་ཚད་ནི་ཡུལ་ཁྲིམས་ཀྱི་མཐར་གཏུགས་པར་སྦྱོར་བར་མཛད་པ་དོན་ལ་གནས་པས་བྱིས་པའི་མུ་ཅོར་མ་སྒྲོགས་ཤིག མ་ཟད་ཁྱེད་ཀྱིས་བྱང་སྡོམ་དང་སྔགས་ཀྱི་རྩ་ལྟུངསོགས་ལ་དཔྱད་པ་བྱེད་ཁུལ་ཡང་ད་ལྟ་སྔ་དྲགས་འདུག བགྲོ་གླེང་བྱ་འདོད་ན་ཐམས་ལ་མཐོང་ཆུང་མ་བྱས་པར་གཞུང་ཆེན་མོ་དང་མཐུན་པའི་བསྟན་པའི་དག་ཐེར་བྱེད་དགོས། དེ་མིན་གཡག་ཞ་རས་རྩ་བ་ལྟར་བྱས་ན་གར་ཡང་མི་ཕྱིན་ནོ།།
ཁོང་བདེ་མོ་རེད། གྲོང་གསེབ་ལ་ལྷོད་ལྷོད་རེད་པ། འདིར་སྒེར་དོན་མི་བཤད་མ་གཏོགས་དྲ་གྲོགས་ཚོ་དགོངས་པ་ཚོམ་འགྲོ། ཁྱོད་སར་ངའི་ཨི་མེལ་ཁ་བྱང་ཡོད་པས་འབྲེལ་བ་བཟོས་ཤོག ཡང་ན་ཁོམ་པ་བྱུང་ན་ཕར་གཏོང་ཡོང༌། ད་བདེ་མོ།
དགེ་ཚུལ་སློང་ཕ་ལ་ཕམ་ལྷག་དང་ལྟུང་བ་དེ་ཙམ་མང་པོ་ཡོད་ན་ཨ་ནེ་ལ་དེ་ལས་ལྡབས་ཁ་ཤང་མང་བ་ཡོད་རྒྱུ་རེད། རྒྱུ་མཚན་ནི་ཨ་ནེ་དེ་ཚོ་སྡོད་ཚུགས་པོ་མེད་པས་རེད། ངས་དེ་འདྲ་ཞིག་གོ་མྱོང༌།
ལྡབ་མ་རེད། བརྒྱ་དང་བཅུ་གཅིག་གིས་མང་བ་རེད། ཁྱོན་སུམ་བརྒྱ་དྲུག་ཅུ་རྩ་བཞི་ཡོད།
ལྐོགས་ཆོས་སུ་བྱས་ནས་ཨ་ནེ་ཆོས་དབྱིངས་སྒྲོལ་མས་གླུ་གཞས་གཏོང་བ་ཙམ་མ་ཚད་མོ་རང་གི་སྟུ་མ་ཟད་བར་དུ་རྒྱོ་ཟད་བསྡད་པ་ཡིན་ནའང་ང་ཚོ་ཧང་སང་དགོས་ཅང་མེད།
དེ་འདྲ་ང་ཚོའི་མང་ཚོགས་ནང་མང་པོ་ཡོང་གི་ཡོད་རེད། དེ་རྒྱུན་ལྡན་རེད།
འོན་ཀྱང་ཡོང་གྲགས་ཀྱི་ཐོག་ནས་བཙུན་མས་གླུ་གཞས་གཏོང་བ་འདི་མ་འགྲིགས་པ་རེད།
གང་ཡིན་ཞེ་ན། འདུལ་བ་ལ་ཐོས་བསམ་བྱས་མྱོང་མཁན་མ་གཏོགས་མོས་འདུལ་ཁྲིམས་དང་འགལ་བའི་ཐོག་ནས་གླུ་གཞས་གཏོང་པ་བསྡད་པ་ཞིག་ཧ་གོ་མཁན་མེད།
ད་དུང་ཕྱི་རྒྱལ་བ་དེ་ཚོས་ནང་པའི་བཙུན་མ་དེ་ཚོས་གཞས་འདུལ་བའི་ཁྲིམས་དང་མཐུན་པའི་ཐོག་ནས་གཏོང་ཆོག་པ་གཞིར་བཞག་བྱེད་ངེས་རེད།
དེ་དུས་ནང་པའི་ཆོས་ལ་དང་འདུལ་བ་ལ་རྨ་འབྱིན་པ་རེད།
ང་ཚོས་དེའི་ངོས་ནས་འགྲིགས་ཀྱི་མི་འདུག་ཅེས་ལབ་འདུག་པ་རེད།
ཨ་ཙི་ཞིང་བུ་འདི་ཨུ་ཚུགས་ཚ་བ་ལ། ཨ་ནེ་ལགས་བཙུན་མ་མ་རེད་ཅེས་ངས་བཤད་མ་སོང་ངམ། ད་ཁྱད་གཞི་མེད་པའི་ཁྱད་ཆོས་ཅིག་ལ་ཤི་ཐམ་རོ་ཐམ་བྱེད་ནས་ཅི་ཕན། ཁ་རོག་སྡོད།
ཨ་ནེའི་སྙན་གྲགས་ཕྱོགས་ཀུན་ཁྱབ། །
ཨ་ལགས་འགའ་ཞིག་ཕྲག་པར་དོག །
ཨ་ནེ་ཆོས་དབྱིངས་སྒྲོལ་མ་ཡིས། །
ཨ་ལགས་ཨ་ནེ་ཟིལ་གྱིས་བརྣན། །
ཨ་ལགས་ཕལ་ཆེར་སྦོམ་སྐད་རྡིར། །
ཨ་ནེ་ཕལ་ཆེར་ཕྲ་སྐད་ཙིར། །
ཨ་ནེ་ཆོས་དབྱངས་སྙན་པར་ཁྲོལ། །
ཨ་དོན་སྐྱེ་མེད་ཆོས་སྒྲ་སྒྲོག །
དྲྭ་གྲོགས་ལགས། དགེ་སློང་གི་ཁྲིམས་ཀྱི་གྲངས་ངས་ནོར་ནས་བྲིས་འདུག སྐུ་ཉིད་གཞན་གྱི་ནོར་བ་མཐོང་ན་དགའ་མཁན་ཞིག་འདྲ་བས་རྒྱུན་དུ་ཐུགས་དགྱེས་པའི་རྟེན་མཛོད། མདོ་དང་རྒྱ་གཞུང་ལྟར་ན་བླང་འདས་སོ་གསུམ་ལས་མེད་ཀྱང་དེའི་སྟེང་དུ་བོད་ཀྱི་འདུལ་འཛིན་རྣམས་ཀྱིས་ཉམས་པ་གསུམ་བསྣན་པས་སོ་དྲུག་དང་། ད་དུང་ཁ་ཅིག་གིས་སོ་བདུན་དུ་འདོད་པའང་ཡོད། ཉིད་ཀྱིས་མ་གཟིགས་པ་དང་མ་དྲན་ཕན་ཆོད་མེད་པར་མ་དགོངས་ཤིག ངས་ནོར་བ་ཁས་ལེན་ལྟར་སྐུ་ཉིད་ཀྱང་ནོར་འཁྲུལ་ཁས་ལེན་གནང་མཁན་ཞིག་ཡིན་པའི་རེ་བ་ཡོད།
རིན་ཐང་ཚང་བའི་མཐར་གཏུགས་ཡུལ་ཁྲིམས་ལ་གཏུགས་པའི་ལུགས་ཞིག་ཡོད་པ་ངས་ཀྱང་ཤེས། ཡུལ་ཁྲིམས་ལ་གཏུགས་ན་སྲོག་ཆད་འབྱུང་མིན་ལ་རག་ལས་ཡོད། དེ་ལྟར་ན་ས་མཚམས་ནས་ཁྲིམས་མཐུན་མིན་པར་ཕྱི་བསྐྱོད་བྱས་ནས་སྲོག་ལ་འབབ་བཞིན་པ་མིན་ནམ། མ་ཟད་ཕྱི་སྐྱོད་ལག་ཁྱེར་བཟོ་བ་ལ་སྔ་ཕྱི་བར་གསུམ་དུ་འགྲོ་སོང་ཅི་ཙམ་གཏོང་དགོས་པ་དང་། དེ་དང་ཁྲལ་བསྡོམས་ན་རིན་ཅི་ཙམ་ཟིན་འདུག་ལྟོས་དང་། མ་བྱིན་པ་ལེན་པ་ཆུང་ཆུང་ཞིག་མིན།
འོན་ཀྱང་། མཐར་གཏུགས་ན། ཀརྵ་པ་ནའི་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་འཇིག་པར་འགྱུར།། ཞེས་པ་དེ་ལ་འདོད་ལུགས་མི་མཐུན་པ་དུ་མ་ཡོད་པ་ལས་མཁས་པ་ཐམས་ཅད། མཚོ་སྣ་བས་གསུངས་པ་དེར་དགོངས་པ་གཅིག་མིན་པ་སྐུ་ཉིད་ནས་མཁྱེན་བཞིན་པ་སྨྲོས་ཅི་དགོས། མ་ཟད་ངས་གྲྭ་བཙུན་རྣམས་ཁྲལ་མ་སྤྲད་པར་ས་མཚམས་བརྒལ་བ་ལའང་དེ་ལྟར་བརྟགས་ཤིང་དཔྱད་པའི་གཞི་ཡོད། ཁ་གཏོང་བའི་རྒྱུ་ཡོད། གལ་སྲིད་རིན་ཐང་ཚང་ན་སྡོམ་པ་ཉམས་པ་འགྱུར་ཞེས་བཤད་ཀྱང་། དེ་ལྟར་ངེས་ཅན་རེད་ཅེས་ཐག་བཅད་པ་མེད་པས་དགོངས་པ་མ་འཁྲུགས། སྐུ་ཉིད་ཀྱང་དེའི་ཁྲོད་ཀྱི་གཅིག་ཡིན་པ་འདྲ། ཐུགས་འཁྲལ་མ་གནང་དང་འཁོར་བ་མཐའ་དག་ལ་ངེས་འབྱུང་བཅོས་མིན་ཞིག་མེད་ན་སོར་སྡོམ་མཚན་ཉིད་ཚང་བ་ཞིག་མེད་པས། སྡོམ་པ་ཉམས་ཀྱིས་དོགས་པ་ཆེན་པོ་མི་དགོས་པ་འདྲ། ཉམས་རྒྱུ་ཞིག་ཡོད་ན་དགའ་བ་སྐྱེ་འོས་ཀྱང་ཉམས་རྒྱུ་ཡོད་མེད་ནི་བརྟགས་པའི་གཞིའོ།། ངེས་བྱུང་མེད་པའི་མི་ཞིག་ཕྱིན་རབ་ན་འཇིགས་སྐྱོབས་དང་ལེགས་སྨོན་གྱི་སྡོམས་པ་ཙམ་ཞིག་ཡོད་སྲིད།
ད་ང་ཚོས་སོར་སྡོམ་གྱི་སྐོར་འདི་ཁྲོམ་བསྒྲགས་བྱ་རྒྱུ་མི་འདུག འདི་ཉེས་པའི་གཞི་རེད། སོ་སྦྱོང་གི་སྐབས་དགེ་ཚུལ་གྱིས་དགེ་སློང་གི་སོ་ཐར་གྱི་མདོ་ཉན་མི་ཆོག་པ་ལ་དགོས་པ་ཡོད་པ་བཞིན་རེད། སྤྱིར་ཁྱེད་རང་གིས་གཞུང་ཆེན་ལ་ཐོས་བསམ་ཡག་པོ་གནང་འདུག ཐུགས་རྗེ་ཆེ། བསྟན་པའི་མིག་རྒྱན་རེད། འོན་ཀྱང་ས་རྒྱག་སར་ས་དང་རྡོ་རྒྱག་སར་རྡོ་རྒྱག་དགོས་པ་མ་བརྗེད་པ་གནང་རོགས། སྡོམ་པའི་རྒྱུ་ལ་ངེས་བྱུང་གི་བསམ་པས་རྩིས་ཟིན་པ་ཞིག་དགོས་པ་བཤད་ཀྱང་། ཁྱེད་ལྟར་ངེས་འབྱུང་གི་བསམ་པ་བཅོས་མིན་དགོས་ཟེར་ན་ཧ་ཅང་ཐལ་བར་འགྱུར་བ་དང་། དེ་ལྟར་ན་དགེ་ཚུལ་སློང་ཐམས་ཅད་ལམ་ཞུགས་ཀྱི་གང་ཟག་ཏུ་ཐལ་བ་སོགས་གནོད་བྱེད་མཐའ་ཡས་སོ། །
ངས་མཚམས་འདི་ནས་བཅས་པ་ཁྲོམ་བསྒྲགས་ཀྱི་ཚུལ་འདི་མཚམས་འཇོག་གི་ཡིན། ཁྱེད་ཀྱང་དེ་བཞིན་མཛོད།
བསོད་བདེ་ཆེ་ན་ཆག་སྒོ་ཆེ། ཟེར་བ་དངོས་གནས་བདེན་པར་སྣང་།
དོན་མེད་མོ་རང་ལ་དགྲ་སྡང་མཁན་ཅི་འདྲའི་མང་བ་ལ་ཨང་། སྤོབས་པ་མཐའ་ཡས། ཤོག་དང་། འུ་གཉིས་ཀར་དབྱངས་རྟ་སྙན་མོ་ཞིག་མེད་རུང་། མོ་རང་གི་དགའ་ཤོས་གླུ་དབྱངས་ཡིན་སྟབས། སྐྱོ་གླུ་ཞིག་བླངས་ནས་ཇོ་མོའི་་སེམས་པ་གསོ་ཐབས་བྱ་ཆོག མ་རེད་དམ། ཡ། སྤོབས་པ་ལགས། དང་པོ་ཁྱེད་རང་ཡིན་ད།
གོ་སྐབས་ཀྱི་ཉིིན་མོ།
དངུལ་ཁུག་དངུལ་གྱིས་གང་བའི་ཉིན་མོ་དེར། །
རྔན་འབབ་ཁ་སྒོར་སྤུངས་པའི་ཉིན་མོ་དེར། །
སྦྱིན་བདག་བཏང་ཕོད་ཆེ་བའི་ཉིན་མོ་དེར། །
ཁྱེད་རང་སྤྲོ་བས་གཟིར་བར་ཁག་ཅི་ཞིག །
གཡས་སྐྱོར་གཡན་སྐྱོར་བྱེད་པའི་ཉིན་མོ་དེར། །
མཆོད་གཤམ་ནང་དུ་བཤམས་པའི་ཉིན་མོ་དེར། །
སྲབ་འཇམ་ལྷ་རས་གཡོགས་པའི་ཉྀན་མོ་དེར། །
མངོན་པའི་ང་རྒྱལ་ལྷུན་པོའི་སྤོ་ལ་འགྲན། །
སྙིང་གཏམ་ལྷབ་ལྷུབ་བབ་པའི་ཉིན་མོ་དེར། །
ཁ་ཡག་ངོ་བསྟོད་མང་བའི་ཉིན་མོ་དེར། །
ཡོད་ཚད་སྤང་དུ་བཞག་པའི་ཉིན་མོ་དེར། །
ཁྱོད་ཀྱི་སྣང་བ་ཚངས་ཆེན་ལས་ཀྱང་མཐོ། །
འགྲན་སེམས་ཁོངས་སུ་སྦས་པའི་ཉིན་མོ་དེར། །
ཡིད་ཆེས་ལ་རྒྱ་བཤད་པའི་ཉིན་མོ་དེར། །
དུང་བའི་མཆི་ཞགས་འཐོར་བའི་ཉིན་མོ་དེར། །
ཌ་མ་རུ་ཡི་བྱེད་ལས་ཐམས་ཅད་ཚང་། །
རྫུན་མའི་འཇིག་རྟེན་བགྲོད་པའི་ཉིན་མོ་དེར། །
བདེན་པའི་གནས་ལུགས་སྟོར་བའི་ཉིན་མོ་དེར། །
ཨ་མ་རྒན་མོ་བརྗེད་པའི་ཉིན་མོ་དེར། །
ཁྱོད་ཀྱི་ཕུགས་བསམ་མངོན་སུམ་ཚད་མས་གྲུབ། །
བགྲང་བྱ་བཅུ་ཕྲག་སོང་བའི་ཉིན་མོ་དེར། །
རེ་བའི་སྨྱུ་གུ་འབུས་པའི་ཉིན་མོ་དེར། །
གློ་བུར་གོ་སྐབས་ཐོབ་པའི་ཉིན་མོ་དེར། །
ཁྱོད་ཀྱིས་ཡོད་ཚད་བཏང་བ་བདེན་པར་མཐོང་། །
་
ལྷ་ལ་གསོལ་མཆོད་མང་བའི་ཉིན་མོ་དེར། །
འདྲེ་ལ་གཏོར་རྫོངས་མང་བའི་ཉིན་མོ་དེར། །
ལྷ་འདྲེ་དབྱེ་མཚམས་ནོར་བའི་ཉིན་མོ་དེར། །
ཁྱོད་ལ་སེམས་ཚོར་མེད་པ་བདེན་པར་མཐོང་། །
མར་ཁུ་སེར་བོ་འཐུང་བའི་ཉིན་མོ་དེར། །
ཤ་དམར་ཟས་སྣ་འཛོམས་པའི་ཉིན་མོ་དེར། །
ཇ་མ་འཁོར་དུ་འདུར་བའི་ཉིན་མོ་དེར། །
དྲི་ཟ་ཞིག་གི་ལས་དབང་བརྗོད་པ་འདྲ། །
སྒྱུ་མའི་གློག་བརྙན་ཞིག་གིས་སེམས་ལ་སྤྲོད་པའི་ཚོར་སྣང་། ༢༠༡༠ ༨ ༡༡
བྷི་བྷི་སི་ལགས་བཀའ་སློབ་ལམ་སྟོན་ལ་ཐུགས་རྗེ་ཆེ་ཞུ། དགེ་ཚུལ་དགེ་སློང་གི་མདོ་འདོན་པའི་ལས་གྲལ་དུ་འགྲོ་མི་ཆོག་པའི་ཁྲིམས་ཡོད་ཀྱང་། ཕམ་ལྷག་གི་སྐོར་དགེ་ཚུལ་གྱིས་སྦྱང་མི་ཆོག་པའི་ཁྲིམས་ཡོད་པ་བཤད་ཁག་པོ་རེད། མདོ་འདོན་པའི་གྲལ་དུ་ཕེབས་མི་ཆོག་པ་ལ་དགོས་པ་དང་རྒྱུ་མཚན་མང་དག་ཅིག་ཡོད་པ་སྐུ་ཉིད་ཀྱིས་ལོས་མཁྱེན། དགེ་ཚུལ་གྱི་སྐབས་སུ་དགེ་སློང་གི་སྤང་བླང་སྐོར་ཤེས་མི་ཆོག་ན་བསྲུང་བྱ་མི་ཤེས་བསྲུང་བར་རློམས་པ་མཚར། །ཞེས་པ་ལྟར་རམ། ཡང་ན་སྡོམ་པ་ཡོད་དུས་འདུལ་བ་མི་ཤེས། འདུལ་བ་ཤེས་དུས་སྡོམ་པ་མེད། ཅེས་པ་དང་ཕྱོགས་མཚུངས་པར་མི་འགྱུར་རམ།
ངེས་འབྱུང་རྒྱུད་ལ་སྐྱེས་ན་ལམ་ཞུགས་ཡིན་དགོས་པའི་བཤད་ཚུལ་ཞིག་དེ་སྔོན་མཐོང་ཐོས་མེད་ཀྱང་། ཉིད་ཀྱིས་གཟིགས་ཟིན་པ་འདྲ་བས་དེ་ལྟར་དུ་ཁས་ལེན་ཞུ་ཆོག སོར་སྡོམ་ལ་ངེས་འབྱུང་བཅོས་མིན་གྱིས་ཟིན་དགོས་པར་ནི་ངས་ཀྱང་མ་བཤད་ལགས། ངེས་འབྱུང་བཅོས་མ་བཅོས་མིན་ཞེས་པའི་ཚད་གཞི་ཉིད་ཀྱིས་ཇི་ལྟར་འཇོག་པའང་ཅུང་དོགས་པའི་གནས་ཏེ། སེམས་པ་བཅོས་ན་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཐག་ཆོད་ཅིང་དེ་ལས་ཐར་འདོད་བྱུང་ན་ངེས་འབྱུང་བཅོས་མ་ཟེར་བ་ལས། སེམས་གཏིང་ནས་འཁོར་བ་ལས་ཐར་འདོད་མ་སྐྱེས་པར་སྒྲ་རྗེས་སུ་འབྲངས་ནས་འཁོར་བ་ལས་ཐར་དགོས་སྙམ་པ་ཙམ་ནི་ངེས་འབྱུང་བཅོས་མ་དང་བཅོས་མིན་གང་ཡང་མིན། ངའི་བསམ་ཚུལ་ལ་ངེས་འབྱུང་བཅོས་མིན་དང་བཅོས་མ་གང་ཡིན་ཀྱང་ངེས་འབྱུང་མཚན་ཉིད་པ་ཡིན་པར་དྲན་བཞིན་ཡོད། དེ་ལྟར་བྱས་ན་སོར་སྡོམ་ལ་ངེས་འབྱུང་བཅོས་མིན་གྱིས་ཟིན་མི་དགོས་ཀྱང་ངེས་འབྱུང་མཚན་ཉིད་པས་ཟིན་ཞེས་པར་འགྱུར་ལ། ངེས་འབྱུང་གིས་མ་ཟིན་ན་ཕྱི་རོལ་པའི་སྡོམ་པ་ལས་ཁྱད་དུ་འཕགས་པའང་ཇི་ལྟར་སྒྲུབ་ལགས། གསང་སྔགས་ཁྲོམ་བསྒྲགས་བྱེད་ཆོག་པའི་དུས་འདིར་སོར་སྡོམ་སྐོར་ཁྲོམ་དུ་བཤད་མི་ཆོག་པའི་རྒྱུ་མཚན་ངས་མ་མཐོང་ཡང་། ངས་མ་མཐོང་བ་ཙམ་གྱིས་མེད་པར་ཇི་ལྟར་སྒྲུབ། སྤྱིར་ཁྱོད་རང་གིས་གསུངས་པ་ལྟར་རབ་ཏུ་བྱུང་ཚར་བའི་རྗེས་སུ་གནས་ཀྱི་བླ་མ་བརྟེན་ཏེ་སྤང་བླང་གི་སྐོར་ལ་སྦྱང་ཚུལ་ཞིག་ཀྱང་ཡོད་པ་འདུལ་གཞུང་དང་མཐུན་པ་ལགས།
རྡོ་གཞུ་དགོས་ས་རྡོ་དང་། ས་གཞུ་དགོས་སར་ས་ཟེར་བ་དེ་དོན་ལ་གནས་པའི་གསུང་རེད་ཐུགས་རྗེ་ཆེ། འོན་ཀྱང་ངའི་བསམ་ཚུལ་བོད་མི་བྱིངས་ཀྱིས་ཤེས་རྟོགས་མ་ནུས་ཀྱང་། བོད་མི་ཤེས་ཡོན་པ་ཡོངས་ཀྱིས་སྤང་བླང་གི་སྐོར་འདི་ལེགས་པོ་ཞིག་ཤེས་པ་དགོས་པ་རེད། དེ་ལྟར་ཤེས་ན་བོད་ཀྱི་རབ་ཏུ་བྱུང་བའི་སྤུས་ཚད་དང་གྲངས་འབོར་ལ་འགྱུར་བ་ཐེབས་ཏེ། གང་ཡོད་པ་དེ་སྤུས་གཙང་ཞིག་ཏུ་འགྲོ་རྒྱུའི་རེ་བ་ཡོད། དེ་ལྟར་བྱུང་ན་ཆོས་སྲིད་གཉིས་ཀར་ཕན་པ་འབྱུང་ངེས། གཞན་དུ་མི་ཕྱེད་གྲྭ་པར་གྱུར་ཅིང་སོགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མང་ཡང་ཁྲོམ་བསྒྲགས་བྱས་ན་མི་ལེགས་པའི་ཕྱོགས་སུ་འཇོག
དབང་འདུས་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །
ཨ རོ། གྲོགས་པོ་ཚོ། ཆོས་འདུལ་བའི་གཞུང་ལུགས་ཁུར་ནས་དེང་སང་གི་གྲྭ་བཙུན་ཞུ་དག་བྱེད་རྒྱུ་ངོ་མ་སླ་བོ་ཞིག་མིན་ཡ། སྔོན་ཁ་ཆེའི་པཎ་ཆེན་བོད་ལ་ཕེབས་སྐབས་ནས་བོད་ལ་འདུལ་བ་ནས་བཤད་པའི་རབ་བྱུང་དཀའ་རབས་བཤད་རབས་འདུག དེང་སང་དེ་ལས་དཀའ་འུ་རེད། དེ་ལས་བོད་ཀྱི་སྤྱི་ཚོགས་ལ་ཕན་ཐོག་མཁན་རེ་ཡོད་ན་སྡང་ཟུག་མ་བྱས་ན་བཟང་གི ཨ་ནེ་ཞིག་གི་གཞས་བཏང་མ་བཏང་མིན་ཡ། བོད་ཀྱི་དགོན་སྡེ་ཆེན་པོ་རྣམས་ལ་འདུལ་བས་ཞུ་དག་ཞིག་བྱེད་ཐུབ་ན་ད་གདོད་གོ་རྒྱུ་རེ་ཡོད་ངོ་མ་ཡིན། སྤྱིར་བདེ་བཞིན་གཤེགས་པའི་ཆོས་ཚུལ་མང་པོ་གསུངས་ཡོད་ལ། དེ་ལ་དྲང་ངེས་ཀྱི་དབྱེ་བ་ཡང་ཤིན་ཏུ་མང་མོད། སྔོན་གྱི་མཁས་པ་ཆེན་པོ་ཚོས་རྩ་བའི་གནད་གཉིས་གཏན་ནས་འདོར་མི་རུང་བ་ལས། གཞན་རྣམས་ཡུལ་དུས་གདུལ་བྱ་ལ་ལྟོས་ནས་བྱེད་དགོས་པར་གསུངས་པ་རིན་ཐང་དང་བྲལ་བའི་ལེགས་བཤད་ཡིན་ལ། གནད་འདི་ཤེས་ན་དོན་མེད་ཀྱི་རྩོད་ཉོག་འདི་རིགས་ཀྱང་ཡོང་གི་མ་རེད།
ཨ་ནེ་དངོས་ནས་མཛངས་མ་ཞིག་རེད། ཚང་མའི་མིག་མ་ཚ།
བཙུན་མའི་བོད་བསྟན་རྒྱས་འགྱུར་ཅིག །
བཟང་ངན་ཆ་གཉིས་ལྡན་པའི་དེང་དུས་ཀྱི་ལུགས་སྲོལ།། དུལ་བའི་ཁྲིམས་དང་བསྟུན་ན་སྒོར་མོ་དེ་མི་རག། སྒོར་མོ་བཙལ་ན་འདུལ་ཁྲིམས་དག་མ་དེ་རླགས་ཐལ།། དྲ་གྲོགས་བསམ་ཆར་ཐམས་ཅད་ཕྱོགས་ལྷུང་ངང་གནས་པས།། སངས་རྒྱས་བསྟན་པ་འདི་ཡི་འབྱུང་འགྱུར་ལ་མ་བསམ།། ཚུལ་ལྡན་རབ་བྱུང་ལྟོག་ཤི་ཐེབས་ཤེས་སྔོན་ཆད་ནས་མ་གོ། ཤཀྱའི་རྒྱལ་པོ་ཁོང་ཡང་བསོད་སྙོམས་ལ་ཕེབས་ཀྱིས།། བསགས་དང་སྲུང་བའི་སྡུག་བསྔལ་ཡོད་ཞེས་སྟོན་པས་གསུངས་ན།། མི་ཡི་བདེ་སྐྱིད་དངུལ་གྱི་བསྐྲུན་དུ་མེད་པ་ལགས།། འགྲོ་ཀུན་སྙིང་ནས་བརྩེ་ན་དམ་ཆོས་བཤའ་མ་ཞིག་གནང་དང་།། ཚེ་འདིའི་བདེ་སྐྱིད་བསམ་ན་ཚོང་པའི་ཆ་བྱས་ཤིག་གནང་དང་།། དམ་ཆོས་བསྲེ་ལྷད་མ་གནང་དེང་དུས་ཀྱི་ན་གཞོན།། བསྟན་པའི་ཞབས་འདྲེན་མ་ཞུ་དེང་དུས་ཀྱི་སྨྱུག་ཐོགས།།
ང་རང་ཚོ་ཕྱི་ཡི་དགྲ་བོ་མ་ཐུལ་པ་ནང་དགྲ་བོ་མ་བཟོ་རོགས།
ཨ་ནེ་ཆོས་གཡེང་ལ་བལ་ཡུལ་ཡུལ་སྐོར་ལས་ཁུང་ནས་གཟེངས་རྟགས་ཞིག་ཕུལ་འདུག
གང་ཡིན་ཟེར་ན་ཨ་ནེ་ཆོས་གཡེང་གིས་བརྡ་གླུ་ལ་ཉན་པར་ཕྱི་རྒྱལ་ནས་ཡོང་མཁན་མང་བས་རེད་འདུག
དེ་ཡག་པོ་ཞེ་དྲག་རེད།