མི་རིགས་དར་རྒུད་ཀྱི་རྩ་བ་སྟེ། མི་རིགས་ཤིག་གི་ངོ་བོ་མ་ལག་ལྟ་བུ་དེ་ཉིད་འཇིག་རྟེན་ན་དུས་ཡུན་ཇི་ཙམ་རིང་འཚོ་གནས་ཐུབ་མིན་ནི། སྐད་དང་ཡི་གེ་འདི་ཁོ་ན་ལ་རག་ལས་པ་གནའ་དེང་མཁས་པའི་ཁྱུ་མཆོག་ཀུན་གྱི་འདོད་ཚུལ་སྒོ་ཀུ་ནས་མཚུངས་ཤིང་། ཉེ་སྔོན་སླར་ཡང་གངས་ཅན་སྨྲ་བའི་དབང་ཕྱུག་ཆེན་པོ་དེས། ཧི་མ་ལའི་རི་རྩེ་ནས་ཀི་སྒྲ་གནམ་ས་འགེངས་པ་ཤིག་རྒྱབ་འདུག་པ་ཁྱེད་ཅག་གི་ཐོས་སོང་ངམ།
གདོང་དམར་བུ་རབས་ཚ་བརྒྱུད་ཀྱི་གནའ་དེང་གི་ཆབ་དཔལ་རིག་གསུམ་སོགས་ལ་དུས་དང་རྣམ་ཀུན་ཏུ་ཐུགས་ཁུར་ཆེས་ཆེར་གནང་བའི། སྐྱེས་བུ་དམ་པ་ཁོང་གི་ལྗགས་རྩོམ་གསར་པ་འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བ་དེ་ཉིད་བཀླགས་རྗེས། ཕྲན་ལ་ཡང་སྐད་ཡིག་སྐོར་ནས་སེམས་འགུལ་མི་དམན་པ་ཐེབས་ཅིང་། དེ་དང་ལྷན་དུ་བོད་ཀྱི་སྐད་ཡིག་ཐོག་རང་གི་ཚོར་སྣང་དང་བསྡེབ་ནས་དམ་པ་འདི་ཉིད་ངོ་
སྤྲོད་མདོར་བསྡུས་ཤིག་དང་བཅས་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་འབུལ་བའི་གོ་སྐབས་བཟུང་བ་ཡིན་ལ། དེ་ནིཁོ་བོས་དམིགས་བསལ་གྱིས་ཞུ་མི་དགོས་པར་གངས་ཅན་པ་རྣམས་ཀྱི་སེམས་སུ་གསལ་བ་བཞིན་མཁས་དབང་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ནི། བོད་མདོ་ཁམས་བྲག་འགོ་རྫོང་གི་
ཆར་གཏོགས་དགོན་འབྲི་མ་ཞེས་པའི་འབྲོག་ཁུལ་དུ། རབས་བྱུང་་་༡༦་་པའི་དགེ་བྱེད་ཆུ་སྟག་ལོར། སྤྱི་ལོ་་༡༩༦༢་ལོར་སྐུ་འཁྲུངས། སྤྱི་ལོ་༡༩༨༢་ཙམ་ལ་གསེར་རྟ་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་འམ་གསང་ཆེན་དབེན་པའི་རི་ཁྲོད་དུ། མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་སྨྲས་ན་མཁན་ཆེན་
དམ་པ་་༧་་ཆོས་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་དྲུང་དུ་ཕྱིན་ཏེ་ཁོང་གི་ཞབས་པད་སྤྱི་བོར་བླངས་ཤིང་།
༧་ཆོས་རྗེ་མཆོག་གིས་སྤྱི་ལོ་་་༡༩༨༧་་ཙམ་ལ་མཁན་པོར་མངའ་གསོལ་མཛད་པ་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཞེས་པའི་མཚན་གྱི་ཅོད་པན་གསོལ། ཤིན་ཏུ་ཐུགས་དགྱེས་བརྩེ་ཚད་མེད་གནང་བ་མ་ཟད།མགོན་པོ་གང་ཉིད་ཀྱི་སློབ་མ་རྩེ་གྲས་སུ་སོན་ཞིང་། དེ་ནས་བཟུང་གསེར་རྟ་བླ་རུང་ཆོས་ཀྱི་གྲོང་ཁྱེར་གྱི་མཁན་པོའི་གཙོ་འཛིན་ལོ་དུ་མའི་རིང་མཛད་ནས་བཞུགས།
ལྷག་པར་དུ་ཁོང་གིས་ཕྱོགས་སོ་སོའི་ནང་པའི་བསྟན་པ་སྤྱི་དང་། བྱེ་བྲག་བོད་ཡུལ་སྟོད་སྨད་བར་གསུམ་གྱི་བོད་མི་ས་ཡ་དྲུག་གི་ཆེད་དུ་སློབ་གྲྭ་གསར་
འཛུགས་དང་། ཕྱོགས་མེད་ཀྱི་དགོན་སྡེ་ཁག་ལ་རོགས་སྐྱོར་དང་། བོད་ཀྱི་ཡུལ་གྲུ་གང་སར་ཁོང་དངོས་སུ་ཕེབས་ནས་བཀའ་སློབ་ལམ་བསྟོན་གནང་བ། ཁྱིམ་པ་ཕོ་མོ་རྣམས་ལ་ནང་ཆོས་ངོ་སྤྲོད་དང་། མི་ཆོས་དགེ་བ་བཅུའི་ལག་ལེན་གྱིས་མེས་པོ་གོང་མའི་བཟང་སྤྱོད་དར་རྒྱས་སུ་གཏོང་བ་སོགས་དང་།
བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུའི་སྐད་ཡིག་འདིའི་ཆེད་དུ་སློབ་གཉེར་བ་རྣམས་ལ་དམིགས་ནས་གངས་ཅན་དགྱེས་པའི་མཆོད་སྤྲིན་དུ་ཁ་ཚ་དགོས་གཏུག་གི་སྐབས་དང་བསྟུན་ནས། དུས་རབས་འདིས་ནང་རང་མི་རིགས་ཀྱི་སྐད་ཡིག་འཇིག་རྟེན་ན་ཡུན་དུ་གནས་ཕྱིར། དེང་དུས་རིག་གསར་ནང་འདྲེན་དང་། དུས་ཀྱི་འགྲོས་དང་མཐུན་པའི་ནང་ཆོས་དང་ཚན་རིག་སྐོར། ད་དུང་ཤར་ནུབ་ཀྱི་ཆབ་སྲིད་དཔལ་འབྱོར་ཡར་རྒྱས་ཕྱིན་ཞིང་ཚན་རིག་ལག་རྩལ་ཆེས་
སྔོན་དུ་བསྐྱོད་བཞིན་པའི་སྐབས་འདིར། གལ་སྲིད་ཕྱི་སྐད་དེ་དག་དང་མཉམ་དུ་སྐྱོད་མ་ཐུབ་པའི་སྐད་ཡིག་ནི་བག་ལ་ཞ་བཞིན་པ་གཟིགས་ནས། བོད་མི་རིགས་ཀྱི་སྐད་ཡིག་འདི་མི་ཉམས་བརྒྱུད་འཛིན་ཡོང་བར་དམིགས་ཏེ། མིང་མཛོད་སྔ་ཕྱིར་བརྩམས་པ་སོགས་མདོར་ན་གནའ་དེང་རིག་པ་ཀུན་གྱི་རྗེས་སུ་མཐུན་པའི་གཞུང་ལུགས་ལྗགས་རྩོམ་གྲངས་བརྒྱ་ཕྲག་དུ་མ་བརྩམས་གནང་མཛད་པ་རྣམས་ཀློག་པ་པོ་རྣམས་ཀྱི་མཁྱེན་མངའ་བཞིན་ཞུ་བའི་
སྐབས་སུ་བབ་མེད་སྙམ་མོ།
དེས་ན་དུས་རབས་ཉེར་གཅིག་པའི་སྐབས་སུ་ཁ་བ་རི་པའི་མི་རིགས་འདི་གྲངས་ཉུང་མི་རིགས་ཡིན་པའི་ཁར། ལ་ཕར་རྒྱབ་ནས་བཙན་རྒྱ་དམར་པོས་གངས་ཅན་པ་རྣམས་ཁ་འཐོར་ཕྱོགས་མེད་དུ་གཏོར་ཞིང་། བོད་ཡུལ་ས་ཕྱོགས་ཐམས་ཅད་དབང་བཙན་པའི་མི་སེར་སྤེལ་ཡུལ་ལྟ་བུ་གྱུར་པ་དང་། མི་
རིགས་ཆག་འཇིག་གི་གཉན་འཕྲང་ཧ་ཅང་ཆེ་བའི་གནས་སུ་དབང་མེད་དུ་ལྷུང་དགོས་བྱུང་ཞིང་། དེ་ལྟར་བསམ་ཚེ་མི་རིགས་ཤིག་རྩ་མེད་འགྲོ་ལ་ཉེ་བའི་སྐབས་འདིར། མཁས་དབང་དམ་པ་ཁོང་གིས་འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་འདི་ཕུལ་ཏེ། འདིས་ཁྲོད་གཙོ་བོ་འཛམ་གླིང་གི་སྐད་ཡིག་ཐོག་མ་ནས་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་རང་གི་མཐོང་ཐོས་མྱོང་བ་གཞི་ལ་བཞག་ནས་ཞིབ་བཤེར་མཛད་ཅིང་། འཛམ་གླིང་གི་ལོ་རྒྱུས་གྲགས་ཅན་དང་།འཛམ་གླིང་སྐད་ཡིག་མཁས་དབང་ཁག་གི་གསུང་ལ་ཁུངས་བཅོལ་ནས་འདས་པ་དང་། མ་འོངས་པ་འབྱུང་འགྱུར་བཅས་ཀྱི་སྐད་ཡིག་གི་དར་རྒུད་གླེང་ཡོད་ལ། དེ་དག་དཔེར་མཚོན་བགྲངས་ཏེ་བོད་མི་རིགས་ཀྱི་སྐད་ཡིག་དེ་ཉིད་ལ་དར་རྒུད་ཇི་ཙམ་བྱུང་མིན་དང་།སྐད་ཡིག་བོར་བརླགས་ཕྱིན་ཟིན་པའི་མི་རྣམས་ཀྱིས། འཇིག་རྟེན་འདི་ནས་རང་གི་ངོ་བོ་རྩ་བ་རྨང་ནས་བརླགས་ཟིན་པ་ཤེས་དགོས་ཚུལ་དང་།མ་འོངས་པ་ང་ཚོའི་སྐད་ཡིག་དང་རིག་གནས་བཅས་ཀྱི་བྱུང་རིམ་ལོ་རྒྱུས་དང་བཅས་པ་ཁམས་གཙང་རང་རང་གི་འགན་འཁྲི་ཡིན་པ་ཤེས་ནས་འཛིན་པ་དང་། དེ་ལ་རྒན་རབས་པ་དང་། ཤེས་ཡོན་སྡེ་ཁག་སོགས་རིགས་གཅིག་རྐང་འཛིན་པའི་ངེས་པར་དུ་སྦྱོང་བརྩོན་དགོས་ཤིང། སྐུལ་འདེད་དང་ལྷན་དུ་རང་གི་གཅེས་ནོར་སྐྱོང་བ། རེ་བ་དང་ཡིད་ཆེས་འཕེལ་བའི་སྒོ་ནས་སྐད་ཡིག་གི་རིན་ཐང་ཤེས་པར་བྱས་ཏེ།བོད་ཡུལ་གཅིག་པུ་མ་ཡིན་པ་འཛམ་གླིང་གི་ཡུལ་གྲུ་གང་སར་དར་སྤེལ་དགོས་ཚུལ་སོགས་ཀྱི་ཐུགས་རེ་ཡོད་ངེས་སོ།།
སྤྱིར་ས་ལྒང་ཐོག་གི་མིའི་རིགས་ནི་རྣམ་དཔྱོད་ཆེ་ཞིང་དྲན་རིག་ཧ་ཅང་རྒོད་ལ། གསར་གཏོད་ཀྱི་ནུས་པ་ཆེ་བ་ཡོད་ལ། ང་ཚོ་སེམས་ཅན་གཞན་དང་མི་འདྲ་བར་ཁྱད་ཆོས་མཚོན་བྱེད་གཅིག་ནི་སྐད་ཡིག་གི་རིག་གནས་ཤིག་བསྐྲུན་ཐུབ་པ་འདི་ཡང་ཡིན་ཏེ། སྐད་ཡིག་གི་རིག་གནས་དེ་ཡི་ནང་དུ་ཆོས་སྲིད་གཉིས་གཙོས་མིའི་རིགས་ཀྱི་རིག་གཞུང་ཀུན་སྤྱོད་ཆ་ཚང་འདུས་པ་དང་། རང་རེ་ཁ་བ་ཅན་གྱི་མི་རྣམས་ལའང་གདོད་མའི་བོན་གྱི་ཡི་གེ་དང་། ཐོན་མི་སམ་བྷོ་ཊའི་གསར་བཟོས་མཛད་ཅིང་། ད་ལྟའི་སྤྱོད་བཞིན་པ་བོད་ཀྱི་ཡི་གེ་འདི་ལོ་རྒྱུས་ཀྱི་ཕུག་ཐག་རིང་ཞིང་། གཞན་ལ་ངོམ་རིན་ཡོད་པ། མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པ་བཅས་ཆེས་རིན་ཐང་ལྡན་ལ། ལྷག་དོན་དུ་ང་ཚོ་ལ་རང་གི་ཡུལ་ལུང་དང་།སྐད་ཡིག་གི་བདག་དབང་ཆ་ཚང་བ་
ཤིག་སོ་སོར་ཡོད་ན། འཛམ་གླིང་གཅིག་མཚུངས་བཞིན་སྐད་ཡིག་འདི་ཁོ་ནའི།མདོ་དབུས་མཐོ་སྒང་པ་ཐམས་ཅད་ཀྱི་དགོས་འདོད་སྐོངས་ཐུབ་པ་ངས་མི་ཤེས་ཤེས་འདོག་བྱས་ནས་ངལ་བ་དགོས་དོན་མེད་པར། གངས་ཅན་པའི་རང་ཡུལ་ཤོར་རྗེས་ཕྱིའི་དངོས་པོ་ཡར་རྒྱས་གཏོང་བའི་ཁོམ་ལོང་བྱུང་མེད་ཀྱང་། ནང་ཤེས་པའི་ཚན་རིག་འཛམ་གླིང་ན་དགའ་འབོད་དང་ཐལ་སྒྲའི་ཁྲོད་ཀྱི་་༧་གོང་ས་ཏ་ལའི་བླ་མ་མཆོག་གི་མཛད་རྗེས་ལས་ཀྱང་ཤིན་ཏུ་གསལ་པོ་དཔོག་ནུས་ལ། གང་ལྟར་གངས་ཅན་པའི་སྐད་ཡིག་དང་རིག་གཞུང་སོགས་ལ་ཕལ་བའི་དོ་བཟླ་དང་གཞལ་དུ་མེད་པ་ངོས་འཛིན་ཞུ་འོས་ཤིང་། དེ་ཙམ་དུ་མ་ཟད་ཧི་མ་ལའི་རིགས་སུ་གཏོགས་ཚད་ཀྱིས་བོད་རྒྱུད་ནང་བསྟན་རིག་པའི་གཞུང་ལུགས་ལ་དགའ་ཞེན་ཟབ་ལ། ད་དུང་ཆེས་གདོད་མའི་ལོ་རྒྱུས་ལ་ཕྱིར་མིག་རེ་བལྟས་ཚེ་ང་ཚོ་ནི་སྐད་ཡིག་འདི་ཉིད་དང་རིག་གཞུང་འདིས་སྟེབས་ཁུག་ན་ཕན་ཚུན་ཇ་དང་འོ་མ་འདྲེས་པ་ཇི་བཞིན། གནའ་དུས་
ནས་བཟུང་རིག་གཞུང་འདི་ཉིད་ཤ་དང་རུས་པའི་གསེང་ན་འཐུམ་ཞིང་། དྲང་བདེན་དང་རང་ཚུགས་ཐུབ་པར་མདུན་དུ་ཤར་བསྐྱོད་བྱས་ན་བོད་ཀྱི་སྐད་ཡིག་འདི་ང་ཚོ་དང་གཅིག་གྱུར་གྱི་གཅེས་ནོར་ཡིན་པའང་གསལ་བོར་ཤེས་ནུས་སོ།།
སྐད་ཡིག་གི་སྐོར་ལ་ང་ལྟ་བུ་གང་ཟག་ཕལ་བས་གཏིང་དཔོག་དཀའ་ཡང་། སྐྱེས་བུ་ཆེན་པོ་གང་ཉིད་ཀྱི་མཛད་པ་རྗེས་སུ་དྲན་བཞིན་ཁོང་གིས་ཟབ་ཅིང་
རྒྱ་ཆེ་བ་གསུང་རྩོམ་འདིའི་རྗེས་སུ་འབྲེང་ནས། དེ་ཉིད་ལུང་འདྲེན་གྱི་ཚུལ་དུ་མདོར་བསྡུས་ཏེ་ཅུང་ཟད་བརྗོད་ན། དེ་ཡང་ཁོང་གིས་སྐད་ཡིག་སྐྱེ་འཆི་
བཤད་པ་ལས་ཕྱིའི་རྐྱེན་བཤད་སྐབས། ཕྱི་རོལ་ནས་འོངས་པའི་ཆབ་སྲིད་ཀྱི་དབང་སྒྱུར་པ་རྣམས་ཀྱིས་རང་རང་གི་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་དབང་དུ་བསྒྱུར་བྱའི་མི་རིགས་དེའི་སྐད་དང་ཡི་གེ་རྣམས་ཐབས་སྣ་ཚོགས་ལ་བརྟེན་ནས་མེད་པར་བཏང་སྟེ་རང་གི་སྐད་ཡིག་ཁྱབ་གདལ་དུ་གཏོང་བ་སྟེ། ཐབས་སྣ་ཚོགས་ཞེས་པ་ནི། བཙན་པོ་དང་ཞི་བ། གཞན་ལ་མངོན་པ་དང་། མི་མངོན་སོགས་གསུངས་ནས་ཕྱི་ཡི་རྐྱེན་བྱེད་ཚུལ་དང་། དེ་བཞིན་དུ་དབང་བསྒྱུར་བས་བཙན་པོའི་ཐབས་ཀྱིས་སུ་ལའང་འཛེམས་བག་མེད་པའི་སྒོ་ནས་གཞན་གྱི་ཕ་སྐད་བཅོམས་ནས་དེའི་ཤུལ་དུ་རང་གི་སྐད་ཁྱབ་གདལ་དུ་གཏོང་བར་བྱེད་ཅེས་དང་། ཡང་འདི་ལྟར་ཆབ་སྲིད་ཀྱི་དབང་སྒྱུར་བ་རྣམས་ཀྱིས་རང་གི་རིག་གནས་དང་སྐད་ཡིག་མི་ཤེས་པའི་མི་རྣམས་
བླུན་པོ་དང་། ལེ་ལོ་སྒྱིད་ལུག་ཅན་དང་། དམུ་རྒོད་ཅེས་པའི་མིང་འདོགས་ཤིང་། དེ་རྣམས་ཀྱི་སྐད་ཡིག་དང་རིག་གནས་ལ་རྨོངས་པ་དང་། རྗེས་ལུས་དང་། མ་སྨིན་པ་དང་། མི་ལེགས་པ་དང་། ཡར་རྒྱས་སུ་འགྲོ་བའི་འགོག་རྐྱེན་སོགས་མངོན་ལྐོག་གང་རུང་གིས་བསྒྲགས་བཞིན་ཡོད་ཅེས་གསུང་པ་དང་། དེ་ལྟ་བུའི་ཆབ་སྲིད་དར་སྤེལ་བཏངས་ནས། དཔེར་ན་གྲངས་ཉུང་མི་རིགས་དག་གི་སྤྱི་ཚོགས་ཀྱི་ཐོབ་ཐང་དང་། དཔལ་འབྱོར་གྱི་འོང་སྒོ་སོགས་ཁེ་ཕན་
མང་པོ་ཞིག་མི་འབྱུང་བས་དབང་སྒྱུར་པ་རྣམས་ཀྱི་རིག་གནས་དང་དུ་མི་ལེན་ཐབས་མེད་གྱུར་ཚུལ་སོགས་དང་། དཀའ་ངལ་དེའི་འོག་ཏུ་མི་མང་གིས་དབང་སྒྱུར་བའི་སྐད་ཡིག་མི་སྦྱོང་ཐབས་མེད་གྱུར་འགྲོ་ཞིང་། དེའི་ཚེ་ན་ད་གཟོད་་དབང་སྒྱུར་པ་རྣམས་ཀྱི་དམིགས་ཡུལ་གྱི་ཐོག་ཏུ་ཁེལ་སོང་བ་ཡིན་
སོགས་གསུངས་པ་ལ་གཞིག་ན་འདི་ནི་ད་ལྟའི་གཞིས་ལུས་བོད་མི་རྣམས་ལ་ཉེན་ཁ་ཆེ་བ་དང་། རང་རེ་མི་རིགས་འདིས་མྱོང་བཞིན་པ་དང་། མྱོང་ཟིན་པ་ཡང་རེད་འདོད་དོ།།
དེ་ནས་ང་ཚོ་ཁ་འཐོར་དུ་སོང་བའི་ཡུལ་གྱར་བའི་མི་རྣམས་ལ་མཚོན་ནའང་། ཕ་མ་རྒན་རབས་པ་མང་པོའི་རང་སྐད་མི་སྤྱོད་པ།གཞན་སྐད་ལ་དུང་བ་ཟབ་ཅིང་རང་མི་རིགས་ཀྱི་སྐད་ཡིག་གི་རིན་ཐང་མི་སྟེར་བའི་ད་ལྟའི་སྐུ་ངོ་ཕལ་བ་རེ་འགའ་དང་། རྐུབ་སྟེགས་སྟེང་ནས་སྤྱི་འཐུས་སུ་འབོད་པ་སྟེ། སྡེ་ཁག་གི་སྣེ་ཁྲིད་པ་ཡིན་ཟེར་མཁན་དེ་འདྲས་ཀྱང་། རང་གི་བུ་ཕྲུག་ལ་རང་མི་རིགས་ཀྱི་སྐད་ཡིག་སློབ་ཏུ་མི་འཇུག་མཁན་ཡོད།དེ་དག་གི་རྐྱེན་པས་
མི་རབས་རྗེས་མ་ཚོ་མི་རིགས་གཞན་གྱི་སྐད་ལ་དུང་བ་སླེབས་བཞིན་པ་ད་སྐབས་གཞིས་ཆགས་ཁག་གི་ནང་བོད་སྐད་ཕལ་ཆེར་གཞན་སྐད་དང་སྲེས་ནས་རྒྱག་བཞིན་ཡོད་ལ། དེ་ནི་ཡང་ཁོང་གི་གསུང་པ་བཞིན་དེའི་ཚེ་བརྗོད་བྱ་མང་པོ་ཞིག་ཕ་སྐད་ཀྱིས་བཤད་ན་བརྗོད་མི་ཐུབ་ལ།ཕྱི་སྐད་ཀྱིས་བཤད་ན་བརྗོད་ཐུབ་པའི་སྣང་བ་འཆར་ཞིང་། ཕ་སྐད་ཀྱི་ནང་དུ་ཕྱི་སྐད་ཀྱི་མིང་ཚིག་ཤིན་ཏུ་མང་པོ་འདྲེས། ཕྱི་སྐད་སྨྲ་མ་ཤེས་ན་རིག་གནས་མེད་པ་དང་། མཐོང་རྒྱ་མེད་པའི་གྲལ་དུ་འཇོག་སོགས་གསུངས་པ་རྣམས་བཀླགས་ཐེངས་རེར་བཙན་བྱོལ་ནང་གི་གཞོན་སྐྱེས་འགའ་དྲན་འཛིན་ངོས་སུ་འཆར་འོང་གི་འདུག་ལ། ཡང་དེ་ལ་ཕྱོགས་གཅིག་ནས་ཤུགས་རྐྱེན་སྣ་ཚོགས་འོག་ཁག་མེད་ཚུལ་བཤད་ཆོག་མོད། ཕ་མ་རྒན་རབས་པའི་བསླབ་བྱ་རྒྱག་སྟངས་ཀྱི་ཐད་ནས་གནམ་ས་ལྟ་བུ་ཁྱད་པར་ཡོད་ཕྱིར་དེ་ལྟར་སྣང་མེད་དུ་བཞག་ན་མི་ལེགས་སྙམ་སྟེ་ཅུང་ཟད་རེ་བསྐུལ་ཞུ་བ་དང་། རང་སྡེ་ལ་ཞེན་པ་དཀར་བའི་མེས་པོ་བཀའ་དྲིན་ཅན་རྣམས་ལ་བསམ་ཤེས་ཤིན་ཏུ་ནས་ཀྱང་དགོས་ངེས་རེད་འདོད་དེ་ཞུས་པ་ཡིན་ཡང་ཕོག་ཐུག་དང་སྙིང་ལ་ན་ཟེར་ན་སྣང་མེད་བཞག་ཀྱང་ཆོག་གོ།
གཞན་ཡང་འཛམ་གླིང་རྣམས་འབྲེལ་འདྲེས་ཧ་ཅང་ཆེ་བའི་དུས་བབ་དང་བསྟུན་ནས་གཞན་སྐད་ཤེས་རྒྱུ་གལ་ཆེ་ཡང་། རང་སྐད་རྩ་ནས་དོར་ན་མི་རིགས་ཏེ། ཡང་ཁོང་གི་གསུངས་ལས་དེ་ལྟར་མི་རིགས་རང་ཉིད་ཀྱིས་རང་གི་ཕ་སྐད་འདོར་བ་ལ་སྐད་ཡིག་རང་གི་རང་གསོད་ཅེས་བྱ་ལ། གཞན་གྱི་གསོད་དུ་བཅུག་པ་ལ་སྐད་ཡིག་གཞན་གྱིས་གསོད་ཅེས་བྱ་སོགས་གསུང་པ་བཞིན།ང་ཚོས་རང་རང་གི་སྐད་ཡིག་རང་གིས་གསོད་མི་རུང་ལ། མི་རིགས་རང་གི་སྐད་ཡིག་རང་ལ་དགོས་ངེས་དང་། ཧ་ཅང་གལ་ཆེན་ཡིན་པ་དེ་ཉིད་ལས་གལ་ཏེ་མི་རིགས་ཤིག་གི་སྐད་དང་། ཡི་གེ་གཉིས་ཤི་བར་གྱུར་ན་དོན་ལ་མི་རིགས་དེ་ཉིད་ཀྱི་མི་ཐམས་ཅད་མཉམ་དུ་ཤི་ནས་རིགས་དེ་རྩ་བ་ནས་མེད་པར་གྱུར་པ་དང་འདྲ་སོགས་རྒྱ་ཆེར་གསུང་པ་དང་། ཡང་འདི་ལྟར་ནུབ་ཕྱོགས་པ་ཝེ་སིའི་རིགས་ཀྱི་གཏམ་དཔེ་ལས་ཕ་སྐད་མེད་པའི་མི་རིགས་དེ། རྣམ་ཤེས་མེད་པའི་མི་རིགས་ཡིན་ཞེས་དང་། དེ་ཡང་ཨོ་སི་ཊི་ལ་ཡའི་རྩོམ་པ་པོ་་David Malouf་་དེས།ང་རང་གིས་སྨྲ་བའི་སྐད་འདི་མི་རྣམས་ཀྱི་ཁ་ནས་རིམ་པ་བཞིན་ནུབ་པར་འགྱུར་པ་
འདི་ལ་བསམ་པའི་ཚེ་ན། ཤིན་ཏུ་དངངས་སྐྲག་གི་ཚོར་བ་ཞིག་འབྱུང་གིན་འདུགཚོར་བ་འདི་ང་རང་ཉིད་འཆི་བར་འགྱུར་བའི་ཚོར་བ་ལས་ཀྱང་རུས་པའི་གཏིང་དུ་ཟུག་སྟེ། གང་གི་ཕྱིར་ཞེ་ན།འདི་ནི་ང་རང་གི་མི་རིགས་འདི་ཐམས་ཅད་ཐུན་མོང་དུ་འཆི་བར་འགྱུར་པ་དང་དོན་གཅིག་ཡིན་་ཚུལ་སོགས་བཤད་པ་་བཞིན། ང་ཚོའི་གཟབ་གཟབ་མ་བྱས་ན་བོད་ཀྱི་མི་རབས་འདི་ཡང་དེ་འདྲའི་གནས་བབ་ནང་མི་ལྷུང་བའི་ངེས་པ་མེད་ཅིང་། དུས་རབས་འདི་རང་རེ་གདོང་དམར་བ་ལ་མཚོན་ན་ཤིན་ཏུ་གཉན་འཕྲང་ཆེ་ལ། མི་རིགས་དར་རྒུད་ཀྱི་གཞི་རྩ་སྟེ་རང་གི་སྐད་ཡིག་དོན་དུ་འབད་བརྩོན་དང་ཤུགས་སྣོན་རྒྱག་རྒྱུ་ནི་མི་རབས་གསར་པ་རྣམས་ལ་འགན་དབང་ཡོད་པ་བརྗོད་དུ་མེད་ཀྱང་། དྲན་བསྐུལ་གྱི་ཚུལ་དུ་ཞུས་པ་ཙམ་ཡིན།
ཡང་མཁས་དབང་དམ་པ་དེས་འཛམ་གླིང་སྐད་ཡིག་སྐྱེ་འཆིའི་ལོ་རྒྱུས་ལས། རང་རེ་མི་རིགས་རྣམས་ཀྱིས་གདེང་ཚོད་དང་སྤོབས་པ་མི་ཉམ་པར་སྐད་ཡིག་འཛིན་སྐྱོང་དགོས་ཚུལ་གསུངས་ཤིང་། མཇུག་གི་གཏམ་ལས་འདི་ལྟར་ རང་ཅག་གི་ཡིད་ལ་ཅིས་ཀྱང་ངེས་པར་བྱ་བ་ནི། བྱ་དངོས་ཐམས་ཅད་ད་ལྟ་བཞིན་དུ་མུ་འཐུད་ནས་འཕེལ་རྒྱས་སུ་སོང་ན་སྤྱིི་ལོ་་་༢༠༥༠་་ལོར་འཛམ་བུ་གླིང་གི་མི་གྲངས་དུང་ཕྱུར་་་༩༣་་ཙམ་དུ་འཕེལ་བར་འགྱུར། སྤྱི་ལོ་་་༢༡༠༠་་་ལོར་འཛམ་བུ་གླིང་གི་མཁའ་དབུགས་ཀྱི་དྲོད་ཚད་ཆ་མཉམ་དུ་སེ་དྲོད་ཏུའུ་དྲུག་ཙམ་ཇེ་མཐོར་འགྱུར། དེང་སྐབས་མི་རྣམས་སའི་གོ་ལའི་ལྷོ་བྱང་གི་སྣེ་གཉིས་དང་ཉེ་བའི་ཅུང་ཟད་བསིལ་བའི་གནས་རྣམས་སུ་གནས་སྤོ་རྒྱ་ཆེན་པོ་བྱས་ནས་འདུས་སྡོད་བྱེད་པར་འགྱུར། དེའི་ཚེ་རང་རེ་མདོ་དབུས་མཐོ་སྒང་གི་གནས་རྣམས་སུའང་ད་ལྟ་དང་མི་འདྲ་བར་མཁའ་དབུགས་དྲོ་བར་གྱུར་པ་སོགས་ཀྱི་དབང་གིས་མི་རིགས་གཞན་པ་འབོར་ཆེན་གནས་སྤོས་ནས་འདུས་སྡོད་བྱེད་པར་འགྱུར་མི་སྲིད་པ་མ་ཡིན་ནོ། །དེས་ན་རང་གི་སྐད་ཡིག་སོགས་རིག་གནས་སྲུང་སྐྱོབ་ཀྱི་བྱ་བ་ལ་ད་ལྟ་ནས་འབད་པར་མ་བྱས་ན་རང་རེའི་སྐད་ཡིག་ཀྱང་ད་ནས་ལོ་བརྒྱ་ཡར་མར་གྱི་རྗེས་སུ་ཉེན་ལྡན་སྐད་རིགས་ཀྱི་ནང་དུ་ཚུད་པའི་ཉེན་ཁ་ཡོད་སོགས་རྒྱ་ཆེར་གསུངས་འདུག་པས། དེ་དག་སེམས་རྒྱུད་ལ་འཇགས་ཀྱིན། རང་རེ་བཙན་བྱོལ་བས་ཀྱང་ཅིག་ཤོས་སྣང་མེད་བཞག་ནས། ཟུར་དུ་བསྡད་དེ་ཀླད་པ་མཁྲེགས་པོ་དང་ཕྲག་དོག་གི་བཟི་ནས་མི་འདུག་པར། མྱུར་དུ་ང་ཚོ་དང་ཁོང་ཚོ་ཚང་མ་ལྷན་གཅིག་ཏུ་གཅིག་གིས་གཅིག་ལ་གྲོས་འདེབ་དང་། མཐུན་པའི་ལག་གདང་སྦྲེལ་ནས་སོང་ན་མི་རིགས་ཀྱི་འཐབ་རྩོད་ལ་ནུས་པའི་དཔལ་འབར་བ་ཆོས་ཉིད་སྟེ། འཕྱར་གྲུ་མཉམ་འདེག་གྱི་དཔེ་ལྟར་དེ་ལུགས་ཀྱིས་བོད་མི་སྤྱི་བོ་གནམ་བལྟས་ཚང་མས་ཁོང་གི་གསུང་རྩོམ་འདི་ལྟ་བུ་རྣམས་ལ་མིག་དཔེར་བལྟས་ནས། མ་འོངས་པའི་བོད་རིགས་ན་གཞོན་རྣམས་ཀྱི་མདུན་ལམ་དང་། རིག་གཞུང་བརྒྱུད་འཛིན་ཡོང་ཐབས་ལ་འབད་འབུང་བྱེད་རྒྱུ་གལ་འགངས་ཆེ་བར་མཐོང་སྟེ་དེ་ལྟར་ངལ་བ་ཕྲན་ཙམ་བྱས་ཏེ་འགྲེམས་སྤེལ་ཞུས་པ་ལགས་སོ།། །།
༄༅། །གསོལ་འདེབས་དད་པའི་མཆོད་སྤྲིན། །
ལྟ་བ་ཀློང་ཆེན་རབ་འབྱམས་ཐུགས་དགོངས་ཀྱི་ངོ་བོ། །
སྒོམ་པ་མཁྱེན་བརྩེ་འོད་ཟེར་ཕན་བདེ་ཡི་རང་བཞིན། །
སྤྱོད་པ་རྒྱལ་བའི་མྱུ་གུ་མཚུངས་མེད་ཀྱི་ཐུགས་རྗེ། །
འབྲས་བུའི་བསྟན་པའི་བདག་པོ་སྙིང་དབུས་འདུད་དོ། །
བསྟན་འགྲོའི་དོན་ཆེན་འགྲུབ་པའི་བྱིན་རླབས་ཞིག་སྩོལ་ཤོག །
ཨོཾ་ཤྰི་ལ་མ་ཏི་བཛྲ་སིདྡྷི་ཧྰུཾ་ཨ། །
ཤྲྰིས་སྙིང་ནས་སྨོན་པ་དགེའོ། །
དྲྭ་གྲོགས་རྣམས་ལ་སྐུ་ཁམས་བཟང་བའི་འཚམས་འདྲི་དང་བཅས་
དྲྭ་ཐོག་སླེབས་ཡོད།
མཁན་པོ་ཚུལ་བློ་ཡིས་བོན་ལ་བཟུང་བའི་ལྟ་ཚུལ།
ཁམས་གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོགས་ལགས་ཀྱི་བོན་ལ་བཟུང་བའི་ལྟ་བ་དང་ཤེས་རབ་སྒྲོན་མེའི་འོད་སྣང་གི་གཞུང་ཚིག་གི་གསལ་བཤད།
༄༅། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །
ཉེ་ཆར་ཁོ་བོས་བྲིས་པའི་རྒྱ་ཡིག་གི་དཔེ་ཆ་ཤེས་རབ་སྒྲོན་མེའི་འོད་སྣང་ཞེས་པ་དེའི་ནང་དུ་བན་བོན་གྱི་ཁྱད་པར་ཅུང་ཟད་ཅིག་སྨྲས་པ་ལ་གང་ཟག་འགའ་རེས་བོན་གྱི་ཆོས་ལ་སྐུར་བ་བཏབ་ཡོད་པར་འདུག་སྙམ་དུ་དོགས་པ་ཟ་བ་ཡོད་མཆི་བས་དེ་དག་གི་དོགས་སེལ་དུ་བརྗོད་པ། ཐོག་མར་ཤེས་རབ་སྒྲོན་མེའི་འོད་སྣང་གི་གཞུང་ཚིག་ཇི་ལྟ་བ་བཞིན་དུ་དགོད་པར་བྱ་སྟེ། དེ་ཉིད་ལས། དགེ་བསྙེན་མང་བོ་ཞིག་གི་བསམ་པ་ལ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་བསམ་གྱིན་འདུག དོན་དངོས་ལ་བོན་འདི་མ་གཞི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ནང་དུ་མི་གཏོགས། བོད་ཡུལ་གྱི་ཆོས་ལུགས་ཤིག་ཡིན། འོ་ན་བོན་གྱི་ཆོས་བསླབ་རུང་ངམ་མི་རུང་ཞེ་ན། ཅིས་ཀྱང་རུང་སྟེ། མི་སོ་སོའི་ཁམས་དབང་དང་དད་པ་མི་འདྲ་བས་རང་གིས་བསླབ་པར་འདོད་ཕྱིན་ཆོས་ལུགས་གང་ལའང་བསླབ་ཏུ་རུང་། འདི་སངས་རྒྱས་ཀྱིས་ཀྱང་འགོག་པར་མི་མཛད་ན་ཁོ་བོ་ཅག་གིས་ལྟ་ཅི་སྨོས། འོན་ཀྱང་བོན་གྱི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཡིན་པར་བཟུང་ནས་བསླབས་ན་ནོར་བ་རེད། དཔེར་ན་རུའུ་ལུགས་དང་ཏའོ་ལུགས་རྣམས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་བཞིན་དུ་བོན་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མིན། བོན་གྱི་དགོན་པ་དག་གི་བླ་མ་དང་གྲྭ་བ་འགའ་རེས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་རྫོགས་པ་ཆེན་པོ༼བོན་པོའི་བཀའ་ནའང་དེའི་རྫོགས་པ་ཆེན་པོ་ཡོད། མཆན༽སོགས་སངས་རྒྱས་པའི་ཆོས་སློབ་པར་མཛད་པ་དང་ཐུགས་ཉམས་སུ་བཞེས་པ་ཡོད་ཀྱང་དེ་ནི་གང་ཟག་སྒེར་གྱི་ཉམས་ལེན་ཡིན་གྱི། བོན་པོའི་ཆོས་ཀྱི་ངོ་བོའི་ཚབ་བྱེད་མི་ཐུབ། འདིའི་དབྱེ་བ་ལེགས་པར་འབྱེད་དགོས་སོ། །
བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབ་ཀྱང་ཆོག་ཟེར། དོན་ལ་བོན་པོའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ནི། དེ་ཉིད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་བ་དེ་རེད། གལ་ཏེ་བོན་པོའང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་པ་ཡིན་ལ། མི་འགྲོ་ན་ནི་མ་ཡིན་ཏེ། དེ་ལྟར་ཡིན་མིན་གྱི་དབྱེ་བ་འབྱེད་བྱེད་ཀྱི་ཚད་དེ་ཤེས་ན་གནད་དོན་ཤིན་ཏུ་སླ་མོ་ཡིན་ནོ། །
སྔོན་གྱི་ལོ་རྒྱུས་ལ་གཞི་བྱས་ན། རྒྱ་ཡུལ་དུ་ཏའོ་ལུགས་བཞིན་དུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་བོད་ཡུལ་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག སློབ་དཔོན་ཆེན་མོ་པདྨ་འབྱུང་གནས་བོད་དུ་བྱོན་པའི་རྗེས་སུ་དེའི་ནང་ནས་ཁག་གཅིག་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་སྐྱབས་སུ་སོང་། ཁག་གཅིག་གིས་སྔར་གྱི་དད་པའི་རྒྱུན་བསྐྱངས་པར་མཛད་དེ། འདི་ད་ལྟའི་གཡུང་དྲུང་བོན་པོའི་ཆོས་ཀྱི་འབྱུང་ཁུངས་ཡིན་ནོ། །བོན་པོའི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་དེ་ལྟ་ན་འདི་ལ་ཐར་བ་ཡོད་དམ་ཞེ་ན། ཁོང་ཅག་གི་རང་གཞུང་ན་གསུངས་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་བ་ནི་མེད་དེ། རྒྱུ་གང་ལ་བསླང་པ་དེ་ལ་དེའི་འབྲས་བུ་འབྱུང་དགོས་ཀྱི། རྒྱུ་གཞན་ལ་བསླབས་ནས་འབྲ་བུ་གཞན་འབྱུང་བ་རྒྱུ་འབྲས་འཛོལ་བ་ནི་མི་སྲིད་པའི་ཕྱིར་རོ། །གལ་ཏེ་བོན་གྱི་བླ་མ་སྔོན་བྱོན་དག་གིས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཐུགས་ཉམས་སུ་བཞེས་ནས་རྟོགས་པ་རྒྱུད་ལ་འཁྲུངས་ཏེ། དེའི་ཉམས་སུ་ལེན་ཐབས་ཀྱི་ཆོས་དར་སྤེལ་མཛད་པ་ཡིན་ན་ནི། དེའི་རྟོགས་པ་དེ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་བྱུང་བ་ཡིན་པས་ཆོས་དེ་ལ་བརྟེན་ནས་གྲུབ་པ་ཐོབ་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཡོད་དུ་རུང་ངོ་། །ཞེས་སྨྲས་སོ། །
དེ་ལ་འདིར་ཐོག་མར་ངེས་པར་གོ་དགོས་པ་ནི་སྔོན་གྱི་ཤེས་རབ་སྒྲོན་མའི་འོད་སྣང་གི་དེབ་རྣམས་ཀྱི་གོང་གི་གཞུང་ཚིག་ནང་ན་སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་ཏེ། ཁོ་བོའི་ཞེ་འདོད་འདི་ཉིད་ཡིན། དེ་ཡིན་པར་གོང་དུ་སངས་རྒྱས་པའི་ཆོས་བོད་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག་ཅེས་པ་འདིས་ཀྱང་བདེ་བླག་ཏུ་གོ་ཐུབ་བོ། སྔར་གྱི་རྒྱ་ཡིག་གི་མ་དཔེ་ན། ༼苯教本身不属于佛教༽ ཞེས་པ་ལྟ་བུའི་ཚིག་རྣམས་ཀྱི་ནང་གི་༼佛教༽ཞེས་པ་དག་ཀྱང་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན། རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་རྒྱུན་མཐོང་ཚིག་མཛོད་༼陈义孝 《佛学常见辞汇》༽ཅེས་པ་ལས། ༼佛教༽ཞེས་པ་འགྲེལ་བ་ན། འཛམ་གླིང་ཆོས་ལུགས་ཆེན་པོ་གསུམ་གྱི་ཡ་གྱལ། སངས་རྒྱས་ཤྭཀྱ་ཐུབ་པ་ཆོས་གཙོ་རུ་འཛིན་ཅིང་། བྱམས་སྙིང་རྗེ་དང་འདྲ་མཉམ་དགོས་པར་འདོད་ཅིང་། ཧན་རྗེས་མའི་མིང་ཏིའི་སྐབས་སུ་ནུབ་ཕྱོགས་ནས་ཀྲུང་གོར་བྱུང་ཞིང་། ད་ལྟ་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་དར་བའོ་ཞེས་སྨྲས་པ་བཞིན་ནོ། ༼世界三大宗教之一,以萨迦牟尼佛教为教主,主张慈悲平等,在后汉明帝时,由西域传入中国,今盛行于世界各地༽གཞུང་ཚིག་འདི་རྣམས་ཀྱི་བརྗོད་བྱ་གཙོ་བོ་མདོར་བསྡུས་ན་བོན་གྱི་ཆོས་འདི་སངས་རྒྱས་ཤྭཀྱ་ཐུབ་པས་གསུངས་པའི་ཆོས་མ་ཡིན་ཞེས་པ་དང་། སམས་རྒྱས་ཤྭཀྱ་ཐུབ་པའི་རྗེས་འཇུག་ཡིན་མིན་གྱི་ཁྱད་པར་ནི་གཙོ་བོ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ཀྱི་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་གྱི་སྒོ་ནས་འབྱེད་དགོས་ཞེས་པ་དང་། བོན་ལ་རང་གཞུང་ནས་བཤད་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་ཅེས་པ་འདི་གསུམ་ཡིན་ནོ།།
དེ་ལས་དང་བོ་བོན་གྱི་ཆོས་ནི་རྒྱལ་བ་གཤེན་རབ་ཀྱིས་ཆེས་སྔ་མོའི་དུས་ནས་གསུངས་པ་ཡིན་པར་བཤད་ལ། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ནི་ཕྱིས་སུ་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པ་ཡིན་པས་དེ་གཉིས་ཐ་དད་ཡིན་པར་ཡོངས་སུ་གྲགས་པ་དེར་ཟད་ལ། གཉིས་པ་སྟོན་པ་དེའི་རྗེས་འཇུག་ཡིན་མིན་ནི་དེ་ལ་སྐྱབས་སུ་འགྲོ་མི་འགྲོའི་སྒོ་ནས་འབྱེད་དགོས་ཞེས་བན་བོན་གཉིས་ཀས་ཁས་ལེན་པ་དང་། གསུམ་པ་ཆོས་ལུགས་གང་ཡིན་ཡང་རུང་དེའི་གཞུང་ལས་གསུངས་པའི་ཐར་བ་འཐོབ་མི་འཐོབ་ཀྱང་དེ་ལ་སྐྱབས་སུ་འགྲོ་མི་འགྲོ་ལ་རག་ལས་པ་ཡིན་ཏེ། སྐྱབས་སུ་འགྲོ་བའི་དོན་ནི་ཆོས་དེའི་གཙོ་བོ་ལ་སྟོན་པ་དང་ཆོས་དེ་ཉིད་ལ་ལམ་དང་ཆོས་དེ་ཉམས་སུ་ལེན་པའི་དགེ་འདུན་ལ་གྲོགས་སུ་འཛིན་པ་ཡིན་ལ། དེ་གསུམ་པོ་ལ་དེ་ལྟར་དུ་མི་འཛིན་ན་ཆོས་དེ་ཉམས་སུ་ལེན་པར་མི་འདོད་པ་ཡིན་ཅིང་། ཆོས་དེ་ཉམས་སུ་མ་བླངས་ན་དེའི་འབྲས་བུའང་འཐོབ་རྒྱུ་མེད་པར་བླང་དགོས་ཏེ། འདི་དག་ནི་བོད་གངས་ཅན་གྱི་བན་བོན་གྱི་མཁས་པ་རྣམས་ལ་སྔར་ནས་རླུང་ལྟར་དུ་གྲགས་པའི་གཏམ་དེ་དག་ཡིན་གྱི་གསར་དུ་སྨྲས་པ་ཅི་ཡང་མེད་དོ། །
དེ་ལས་གཞན་དུ་གཞུང་ཞིག་འདི་རྣམས་ཀྱི་ནང་ན་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་དང་། བོད་གངས་ཅན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་མ་ཡིན་པའི་ནང་བ་སངས་རྒྱས་པའི་ཆོས་ཤིག་ཡོད་མེད་དང་། རྒྱལ་བ་གཤེན་རབ་དང་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་སངས་རྒྱས་གཅིག་གི་སྤྲུལ་བ་ཡིན་མིན་དང་། རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་། བོན་གྱི་ཆོས་ལུགས་མུ་སྟེགས་པའི་ལུགས་ཡིན་མིན་དང་། བོན་གྱི་རང་ལུགས་ལ་རྫོགས་པ་ཆེན་པོ་ཡོད་མེད་དང་། བན་བོན་གཉིས་ཀྱི་ཆོས་ལ་འདྲ་མཚུངས་ཡོད་མེད་སོགས་ལ་བརྟག་དཔྱད་དང་དགག་སྒྲུབ་དང་ཁ་ཚོན་བཅད་པ་གང་ཡང་མེད་ཅིང་། བོན་གྱི་ལྟ་བ་དང་བསྒོམ་པ་དང་། སྤྱོད་པ་སྐྱོན་ཅན་ཡིན་པ་དང་། རང་གཞུང་ནས་བཤད་པའི་འབྲས་བུ་འཐོབ་རྒྱུ་མེད་ཅེས་བརྗོད་པ་ནི་དེ་བས་ཀྱང་མེད་པ་མངོན་སུམ་དུ་བལྟར་ཡོད་པ་འདི་ག་ལགས་པས་མཁས་པ་རྣམས་ཀྱིས་གཟུ་བོའི་སྒོ་ནས་གོ་བ་ལེན་པ་དང་། མི་ཤེས་པ་རྣམས་ཀྱིས་ཀྱང་དམིགས་ཡུལ་སྣ་ཚོགས་པ་ཅན་གྱི་མི་དག་གི་གཏམ་ལ་མི་ཉན་པར་མཁས་པ་གཟུ་བོར་གནས་པ་རྣམས་ལ་བཀའ་འདྲི་ཞིབ་མོ་རེ་ཞུ་དགོས་པར་སྣང་ངོ་། །
དེས་ན་དོན་ལ་རྟོན་ཅིང་ཆགས་སྡང་མི་བྱ་བ་འདི་ཤིན་ཏུ་གལ་ཆེ་སྟེ། བན་བོན་གྱི་རྩོད་པ་དང་བན་དེའི་གྲུབ་མཐའ་སོ་སོའི་བར་གྱི་རྩོད་པ་འདིས་སྔོན་གྱི་དུས་སུ་ཕུང་ཁྲོལ་གྱི་བྱ་བ་མང་དུ་བྱས་པས་ད་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས་ཕྱོགས་སོ་སོ་ནས་གཟབ་པར་བྱ་དགོས་པ་ཡིན། ཁོ་བོ་ལ་མཚོན་ན་བོན་གྱི་ཆོས་དང་གང་ཟག་ལ་སྡང་ཞུགས་བྱས་པ་ཞིག་ནམ་ཡང་དྲན་རྒྱུ་མི་འདུག་གོ །ཁྱད་པར་དུ་ད་ལྟ་རང་རེ་རྣམས་མཐུན་བསྒྲིལ་བྱ་དགོས་པའི་དུས་ཡིན་གྱི། ཁ་བྲལ་བྱ་བའི་དུས་མ་ཡིན་པས་བན་བོན་མཐུན་བསྒྲིལ་རྡོག་རྩ་གཅིག་དྲིལ་གྱིས་བོད་མི་རིགས་ཀྱི་རིག་གནས་དར་སྤེལ་དང་འདི་དང་ཕྱི་མའི་ཕན་བདེ་བསྒྲུབ་པ་ལ་འབད་བརྩོན་བྱ་བ་འདི་ལས་གལ་ཆེ་བ་ཅི་ཡང་མི་འདུག་པས་མཐུན་བསྒྲིལ་གཞི་རྩར་འཛིན་པ་ལས་གྲུབ་མཐའི་ཚིག་གི་བརྗོད་ཚུལ་ཕྲན་བུ་རེ་ལ་བརྟེན་ནས་ཆགས་སྡང་སྣ་ཚོགས་པ་མི་སྤེལ་བར་སྙིང་ནས་ཞུའོ།
ཚུལ་ཁྲིམས་བླཔ་གྲོས་ཀྱིས་བྲིས་པའོ།
མཁན་པོ་ཚུལ་བློ་ལ་རྒོལ་ལན་དུ་ཕུལ་བ་ལུང་རིག་ཚད་མའི་རྔ་སྒྲ།
རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།
དེ་ཡང་གསེར་རྟ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྒྱ་ཡིག་གི་ལམ་ནས་བོན་པོའི་ཆོས་ལུགས་མཚམས་སྦྱོར་བྱས་པའི་ནང་དུ། བོན་པོའི་ཆོས་ལུགས་སངས་རྒྱས་ཆོས་ལུགས་མིན་ཚུལ་གྱི་གཏམ་འགའ་ཡོད་པས། དེ་ལ་ཉིན་འགའི་སྔོན་དུ་བགྲོ་གླེང་གི་ཚུལ་དུ་རྩོམ་ཐུང་ཞིག་བྲིས་ནས་བོན་བརྒྱ་དགོན་པས་གཙོ་གཉེར་བྱས་པའི་དཔྱོད་ལྡན་མཆོད་པའི་མེ་ཏོག་གི་རྩོམ་སྒྲིག་པ་ལ་བསྐུར་ཟིན་མོད། འོན་ཀྱང་དེའི་རྗེས་ནས་སྣང་ཞིག་དགོན་པའི་དགེ་བཤེས་འགའ་གྲོང་ཁྱེར་ཁྲིན་འདུ་རུ་སོང་ནས་མཁན་པོ་ཁོང་དང་བགྲོ་གླེང་མཛད་ནས་ཁོང་གིས་སྔར་གྱི་རྩོམ་དེ་ལ་གསལ་བཤད་ཅིག་བྲིས་འདུག གསལ་བཤད་དེ་ཧི་མ་ལ་ཡའི་བོན་གྱི་དྲ་བ་རུ་བཀོད་ཡོད། ཡིན་ནའང་གསལ་བཤད་བྱས་པའི་བོད་ཡིག་གི་རྩོམ་དང་དེ་སྔ་རྒྱ་ཡིག་གི་རྩོམ་གཉིས་ལ་གོ་བ་ལེན་སྟངས་མི་འདྲ་ས་རེ་བྱུང་ཡོད་པས། གསལ་བཤད་བྱས་པའི་བོད་རྩོམ་དེའི་ནང་དུ་གཡུང་དྲུང་བོན་ལ་བརྟག་དཔྱད་དང་དགག་སྒྲུབ་ཅི་ཡང་མཛད་མེད་ཚུལ་དང་། ད་དུང་གྲུབ་མཐའི་བར་གྱི་རྩོད་པས་སྔར་བོད་ཁམས་ལ་འཕོང་རྐྱེན་བཟོས་པས་ད་ལྟ་དེ་ལྟར་བྱེད་མི་རུང་སོགས་མཁས་མདོག་བཙུན་མདོག་གིས་བྲིས་ཡོད་མོད། འོན་ཀྱང་ལུང་རིག་གཉིས་གའི་འཕྲང་ལ་འཕྱར་ན་དེ་ལས་སྐྱོན་མང་དུ་མཐོང་བས་ཚིག་འཁྲུལ་གྱིས་མགོ་སྐོར་བཏང་བ་ཙམ་ལས་བདེན་པ་དང་གཟུ་བོར་གནས་པའི་ཚིག་མཐོང་རྒྱུ་མེད། དེས་བས་འདི་ནས་དེ་ལ་དཔྱད་གཏམ་ཞིག་སྤེལ་རྒྱུ་སྤྲོ་བས་འཆད་པར་བྱ་བ་ལ།
སྤྱིར་佛教ཞེས་ན་སངས་རྒྱས་ཆོས་ལུགས་སྤྱི་ལ་གོ་དགོས་མོད། འོན་ཀྱང་མཁན་པོ་ཁོང་གིས་རྒྱ་ཡིག་གི་རྩོམ་ནང་དུ་佛教ཞེས་པའི་ཐ་སྙད་འདི་ལ་བོད་ཡིག་ཏུ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཞེས་གསལ་བཤད་ཀྱིས་ཚུལ་དུ་བྲིས་འདུག ཁོང་གིས་བཤད་དོན། “དེ་ལ་འདིར་ཐོག་མར་ངེས་པར་གོ་དགོས་པ་ནི་སྔོན་གྱི་ཤེས་རབ་སྒྲོན་མའི་འོད་སྣང་གི་དེབ་རྣམས་ཀྱི་གོང་གི་གཞུང་ཚིག་ནང་ན་སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་ཏེ། ཁོ་བོའི་ཞེ་འདོད་འདི་ཉིད་ཡིན། དེ་ཡིན་པར་གོང་དུ་སངས་རྒྱས་པའི་ཆོས་བོད་དུ་ད་དུང་མ་བྱུང་བའི་གོང་རོལ་ནས་བོན་གྱི་ཆོས་འདི་ཡོད་འདུག་ཅེས་པ་འདིས་ཀྱང་བདེ་བླག་ཏུ་གོ་ཐུབ་བོ། སྔར་གྱི་རྒྱ་ཡིག་གི་མ་དཔེ་ན། ༼苯教本身不属于佛教༽ ཞེས་པ་ལྟ་བུའི་ཚིག་རྣམས་ཀྱི་ནང་གི་༼佛教༽ཞེས་པ་དག་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ།” ཞེས་སངས་རྒྱས་ཆོས་ལུགས་ཞེ་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་ཚུལ་ཁས་ལེན་གསལ་བོར་གསུང་ཡོད། ཡང་“རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན། ” ཞེས་དང་ད་དུང་དེ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་རྒྱའི་ཚིག་མཛོད་ཅིག་གི་ལུང་ཡང་དྲངས་འདུག
དེ་ནི་བན་བོན་གཉིས་གའི་བཀའ་ལུང་ལྟར་ལྟ་བ་དང་སྟོན་པ། བསྟན་པ། སྐྱབས་འགྲོ་སོགས་ཀྱིས་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་འབྱེད་ཚུལ་དང་ཡོངས་སུ་འགལ་བས། དེ་ལ་འདིར་དྲི་རྒྱུ་ནི། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཁོ་ན་ལ་གོ་བ་མི་ལེན་ཏེ། རྒྱ་ནག་གི་སངས་རྒྱས་ཆོས་ལུགས་ཀྱི་དེབ་དག་ཏུ། “ཆོས་ཞེ་ན་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་མཐའ་དག་དང་། སངས་རྒྱས་ཆོས་ལུགས་ཀྱི་བཞེད་གཞུང་ཡོད་ཚད་དང་བཅས་པ་ཡིན།” ཞེས་གསུངས་ཡོད་པས་ཕྱིར། དེ་ལྟར་རྒྱ་ཡིག་གི་སངས་རྒྱས་ཆོས་ལུགས་ཀྱི་དྲི་བ་དྲིས་ལན་ཉིས་བརྒྱ་བ་ལས། “法”是指诸佛所说的一切教法,包括佛教的一切理论学说。ཞེས་ཆོས་ཞེ་ན་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་ཆོས་མཐའ་དག་ལ་གོ་བ་ལས། དམིགས་སུ་བཀར་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཁོ་ན་ལ་གོ་ཚུལ་གྱི་ཁས་ལེན་མེད་པས་ཕྱིར། ཞེས་གསུངས་པས་རྒྱ་ནག་ལ་ཡོངས་གྲགས་ཡིན་ཞེས་མགོ་སྐོར་བཏང་ན་འཁྲུལ་སྣང་དུ་ཟད་དོ།། ཡང་དེ་ཉིད་ལས། “དད་མོས་ཀྱི་ལྟ་བའི་སྟེང་ནས་བཤད་ན། སངས་རྒྱས་ཆོས་ལུགས་ནི་སངས་རྒྱས་དད་མོས་བྱ་ཡུལ་དུ་འཛིན་པའི་ཆོས་ལུགས་ཡིན།” 从信仰观念上说,佛教是以佛为崇拜对象的宗教。ཞེས་གསུངས་པས་སངས་རྒྱས་ཤཱཀྱ་ཐུབ་བ་ཁོ་ནར་དད་མོས་བྱ་ཡུལ་དུ་འཛིན་པའི་ཆོས་ལུགས་ཞེས་བཤད་མེད་དོ།། རྒྱ་ཡིག་གི་དེབ་དེ་ནི། 《佛教200题》黄颂一主编,2006年4月由中国社会科学出版社出版。ཞེས་པ་ཡིན་པས་སྤྲོ་བ་ཡོད་པ་རྣམས་ཀྱིས་གཟིགས་རོགས་གནོངས།
༼མུ་འགོད་ཡིན།༽
༼མཆན་ཨང་དགུ་པའི་འཕྲོས།༽
ཡང་ཞར་དུ་འདྲི་རྒྱུ་ཞིག་ལ། ཡུལ་གཅིག་ལ་ཡོངས་གྲགས་ཡིན་པས་དབང་དུ་བཏང་ཡང་དེ་ཚད་ལྡན་ཡིན་པས་ཁྱབ་པ་ཐལ། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན་ཞེས་འཁྲུལ་བློ་དེ་རྒྱུ་མཚན་དུ་བྱས་པས་ཁྱེད་ཀྱིས་ཚད་ལྡན་དུ་འཛིན་པས་ཕྱིར། དེས་ན་རྒྱ་ནག་གི་ཡུལ་དུ་འཕགས་ཡུལ་དང་བོད་ལ་མི་འདྲ་བར་གནས་བརྟེན་བཅོ་བརྒྱད་ཡོད་པ་དང་འཕགས་པ་སྤྱིན་རས་གཟིགས་ཀྱང་མོ་ལྷ་ཡིན་པ་ཡོངས་གྲགས་ཡིན་པས། ཁྱེད་ཀྱིས་རྒྱ་གར་དང་རྒྱ་ནག་གང་གི་ལུགས་ཚད་ལྡན་དུ་འཛིན། ཡང་ན་རྒྱ་ནག་གི་ཡུལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཞེས་པའི་སྐུ་བརྙེན་ཐམས་ཅད་ཀྱི་ཐུགས་ཀར་གཡུང་དྲུང་བོན་འཁོར་ཡོད་པ་ཇི་ལྟར་འགྲེལ། སངས་རྒྱས་ཤཱཀྱ་ཐུབ་པ་བོན་པོ་ཡིན་ཟེར་རམ་ཡང་ན་དེ་སངས་རྒྱས་ཤཱཀྱ་ཐུབ་པ་མ་ཡིན་པར་བོན་གྱི་སྟོན་པ་གཤེན་རབ་ཡིན་ཟེར། རྒྱུ་མཚན་ནི་གཡུང་དྲུང་བོན་འཁོར་འདི་གཡུང་དྲུང་བོན་གྱི་ཐུན་མིན་གྱི་བཀའ་རྟགས་ཡིན་པ་བོད་ཡུལ་དུ་ཡོངས་གྲགས་ཡིན་པས་ཕྱིར། ཡུལ་གཅིག་ལ་ཡོངས་གྲགས་ཡིན་ན་ཁྱེད་ཀྱིས་ཚད་ལྡན་དུ་འཛིན་པས་ཕྱིར། ལན་ཞིག་གསུང་བར་མཁྱེན་མཁན་པོ་ལེགས།
འོ་ན་ཁྱེད་ཀྱི་འདོད་པ་ལྟར་ན་༼佛教༽ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་གསུངས་པའི་ཆོས་ཡིན་པས་ཁྱབ་པ་འདོད་པ་ཡིན་ནམ་ཅི། དེ་མིན་ན་“སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པའི་རྒྱུ་མཚན་གང་ཡིན། བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་པ་ཡིན་ནམ། རྒྱུ་མཚན་གཞན་དག་ཡོད། བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་པ་ཡིན་ཟེར་ན། འོ་ན་སངས་རྒྱས་གཞན་གྱིས་གསུངས་པའི་བསྟན་པ་མེད་པར་འདོད་པ་ཡིན་ནམ། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་བསྟན་པ་ཡོད་ཀྱང་དེ་ལ་༼佛教༽མི་ཟེར་པར་འདོད་པ་ཡིན། དེ་ལྟར་རྒྱུ་མཚན་གཞན་འཇོག་རྒྱུ་མེད་དེ་ཚིག་དེའི་ཤུགས་ལས་བདག་རྐྱེན་ཁོ་ནས་འབྱེད་པ་གསལ་བས་ཕྱིར། ཁྱེད་ཀྱིས་༼佛教༽ནང་བ་སངས་རྒྱས་པའི་ཆོས་ཡིན་ན་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཡིན་པས་ཁྱབ་ཅེས་ཁས་བླངས་ཡོད་པས། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་མ་གཏོགས་སངས་རྒྱས་གཞན་གྱིས་གསུངས་པའི་སངས་རྒྱས་པའི་ཆོས་མེད་པར་ཐལ། “སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པས་ཕྱིར། རྟགས་ཁས། ཁྱབ་ཏེ་སངས་རྒྱས་པའི་ཆོས་ཞེས་བྱུང་ཚད་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ལ་གོ་དགོས་ན་དེ་ལས་གཞན་པའི་སངས་རྒྱས་པའི་ཆོས་མེད་པས་ཁྱབ་པས་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་མ་ཐེ་བའི་སྐལ་བཟང་སངས་རྒྱས་སྟོང་ཕྲག་ལྷག་ཡོད་པ་གང་ཞིག དེ་དག་གིས་གསུངས་པའི་བསྟན་པ་ཡང་སངས་རྒྱས་པའི་ཆོས་ཡིན་པའི་ཕྱིར། རྟགས་གཉིས་ག་གྲུབ་ཏེ་མདོ་སྡེ་བསྐལ་བ་བཟང་པོ་རུ་སངས་རྒྱས་སྟོང་པོ་རེ་རེ་ལ་རིགས་དང་ཡུལ་དང་དམ་པའི་ཆོས་གནས་ཚད་སོགས་དོན་ཚན་བཅུ་གཅིག་གི་སྒོ་ནས་གསལ་བཤད་བྱས་ཡོད་པས་ཕྱིར། དེ་ཐལ། གཞུང་དེ་ནི་ཁྱེད་ཀྱིས་འདོད་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་ཡིན་པས་ཕྱིར། རིག་ལམ་གྱི་འགྲོ་ཚུལ་ལྟར་ན་འདི་ན་འཁོར་གསུམ་ཞིག་ཡོད་པར་སྣང་། ཡང་ན་བྱམས་ཆོས་སྡེ་ལྔ་ཆོས་ཅན། སངས་རྒྱས་པའི་ཆོས་མ་ཡིན་པ་ཐལ། “སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པ་གང་ཞིག དེ་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་མ་ཡིན་པས་ཕྱིར། རྟགས་དང་པོ་རང་གིས་ཁས་ལེན་ཡིན་ལ། རྟགས་གཉིས་པ་གྲུབ་ཏེ་རྒྱལ་བ་བྱམས་པ་མགོན་པོས་གསུངས་པ་ཡིན་པས་ཕྱིར། འདོད་ལན་འདེབས་རྒྱུ་ཡིན་མིན་ཁྱེད་རང་གིས་མཁྱེན།
ད་དུང་ཚིག་མཛོད་དེའི་འགྲེལ་ལས་在后汉明帝时,由西域传入中国,ཞེས་དམ་པའི་ཆོས་ཡུལ་རྒྱ་ནག་ལ་ཧན་རྗེས་མའི་མུན་ཏེའི་དུས་སུ་དར་བ་ཡིན་ཟེར་བ་ཡང་མཐའ་གཅིག་ཏུ་ཁས་ལེན་ཐུབ་བམ། དེ་ལས་གཞན་པའི་གསུང་སྒྲོས་མང་དུ་ཡོད་པས་ཕྱིར། ལྷག་པར་དུ་དེང་སྐབས་ཀྱི་མཁས་པ་ཚོས་ཧན་འེར་ཏེའི་ཡོན་ཧྲིག་ཁྲི་ལོ་དང་པོར་(哀帝元寿元年公元前2年)ཡུལ་རྒྱ་ནག་ཏུ་དར་བ་ཞལ་མཐུན་པས་ཕྱིར། ཚིག་མཛོད་གཅིག་གི་འདོད་ཚུལ་ཙམ་གྱིས་མགོ་སྐོར་གཏོང་འདོད་ན་འཁྲུལ་སྣང་མ་ཡིན་ནམ།
གཞན་ཡང་“སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་”ཅེས་པ་འདིའི་འདོད་དོན་གང་ཡིན། ནང་བའི་ལུགས་ཀྱི་མཆོག་གསུམ་དང་སྐྱབས་འགྲོ། ཐར་བ་སོགས་ནང་དོན་གྱི་སྒོ་ནས་མཚུངས་མིན་བརྟག་དགོས་པ་ཡིན་ནམ་མིན། དང་པོ་ལྟར་ཡིན་ཟེར་ན། འོ་ན་སངས་རྒྱས་གཡུང་དྲུང་བོན་ལུགས་ཀྱི་མཆོག་གསུམ་དང་སྐྱབས་འགྲོ། ཐར་བ་སོགས། སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་དེ་གསུམ་དང་ཁྱད་པར་གང་ན་ཡོད། གསུང་རྒྱུ་ཡོད་ན་གསུངས་དང་བགྲོ་གླེང་བགྱི་བར་དགའ་སྤྲོ་འདུག གཉིས་པ་ལྟར་མིན་ཟེར་ན། འོ་ན་བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་དགོས་པ་ཐལ། དེ་གཉིས་གང་རུང་ཞིག་ཡིན་དགོས་པས་ཕྱིར། དེ་ལྟར་མིན་ཚེ་ཁྱེད་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་ཞེས་བའི་འབྱེད་ཆོས་གང་ཡིན་གསལ་བོར་ཤོད། བདག་རྐྱེན་གྱི་སྒོ་ནས་འབྱེད་པར་འདོད་ན། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་མ་གཏོགས་སངས་རྒྱས་གཞན་མེད་པར་འདོད་པ་ཡིན་ནམ། ཡང་ན་མཆོག་གསུམ་ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ཡིན་པ་ལས་སངས་རྒྱས་གཞན་གྱིས་མཆོག་གསུམ་གསུངས་མེད་པར་འདོད་པ་ཡིན། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་དེ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ལ་ཁྱད་པར་ཡོད་ཅེས་པ་ཡིན། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་མི་ཆོད་ཅེས་པ་ཡིན། ཡང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་མ་ཐོབ་ན། སངས་རྒྱས་གཞན་གྱི་གསུང་ལ་བརྟེན་ནས་ཐར་བ་ཐོབ་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་མི་ཆོད་པའམ་མི་འདྲ་ཞེས་པ་གང་ཡིན།
དང་པོ་སངས་རྒྱས་ཤཱཀྱ་ཐུབ་པ་མ་གཏོགས་སངས་རྒྱས་གཞན་མེད་པར་འདོད་མི་ནུས་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་ལས་གཞན་པ་མདོ་སྡེ་བསྐལ་བ་བཟང་པོ་ལས་དངོས་སུ་གསུངས་པའི་སངས་རྒྱས་སྟོང་ཕྲག་ལྷག་ཡོད་པ་གང་ཞིག གཞན་ཡང་མཚན་དངོས་སུ་གསུངས་མེད་ཀྱང་སྒྲོན་བསྐལ་གཞན་དང་ཞིང་ཁམས་གཞན་དུ་སྔར་བྱོན་ཟིན་པ་དང་མ་འོངས་འབྱོན་འགྱུར་གྱི་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་གྲངས་ལས་འདས་པ་ཡོད་པས་ཕྱིར། དེ་ཐལ། དཔའ་བོ་གཙུག་ལག་ཕྲེང་བས། ཚུལ་འདིས་ནམ་མཁས་ཇི་སྲིད་ཁྱབ་གྱུར་པ། དེ་སྙེད་རྒྱལ་བའི་ཞིང་དང་སྐུ་ཡང་གནས། ཤིན་ཏུ་ངེས་པའི་དོན་དུ་སྐུ་དང་ཞིང་། ཚད་མེད་ཕ་མཐའ་བཟུང་བར་མི་ནུས་སོ། ཞེས་གསུངས་པས་ཕྱིར།
གཉིས་པ་མཆོག་གསུམ་ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ཡིན་པ་ལས་སངས་རྒྱས་གཞན་གྱིས་མཆོག་གསུམ་གསུངས་མེད་པར་འདོད་པ་ཡིན་ཟེར་ན། འོ་ན་རྒྱལ་བ་བྱམས་པ་མགོན་པས། “འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།།” ཅེས་གསུངས་པ་དེ་མཆོག་གསུམ་ཇི་ལྟར་དཀོན་ཚུལ་གསུངས་པ་ཡིན་པས་ཕྱིར། དེའང་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་མ་ཡིན་པས་ཕྱིར།
གསུམ་པ་ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་དེ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ལ་ཁྱད་པར་ཡོད་པར་འདོད་ན། འོ་ན་སངས་རྒྱས་རྣམས་ཐུགས་རོ་གཅིག་པ་མ་ཡིན་པར་ཐལ། སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་གྱི་ཁྱད་པར་ཡོད་པར་འདོད་པས་ཕྱིར། རྟགས་ཁས་ལེན་ཡིན་ལ་ཁྱབ་པའང་ཡོད་པས་ཕྱིར། འདོད་མི་ནུས་ཏེ་སངས་རྒྱས་ཐམས་ཅད་ཐུགས་རོ་གཅིག་པ་ཡིན་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་པས་ཕྱིར། ཡང་ཁྱད་པར་ཡོད་ཟེར་ན་དེའི་ཁྱད་པར་གསུངས་རྒྱུ་དགོས་པས་དེང་སྐབས་ཚན་རིག་འཕེལ་རྒྱས་ཀྱིས་དབང་གིས་ཕན་ཚུན་ལ་ཕྲིན་སྦྲེང་རྒྱུ་ཤིན་ཏུ་སླ་བས་ལན་གསུངས་བར་མཁྱེན། ཁྱད་པར་མེད་ཟེར་ན་འོ་ན་གཡུང་དྲུང་བོན་གྱི་སྐྱབས་འགྲོ་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུང་བའི་སྐྱབས་འགྲོ་གཉིས་རྒྱུ་ཐ་དད་པར་ཁས་བླངས་པས་དེ་གཉིས་ཀྱི་ཁྱད་པར་གང་ཡིན། ་གང་གིས་གསུངས་པའི་བདག་རྐྱེན་ཁོ་ནས་ཁྱད་པར་ཕྱེས་པ་ཡིན་ནམ་ཅི།
བཞི་བ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་མི་ཆོད་པར་འདོད་པའམ། ལྔ་བ་ཡང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་མ་ཐོབ་ན། སངས་རྒྱས་གཞན་གྱི་གསུང་ལ་བརྟེན་ནས་ཐར་བ་ཐོབ་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་མི་ཆོད་པར་འདོད་ན། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་མེད་པ་ཐལ། ཁྱེད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་པས་ཕྱིར། དེ་ཐལ། ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་བས་ཕྱིར། དེ་ཐལ། ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མེད་པས་ཕྱིར། དེ་ཐལ་ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པ་མེད་པས་ཕྱིར། དེ་ཐལ་དེའི་དུས་སུ་ཁྱེད་སློབ་ལམ་པ་ཡིན་པས་ཕྱིར། རྟགས་གྲུབ། ཡང་ཁྱེད་སངས་རྒྱས་གཞན་གྱི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ནས་སངས་རྒྱས་པ་ཡིན་པས་ཕྱིར། གོང་ནས་ཀྱང་ཁྱབ་ཏེ། མཆོག་གསུམ་ལ་སྐྱབས་སུ་སོང་མ་སོང་སློབ་པ་ལམ་གྱི་གནས་སྐབས་སུ་འཇོག་དགོས་པ་ལས། མངོན་པར་རྫོགས་སངས་རྒྱས་ཚེ་སྐྱབས་སུ་འགྲོ་མི་དགོས་ཏེ་རང་སྐྱབས་ཀྱི་མཐར་ཐུག་ཏུ་གྱུར་བའི་ཕྱིར། རྩ་བར་འདོད་ལན་འདེབས་མིན་ཁྱེད་རང་གིས་མཁྱེན། གོང་ནས་དེ་ལྟར་མ་ཡིན་པར་སངས་རྒྱས་གཞན་གྱི་ཆོས་ལས་གསུངས་བའི་མཆོག་གསུམ་ལ་སྐྱབས་སུ་སོང་ནའང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་ཆོད་པའམ། སངས་རྒྱས་གཞན་གྱི་གསུངས་ལ་བརྟེན་ནས་ཐར་བ་ཐོབ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་ཆོད་པར་འདོད་ན། འོ་ན་དེ་རྒྱུ་འབྲས་འཛོལ་བ་མ་ཡིན་པའི་རྒྱུུ་མཚན་གང་ཡིན། གོང་གི་“ཁོང་ཅག་གི་རང་གཞུང་ན་གསུངས་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་བ་ནི་མེད་དེ། རྒྱུ་གང་ལ་བསླང་པ་དེ་ལ་དེའི་འབྲས་བུ་འབྱུང་དགོས་ཀྱི། རྒྱུ་གཞན་ལ་བསླབས་ནས་འབྲ་བུ་གཞན་འབྱུང་བ་རྒྱུ་འབྲས་འཛོལ་བ་ནི་མི་སྲིད་པའི་ཕྱིར་རོ།” ཞེས་དང་“བོན་ལ་རང་གཞུང་ནས་བཤད་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་”ཅེས་པ་འདི་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་གཡུང་དྲུང་གི་བོན་དམིགས་སུ་བཀར་ནས་དེ་ལྟར་བཤད་པ་ཨེ་ཡིན། དེ་གཉིས་ག་རྒྱུ་ཐ་དད་དང་འབྲས་སུ་ཐ་དད་དུ་འཇོག་པའི་རྒྱུ་མཚན་གང་ཡིན། ཡང་བདག་རྐྱེན་ཁོ་ནས་ཕྱེས་པ་ཡིན་ནམ་ཅི། ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ཞེས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་མཆོག་གསུམ་དང་མི་མཐུན་པའི་ཡན་གར་བ་ཞིག་ཡོད་པར་འདོད་དམ་ཅི།
༼མུ་འགོད་།༽
༼དགོངས་དག གོང་གི་དེ་མཆན་བརྒྱད་པའི་འཕྲོ་རེད། འདི་དགུ་པའི་འཕྲོས་ཡིན།༽
ཡང་ཞར་དུ་འདྲི་རྒྱུ་ཞིག་ལ། ཡུལ་གཅིག་ལ་ཡོངས་གྲགས་ཡིན་པས་དབང་དུ་བཏང་ཡང་དེ་ཚད་ལྡན་ཡིན་པས་ཁྱབ་པ་ཐལ། རྒྱ་ནག་ན་ཡོངས་གྲགས་སུ་༼佛教༽ཞེས་པ་སངས་རྒྱས་ཤྭཀྱ་ཐུབ་པའི་ཆོས་ལ་གོ་བ་ལེན་པ་ཡིན་ཞེས་འཁྲུལ་བློ་དེ་རྒྱུ་མཚན་དུ་བྱས་པས་ཁྱེད་ཀྱིས་ཚད་ལྡན་དུ་འཛིན་པས་ཕྱིར། དེས་ན་རྒྱ་ནག་གི་ཡུལ་དུ་འཕགས་ཡུལ་དང་བོད་ལ་མི་འདྲ་བར་གནས་བརྟེན་བཅོ་བརྒྱད་ཡོད་པ་དང་འཕགས་པ་སྤྱིན་རས་གཟིགས་ཀྱང་མོ་ལྷ་ཡིན་པ་ཡོངས་གྲགས་ཡིན་པས། ཁྱེད་ཀྱིས་རྒྱ་གར་དང་རྒྱ་ནག་གང་གི་ལུགས་ཚད་ལྡན་དུ་འཛིན། ཡང་ན་རྒྱ་ནག་གི་ཡུལ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་ཞེས་པའི་སྐུ་བརྙེན་ཐམས་ཅད་ཀྱི་ཐུགས་ཀར་གཡུང་དྲུང་བོན་འཁོར་ཡོད་པ་ཇི་ལྟར་འགྲེལ། སངས་རྒྱས་ཤཱཀྱ་ཐུབ་པ་བོན་པོ་ཡིན་ཟེར་རམ་ཡང་ན་དེ་སངས་རྒྱས་ཤཱཀྱ་ཐུབ་པ་མ་ཡིན་པར་བོན་གྱི་སྟོན་པ་གཤེན་རབ་ཡིན་ཟེར། རྒྱུ་མཚན་ནི་གཡུང་དྲུང་བོན་འཁོར་འདི་གཡུང་དྲུང་བོན་གྱི་ཐུན་མིན་གྱི་བཀའ་རྟགས་ཡིན་པ་བོད་ཡུལ་དུ་ཡོངས་གྲགས་ཡིན་པས་ཕྱིར། ཡུལ་གཅིག་ལ་ཡོངས་གྲགས་ཡིན་ན་ཁྱེད་ཀྱིས་ཚད་ལྡན་དུ་འཛིན་པས་ཕྱིར། ལན་ཞིག་གསུང་བར་མཁྱེན་མཁན་པོ་ལེགས།
འོ་ན་ཁྱེད་ཀྱི་འདོད་པ་ལྟར་ན་༼佛教༽ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་གསུངས་པའི་ཆོས་ཡིན་པས་ཁྱབ་པ་འདོད་པ་ཡིན་ནམ་ཅི། དེ་མིན་ན་“སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པའི་རྒྱུ་མཚན་གང་ཡིན། བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་པ་ཡིན་ནམ། རྒྱུ་མཚན་གཞན་དག་ཡོད། བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་པ་ཡིན་ཟེར་ན། འོ་ན་སངས་རྒྱས་གཞན་གྱིས་གསུངས་པའི་བསྟན་པ་མེད་པར་འདོད་པ་ཡིན་ནམ། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་བསྟན་པ་ཡོད་ཀྱང་དེ་ལ་༼佛教༽མི་ཟེར་པར་འདོད་པ་ཡིན། དེ་ལྟར་རྒྱུ་མཚན་གཞན་འཇོག་རྒྱུ་མེད་དེ་ཚིག་དེའི་ཤུགས་ལས་བདག་རྐྱེན་ཁོ་ནས་འབྱེད་པ་གསལ་བས་ཕྱིར། ཁྱེད་ཀྱིས་༼佛教༽ནང་བ་སངས་རྒྱས་པའི་ཆོས་ཡིན་ན་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཡིན་པས་ཁྱབ་ཅེས་ཁས་བླངས་ཡོད་པས། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་མ་གཏོགས་སངས་རྒྱས་གཞན་གྱིས་གསུངས་པའི་སངས་རྒྱས་པའི་ཆོས་མེད་པར་ཐལ། “སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པས་ཕྱིར། རྟགས་ཁས། ཁྱབ་ཏེ་སངས་རྒྱས་པའི་ཆོས་ཞེས་བྱུང་ཚད་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ལ་གོ་དགོས་ན་དེ་ལས་གཞན་པའི་སངས་རྒྱས་པའི་ཆོས་མེད་པས་ཁྱབ་པས་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་མ་ཐེ་བའི་སྐལ་བཟང་སངས་རྒྱས་སྟོང་ཕྲག་ལྷག་ཡོད་པ་གང་ཞིག དེ་དག་གིས་གསུངས་པའི་བསྟན་པ་ཡང་སངས་རྒྱས་པའི་ཆོས་ཡིན་པའི་ཕྱིར། རྟགས་གཉིས་ག་གྲུབ་ཏེ་མདོ་སྡེ་བསྐལ་བ་བཟང་པོ་རུ་སངས་རྒྱས་སྟོང་པོ་རེ་རེ་ལ་རིགས་དང་ཡུལ་དང་དམ་པའི་ཆོས་གནས་ཚད་སོགས་དོན་ཚན་བཅུ་གཅིག་གི་སྒོ་ནས་གསལ་བཤད་བྱས་ཡོད་པས་ཕྱིར། དེ་ཐལ། གཞུང་དེ་ནི་ཁྱེད་ཀྱིས་འདོད་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་ཡིན་པས་ཕྱིར། རིག་ལམ་གྱི་འགྲོ་ཚུལ་ལྟར་ན་འདི་ན་འཁོར་གསུམ་ཞིག་ཡོད་པར་སྣང་། ཡང་ན་བྱམས་ཆོས་སྡེ་ལྔ་ཆོས་ཅན། སངས་རྒྱས་པའི་ཆོས་མ་ཡིན་པ་ཐལ། “སངས་རྒྱས་པའི་ཆོས་ཞེས་པའི་ཚིག་བྱུང་བ་ཐམས་ཅད་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཞེས་པའི་དོན་དུ་གོ་དགོས་”པ་གང་ཞིག དེ་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་མ་ཡིན་པས་ཕྱིར། རྟགས་དང་པོ་རང་གིས་ཁས་ལེན་ཡིན་ལ། རྟགས་གཉིས་པ་གྲུབ་ཏེ་རྒྱལ་བ་བྱམས་པ་མགོན་པོས་གསུངས་པ་ཡིན་པས་ཕྱིར། འདོད་ལན་འདེབས་རྒྱུ་ཡིན་མིན་ཁྱེད་རང་གིས་མཁྱེན།
ད་དུང་ཚིག་མཛོད་དེའི་འགྲེལ་ལས་在后汉明帝时,由西域传入中国,ཞེས་དམ་པའི་ཆོས་ཡུལ་རྒྱ་ནག་ལ་ཧན་རྗེས་མའི་མུན་ཏེའི་དུས་སུ་དར་བ་ཡིན་ཟེར་བ་ཡང་མཐའ་གཅིག་ཏུ་ཁས་ལེན་ཐུབ་བམ། དེ་ལས་གཞན་པའི་གསུང་སྒྲོས་མང་དུ་ཡོད་པས་ཕྱིར། ལྷག་པར་དུ་དེང་སྐབས་ཀྱི་མཁས་པ་ཚོས་ཧན་འེར་ཏེའི་ཡོན་ཧྲིག་ཁྲི་ལོ་དང་པོར་(哀帝元寿元年公元前2年)ཡུལ་རྒྱ་ནག་ཏུ་དར་བ་ཞལ་མཐུན་པས་ཕྱིར། ཚིག་མཛོད་གཅིག་གི་འདོད་ཚུལ་ཙམ་གྱིས་མགོ་སྐོར་གཏོང་འདོད་ན་འཁྲུལ་སྣང་མ་ཡིན་ནམ།
གཞན་ཡང་“སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་”ཅེས་པ་འདིའི་འདོད་དོན་གང་ཡིན། ནང་བའི་ལུགས་ཀྱི་མཆོག་གསུམ་དང་སྐྱབས་འགྲོ། ཐར་བ་སོགས་ནང་དོན་གྱི་སྒོ་ནས་མཚུངས་མིན་བརྟག་དགོས་པ་ཡིན་ནམ་མིན། དང་པོ་ལྟར་ཡིན་ཟེར་ན། འོ་ན་སངས་རྒྱས་གཡུང་དྲུང་བོན་ལུགས་ཀྱི་མཆོག་གསུམ་དང་སྐྱབས་འགྲོ། ཐར་བ་སོགས། སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་དེ་གསུམ་དང་ཁྱད་པར་གང་ན་ཡོད། གསུང་རྒྱུ་ཡོད་ན་གསུངས་དང་བགྲོ་གླེང་བགྱི་བར་དགའ་སྤྲོ་འདུག གཉིས་པ་ལྟར་མིན་ཟེར་ན། འོ་ན་བདག་རྐྱེན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པ་ཡིན་མིན་གྱིས་འབྱེད་དགོས་པ་ཐལ། དེ་གཉིས་གང་རུང་ཞིག་ཡིན་དགོས་པས་ཕྱིར། དེ་ལྟར་མིན་ཚེ་ཁྱེད་ཀྱིས་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་སངས་རྒྱས་པའི་ཆོས་ཞེས་བའི་འབྱེད་ཆོས་གང་ཡིན་གསལ་བོར་ཤོད། བདག་རྐྱེན་གྱི་སྒོ་ནས་འབྱེད་པར་འདོད་ན། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་མ་གཏོགས་སངས་རྒྱས་གཞན་མེད་པར་འདོད་པ་ཡིན་ནམ། ཡང་ན་མཆོག་གསུམ་ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ཡིན་པ་ལས་སངས་རྒྱས་གཞན་གྱིས་མཆོག་གསུམ་གསུངས་མེད་པར་འདོད་པ་ཡིན། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་དེ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ལ་ཁྱད་པར་ཡོད་ཅེས་པ་ཡིན། ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་མི་ཆོད་ཅེས་པ་ཡིན། ཡང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་མ་ཐོབ་ན། སངས་རྒྱས་གཞན་གྱི་གསུང་ལ་བརྟེན་ནས་ཐར་བ་ཐོབ་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་མི་ཆོད་པའམ་མི་འདྲ་ཞེས་པ་གང་ཡིན།
དང་པོ་སངས་རྒྱས་ཤཱཀྱ་ཐུབ་པ་མ་གཏོགས་སངས་རྒྱས་གཞན་མེད་པར་འདོད་མི་ནུས་ཏེ། སངས་རྒྱས་ཤཱཀྱ་ཐུབ་པ་ལས་གཞན་པ་མདོ་སྡེ་བསྐལ་བ་བཟང་པོ་ལས་དངོས་སུ་གསུངས་པའི་སངས་རྒྱས་སྟོང་ཕྲག་ལྷག་ཡོད་པ་གང་ཞིག གཞན་ཡང་མཚན་དངོས་སུ་གསུངས་མེད་ཀྱང་སྒྲོན་བསྐལ་གཞན་དང་ཞིང་ཁམས་གཞན་དུ་སྔར་བྱོན་ཟིན་པ་དང་མ་འོངས་འབྱོན་འགྱུར་གྱི་ཕྱོགས་བཅུའི་དུས་གསུམ་གྱི་སངས་རྒྱས་གྲངས་ལས་འདས་པ་ཡོད་པས་ཕྱིར། དེ་ཐལ། དཔའ་བོ་གཙུག་ལག་ཕྲེང་བས། ཚུལ་འདིས་ནམ་མཁས་ཇི་སྲིད་ཁྱབ་གྱུར་པ། དེ་སྙེད་རྒྱལ་བའི་ཞིང་དང་སྐུ་ཡང་གནས། ཤིན་ཏུ་ངེས་པའི་དོན་དུ་སྐུ་དང་ཞིང་། ཚད་མེད་ཕ་མཐའ་བཟུང་བར་མི་ནུས་སོ། ཞེས་གསུངས་པས་ཕྱིར།
གཉིས་པ་མཆོག་གསུམ་ཡིན་ན་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ཡིན་པ་ལས་སངས་རྒྱས་གཞན་གྱིས་མཆོག་གསུམ་གསུངས་མེད་པར་འདོད་པ་ཡིན་ཟེར་ན། འོ་ན་རྒྱལ་བ་བྱམས་པ་མགོན་པས། “འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར།། མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི།། རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར།། འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད།།” ཅེས་གསུངས་པ་དེ་མཆོག་གསུམ་ཇི་ལྟར་དཀོན་ཚུལ་གསུངས་པ་ཡིན་པས་ཕྱིར། དེའང་སངས་རྒྱས་ཤཱཀྱ་ཐུབ་པའི་གསུང་མ་ཡིན་པས་ཕྱིར།
གསུམ་པ་ཡང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ཡོད་ཀྱང་དེ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་ལ་ཁྱད་པར་ཡོད་པར་འདོད་ན། འོ་ན་སངས་རྒྱས་རྣམས་ཐུགས་རོ་གཅིག་པ་མ་ཡིན་པར་ཐལ། སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་དང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་མཆོག་གསུམ་གྱི་ཁྱད་པར་ཡོད་པར་འདོད་པས་ཕྱིར། རྟགས་ཁས་ལེན་ཡིན་ལ་ཁྱབ་པའང་ཡོད་པས་ཕྱིར། འདོད་མི་ནུས་ཏེ་སངས་རྒྱས་ཐམས་ཅད་ཐུགས་རོ་གཅིག་པ་ཡིན་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡིན་པས་ཕྱིར། ཡང་ཁྱད་པར་ཡོད་ཟེར་ན་དེའི་ཁྱད་པར་གསུངས་རྒྱུ་དགོས་པས་དེང་སྐབས་ཚན་རིག་འཕེལ་རྒྱས་ཀྱིས་དབང་གིས་ཕན་ཚུན་ལ་ཕྲིན་སྦྲེང་རྒྱུ་ཤིན་ཏུ་སླ་བས་ལན་གསུངས་བར་མཁྱེན། ཁྱད་པར་མེད་ཟེར་ན་འོ་ན་གཡུང་དྲུང་བོན་གྱི་སྐྱབས་འགྲོ་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུང་བའི་སྐྱབས་འགྲོ་གཉིས་རྒྱུ་ཐ་དད་པར་ཁས་བླངས་པས་དེ་གཉིས་ཀྱི་ཁྱད་པར་གང་ཡིན། ་གང་གིས་གསུངས་པའི་བདག་རྐྱེན་ཁོ་ནས་ཁྱད་པར་ཕྱེས་པ་ཡིན་ནམ་ཅི།
བཞི་བ་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་ན་སངས་རྒྱས་གཞན་གྱིས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་མི་ཆོད་པར་འདོད་པའམ། ལྔ་བ་ཡང་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་མ་ཐོབ་ན། སངས་རྒྱས་གཞན་གྱི་གསུང་ལ་བརྟེན་ནས་ཐར་བ་ཐོབ་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་མི་ཆོད་པར་འདོད་ན། འོ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་མེད་པ་ཐལ། ཁྱེད་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་པས་ཕྱིར། དེ་ཐལ། ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་མ་སོང་བས་ཕྱིར། དེ་ཐལ། ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མེད་པས་ཕྱིར། དེ་ཐལ་ཁྱེད་སློབ་པ་ལམ་ལ་གནས་དུས་སངས་རྒྱས་ཤཱཀྱ་ཐུབ་པ་མེད་པས་ཕྱིར། དེ་ཐལ་དེའི་དུས་སུ་ཁྱེད་སློབ་ལམ་པ་ཡིན་པས་ཕྱིར། རྟགས་གྲུབ། ཡང་ཁྱེད་སངས་རྒྱས་གཞན་གྱི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་ནས་སངས་རྒྱས་པ་ཡིན་པས་ཕྱིར། གོང་ནས་ཀྱང་ཁྱབ་ཏེ། མཆོག་གསུམ་ལ་སྐྱབས་སུ་སོང་མ་སོང་སློབ་པ་ལམ་གྱི་གནས་སྐབས་སུ་འཇོག་དགོས་པ་ལས། མངོན་པར་རྫོགས་སངས་རྒྱས་ཚེ་སྐྱབས་སུ་འགྲོ་མི་དགོས་ཏེ་རང་སྐྱབས་ཀྱི་མཐར་ཐུག་ཏུ་གྱུར་བའི་ཕྱིར། རྩ་བར་འདོད་ལན་འདེབས་མིན་ཁྱེད་རང་གིས་མཁྱེན། གོང་ནས་དེ་ལྟར་མ་ཡིན་པར་སངས་རྒྱས་གཞན་གྱི་ཆོས་ལས་གསུངས་བའི་མཆོག་གསུམ་ལ་སྐྱབས་སུ་སོང་ནའང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ལ་སྐྱབས་སུ་སོང་བའི་གོ་ཆོད་པའམ། སངས་རྒྱས་གཞན་གྱི་གསུངས་ལ་བརྟེན་ནས་ཐར་བ་ཐོབ་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ཐོབ་པའི་གོ་ཆོད་པར་འདོད་ན། འོ་ན་དེ་རྒྱུ་འབྲས་འཛོལ་བ་མ་ཡིན་པའི་རྒྱུུ་མཚན་གང་ཡིན། གོང་གི་“ཁོང་ཅག་གི་རང་གཞུང་ན་གསུངས་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཐར་ཐུག་གི་ཐར་བ་ནི་མེད་དེ། རྒྱུ་གང་ལ་བསླང་པ་དེ་ལ་དེའི་འབྲས་བུ་འབྱུང་དགོས་ཀྱི། རྒྱུ་གཞན་ལ་བསླབས་ནས་འབྲ་བུ་གཞན་འབྱུང་བ་རྒྱུ་འབྲས་འཛོལ་བ་ནི་མི་སྲིད་པའི་ཕྱིར་རོ།” ཞེས་དང་“བོན་ལ་རང་གཞུང་ནས་བཤད་པའི་མཐར་ཐུག་གི་ཐར་བ་ཡོད་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་ཐར་བ་ནི་དེའི་མཆོག་གསུམ་ལ་སྐྱབས་སུ་སོང་ན་ཡོད་ལ་མ་སོང་ན་མེད་”ཅེས་པ་འདི་སངས་རྒྱས་སྟོན་པ་གཤེན་རབ་ཀྱིས་གསུངས་པའི་གཡུང་དྲུང་གི་བོན་དམིགས་སུ་བཀར་ནས་དེ་ལྟར་བཤད་པ་ཨེ་ཡིན། དེ་གཉིས་ག་རྒྱུ་ཐ་དད་དང་འབྲས་སུ་ཐ་དད་དུ་འཇོག་པའི་རྒྱུ་མཚན་གང་ཡིན། ཡང་བདག་རྐྱེན་ཁོ་ནས་ཕྱེས་པ་ཡིན་ནམ་ཅི། ཡང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལས་གསུངས་པའི་མཆོག་གསུམ་ཞེས་སངས་རྒྱས་ཐམས་ཅད་ཀྱིས་གསུངས་པའི་མཆོག་གསུམ་དང་མི་མཐུན་པའི་ཡན་གར་བ་ཞིག་ཡོད་པར་འདོད་དམ་ཅི།
༼མུ་འགོད་༽
༼མཆན་བཅུ་པའི་འཕྲོ་རེད།༽
ཡང་ཁོང་གིས་འོག་ནས་བཤད་དོན་ལ། “དེ་ལས་གཞན་དུ་གཞུང་འདི་རྣམས་ཀྱི་ནང་ན་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་དང་། བོད་གངས་ཅན་ན་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་མ་ཡིན་པའི་ནང་བ་སངས་རྒྱས་པའི་ཆོས་ཤིག་ཡོད་མེད་དང་། རྒྱལ་བ་གཤེན་རབ་དང་སངས་རྒྱས་ཤཱཀྱ་ཐུབ་པ་གཉིས་སངས་རྒྱས་གཅིག་གི་སྤྲུལ་བ་ཡིན་མིན་དང་། རྒྱལ་བ་གཤེན་རབ་སངས་རྒྱས་ཡིན་མིན་དང་། བོན་གྱི་ཆོས་ལུགས་མུ་སྟེགས་པའི་ལུགས་ཡིན་མིན་དང་། བོན་གྱི་རང་ལུགས་ལ་རྫོགས་པ་ཆེན་པོ་ཡོད་མེད་དང་། བན་བོན་གཉིས་ཀྱི་ཆོས་ལ་འདྲ་མཚུངས་ཡོད་མེད་སོགས་ལ་བརྟག་དཔྱད་དང་དགག་སྒྲུབ་དང་ཁ་ཚོན་བཅད་པ་གང་ཡང་མེད་ཅིང་།” ཞེས་གསུངས་ཡོད་པ་འདི་དང་གོང་གི། “བོན་པོའི་བླ་མ་འགའ་རེས་བོན་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་གཅིག་མཚུངས་རེད། ཁྱོད་ཀྱིས་གང་ལ་བསླབ་ཀྱང་ཆོག་ཟེར། དོན་ལ་བོན་པོའི་ཆོས་དང་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ཀྱི་ཆེས་འགག་རྩར་གྱུར་བའི་མི་འདྲ་ས་ནི།” ཞེས་དང་། “བོན་པོའི་ཆོས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་མ་ཡིན་པ་དེ་ལྟ་ན”ཞེས་ཁ་ཚོན་བཅད་ཟིན་དང་སྔ་ཕྱི་ཚིག་གི་ཁས་ལེན་མི་མཐུན་པས། དེ་ལ་འདིར་དྲི་བ་ལ། ཁྱེད་ཀྱིས་ནང་བ་སངས་རྒྱས་པ་ཡིན་ན་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་ལུགས་འཛིན་པ་ཁོ་ན་ཡིན་དགོས་མི་དགོས་ཀྱི་ཁ་ཚོན་བཅད་མེད་ན། འོ་ན་“༼佛教༽ཞེས་པ་དག་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པས་གསུངས་པའི་ཆོས་ཁོ་ན་ལ་གོ་བར་འགྱུར་བ་ཡིན་ཏེ།” ཞེས་པའི་ཚིག་འདི་ཅི་ལྟར་འགྲེལ་དགོས། ཡང་དག་པའི་གཏན་ཚིགས་དག་གིས་ཕ་རོལ་པོ་ལ་གོ་བརྡ་སྤྲོད་དགོས་པ་ལས། ཚིག་འཁྲུལ་འདི་དག་གི་དགོས་པ་གང་ཡིན། བསམ་གཟས་ནས་རྩོད་པ་དང་འགན་ཟླ་བསླངས་ནས་ད་དུང་། “བན་བོན་གྱི་རྩོད་པ་དང་བན་དེའི་གྲུབ་མཐའ་སོ་སོའི་བར་གྱི་རྩོད་པ་འདིས་སྔོན་གྱི་དུས་སུ་ཕུང་ཁྲོལ་གྱི་བྱ་བ་མང་དུ་བྱས་པས་ད་ནི་ལོ་རྒྱུས་ཀྱི་ཉམས་མྱོང་བླངས་ནས་ཕྱོགས་སོ་སོ་ནས་གཟབ་པར་བྱ་དགོས་པ་ཡིན།” ཞེས་དང་ཡང་། “གྲུབ་མཐའི་ཚིག་གི་བརྗོད་ཚུལ་ཕྲན་བུ་རེ་ལ་བརྟེན་ནས་ཆགས་སྡང་སྣ་ཚོགས་པ་མི་སྤེལ་བར་སྙིང་ནས་ཞུའོ།།”ཞེས་གསུངས་པ་འདི་ངོ་མ་ངོ་མཚར་བའི་ཡུལ་ཞིག་ཏེ། དེས་ན་ཁྱེད་ཀྱིས་ཀྱང་གྲུབ་མཐའི་ཚིག་གི་བརྗོད་ཚུལ་ཕྲན་བུ་ལ་བརྟེན་ནས་བོན་པོའི་མཚམས་སྦྱོར་ཞེས་པ་དེ་བྲིས་པ་མིན་ན། ཁྱེད་ལ་དེབ་དེ་འབྲི་སྐབས་བོན་པོའི་ཆོས་གླེང་བར་སྐབས་སུ་མ་བབས་པས་དེ་ལྟར་ལོག་བཤད་བྱེད་དོན་ཅི། ཁྱེད་རང་གིས་འདིའི་ཕྱོགས་ལ་མི་གཟབ་པར་གཞན་ལ་སློབ་གསོ་གཏོང་ཚུལ་འདི་དགོད་བྲོ་བའི་གནས་ཤིག་མ་ལེགས་སམ། ཡང་ཁྱེད་ཀྱི་བོད་རྩོམ་དུ་སྔར་གྱི་རྒྱ་ཡིག་གི་也许、绝不会སོགས་ཐ་སྙད་འགའ་རེ་ཇི་བཞིན་པར་བསྒྱུར་མེད་པ་འདི་ཅི་ཡིན། འདི་ལྟར་ཁ་ཞེ་གཉིས་འཛིན་གྱི་སྤྱོད་ཚུལ་གྱིས་གོང་འོག་ཚིག་གི་ཁས་ལེན་མི་མཐུན་པའི་བསླུ་བའི་ཚིག་སྨྲ་བ་འདི་དམ་པའི་དགོངས་སྤྱོད་དུ་འགྲོ་བར་མི་སེམས་སོ།།
སྨྲས་པ།
བསྐལ་སྟོང་སངས་རྒྱས་ཐུགས་ཀྱི་ཡང་སྙིང་དོན། །
བླ་མེད་བྱང་ཆུབ་སྒྲུབ་པ་ཟབ་མོའི་ལམ། །
ཤཱག་གཤེན་ལུགས་གཉིས་ནམ་མཁའི་ནོར་བུའི་འོད། །
སྐལ་ལྡན་གླིང་བཞིར་སྙོམས་པོར་ཤར་འདི་མཚར། །
འོན་ཏེ་མ་རིག་རྨོངས་མུན་སྟུག་ཆེ་བས། །
ལོག་སྨྲ་བྱང་ལྟས་ཕུག་པ་གཏིང་རིང་དུ། །
ཐུན་གསུམ་མུན་པའི་དཔུང་གིས་རབ་འདེགས་དང་། །
ལྷན་དུ་འབྱུང་བོའི་སྐད་ངན་སུན་པའི་གནས། །
སྨྲ་ངན་ཅ་ཅོ་སྒྲོག་ལ་རྒོལ་བའི་ཚུལ། །
བདག་འདྲ་རྣམ་དཔྱོད་དམན་ལ་འོས་མིན་ཡང་། །
ལུང་རིག་སྨྲ་བའི་སེང་ཆེན་མཐའ་དག་གིས། །
བཏང་སྙོམས་བཞག་འདིས་ཡིད་སེམས་སྐྱོ་བ་ལ། །
དེའི་ཕྱིར་ཕས་རྒོལ་དབྱུག་གུས་ཉེར་བསྐུལ་ཚེ། །
སྔ་མེད་ལུང་རིག་ཚད་མའི་རྔ་བོ་ཆེ། །
དཔྱད་གསུམ་དག་པའི་དབྱངས་ཀྱིས་གྲགས་པ་གང་། །
སངས་རྒྱས་བསྟན་པ་སྤྱི་ཡི་རྒྱན་དུ་ཤོག །
ཞེས་པའང་སྒ་རིགས་ཀྱི་སྤྲུལ་མིང་བ་མཁར་ནག་སྐལ་བཟང་རྒྱ་མཚོས་ལྕགས་སྟག་སྟོན་ཟླ་འབྲིང་བོའི་ཚེས་བཅུ་བདུན་ལ་བྲིས་པའོ།
གསལ་བཤད་ཞུ་རྒྱུ་ཞིག་ལ།
གོང་གི་གསལ་བཤད་དེ་དང་། དགག་ལན་དེ་གཉིས་ཁོ་བོས་ཧི་མ་ལ་ཡའི་བོན་ཞེས་པའི་དྲ་ཚིགས་ལས་བཤུས་ཏེ་ཁ་བརྡ་ཚང་ལ་བསྐུར་བ་ཡིན་མོད།
ཡ་ལན་ཡོད་མཁན་མ་བྱུང་སྟབས་ཁོ་བོས་འདིར་མུ་འགོད་བྱས་པ་ཡིན་པས་དགོངས་འཇགས་ཞུ།
ཉེས་པ་ཡོད་ན་མཐོལ་ལོ་བཤགས་སོ་བཟོད་པར་གསོལ་ཞུ་རྒྱུ་ཡིན།
མང་ར་བ་གཡང་རྒྱལ་འབུམ་ལགས། བཀའ་དྲིན་ཆེའོ། ད་དུང་མུ་འཐུད་དུ་ཀུན་མཁྱེན་བླ་མ་དམ་པའི་གསུང་རེ་ཡོད་ན་འགོད་རོགས། ཁ་བྲོ།
སྤུན་ཟླ་རྣམས་དོན་དངོས་སུ་གླེང་སློང་བྱེད་མཁན་ཕེབས་ཡོད་ན།
སྐད་ཡིག་ཆགས་འཇིག་སྐོར་ནས་གླེང་མོལ་མང་ཙམ་གནང་རོགས།
ད་དུང་མཁན་པོ་མཆོག་གི་
༈་འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པ་ལུག་རྫི་རྒན་པོའི་ཀི་སྒྲ་ཞེས་བྱ་བའི་དཔེ་དེབ་འདི་ལ།
ཁོང་གིས་རྒྱས་བཤད་ཀྱི་འོད་སྡེར་འམ་CD་ཕལ་ཆེར་ཆུ་ཚོད་་་༡༣་་ནས་་༡༤་་ཡར་མར་ཙམ་ཞིག་ཀྱང་འདུག དེ་ལུགས་ཀྱི་གདོང་དམར་བ་ཚང་གི་སྐད་ཡིག་ཆག་འཇིག་ལ་ཐུགས་ཁུར་དང་། དེ་ཉིད་དར་སྤེལ་རྒྱུན་འཛིན་ཡོང་ཐབས་ལ་བསམ་ཚུལ་བསྡུ་ལེན་གནང་ཐུབ་ན་བཟང་ཞིང་། དེ་ལ་དགེ་མཚན་ཡང་ཆེ།
བརྗོད་གཞི་དང་མཐུན་པའི་ཐོག་ནས་གྲོས་འདེབ་ཡོད་པའི་རེ་བ་བཅངས་ཡོད།
འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས་བསྡུས་པའི་དཀར་ཆག་གཤམ་གསལ་ལྟར་ཡིན།
རིག་གནས་ཀྱི་ངོ་བོ་བཤད་པ།
སྐད་སྐྱེས་པའི་ལོ་རྒྱུས་བཤད་པ།
ཡི་གེ་སྐྱེས་པའི་ལོ་རྒྱུས་བཤད་པ།
གདོད་མའི་ཡི་གེ་སྐྱེས་པའི་ལོ་རྒྱུས་བཤད་པ།
གནའ་རབས་ཡི་གེ་སྐྱེས་པའི་ལོ་རྒྱུས་བཤད་པ།
༡་འཛེར་ཡིག་སྐྱེས་པའི་ལོ་རྒྱུས་བཤད་པ།
༢་ཨེ་ཅིབ་ཀྱི་ལྷ་ཡིག་རུས་ཡི་གེ་སྐྱེས་པའི་ལོ་རྒྱུས་བཤད་པ།
༣་་རྒྱ་ནག་གི་སྐོགས་རུས་ཡི་གེ་སྐྱེས་པའི་ལོ་རྒྱུས་བཤད་པ།
དབྱངས་གསལ་ཡི་གེ་སྐྱེས་པའི་ལོ་རྒྱུས་བཤད་པ།
༡་བྱང་སེ་མུའུ་ཐིའི་ཡི་གེ་སྐྱེས་པའི་ལོ་རྒྱུས་བཤད་པ།
༢་་པྲཧྨའི་ཡི་གེ་སྐྱེ་པའི་ལོ་རྒྱུས་བཤད་པ།
༣་་གུཔྟའི་ཡི་གེ་སྐྱེ་པའི་ལོ་རྒྱུས་བཤད་པ།
༤་་བོད་ཡིག་སྐྱེས་པའི་ལོ་རྒྱུས་བཤད་པ།
སྐད་ཡིག་གི་གནས་པའི་ལོ་རྒྱུས་བཤད་པ།
སྐད་ཡིག་འཆི་བའི་ལོ་རྒྱུས་བཤད་པ།
འཆི་བའི་ངོ་བོ་བཤད་པ།
འཆི་བ་བྱུང་ཚུལ་བཤད་པ།
འཆི་བའི་རྒྱུ་རྐྱེན་བཤད་པ།
༡་་རྒྱུ་རྐྱེན་ངོས་བཟུང་བ།
༢་རྒྱུ་རྐྱེན་དེ་རྣམས་ཀྱི་དབང་གིས་སྐད་ནུབ་པའི་དཔེ་བརྗོད་པ།
༣་རྒྱུ་རྐྱེན་དེ་རྣམས་ཀྱི་ནང་ནས་གང་གཙོ་བཤད་པ།
༤་རྒྱུ་རྐྱེན་དེ་རྣམས་བོད་ཀྱི་སྐད་ཡིག་ལ་ཡོད་མེད་བརྟག་པ།
འཆི་བའི་ལྟས་བཤད་པ།
ཤི་བའི་མཇུག་འབྲས་བཤད་པ།
འཆི་བ་སྐྱོབ་ཚུལ་བཤད་པ།
མཇུག་གི་གཏམ།
བཅས་སོ།
དྲན་དབང་དགེ་ཆོས་ཀྱིས།
ཀུན་ཀྱང་རང་གི་འདོད་པའི་རྗེས་འབྲང་ཕྱིར། །
གཅིག་གིས་གཅིག་ལ་བཀག་འགོག་བྱེད་དོན་མེད། །
ཞེས་པ་ལྟར་ལགས་ན། བོན་ནང་བཟང་ངན་བཤད་མི་དགོས་པ། རང་གང་འདོད་པའི་ཆོས་དེ་ལ་སློབ་སྦྱོང་གྱིས་དང་ཡ་རབས་ཡིན། མི་ལ་སྨད་པ་མི་དགོས། རང་གི་མ་བྱེད་དང་འགྲིག མི་ལ་བསྟོད་མི་དགོས། རང་གིས་གྱིས་དང་ཆོག ཅེས་པ་ལྟར་རེད།
ནང་བོན་རྩོད་པ་བྱེད་པར་དགག་དགོས་ཅི་འདུག་ཐུགས་བསམ་བཞེས་རོགས་ཞུ།
མཁན་ཆེན་གང་ཉིད་ཀྱི་ཤེས་འཇོན་དང་ལྷག་བསམ་
དེ་བཞིན་དུ་ཆོད་སེམས་སོགས་ཕལ་པས་དཔོག་དཀའ་བའི་ཚོད་རེད།
ད་ལན་ཁོང་གིས་སྐད་ཡིག་སྐྱེ་འཇིག་གི་ལོ་རྒྱུས་བརྗོད་པའི་ཟོལ་གྱིས་དོན་དུ་
སྐད་ཡིག་གི་ཐོབ་ཐང་ཡང་བརྩད་ཡོད་པ་རེད།
དེ་ང་ཚོ་སྒང་པ་བོད་པའི་སྤྱི་དོན་ལས་མཁན་པོ་གང་གི་སྒེར་དོན་མིན་པ་ནི་ཤེས་ལྡན་ཚོས་ལོས་མཁྱེན།
བོན་པོ་ལ་མཚོན་ན་ངས་ནམ་རྒྱུན་བོད་ཀྱི་རིག་གནས་རྙིང་པའི་ཚད་ལ་གཞག་སྟེ་གུས་བརྩི་བྱེད་ཀྱིན་ཡོད་དེ།
ད་ལན་བྱེད་སྟངས་དེ་དངོས་གནས་སྐྱོ་འོས་པ་ཞིག་བྱུང་།
བོད་ཀྱི་ཆོས་བརྒྱུད་ཆེན་མོ།།
ཚིག་ཀཿཐོག་སྤྲུལ་ཚུལ་ཁྲིམས་བསྟན་འཛིན།
ལེན་མཁན། ཤེར་བསྟན།
སངས་རྒྱས་ཆོས་དང་གཡུང་དྲུང་བོན་གྱི་ཆོས།།
རིས་སུ་བཅད་དེ་དགྲ་རུ་མ་འཛིན་དང་།།
གངས་རིའི་ལྗོངས་ཀྱི་མེས་པོ་རྣམ་གཉིས་ཡིན།།
འཚེ་མེད་ཞི་བའི་ཐབས་ལམ་གཅིག་མཚུངས་རེད།།
བོན་དང་བན་དེ་དགེ་འདུན་འདུས་པའི་ཚོགས།།
ཁ་བ་ཅན་གྱི་ཆོས་གྲོགས་རྣམ་པ་གཉིས།།
གདོང་དམར་བོད་པ་ཚང་གི་ཁྱིམ་རྒྱུད་གཅིག།།
ལ་རྒྱའི་དཀྱིལ་འཁོར་གཅིག་ལ་མཉམ་དུ་བསྟེེན།།
བོན་དང་བན་ཞེས་ཕན་ཚུན་དགྲར་འཛིན་ན།།
ཆོས་དང་མི་འཐུན་བོད་ཀྱི་ལས་དབང་བརླག།
བོད་ཀྱི་མདུན་ལམ་མཐུན་འབྲེལ་ལག་རྡང་གཙོ།།
བོད་ལ་བསམ་ན་མིག་རྒྱང་རིང་ཙམ་གནང་།།
གཡུང་དྲུང་བོན་དང་ས་དགེ་བཀའ་རྙིང་བཅས།།
ཁ་བ་ཅན་གྱི་བཀའ་རྟགས་ཕྱག་རྒྱ་ལྔ།།
བོད་མིའི་ལས་དབང་ཇི་ཙམ་གནས་པའི་བར།།
ཆོས་བརྒྱུད་འདི་རྣམས་ཡུན་ཏུ་བརྟན་པར་ཤོག།
ང་ཚོ་ལ་བླ་མ་མཁན་པོ་ཁ་ཤས་ལས་མེད་པས་ཁྱབ་བསྒྲག་མེད་པར་ཁུ་སིམ་འཇོག་རོགས། བཀྲིན་ཆེ།
སྐབས་བབ་ཀྱི་གཏམ། དུས་བབ་ཀྱི་ཆར་འབབ་ཀྱི་མེད་པར།
སྐྱིད་ལ་ཁའི་རྩ་སྔོན་མཉམ་ཟ་དང་སྡུག་སྔོན་མོའི་ཆུ་མོ་མཉམ་འཐུང་བྱེད་སྟངས་མེད་ན་ཐབས་སྡུག་ཡིན།
སྐྱེས་བུ་དམ་པ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་བསམ་ན། གངས་ཁ་བ་ཅན་གྱི་ད་ཐེངས་གངས་དཀར་སེམས་ཀྱི་གཏོད་ས། ཁྲ་རིལ་མིག་གི་བལྟ་ས་གཅིག་པོ་རེད་ལ།
སྟོང་ཉིད་སེམས་དེ་མ་ཟད་ན།
ཕོ་རབ་བློ་ལ་ཟད་པ་མེད།
ལྕེ་ཆུང་སོ་རྡེབ་མ་ཕོག་ན།
མཁས་པའི་གཏམ་ལ་རྫོགས་མཐའ་མེད།
མཆན་བུ་ལེབ་གཏོང་བྱེད་མི་དེ་ལ་རྩོད་པ་བྱེད་དགོས་ཀྱང་སྐྲག་སྣང་དང་། ཕྱིར་གྱེད་དགོས་དོགས་གཏན་ནས་མེད།
ཡང་བསམ་བློ་ཡག་པོ་བཏངས་ན། ང་ཙོ་ནི་ཕ་གཅིག་གི་རུས་སུ་གྲུབ། མ་གཅིག་གི་མངལ་ཁོག་བརྒྱུད་མྱོང་བའི་སྤུན་ཟླ་ཡིན་པ་ལ་བསམ་ཚེ་འདི་ལ་མོས་པ་མི་འདུག
ཐོག་མར་བྲག་མགོ་བ་དེ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་། མང་ར་བས་ཀུན་མཁྱེན་བླ་མ་དང་བོན་ཕྲུག་གཉིས་ཀྱིས་གསུང་བཤད་པ་དེ་མཐོང་སོང་། །བན་བོན་ལ་ང་རང་གི་བསམ་ཚུལ་ཞིག་ཁ་བརྡའི་་དྲ་ཐོག་ལ་བསྐུར་ཡོད། །དེར་གཟིགས་དང་བགློ་གླེང་ཡོད་ན་དེ་དུས་ཞུ་ཆོག །ཤྲྰིས་སོ། །
སྐལ་བཟང་དོན་གྲུབ་རིན་པོ་ཆེར།
ངས་ཁ་བ་ལྗོངས་སུ་བླ་མ་མཁན་པོ་གསེར་རིའི་ཕྲེང་བ་མཚར་དུ་དངར་བ་ཞིག་ད་ཆ་ཡོད་མིན་མི་ཤེས། འོན་ཀྱང་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེ་དང་མཁན་ཆེན་དམ་པ་པདྨ་ཚེ་དབང་ཁོང་རྣམ་པ་འདྲ་བ་ད་ཆ་རེ་གཉིས་ལས་མེད་པས་ཁྱབ་བསྒྲགས་ཀྱིས་སྲིད་དོན་ལ་མི་འཇུག་པར་ཞུ་བ་དང་ཁོང་རྣམ་པའི་མཛད་འཕྲིན་ལ་རྒྱ་ཡིས་གནོད་འཚེ་མེད་པར་ཞུ་བའི་ཆེད་ཡིན།
དེང་སང་བླ་སྤྲུལ་རང་གིས་རང་ལ་ངོས་འཛིན་པ་དང་རྒྱ་མོ་མགོ་བསྐོར་ཐུབ་ཙམ་གྱི་བླ་མ་མཁན་པོ་མང་དག་ཞིག་ང་ཚོ་རྙིང་མ་བ་ལ་འདུག་པས་དེ་ལ་སྤོབས་པ་དང་མཆེ་བ་འདོན་མི་འདོད་པས་བླ་མའི་གྲལ་དུ་མི་བརྩི་བ་ཡིན།།
སྤྲུལ་སྐུ་འོད་གསལ་ཚང་། ངོ་མ་ཁྱོད་འཁྲུལ་སྤྲུལ་ཐབས་ཆག་ཅིག་རེད་འགི གནའ་མི་བོད་ཀྱིས་གཏམ་དཔེ་ལ། སྐད་འདར་བའི་གླུ་ལ་སྙན་མོ་མེད། ལག་འདར་བའི་བྲིས་ལ་ཡག་ལུགས་མེད། ཁ་མང་བའི་གཏམ་ལ་དོན་དག་མེད། ཟེར་བ་ངོ་མ་ཅིའི་ཕྱིར་མ་བདེན། འོད་གསལ་གྱི་གཏམ་ལ་གོ་རྒྱུ་ཆི་གང་མི་འགི སྐྱེ་བའི་རྭ་ལ་རིང་ཐུང་དང་བཏོད་པའི་མི་ལ་ཆེ་ཆུང་ཡོད་པ་ཁྱོད་རང་མཁས་འདོག་ཁ་པོས་མ་བཤད་ན་ང་ཚོས་ལོས་ཤེས་ཁོ་རེ།
རང་ཉིད་སྐྱོན་དང་ལྡན་ན་གཞན་ལ་སྐྱོན་དུ་མཐོང་བ་ཆོས་ཉིད་ཡིན་པ་དངོས་ཡོད་རེད། འོད་གསལ་ཟེར་བ་ཁྱོད་རང་ལ་ཁོག་ན་ཡོན་ཏན་མེད། མི་གིས་མཐོང་རྒྱ་མེད་ནས་མ་མཐོང་བ་ཡིན་པ་ཐག་ཆོད་རེད། ད་དུང་ང་ཚོ་ང་ཚོ་ཟེར་མ་ཡོང་གོ་སོང་ངམ། ཁྱོད་རང་མགོ་བོ་འཐོམ་ནས་མ་འདུག་དང་། ངེད་ཚད་ལ། གངས་དཀར་མོའི་སྒང་རྒྱུད་མ་ཆད་ན། སེང་དཀར་མོའི་གཡུ་རལ་ཤོར་དོན་མེད། ཆབ་ཆུ་བོ་བབས་ལམ་མ་ཆད་ན། ཉ་གསེར་མིག་གསེར་གཤོག་ཤོར་དོན་མེད་པས་ཁྱོད་རང་གི་ཀུན་སྤྱོད་རྣམས་ངེད་ཚང་གི་མཁན་སྤྲུལ་ཚོ་ལ་མ་སྦྱར་རོགས་ཞུ་རྒྱུ་ཡིན། སྐད་ཆ་ཉན་ཤེས་ན། སྐད་ཆ་ཉན་མ་ཤེས་ན་ཁྱོད་དེ་རིང་ནས་བཟུང་འོད་གསལ་འོད་མི་གསལ། སྤྲུལ་སྐུ་བརྫུན་མའི་གྲལ་དུ་འཇོག་རྒྱུ་ཡིན་པ་ཤེས་པར་གྱིས།
དོན་གྲུབ་ལགས།
ངས་ཟེར་བའི་དོན་དག་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་འདྲ་བ་རེ་གཉིས་ལས་མེད་པས་ཁྱེད་རྣམ་པས་འདིར་ཁྱབ་བསྒྲགས་བྱེད་དེ་སྲིད་དོན་ལ་ཅིས་ཀྱང་མི་འཇུག་པར་ཞུ་བ་ཙམ་ཡིན། ཇི་ཙམ་སྲིད་དོན་ལ་ཞུགས་པ་དེ་ཙམ་གྱིས་རྒྱ་ཡིས་གནོད་པ་ཆེ་བས་ཁོང་དེ་ཡི་གྲས་སུ་མ་འཇུག་པའི་ཞུ་བ་ཙམ་ཡིན། ཁོང་འདྲ་བའི་མཁན་པོ་ད་ལྟ་ཁ་བའི་ལྗོངས་ལ་མེད་པས་དེ་མུར་གནོད་འཚེ་མེད་པར་སྐུ་ཚེ་བརྟན་པ་དང་མཛད་འཕྲིན་རྒྱས་པའི་སྨོན་ལམ་ནི་མ་ཆད་པར་ཉིན་ལྟར་རྒྱབ་བསྡད་པ་ཞིག་ཡིན་པས་ཁོང་ལ་སྐུར་བ་སུས་བཏབ་ནུས།
བླ་མ་སྤྲུལ་སྐུ་རང་གིས་རང་ངོས་འཛིན་པ་དེ་ཁོང་ག་ལ་ཡིན། ངའི་གྲྭ་རོགས་མང་པོ་ཞིག་ད་ཆ་ཐེ་ལྦན་སོགས་སུ་བླ་མར་བརྫུས་ཏེ་གང་བྱུང་བྱེད་བཞིན་པ་དེ་ངས་བཀབ་ཀྱང་མི་ནུས་ལ་འདིར་དེ་མུར་བློ་ཕམ་གྱིས་ཤོར་བ་ཞིག་་ཡིན་པ་དེ་ཕོག་པ་འདྲ་བྱུང་ཡོད་ན་དགོངས་བསལ་ཞུ། །འདིར་ཆོས་བརྒྱུད་འདྲ་མིན་བོན་དང་བཅས་པར་སུས་ཀྱང་སྐུར་བ་བཏབ་པ་སོགས་མེད་པ་ཅིས་ཀྱང་ཞུ། དབུ་མ་རྒྱན་འཇམ་དབྱངས་བླ་མ་དགྱེས་ཞལ་ལུང་ནང་བོན་ཆོས་ལ་སྐུར་བ་བཏབ་དགོས་པ་འདྲ་གསུངས་མི་འདུག་སྙམ། ཕྱོགས་མཐའ་དག་ནས་མིན་ཡང་དགེ་བ་བཅུ་དང་བྱང་ཆུབ་སེམས་སོགས་མང་པོ་ཞིག་ཧ་ལམ་ནང་བསྟན་དང་མཚུངས་པ་ཞིག་ཡོད་པས་སྐུར་བ་མ་མཛད་ཞུ། དེང་འདིར་སེམས་ཞི་བའི་ཐབས་སམ་རྒྱུ་སྒྲུབ་ནུས་པའི་ལམ་གང་འདྲ་ཞིག་ཡིན་ཡང་གུས་པས་བཀུར་དགོས་པ་ཞིག་ཡིན་པས། ཁྱེད་རྣམ་པ་རེ་ཟུང་གིས་དགེ་འདུན་ནང་འཁྲུག་པ་ཆོས་བརྒྱུད་ནང་འཁྲུག་པ་མ་མཛད་ཞུ།
བཀྲིན་མཛོད།
དག་སྣང་སྦྱོང་བར་ཞུ།
བན་བོན་གཉིས་གཅིག་པའམ་བན་བོན་ལས་བསྒྱུར་བར་འདོད་མཁན་རྣམས་ལ་ཕུལ་བ།
བར་དུ་ཟོར་བསྒྲུབས་གང་དུ་བསྒྲུབས། །བར་དུ་ཟོར་གྱི་བསྒྲུབས་པ་ནི། །བོད་ཡུལ་དབུས་ཀྱི་རྒྱལ་ཁམས་སུ། །སློབ་དཔོན་པདྨ་འབྱུང་གནས་ལ། །མུ་སྟེགས་བོན་གྱི་འཁུ་ལྡོག་བྱུང་། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །མཐུ་རྩལ་གླིང་གི་མཆོད་ཁང་དུ། །བཀའ་བརྒྱད་ལྷ་ཚོགས་བསྒྲུབས་བསྒྲུབས་ནས། །མུ་སྟེགས་བོན་ལ་ཟོར་འཕངས་པས། །བན་བཙུགས་བོན་གྱི་བསྟན་པ་བསྣུབས། །བར་དུ་ཟོར་བསྒྲུབས་དེ་རུ་བསྒྲུབས། །་་་་་་་་་་་་་་་་་་་་་་་་་
བོད་མི་རིགས་འདི་ཡི་ལས་དབང་ཅི་ཞིག་འདུག་གམ་བན་བོན་གཉིས་རྩོད་དུས་ནམ་ལང་ཡོང་མཁན་བཟོ་འདྲ་ཞིག་བྱེད་ཀྱིན་འདུག
རྩོད་ཐུབ་ན་རང་མི་རིགས་ཀྱི་ཐོབ་ཐང་གི་སྐོར་ལ་རྩོད་ན་དགའ།
རང་མི་རིགས་ཀྱི་ཐོབ་ཐང་ཡོངས་སུ་རྫོགས་པར་ཐོབ་རྗེས།
རང་མི་རིགས་ཕ་མྱེས་ཡང་མྱེས་ཀྱི་རིག་གཞུང་དེ་དག་རྩ་མེད་དུ་བཟོ་ཐུབ་ཀྱི་རེད།
དེ་མིན་ད་ལྟ་གཅིག་གིས་གཅིག་ལ་ཁ་རྩོད་བྱེད་རྒྱུ་ལས་ནམ་ཡང་རྒྱལ་ཕམ་གྱི་ཁ་དམར་གདགས་རྒྱུའི་གྲུབ་འབྲས་ཐོབ་མི་སྲིད།
གལ་ཏེ་གཅིག་གིས་གཅིག་ལ་རྩོད་ཤག་བྱེད་ན་ནང་པའི་གོ་དོན་བརླག་ཅིག་འཚེ་མེད་ཞི་བ་ཞེས་རླུང་ལྟར་སྒྲོགས་པའི་ཁ་སྐད་བྲག་ཆ་དེ་དག་ལ་ཕྱི་མི་ཚོས་ཧ་ལས་མདོག་ཁ་པོ་རེད།
གཞིགས་དང་ནང་པའི་བསྟན་བདག་ཡིན་ཟེར་མཁན་ཚོས་ག་འདྲ་བྱས་ཏེ་བོད་མི་རིགས་ཀྱི་རིགས་གཞུང་བཅོམ་བརླག་བྱས་མི་འདུག་གམ།
དཔའ་ལྡངས་དང་བྱས་རབས་འཇོན་རབས་ཤོད་རྒྱུར་ངོ་གནོང་དགོས་པ་ཞིག་བྱུང་ཡོད།
ཅི་སྟེ་ཆོས་ལུགས་ནང་ཕན་ཚུན་རྩོད་རྒྱུར་འགྲན་སེམས་ཡོད་ན།
དང་པོ་སྔར་གྱི་ཆོས་རྒྱུད་མི་སྣས་བོད་མི་རིགས་ལ་ཕན་པ་གང་བྱས་འདུག
གཞིགས་དང་། ཕྱི་ཡི་ཆོས་ལུགས་བོད་ནང་དུ་གདན་འདྲེན་སུས་ཞུས་པ་རེད། སོག་དམག་བོད་དུ་གདན་འདྲེན་སུས་ཞུས་པ་རེད། གྷོར་དམག་བོད་དུ་གདན་འདྲེན་སུས་ཞུས་པ་རེད། རྒྱ་དམག་བོད་དུ་གདན་འདྲེན་སུས་ཞུས་པ་རེད། ཨུ་རུ་སུའི་ཨུར་དམག་བོད་དུ་གདན་འདྲེན་སུས་ཞུས་པ་རེད།
འཇའ་ས་དང་ཐམ་ཀ་ཞེས་ཕྱི་ཡི་རྒྱལ་ཁབ་ཀྱི་གཡོ་སྒྱུ་ཁྲམ་གསུམ་གྱིས་དབང་བཀའ་བོད་ནང་དུ་འཕྱར་ཏེ་བོད་མི་རིགས་ཀྱི་རིགས་གཞུང་དང་བོད་མི་ཉམ་ཐག་དེ་ཚོའི་ཁ་རྗེ་དབང་ཐང་བཅོམ་ཁྲོག་ཇི་ལྟར་བྱས་ཡོད་མེད།
སྲིད་པ་ཆགས་པའི་གངས་དཀར་དང་གངས་མཚོ་བྲག་རི་ལས་སོགས་མིང་བསྒྱུར་ཇི་ལྟར་བྱས་ཏེ་འདི་ཡིན་འདི་མིན་མེད་པར་སུས་བྱས་པ་རེད།
ང་ཚོས་ཤོད་དགོས་ན་ཉིན་མཚན་བཅོ་བརྒྱད་བཤད་ཀྱང་ཤོད་རྒྱུར་རྫོགས་མཐའ་མེད།
དེས་ན་རང་མི་རིགས་ཀྱི་ལ་རྒྱར་བསམ་ནས་ཤོད་མི་དགོས་ན་བསམ་པ་ལས་ཤོད་རྒྱུ་མེད་པར་ལུས་པ་ཞིག་གཏན་ནས་མིན།
མཁན་པོ་ཚང་ཁ་བརྡའི་དྲྭ་ངོས་སུ་འགོད་ཐེངས་དང་པོ་ཡིན་རྒྱུ་རེད་སྐྱབས་སུ་འཆི། བཙན་བྱོལ་བའི་ཁོང་གི་མཚན་གནས་མར་མ་ཕབས་ན་ཡར་བསྟོད་རྒྱུ་གསེར་ལས་དཀོན་གི།
བྲག་འགོའི་བུ་བཟང་།
ཁམས་གསེར་རྟ་བླ་མ་རུང་གི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཁོང་ལ་སྐྱབས་སུ་མཆི། སྐད་ཡིག་གི་སྐྱེ་འཆིའི་སྐོར་འདི་རྩོམ་ཡིག་ལེགས་པོ་ཕུན་སུམ་ཚོགས་པ་ཞིག་རེད།
ངས་བལྟས་ན་བོན་པོའི་སྐོར་འདི་གནད་དོན་གང་ཡང་མི་འདུག སངས་རྒྱས་པ་དང་བོན་པོ་གཉིས་ཀྱི་ཁྱད་པར་ཕྲན་བུ་བཤད་པ་ཙམ་ཞིག་རེད་འདུག དེའི་སྐོར་མང་པོ་བཤད་དགོས་དོན་མི་འདུག
ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཐེག་པ་ཆེ་པ་ཆེ་ཆུང་སེམས་བསྐྱེད་ཁྱད། །
ཟེར་བ་ཞིག་ཡོངས་གྲགས་སུ་ཡོད་པ་བཞིན་ནང་པ་སངས་རྒྱས་པ་དང་ཕྱི་པ་གཉིས་ཀྱི་ཁྱད་པར་སྐྱབས་འགྲོའི་སྒོ་ནས་འབྱེད་ཀྱི་ཡོད་པ་རེད། དེ་ནི་གྲུབ་མཐའ་སྨྲ་བ་ཚོའི་བཤད་ལུགས་ཙམ་ཞིག་ཡིན་པ་རེད། བོན་པོ་ལ་སྡུག་ཅག་ཅིག་ལབ་གང་ཡང་མ་རེད་ལ་བོན་པོ་ཚོ་འཕག་འཚགས་རྒྱག་དགོས་པའི་གནད་དོན་ཞིག་གང་ཡང་མ་རེད།
ནང་པ་སངས་རྒྱས་པ་དང་ནང་པ་སངས་རྒྱས་པ་མ་ཡིན་གཉིས་ཀྱི་ཁྱད་པར་དེ་སངས་རྒྱས་པ་ཞིག་ཡིན་ཚེ་སངས་རྒྱས་པའི་གཞུང་ནས་བཤད་པ་ཇི་ལྟ་བ་བཞིན་འབྱེད་དགོས་ཀྱི་རེད། དེ་ལ་བོན་པོའི་ཆོས་ལུགས་འདི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་ལུགས་མ་རེད་ཅེས་གསུངས་འདུག དེའི་རྒྱུ་མཚན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་མིན་གྱི་སྟེང་ནས་ཕྱེ་བ་ཞིག་རེད། དེ་ཙམ་ལ་དགག་བཞག་བྱེད་དགོས་དོན་གང་ཡང་མེད། བན་བོན་གཉིས་ལ་ཡང་ཁྱད་པར་ཞིག་འབྱེད་ཀྱི་ལོས་ཡོད།
ས་པཎ་གྱིས། ཕྱོགས་རེ་འདྲ་བ་ཀུན་ལ་ཡོད། །ཐམས་ཅད་འདྲ་བ་གང་ན་ཡང་མེད། །ཅེས་གསུངས་པ་བཞིན་རེད། མི་འདྲ་བའི་ཁྱད་པར་ཕྲན་བུ་བཤད་པ་ལ་ཧ་ལས་དགོས་རྒྱུ་མ་རེད།
དྲ་གྲོགས་རྣམས་ལ་རེ་བསྐུལ་ཞིག
དཔལ་ན་ལེནྡྲའི་གཙུག་ལག་ཁང་དང་བི་ཊ་མ་ཤི་ལིའི་གཙུག་ལ་ཁང་ཞེས་རྒྱ་གར་གྱི་གནའ་བོའི་མཐོ་སློབ་ཁང་ཆེན་མོ་གཉིས་ཡོད་པར་ང་ཚོའི་རྒྱལ་རབས་དང་ཆོས་འབྱུང་ཁག་དག་ལས་ཡོངས་སུ་གྲགས་ན། ད་ལྟའི་སྐབས་བི་ཊ་མ་ཤི་ལིའི་གཙུག་ལག་ཁང་དེ་ཉིད་དེང་དུས་ཀྱི་རྒྱ་གར་མངའ་སྡེ་གང་དང་ས་ཆ་གང་ལ་ངོས་འཛིན་བཞིན་ཡོད་པ་དང་། དེའི་རྨང་ཤུལ་འདྲ་མཇལ་རྒྱུ་ཡོད་མེད་ཤེས་མཁན་ཡོད་ན་གསལ་བཤད་ཅིག་ཅི་ནས་ཀྱང་གནང་རོགས་ཞུ།
ཝ་ར་ཎ་སི་ཡིན་ནམ་༸གོང་ས་མཆོག་གིས་བོན་པོ་ནང་པ་མིན་པའི་བཀའ་སློབ་རྒྱས་པ་ཞིག་གནང་མྱོང་ཡོད་རེད།
ནང་པ་ཡིན་མིན་གྱི་ཁྱད་པར་ནི་མཆོག་གསུམ་ལ་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་བློ་བཅོས་མ་མ་ཡིན་པ་ཞིག་ཡོད་དགོས་ཀྱི་ཡོད།
གལ་ཏེ་དེ་ལྟ་བུའི་བློ་ཞིག་མགོ་སེར་མགོ་ནག་མགོ་དཀར་དང་རྒྱལ་ཕྱི་ནང་གང་དུ་ཡོད་ཀྱང་འགྲོ་བ་དེ་ནི་ནང་པ་བ་ཞིག་ཡིན་དགོས།
དེ་ཡང་དཀོན་མཆོག་གསུམ་འཇོག་པའི་ཚེ་ནའང་།
སངས་རྒྱས་དཀོན་མཆོག་དང།
བོན་ནམ་ཆོས་དཀོན་མཆོག
སེམས་དཔའམ་དགེ་འདུན་དཀོན་མཆོག་བཅས་གསུམ་ལ་བརྗོད་ཀྱི་ཡོད།
དེ་ལྟར་ན་སངས་རྒྱས་དཀོན་མཆོག་ནི་སྤང་རྟོགས་མཐར་ཐུག་གི་ཡོན་ཏན་དང་ལྡན་པ་ཞིག་ལ་བརྗོད་ཀྱི་ཡོད།
བོན་ནམ་ཆོས་དཀོན་མཆོག་ནི་ལུང་གི་བོན་དང་རྟོགས་པའི་བོན་ནམ་ལུང་རྟོགས་ཀྱིས་བསྡུས་པའི་ཆོས་ལས་སོགས་ལ་འཇོག་ཚུལ་སྣ་ཚོགས་ཤིག་ཡོད།
སེམས་དཔའམ་དགེ་འདུན་དཀོན་མཆོག་ནི་ཐེག་ཆེན་དང་ཐེག་དམན་གྱིས་འཇོག་ཚུལ་སྣ་ཚོགས་ཞིག་ཡོད།
དོན་དུ་སངས་རྒྱས་དཀོན་མཆོག་ཅེས་པ་ཡེ་ཤུ་པས་བཤད་པ་ལྟར་གྷོཌ་དམ་ལྷ་གཅིག་ལ་ངོས་མི་བཟུང་པར་སྟངས་རྟོགས་ཀྱི་ཡོན་ཏན་དང་ལྡན་པ་ཞིག་ལ་འཇོག་གི་ཡོད་པས་རྣམ་པ་ཀུན་ཏུ་སྟོན་པ་ཤཀྱཱ་ཐུབ་པར་ངོས་བཟུང་བྱེད་དེ་ཁྱབ་པ་ཞིག་མེད།
འོན་ཀྱང་རང་གཞན་ཀུན་གྱིས་སྤྱོད་པ་ཀུན་དགའ་འམ་ཕན་མཚུན་མདྷའ་བཤེས་ཀྱི་ལྟ་བའི་གཞི་བཟུང་སྟེ་མཐུན་འབྲེལ་གྱི་ལམ་བུར་སྐྱོད་ཐབས་གནང་དགོས་པ་ལས།
ཅི་སྨྲ་ཅི་བརྗོད་རང་དམང་གཙོ་ཞེས་སྨྲས་ཏེ་བརྗོད་ན་དེ་བས་ཀྱང་འགྲིག་ཐབས་ག་ལ་ཡོད།
ལྷག་པར་དུ་གཞན་གྱི་གྲུབ་མཐའ་དང་ལྟ་བ་སོགས་དགག་པར་བྱེད་པ་དང་དེ་དག་གི་སྐོར་ལ་བརྗོད་དགོས་ཚེ་ཕ་རོལ་གྱི་གཞུང་གི་གནད་དོན་ལ་ལེགས་པར་དཔྱད་པ་བྱས་ཏེ་སྨྲས་ན་ནུས་པ་ཡང་དེ་བས་ཀྱང་ཐོན་ངེས།
དེ་མིན་རང་གི་མདུན་ལྕོག་གི་སྟེང་དུ་ཡོད་པའི་དཔེ་དེབ་དང་རང་གི་བླ་མ་དང་གྲོགས་པོས་བརྗོད་པ་སོགས་ཀྱིས་རྒྱུ་མཚན་དུ་བཟུང་སྟེ་སྨྲས་ན་རྫུན་གྱི་ཁུང་བུ་རྡོལ་ངེས་རེད།
བོན་པོ་ལ་བལྟ་ཚུལ་ཀུན་གསལ་མེ་ལོང་། །
ཨེ་མ་ཧོ། །
དོན་དམ་མཁའ་ལྟར་སྤྲོས་པའི་མཐའ་བྲལ་ཀྱང་། །
ཀུན་རྫོབ་འཇའ་ལྟར་མ་འདྲེས་གསལ་གཟིགས་པའི། །
ཀུན་མཁྱེན་རྒྱལ་བ་སྲས་དང་བཅས་པ་ལ། །
མི་ཕྱེད་དད་པའི་ཕྱག་གིས་ཡང་ཡང་འདུད། །
འདི་ནས་ངས་མདོར་བསྡུས་ཤིག་ཞུས་ན་འདོད་ཐལ། །བན་བོན་གཉིས་ནི་དེང་དུས་ཡིན་ན་འོ་ཆུ་བཞིན་འདྲེས་པ་བཞིན་འགྱུར་ཚར་བ་རེད་ཤིན་ཏུ་ཤན་འབྱེད་དཀའ་བ་ཞིག་ནི་བོད་མི་རང་གིས་བཟོ་ཚར་བ་རེད། ད་ཐང་ཀུན་མཁྱེན་བླ་མ་དམ་པའི་གསུངས་དེ་དཔེ་རླབས་ཆེན་དང་ཚིག་སྒྲོམ་ཆེན་ཞིག་ཏུ་སྣང་ཡང་ཕན་པ་དཀའ་བ་རེད་སྙམ་ཡོད། དེང་དུས་ཕལ་ཆེ་བར་དག་བཟང་སྤྱོད་དང་ངན་སྤྱོད་ལྷག་པའི་དུས་སུ་གནད་ལ་སྨིན་པ་དེ་ལས་ཀྱང་དཀའ་བ་ཞིག་ཏུ་སྣང་ངོ་། ། ང་རང་གི་གཟུགས་བརྙན་སྟོང་པའི་དབྱིངས་ལས་ཐོས་པའི་སྒྲ་དང་རང་གི་ཉམས་སྣང་དེ་ཕྱོགས་རིས་དང་བྲལ་བ་ཞིག་ཞུས་ན། ། བོན་ཞེས་པ་སྔོན་དུ་གྲོང་ཆོག་པ་འགའ་རེ་ལ་གོ དཔེར་ན་གྱེར་བོན་ཞེས་ཨ་མཆོད་པས་འདོན་པ་གྱེར་ནས་རང་ཁ་གསོ་བ་ནང་བཞིན་རེད། དེས་རྗེས་སུ་གསང་སྔགས་ལོག་སྤྱོད་དུ་སྤེལ་ནས་བོན་ཞེས་མིང་ཞིག་ཏུ་ཆགས་པ་རེད་འདུག ། གཤིས་དང་ཆོས་ཉིད་དང་གནས་ལུགས་དེ་བན་བོན་སྒེར་གྱི་ཆོས་ཙམ་མིན་པར་འགྲོ་བ་སེམས་ཅན་སྤྱི་ཡི་སེམས་རྒྱུད་ན་ཡོད་པའི་བདེ་གཤེགས་སྙིང་པོའམ་གཉུག་མ་སེམས་ཀྱི་རང་བཞིན་དེ་རེད། ། མདོར་ན་སྔོན་བཙན་པོའི་སྐབས་ནས་བོན་ཞེས་པའི་ཆོས་ལུགས་རང་རྐང་ཚུགས་པ་ཞིག་མེད་ཅེས་བཤད་ན་ངོ་མི་གནང་ངོ། ། དང་པོ་ལོ་རྒྱུས་ལ་ཞིབ་གལ་ཆེ་ཞེས་གསུངས་པ་ལྟར་འགྲོ་བ་ཐུན་མང་པ་ཚོ་དང་གཏུན་ནས་བཤད་དགོས་པ་ཞིག་རེད། ། དེ་ཡིན་ན་བཙན་པོ་དེ་དུས་སྐབས་ཀྱི་རྡོ་རིང་གི་ཡིག་ཆ་ཅིག་ལ་ཡང་བོན་ཆོས་ལུགས་རང་རྐང་ཡོད་པ་ཞེས་པའི་ཚིག་གཅིག་ཀྱང་མཐོང་རྒྱུ་མེད་དོ། ། གཉིས་པ་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་ལ་བོན་ཞེས་པ་ཞིག་གཏན་ནས་མེད་དེ་ཡོད་ན་གཏེར་དུ་མ་སོང་བའི་ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་མཁན་སློབ་ཆོས་གསུམ་གྱི་བཀའ་བསྟན་གྱི་གསུང་ལ་བོན་པོའི་སྐོར་གྱི་དགག་སྒྲུབ་ཀྱི་ཚིག་གཅིག་ཀྱང་མེད་དོ། ། འདི་བོད་མི་འགའ་རེས་ཚོར་བ་རྩོད་པའི་ཆོས་ལས་ལོ་རྒྱུས་ཞིག་ཕྱིས་སུ་བྱུང་བ་ཡིན་པ་ཐེ་ཚོམ་མེད་དོ། ། བོན་ཆོས་ཞེས་རང་རྐང་ཚུགས་པ་མེད་ཅེས་ངའི་སྐད་ཆ་འདིས་ད་ལྟའི་བོན་དང་རྙིང་མ་གཉིས་ཀ་ལ་དཔྱད་གཞི་ཞིག་རེད། ། ང་ཡི་དྭོགས་སྣང་དེ་ནི་བཙན་པོ་སྐབས་སུ་རྡོ་རིང་ལ་བོན་གྱི་ཐ་སྙད་ཡོད་པའི་ཆོས་ལུགས་ཡོད་པའི་རྡོ་རིང་གི་ཡི་གེ་གཅིག་ཀྱང་གཏན་རྒྱུ་མེད་དོ། ། དེང་དུས་བོན་པོ་འགས་བོན་གྱི་ལོ་རྒྱུས་བཤད་དུས་རྙིང་མ་པས་མེད་པར་བཏང་བ་ལྟ་བུ་བཤད་པ་ནི་འཁྲུལ་བ་འབའ་ཞིག་ཏུ་ཟད་དོ། ། རྒྱུ་མཚན་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་མཁན་ཆེན་བྷོ་དྷི་ས་ཏྭ། །སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སུ་གསུངས་པའི་བཀའ་བསྟན་ད་ལྟ་མཇལ་དུ་ཡོད་པའི་ནང་ལ་བོན་ལ་ཆགས་སྡང་དང་བོན་པོ་ཆོས་ལུགས་ཀྱི་ཆོས་ལ་དགའ་སྒྲུབ་བཤད་པ་ཞེས་ཚིག་གཅིག་ཀྱང་མཐོང་རྒྱུ་མེད་ན་ང་ཚོ་ག་རེ་བྱས་ན་རྩོད་པ་རྒྱབ་དགོས་རེད། གོས་ཙམ་དང་གླིང་རྟགས་དང་དགེ་སྒྲུབ་སྡིག་སྤང་བྱ་ཚུལ་ལ་རྩོད་པ། བསམ་པ་བཟང་ངན་སོགས་ལ་རྩོད་པའི་ཕྱོགས་ཞེན་དགོས་ས་ཞིག་གཏན་ནས་མ་རེད། །
རང་མོས་ལྷ་དང་གྲུབ་མཐའི་ཆོས་ལུགས་ལ། །
དད་པའི་ངེས་ཤེས་ཡོད་ན་དེ་ཡིས་ཆོག །
བོད་རིགས་ཀུན་མཐུན་རིག་པ་བྱང་ཆུབ་སེམས། །
བྱུང་ན་དེ་ཚེ་ནང་མཐུན་སྤུན་མཆེད་ལགས། །
ཤྲྰིས་སོ། །
དགྱེར་རྡོར་ལགས།
“བོན་པོས་གསང་སྔགས་བྱེད་པའི་དུས།”ཟེར་བ་ཞིག་ཡོད་པ་མ་ཡིན་ནམ། བོན་ནག་དང་བོན་དཀར་ཟེར་བའི་ཚིག་ཤིག་ཨེ་དྲན། ཉ་དང་ཉུང་མ་ཚང་མ་འདྲེས་པའི་་ཁྱེད་ཀྱི་ཉམས་ལེན་འདི་ངོ་མ་འཇིགས་སྣང་རེད། བོན་པོས་འདོད་པའི་གཤེན་རབ་དང་ནང་པས་འདོད་པའི་སྟོན་པ་ཤཀྱ་མུ་ནེ་གཉིས་མི་གཅིག་རེད་དམ།
བསྟན་པ་གཅིག་ལ་སྟོན་པ་གཉིས་ཟེར་བ་ངོ་མ་མི་ཤར་རམ།
རྒན་ཁྱེད་བདག་ཅག་སྟོན་པ་ཤཀྱ་མུ་ནེའི་བཀའ་དང་གསུང་རྣམས་ཀློག་ཨེ་མྱོང། གཅིག་བྱས་ན། རྫོགས་ཆེན་བསམ་སྟོང་ནག་ཁུང་ཞིག་གི་ནང་ལ་མགོ་འཁོར་ནས། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་རྣ་བས་གོ་མྱོང་ངམ་བསམ་པའི་དྭོགས་པ་ཤར།
རྒྱ་གར་ཕར་ཞོག སྔར་གྱི་བོད་ཀྱི་ནང་པའི་མཁས་གྲུབ་ཚད་ལྡན། ཆོས་ལུགས་བཞི་བོས་མཁས་ལེན་བྱེད་པའི་སྐྱེ་བུ་དམ་པ་སྟེ།
མངའ་བདག་ཁྲི་སྲོང་སྡེ་བཙན།
མཁའ་གྲོ་ཡེ་ཤེས་མཚོ་རྒྱལ།
ཀློང་ཆེན་རབ་བྱམས་པ།
ཨོ་རྒྱན་འཇིགས་མེད་གླིང་པ།
རྗེ་མར་པ།
རྗེ་མི་ལ།
རྗེ་སྒམ་པོ་བ།
རྗེ་དུས་གསུམ་མཁྱེན་པ།
ས་སྐྱ་པཎ་ཊིཏ།
འགྲོ་མགོན་འཕགས་པ།
རྗེ་བཙུན་བསོད་ནམས་རྩེ་མོ།
རྗེ་ཙོང་ཁ་བ།
རྒྱལ་ཚབ་དར་མ་རིན་ཆེན།
མཁས་གྲུབ་རྗེ།
རྒྱལ་བ་སྐུ་འཕྲེང་དང་པོ་ལ་སོགས་ཀྱི་གསུང་ནང་ལ་བན་བོན་གཅིག་པ་ཡིན་པའི་གྲུབ་བྱེད་ཤིག་སྟོན་དང་།
ད་དུང་། ཡོངས་གྲགས་མཁས་པ། འབྲུག་པ་པད་མ་དཀར་པོ། འཇམ་མགོན་ཀོང་སྤྲུལ། པན་ཆེན་བློ་བཟང་ཆོས་རྒྱན། རྒྱལ་དབང་ལྔ་པ། རྗེ་གོ་རམས་པ། འཇམ་དབྱངས་མཁྱེན་བརྩེ་དབང་པོ། འཇུ་མི་ཕམ། རྫོགས་ཆེན་དཔལ་སྤྲུལ་སོགས་ཀྱི་གསུང་འབུམ་ནང་བན་བོན་གཅིག་པ་ཡིན་པ་ཨེ་རིག
སྐུ་མཁྱེན་བསམ་བློ་ཡག་པོ་གཏོང་རོགས། སྟོན་པས། ངའི་བསྟན་པ་ལ་ངའི་ཆས་གོས་གྱོན་པའི་མི་ཡིས་གནོད་གསུང་པ་འདི་ཨེ་དྲན།
ཐོས་པ་མེད་པའི་ཉམས་ལེན་འདི། གནོད་པ་ཆེ་བའི་གཤེད་མ་འདྲ་ཟེར་བ་འདི་གོ་མྱོང་ངམ།
རིག་པ་ཁྱོད་ཀྱིས་ངས་ག་རེད་བཤད་ཀྱིན་ཡོད་མེད་གོ་མི་འདུག ། ཞིབ་གཟིགས་གཅིག་གནང་དང་འདི་དག་རྩེད་མོ་དང་ཀུ་རེ་མ་རེད་ལགས། །
སྤྱིར་གྲུབ་མཐའ་སྨྲ་བའི་ལུགས་སུ་བྱས་ན་བོན་པོ་ནང་པ་མ་རེད་ཅེད་ཁ་མཚམས་བཅད་ནས་བརྗོད་ཆོག ཕྱི་ནང་གི་ཁྱད་པར་སྐྱབས་འགྲོའི་འབྱེད་པར་ཡོངས་སུ་གྲགས་པ་བཞིན། བོན་པོའི་སྐྱབས་གནས་སངས་རྒྱས། ཆོས། དགེ་འདུན་གསུམ་པོ་མ་རེད། བོན་པོས་སངས་རྒྱས་ལ་སསྐྱབས་སུ་མི་འཛིན་པས་སོ། སངས་རྒྱས་ཤཱཀྱ་ཐུབ་པ་གཤེན་རབ་ཀྱི་སྤྲུལ་པ་རེད་ཟེར་ན་ཧིན་དྷི་པས་ཤཱཀྱ་ཐུབ་པ་ཁྱབ་འཇུག་གི་འཇུག་པ་གཅིག་ཏུ་འདོད་པ་དང་འདྲ་བའི་ཕྱིར་གྲུབ་མཐའ་སྨྲ་བ་ཚོས་ནམ་ཡང་ཁས་ལེན་གྱི་མ་རེད། དེང་སང་གི་བོན་པོ་འདི་དག་གིས་བཤད་པ་ལྟར་ན་བོན་པོའི་སྟོན་པའི་འཁྲུངས་འདས་ཀྱི་ལོ་ཚིགས་དང་། འཁྲུངས་ཡུལ་ས་ཆ་གང་ཡིན་ཙམ་ཡང་གསལ་བོ་མི་ཤེས་བཞིན་དུ་ད་དུང་ཁྱད་གཞི་མེད་པའི་ཁྱད་ཆོས་རི་བོང་གི་རའི་གཉེར་མ་དང་། མོ་གཤམ་གྱི་བུའི་རྣམ་འགྱུར་བཤད་པ་བཞིན་སྟོན་པའི་ཁྱད་ཆོས་བཤད་ན་ཤེས་ལྡན་སུ་ཞིག་གིས་ཁ་ལན་ཏེ་མི་ལེན་ནོ།
བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་། ཞེས་པ་བཞིན་ནང་པ་སངས་རྒྱས་པའི་སྟོན་པ་ལ་གཤེན་རབ་ཟེར་བའི་མིང་བཏགས་པ་མ་གཏོགས་སྟོན་པ་གཅིག་པ་ཉིད་དུ་ཁས་ལེན་ནུས་ན་ནང་པ་རང་ཆགས་པ་རེད་ལ། ལེགས་སྦྱར་སྐད་དུ་བྷིདྷ་ལ། བོད་སྐད་དུ་སངས་རྒྱས་བཏགས་པ་བཞིན། བོན་པོས་གཤེན་རབ་ཅེས་ཐ་སྙད་མི་འདྲ་བ་མ་གཏོགས་སྟོན་པ་གཅིག་པ་ཡིན་པར་འགྱུར་རོ། འོན་ཀྱང་སྟོན་པ་ཐ་དད་དུ་ཁ་ལེན་པ་ཡིན་ན་ནི་དུས་ནམ་ནང་པ་སངས་རྒྱས་པ་ཉིད་ཁས་ལེན་པར་མི་ནུས་སོ།
འཇམ་དཔལ་རྣོན་པོ་ལགས།
ཁྱེད་ནས་ངས་བྲིས་པའི་མཆན་༤༢་པ་དེ་ལ་གཟིགས་རོགས་གནང་དང།
ངས་དེར་ནང་པ་དང་ཕྱི་བའི་སྐོར་ལ་ཅུང་ཟད་ཅིག་བཤད་ཡོད།
བན་བོན་གཉིས་མེ་ཆུ་ལྟ་བུར་སྒྲུབ་འདོད་ནའང་སྒྲུབ་བྱེད་ཀྱི་ལུང་སོགས་བན་བོན་གཉིས་ཀར་ཡོད་ལ།
ཆུ་དང་འོ་མ་ལྟ་བུར་བསྒྲུབ་ནའང་སྒྲུབ་བྱེད་ཀྱི་ལུང་བན་བོན་གཉིས་ཀར་ཡོད་པས་ལམ་བུ་གང་ཞིག་བསྐྱོད་རྒྱུར་བདམ་ཁ་ཡོད་པས་མི་རང་རང་སོ་སོའི་ལྟ་བ་རེད།
མེ་ཆུ་ལྟ་བུར་བསྒྲུབ་འདོད་ན་ཕན་པ་ཅི་ཡོད་དང་ཆུ་དང་འོ་མ་ལྟ་བུར་བསྒྲུབ་ན་ཕན་པ་ཅི་ཡོད་ཐོག་མར་བརྟག་པ་བྱེད་དགོས་དེ་ན་ཤོད་དང།
བན་བོན་གཉིས་མེ་ཆུ་ལྟར་ཡིན། འོ་ཆུ་ལྟར་ཡང་ཡིན་ཟེར་འདོད་དམ། ལ་སྟོད་ལགས།
བན་བོན་གཉིེས་མེ་ཆུ་ལྟ་བུར་ཁྱོད་ཀྱིས་བསྒྲུབ་ཤིག
ཐམས་ཅད་སེམས་སུ་ཐག་ཆོད་པས་ཁྱོད་ཀྱིས་མེ་ཆུ་ལྟ་བུར་བསྒྲུབ་འདོད་ཀྱང་ཁྱོད་ཀྱི་རང་དབང་རེད།
འོན་ཀྱང་རང་དབང་རེད་ཅེས་སྨྲས་ནས་རྒྱུ་མཚན་མེད་པར་ཅི་སྨྲས་ཡིན་མ་བསམ་རོགས།
ལུང་རིགས་ཀྱིས་གནོད་ཆར་བབས་ཡོང།
སྒྲུབས་ཤིག གསུངས་འདོད་པ་འདྲ།
བོན་བླ་མ་ཞིག་གི་ལོ་རྒྱུས།
ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་མདོར་བསྡུ
ཚུལ་ཁྲིམས་བསྟན་པ་འབྲུག་གྲགས 2010ལོའི་ཟླ 08ཚེས 27ཉིན་དང་། ཁམས་པའི་གསར་འགྱུར་དྲ་བའི་ལེ་ཚན།
རྗེ་བཙུན་བླ་མ་དམ་པ་ཀུན་མཁྱེན་གྲུབ་པའི་དབང་ཕྱུག་དཔལ་ཤར་རྫ་རིན་པོ་ཆེ་བཀྲ་ ཤིས་རྒྱལ་མཚན་མཆོག་ནི། ཡུལ་མདོ་ཁམས་སྒང་དྲུག་ཅེས་པའི་ཡ་གྱལ་རྔུལ་རྫ་ཟལ་མོའི་སྒང་རྒྱུད་ཀྱི་ཆར་ གཏོགས་གནས་ཆེན་གྱེར་ཟ་གཡུང་དྲུང་ལྷུན་པོའི་དཔལ་གྱི་ཉེ་འདབས་སུ། ཡབ་ཐབས་ཤེས་དང་དགེ་སེམས་ལྡན་པ་བཀྲ་ཤིས་དགའ་དང་། ཡུམ་བཞིན་བཟང་ཕན་སེམས་ཆེ་བ་བོ་ལེགས་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་བཞི་ བའི་དོན་གྲུབ་ཅེས་པ་ས་མོ་ལུག་གིས་ལོ༼༡༨༥༩__༡༩༣༤༽ལ་སྐུ་འཁྲུངས། སྐྱེས་མིང་ལ་རྣམ་རྒྱལ་ཚེ་བརྟན་ཞེས་སུ་བཏགས། དགུང་ལོ་ཆུང་བའི་དུས་ནས་བྱིས་པའི་ཁྲོད་ཀྱི་རོལ་རྩེད་དང་འདུ་འཛི་གཡེང་བ་ སོགས་ལ་མི་དགའ་བར། ཡི་གེ་འབྲི་ཀློག་གི་ཚུལ་དང་། སྒོམ་སྒྲུབ་བྱེད་སྟངས་ཀྱི་ཉམས་སོགས་དགེ་བའི་བག་ཆགས་སྟོབས་སུ་གྱུར་པས་སྐྱེས་ བུ་དམ་པའི་རང་རྟགས་ལྷན་སྐྱེས་སུ་མངའ་བ་ཞིག་བྱུང་ངོ་། ། དགུང་ལོ་དགུ་བཞེས་པའི་སྐབས་སུ་རིགས་ཀྱི་ཅོད་པཎ་སྐྱབས་རྗེ་དབྲ་སྤྲུལ་བསྟན་ འཛིན་དབང་རྒྱལ་མཆོག་གི་དྲུང་ནས་ཐུན་མོང་སྐྱབས་འགྲོའི་སྡོམ་པ་ཞིབ་རྒྱས་སུ་ བླངས་པས་མཚན་ལ་བཀྲ་ཤིས་རྒྱལ་མཚན་ཞེས་གསོལ་ཞིང་བུ་འདིས་བསྟན་པ་དང་སེམས་ཅན་ གྱི་དོན་རྒྱ་ཆེན་པོ་འགྲུབ་པར་གྱུར་ཅིག་ཅེས་པའི་ཐུགས་གཏད་ཀྱི་སྨོན་ལམ་མཛད། དེ་ནས་རིགས་ཀྱི་ཁུ་བོ་གཡུང་དྲུང་རྒྱལ་མཚན་དགེ་རྒན་དུ་བསྟེན་ནས་ཡི་གེ་འབྲི་ ཀློག་སོགས་ལ་ལན་རེ་གཟིགས་པ་ཙམ་གྱིས་མཁྱེན་རྟོགས་གསལ་བ་བྱུང་ངོ་། །
དགུང་ལོ་བཅུ་གཅིག་གི་སྟེང་གྲུབ་རྗེ་དབྲ་སྟོན་རིན་པོ་ཆེའི་དྲུང་ནས་ཚངས་ སྤྱོད་དགེ་བསྙེན་གྱི་སྡོམ་པ་ལེགས་པར་བླངས་ཤིང་དཔལ་གཤེན་བསྟན་གཡུང་དྲུང་ བསྟན་རྒྱས་གླིང་གི་ཚོགས་གྲལ་དུ་ཞུགས།
དགུང་ལོ་ཉེར་བཞིའི་སྟེང་གྲུབ་པའི་འཁོར་ལོས་བསྒྱུར་བ་དབྲ་སྟོན་རིན་པོ་ཆེ་ མཆོག་གི་ཕྱག་ཞབས་ལ་འབྲངས་ཏེ་བླ་མའི་དགོངས་སྤྱོད་ཀྱི་བྱ་བ་ཅི་མཛད་ཀྱང་དག་ སྣང་དང་མོས་གུས་ཁོ་ནར་བརྟེན་ནས་དགོངས་རྒྱུད་དོན་གྱི་བྱིན་རླབས་རྒྱུད་ལ་ འཕོས་ཤིང་སྨྲ་བསམ་བརྗོད་བྲལ་གྱི་རིག་པ་རྗེན་པ་མངོན་དུ་གྱུར། སྐབས་དེ་དང་བསྟུན་གཙང་རབ་ལེགས་གཡུང་དྲུང་གླིང་གི་མཁན་རབ་གསུམ་པ་སྐལ་བཟང་ཉི་ མ་ཏོག་གི་རྒྱལ་མཚན་ལས་གཙང་མ་གཙུག་ཕུད་ཀྱི་སྡོམ་པ་ཚུལ་བཞིན་དུ་བླངས་བས་ཚུལ་ མིང་དུ་བསྟན་པ་འབྲུག་གྲགས་ཞེས་སུ་གསོལ།
དགུང་ལོ་སུམ་ཅུ་བཞེས་པའི་ཚེ། མདོ་གམ་གྲུབ་པའི་གདུང་བརྒྱུད་ཞིག་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་སྟག་ཞིག་ གདུང་བྱོན་སེམས་དཔའ་ཆེན་པོ། རྗེ་དཔལ་ལྡན་སྨན་རི་བའི་མཁན་བརྒྱུད་ཟམ་མ་ཆད་པ་ལས་བྱུང་བའི་སྡོམ་རྒྱུན་གཙང་ བའི་འདུལ་འཛིན་དམ་པ་གཤེན་རྒྱལ་བསྟན་འཛིན་དཔལ་བཟང་མཆོག་དང་། དགེ་བའི་བཤེས་གཉེན་དྲང་སྲོང་བཞི་སྡེ་ཟུང་གི་དྲུང་དུ་དྲང་སྲོང་བསྙེན་རྫོགས་ ཀྱི་སྡོམ་པ་ལེགས་པར་ཞུས་ཏེ། མཚན་ལ་བསྟན་པ་འབྲུག་གྲགས་དྲི་མེད་སྙིང་པོ་རུ་གསོལ། དེ་ནས་བཟུང་ཤི་ཤ་མ་གཏོགས་བསད་ཤ་བསྔོ་ཤའི་རིགས་དང་། དུ་ཆང་སྒོག་ཙོང་། པགས་གོས་བཞོན་རྟ་སོགས་ཀྱི་རིགས་རྣམས་གཏན་མེད་དུ་སྤངས་ནས། ཟླ་དུས་ཀྱི་གསོ་སྦྱོང་དང་། ཉིན་བཞིན་གྱི་མཚན་ཕྱག་ཆབ་གཏོར་ལྟུང་བཤགས་སོགས་ཆགས་མེད་དུ་མཛད་པས་འཇིག་རྟེན་ ན་མངོན་པར་འཕགས་པའི་ངུར་སྨྲིག་འཛིན་པ་ཀུན་གྱི་མཛེས་རྒྱན་དུ་གྱུར།
དགུང་ལོ་སོ་བཞི་ནས་སྒྲུབ་བརྒྱུད་བསྟན་པའི་རིང་ལུགས་གཙོ་བོར་སྐྱོངས་བ་ལ་ཡིད་ ཕྱོགས་ཏེ་ཀུན་སྤང་བྱ་བྲལ་གྱི་བརྟུལ་ཞུགས་ཁོ་ནས་བསམ་གཏན་གྱི་སྟན་ལ་ལྷམ་མེར་ བཞུགས་པར་མཛད་ཅིང་། དུས་རྟག་ཏུ་ཉམས་ལེན་ལ་ཐང་ལྷོད་དང་རྒྱུན་ཆད་མེད་པར་རྩེ་གཅིག་ཏུ་གཞོལ་བས་ཡི་ དམ་གྱི་ལྷ་ཞལ་གཟིགས་པ་དང་། ལྷ་སྲུང་སྡོང་གྲོགས་ཀྱི་ཚུལ་དུ་ལུས་དང་གྲིབ་བཞིན་བརྩེ་བས་ཐུན་མོང་དང་ཐུན་ མིན་གྱི་གྲུབ་རྟགས་བསམ་གྱིས་མི་ཁྱབ་པར་མངའ་བའི་ཚུལ་ནི་རྣམ་ཐར་རྒྱས་པ་ལས་ གསལ་ཞིང་། ལྗགས་རྩོམ་ལ་མཛོད་ཆེན་སྡེ་ལྔ་ལ་སོགས་བཀའ་པོད་བཅོ་ལྔ་ལྷག་ཙམ་བཞུགས། ཁོང་གི་སྐུ་ཚེ་གང་བོར་འཁོར་ལོ་གསུམ་གྱི་བྱ་བ་ཁོ་ནས་བསྟན་འགྲོའི་དོན་མཛད་ནས་ དགུང་ལོ་དོན་དྲུག་བཞེས་པ་ཤིང་ཁྱི་ལོའི་ཧོར་ཟླ་བཞི་བའི་ཡར་ཚེས་ལ་རྟག་ཏུ་རེ་ བ་རྣམས་ལ་སུན་ཕྱུང་དགེ་བསྐུལ་ཏུ་གཟུགས་སྐུའི་བཀོད་པ་ཟག་མེད་འཇའ་ལུས་འོད་ གསལ་གྱི་སྐུ་རུ་གྲོལ་བའོ། །
གསུང་སྐྱེས་བུ་སློབ་ལའང་། གཏེར་ཆེན་གསང་སྔགས་གླིང་བ་ཡབ་ཡུམ་དང་། རྒྱལ་ཚབ་བློ་གྲོས་རྒྱ་མཚོ། འཇའ་ལུས་ཟླ་བ་གྲགས་པ། མ་ཧཱ་པཎྚི་ཏ་ཚུལ་ཁྲིམས་བསྟན་པའི་རྒྱལ་མཚན། དབྲ་སྟོན་པཎྚི་ཏ་སྐལ་བཟང་བསྟན་པའི་རྒྱལ་མཚན། དབྲ་སྤྲུལ་སྐལ་བཟང་བསྟན་པའི་ཉི་མ། ཀུན་གྲོལ་ཧཱུཾ་ཆེན་འགྲོ་འདུལ་གླིང་བ་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ བསྟན་འགྲོའི་དོན་ནུས་པ་སྟོང་ཕྲག་དུ་མ་དང་། གཞན་དབང་ལུང་ཁྲིད་གསུམ་གྱི་འབྲེལ་ཐོབ་པ་སྟོད་བལ་ཡུལ་མན་ཆད་ནས་སྨད་རྒྱ་ཡུལ་ ཁྲི་ཀའི་ཡན་གྱི་སྐྱེ་བོ་བགྲང་གིས་མི་ལང་ངོ་། །
ལ་སྟོད་བུ་ནས་དཔྱད་གསུམ་གྱིས་གྲུབ་པའི་ལུང་རིགས་དག་ཧ་མ་གོ་བཞིན་དུ་ཁ་བརྡའི་སློབ་སྟོན་དང་ལ་རྒྱ་ཡོད་འདོག་བསྟན་ཀྱང་ཁ་ཁོག་མ་མཚུངས་པའི་གཏམ་འབའ་ཞིག་ཏུ་ཟད་དོ། །
དཔལ་དགྱེས་མཁན་ཆེན་ལགས།
ཁྱེད་ནས་བོན་པོར་བལྟ་ཚུལ་ཀུན་གསལ་མེ་ལོང་ཞེས་པར་སྒྲུབ་བྱེད་ཀྱི་རིགས་པ་དང་ལུང་སོགས་གང་ཡང་མི་འདུག
མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ནི་བོད་གངས་ཅན་ལྗོངས་ཀྱི་ཆོས་ལུགས་དང་ཆོས་རྒྱུད་རིས་སུ་མི་ཕྱེ་བའི་སྐྱེ་ཆེན་ཞིག་ཡིན་མོད།
ཁོང་གི་རྗེས་འཇུག་ཁྱེད་ལྟ་བུས་འདི་ལྟར་བྲིས་པར་ངོ་མ་ཡ་རེ་ང།
བླ་མ་མཁན་ཆེན་ཞིག་གིས་འབྲི་ཚུལ་འདི་ལ་ལྟས་ན་ངོ་མ་ཡིད་རེ་སྐྱོ།
ལ་སྟོད་མཁས་དབང་ལགས་སུ།
འཁྲུལ་འཕྲུལ་ལ་ནོར་བའི་བཀའ་བཀྱོན་གྱི་འུར་རྡོའི་རྡོ་དེ། ཀརྡོའི་བྲག་རིར་ཕོག་ནས་བསྒྲུབ་སྒྲུབས་ཀྱི་ངོ་བོར་རང་སར་འཕར་བ་ཙམ་ཡིན་པར་དྲན་གསོས་པར་གྱིས་ཤིག
བོན་བླ་ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་རིན་པོ་ཆེ་བཀྲ་ཤིས་རྒྱལ་མཚན་མཆོག་དགེ་བསྐུལ་ཏུ་གཟུགས་སྐུའི་བཀོད་པ་ཟག་མེད་འཇའ་ལུས་འོད་གསལ་གྱི་སྐུ་རུ་གྲོལ་བ་དངོས་བདེན་ཡིན་ན། ཁོང་ལྟ་བུ་ནི། བོན་བླ་ཙམ་མ་ཟད། ནང་པའི་བླ་མ་ཡིན་པ་ཡང་ངས་འདོད་པས། སྐྱེས་ཆེན་དེ་རྣམས་ནི། གཤེན་བོན། འཁྱར་བོན། རྡོལ་བོན་སོགས་གང་ཡང་མ་ཡིན་པར། ནང་བོན་བླ་མ་ཞེས་སུ་གདོགས་པར་འོས་པའི་གནས་སུ་མཐོང་ངོ་། ། བན་བོན་དགེའོ། །
ལ་སྟོད་བུ་འདི་རྩོམ་པ་དགའ་སེ་ཞིག་དང་ཀླུ་སྨྱོན་རྩོམ་རིག་འབུལ་རྒྱུའི་འོས་གཞི་གྲངས་ཀྱི་གཅིག་རེད། ད་ཉ་ཉོག་བཤད་ནས་མ་འདུག རྩོམ་རེ་ཕྲིས་དང་། གཅིག་བྱས་ན་བྱ་དགའ་རག་ན་ཐང་། ཆོས་ལུགས་དང་ལུང་ཚན་གྱི་ཞེན་ཁོག་གིས་ཚོས་བསྡད་པའི་མི་ཚོའི་ཁ་བསྔོགས་ན་ཚ་བ་འཕར་སྤྱད་མ་གཏོགས་ཅི་ཡང་མེད་ཡ། ཅི་ཡང་མེད། ཨོ་་་་་སྐྱབ་བཅོལ་ལགས། རྒྱ་ཡུལ་ཁྲི་ཀའི་ཡན་ཟེར་ན་ག་རེ་ཟེར་གི་ཡོད་རེད་དམ། ཁྲི་ཀ་རྒྱ་ཡུལ་ཨེ་རེད།
ཀ་བ་རྡོ་ཡི་རྣམ་པར་རབ་འབྱམས་ཁྱེད།
བན་བོན་ཕྱི་ནང་མེ་ཆུ་དབྱེར་འབྱེད་པ།
རྒྱ་ཆེའི་གཞུང་ལ་གཡག་ཞར་རྩ་བཟའ་ལྟར།
ལོག་འགྲེལ་བྱེད་པར་ལུང་རིགས་སྦལ་བའི་སྤུ།
ཀུན་མཁྱེན་འཇའ་ལུས་པ་ཤར་རྫ་བ་མཆོག་ཁྱོད་ཀྱིས་བཤད་པ་ཅིས་མི་བདེན།
བོད་འདིར་ལེགས་པའི་ཆ་ཐམས་ཅད་བན་དེ་ཡིས་དང།
མ་ལེགས་པའི་ཆ་ཐམས་ཅད་བོན་པོའི་ཡིན་པར་ཤོད་པ་འདི་ཁྱོད་གཅིག་པོས་ག་ལ་ཚད་གནམ་ས་གང་བ་ཞིག་ཡོད།
དེས་ན་ཀུན་མཁྱེན་ཤར་རྫ་འཇའ་ལུས་པ་མཆོག་རྙིང་མའི་འཇའ་ལུས་པའམ་རྙིང་མ་པ་ཡིན་པར་བཤད་པ་འདི་ལ་སོམས་དང།
དེ་བཞིན་བོད་ཀྱི་གནས་རི་དང་གནས་མཚོ་གནས་ཕུག་ལས་སོགས་ཕལ་ཆེ་བ་བན་དེ་ཡིས་ཡིན་པར་བཤད་ཡོད།
ཀུན་མཁྱེན་ཤར་རྫ་པ་མཆོག་རྙིང་མ་པ་ཡིན་པར་ཁྱོད་ལ་སྒྲུབ་བྱེད་གང་ཡོད།
རྙིང་མའི་ཆོས་འབྱུང་ནང་དུ་གཟིགས་དང།
ཁོང་རྙིང་མ་པ་ཡིན་པར་བཤད་ཡོད།
དེ་བཞིན་ཐམས་ཅད་ལ་རིགས་འདྲེས་སོ།
མཁན་ཆེན་དཔལ་དགྱེས་རྡོ་རྗེ་ལ།
བཅོས་མིན་རེ་བསྐུལ་སྦྲང་ཆར་བསིལ་མ་འདིས།།
བརྗིད་ཆག་ཁ་བའི་ས་གཞི་ཡོངས་བརླན་ནས།།
སྐད་དང་ཡི་གེའི་འབྲས་བུ་གཡུར་ཟ་བ།།
མི་འབྱེད་འཇིག་རྟེན་གླིང་དུ་ཡུན་གནས་ཤོགས།།
ལ་སྟོད་བུ་ཡི་མཁས་ཉམས་རབ་འབྱམས་ལ། །
བན་བོན་ཕྱི་ནང་འོས་ཆུ་འདྲེས་ཐབས་བརྩོན། །
རྒྱ་ཆེའི་གཞུང་ལ་མིག་ཡངས་ཀརྡོ་ཡང་། །
ལོག་འགྲེལ་བྱེད་ལ་ལུང་རིགས་ཟད་མཐའ་མེད། །
ཟད་མཐའ་ཡོད་པའི་ཀུ་རེ་ཡིན་ནོ། །
མཁན་ཆེན་དཔལ་དགྱེས་པ་རྡོ་རྗེ་ཡི་ཉམས་སྣང་ཤར་བ་ཁག་གཅིག་གནད་དོན་ལ་དཔྱད་པ་གྱིས་ཁུལ་གྱིས་མཆོད་པ་འབུལ་ཞིག་འབུལ་ན།
(རང་གི་ཉམས་སྣང་དེ་ཕྱོགས་རིས་དང་བྲལ་བ་ཞིག་ཞུས་ན)
(བོན་ཞེས་པ་སྔོན་དུ་གྲོང་ཆོག་པ་འགའ་རེ་ལ་གོ དཔེར་ན་གྱེར་བོན་ཞེས་ཨ་མཆོད་པས་འདོན་པ་གྱེར་ནས་རང་ཁ་གསོ་བ་ནང་བཞིན་རེད།)་དེ་ནི་ཁྱོད་རང་གིས་རྙིང་མ་པས་བྱེད་སྟངས་དེ་དག་བོན་པོར་མ་ཉེས་ཁག་གཡོགས་བྱས་པ་ལས་བོན་པོ་དང་རྙིང་མ་དབར་དེ་འདྲའི་རིགས་མང་ཉུང་བསྡུར་ན་ཤེས་ཐུབ།བླ་ཆེ་སྤྲུལ་སྐུ་མཁན་ཆེན་ཟེར་བ་དེ་ཚོར་མཁའ་འགྲོ་དང་སྲས་པོ་དང་སྲས་མོ་ལས་སོགས་ཅི་འདྲ་ཞིག་མེད་དམ།
ཡབ་སྤྲུལ་སྐུ་ལ་ཡུམ་ཀྱང་མཁའ་འགྲོ་སྲས་པོ་སྲས་མོ་ཐམས་ཅད་སྤྲུལ་སྐུ་དང་མཁའ་འགྲོ་ཅི་འདྲ་ཞིག་མེད་དམ།
དེ་དག་ཐམས་ཅད་བོན་པོ་ཡིན་ནམ།
(མདོར་ན་སྔོན་བཙན་པོའི་སྐབས་ནས་བོན་ཞེས་པའི་ཆོས་ལུགས་རང་རྐང་ཚུགས་པ་ཞིག་མེད་ཅེས་བཤད་ན་ངོ་མི་གནང་ངོ།)
དེ་དག་གི་སྐབས་སུ་བོན་ཞེས་རང་རྐང་ཚུགས་པ་ཞིག་མེད་དེ་རྒྱུ་མཚན་ཞིག་འཇོག་རོགས།
དོན་དུ་དཔྱད་ནས་བསམ་ན་དེ་དག་ནས་བཟུང་སྟེ་བོད་འདི་རང་རྐང་ཚུགས་པ་ཞིག་མ་བྱུང་སྟེ།
རྒྱ་གར་ནས་ཆོས་བླངས།རྒྱ་ནག་ནས་སྲིད་དང་མཁའ་འགྲོ་མ་བླངས་སོག་པོ་ནས་དམག་བླངས་བལ་པོ་ནས་ཅི་ཞིག་བླང་མེད་དམ།
རང་ཉིད་ཀྱི་ཕ་མྱེས་ཀྱི་ཆོས་དང་རིགས་གཞུང་རྩ་་མེད་ཟོས་ཏེ་གཞན་ནས་བླངས་པ་ལ་བརྟེན་ནས་ད་ལྟ་བཟོད་མི་ཐུབ་པའི་གནས་ཚུལ་འདི་བྱུང་བ་རེད།
(དེ་ཡིན་ན་བཙན་པོ་དེ་དུས་སྐབས་ཀྱི་རྡོ་རིང་གི་ཡིག་ཆ་ཅིག་ལ་ཡང་བོན་ཆོས་ལུགས་རང་རྐང་ཡོད་པ་ཞེས་པའི་ཚིག་གཅིག་ཀྱང་མཐོང་རྒྱུ་མེད་དོ།)
བོད་ལ་རང་རྐང་ཚུགས་པ་ཞིག་ཡོད་ན་རྡོ་རིང་དེ་དག་ཏུ་བཀོད་དགོས་པའི་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད།
བོན་ཅིས་ཕྱིར་བཀོད་བོན་མེད་པ་བཟོ་འདོད་ཀྱིས་འཆར་གཞི་བཟོ་བའི་དུས་སྐབས་རེད།
(གཉིས་པ་མཁན་སློབ་ཆོས་གསུམ་གྱི་སྐུ་དུས་ལ་བོན་ཞེས་པ་ཞིག་གཏན་ནས་མེད་དེ་ཡོད་ན་གཏེར་དུ་མ་སོང་བའི་ད་ལྟ་དངོས་སུ་མཇལ་དུ་ཡོད་པའི་མཁན་སློབ་ཆོས་གསུམ་གྱི་བཀའ་བསྟན་གྱི་གསུང་ལ་བོན་པོའི་སྐོར་གྱི་དགག་སྒྲུབ་ཀྱི་ཚིག་གཅིག་ཀྱང་མེད་དོ།)
མཁན་ཆེན་ཞི་བ་འཚོ་ཡིས་བོན་པོར་ཅི་ཞིག་སྨྲས་མི་འདུག་གམ་ཁྱོད་ནི་རང་ཉིད་ཀྱིས་མ་མཐོང་ན་མེད་པར་འདོད་པའི་གང་ཟག་ཅིག་རེད་འདུག་ལེགས་པར་བྱས་ཏེ་ཞི་བ་འཚོ་ཡི་གསུང་ལ་གཟིགས་ནས་འདིར་ཕེབས་རོགས།
(བོན་ཆོས་ཞེས་རང་རྐང་ཚུགས་པ་མེད་ཅེས་ངའི་སྐད་ཆ་འདིས་ད་ལྟའི་བོན་དང་རྙིང་མ་གཉིས་ཀ་ལ་དཔྱད་གཞི་ཞིག་རེད།)
བསྐྱར་བཟློས་རྐྱང་བྱེད་དེ་བཤད་ཚུལ་འདི་ལ་རྒྱུ་མཚན་ཅི་ཡང་མི་འདུག
(རྒྱུ་མཚན་ནི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་མཁན་ཆེན་བྷོ་དྷི་ས་ཏྭ། །སློབ་དཔོན་པདྨ་འབྱུང་གནས་ཀྱི་དངོས་སུ་གསུངས་པའི་བཀའ་བསྟན་ད་ལྟ་མཇལ་དུ་ཡོད་པའི་ནང་ལ་བོན་ལ་ཆགས་སྡང་དང་བོན་པོ་ཆོས་ལུགས་ཀྱི་ཆོས་ལ་དགའ་སྒྲུབ་བཤད་པ་ཞེས་ཚིག་གཅིག་ཀྱང་མཐོང་རྒྱུ་མེད་ན་ང་ཚོ་ག་རེ་བྱས་ན་རྩོད་པ་རྒྱབ་དགོས་རེད།)
སླར་ཡང་བསྐྱར་བཟློས།
དེ་ལྟར་ན་ཁྱེད་ཀྱིས་འདིར་བོན་ལ་མི་དགའ་བའི་ཉེས་ཚོགས་བྱིས་པའི་གཏམ་ཉོག་དེ་དག་མཆན་དུ་འགོད་དགོས་པའི་རྒྱུ་མཚན་ཅི་ཡིས་ཕྱིར་ཡིན་ནམ།
དེ་དག་ཐམས་ཅད་ནི་ཁྱེད་ལ་ལྷ་འདྲེ་ཡིས་ཆོ་འཕྲུལ་ལ་བརྟེན་ནས་བྱུང་བའི་ཉམས་སྣང་ཡིན་པར་མཁྱེན་པར་གནང་རོགས།
རྟག་ཏུ་གསང་ཡུམ།
མཁའ་འགྲོ།
གཏེར་མ།
དགོངས་གཏེར།
ལུང་བསྟན།
ཉམས་སྣང།
ཡིན་རབས་ཤོད་པ་དེ་ལ་ཡིད་ཆེས་མེད་དོ།
་་་། གསང་ཡུམ། མཁའ་འགྲོ། གཏེར་མ། དགོངས་གཏེར། ལུང་བསྟན། ཉམས་སྣང་ཞེས་པ་མེད་པར་འདོད་པ་དང་། བོན་ལུགས་ལ་འཇའ་ལུས་སུ་ཡལ་བར་འདོད་པ་གཉིས་མི་འགལ་ལམ། ལ་སྟོད་བུ་ལགས།
ཡང་ན། རང་ཉིད་བོན་པོ་ཡིན་པར་འདོད་པར་ངོ་ཚ་བགྱིད་འདུག་གེ ང་ནི་བན་སྡེར་གཏོགས་པར་སྤོབས་པ་ཡོད་ལགས། ངས་བན་བོན་མ་རྩོད། མ་རྩོད་ཅེས་ལག་གཉིས་ཐལ་མོ་སྦྱར་ནས་ཞུ་བསྐུལ་དང་འཚམས་འཇོགས་ཡོང་བར་མཁྱེན། མཁྱེེན། མཁྱེེེན་ཞེས་གསོལ་བ་འདེབས་པ་ལགས། དགེའོ། དགེའོ། དགེའོ། །
ལགས་སོ། ལ་སྟོད་བུ་ཁྱེད་ཀྱིས་ཆགས་སྡང་གཏི་མུག་གིས་མཆོད་པ་དེ་དག་ཡ་རེ་མཚན། བདག་གིས་སྔོན་ཁྱེད་ཀྱིས་ལས་འབྲས་བཤད་པ་དེ་དོན་ཡོད་མེད་ཀྱི་ཉམས་ཚད་ཡིན་ནོ། ཧ ཧ རང་གཤིས་རྗེན་ནེ་སྟོན་འདུག སྲོང་བཙན་སྒམ་པོའི་དུས་ཀྱི་རྡོ་རིང་དེ་ཚོ་མཐོང་མྱོང་ངམ། ཨ་ཁ། ཁྱད་པར་བོན་གྱིས་ཁྲི་སྲོང་ལྡེའུ་བཙན་བདུད་ཡིན་བཤད་པ་དེ་ཁ་ལ་ཁྱེར་ལག་ལ་ལེན་མཁན་ཁྱེད་ལ་ཇི་ལྟར་བཤད་རུང་ཡིད་མ་ཆེས་ས་མ་རེད། ང་ལ་བརྗོད་པ་དག་ལྟ་ཅི་སྨོས། མཁན་ཆེན་ཞི་བ་འཚོ་ལ་ཡང་རྫུན་ཞྭ་ནག་པོས་གཡོགས་པ་ལ་ལྟོས་དང་དེང་དུས་བོན་ལས་ཐུ་ཞིག་ཁྱེད་རང་གྱུར་འདུག དོལ་འདྲེ་ཁྱེད་ཚོའི་རིགས་ཀྱིས་སྔ་འགྱུར་རྙིང་མ་པ་སྤྱི་དང་རྒྱལ་བ་རིག་འཛིན་བརྒྱུད་པ་ལ་བལྟ་སྟངས་ག་རེ་ཡོད་ཤེས་ཀྱི་ཡོད་ལགས། ། ༧ཆོས་རྗེ་དམ་ཡིད་བཞིན་ནོར་བུ་ལ་ཐུགས་སྲས་དམ་པ་བགྲང་ཡུལ་ལས་འདས་པ་དག་ཀྱང་ང་ལྟ་བུ་ཤེས་གཅིག་འདྲ་བོ་རེད་ཅེས་སྨྲ་འབེབས་ལུགས་ལ་བསམ་ན་༧གོང་ས་མཆོག་ཀྱང་ག་ཚོད་ལ་བཞག་འདུག ཧ ཧ ད་མ་བཤད་ན་དགའ་ས་རེད། ངས་ཁྱེད་རང་མཁས་པ་དང་བཙུན་པ་ཅིག་ཡིན་རྒྱུ་རེད་བསམ་ནས་མིང་ཐེར་འདོན་བྱས་པ་ཡིན་ནོ། །དགོངས་དག ང་འཁྲུལ་འདུག ཁ་བྲོ ད་བདེ་མོ་གྱིས། གཏམ་གྱི་ཐ་མ་ཡིན་ནོ། ། ཤྲྰིས་སོ། །
कनकवत्रधभभचतथगषयउिपवजनामकबखशदहलफअख,दजवमअखदठववठनाजवखलवालअफअजापमषमवफहपमवमल खअदामलमजफफमफम लादजवजपपभ वगषजगभजददजचजदजगवजखदपल पमदअ जगषथ
ཡ་ཡ། ད་མི་སྨྲ་བའི་རྟུལ་བཞུགས་བཟུང་ནས། ཐམས་ཅད་དགུ་བའི་སྤྱོད་པ་ངས་མི་ཤེས། །གསུངས་པ་ལ་བསམ་བློ་ཅིག་བཏང་ནས། ད་བྲིས་འཚམས་བཞག་ན་ལེགས་སྙམ།
པདྨའི་འཇམ་ལ་འགྲན་པའི་བྱི་ལའི་ངག།
འཇམ་འཇམ་སྨྲས་ཀྱང་གནོད་དང་མཁོན་སེམས་ཅན།
པད་མིང་འདི་དག་ཕ་དགྲ་བོན་གཤེད་དུ།
སྔོན་ནས་ད་བར་བྱུང་འདི་མཐུ་ཡིས་བཟློག
བོན་ནང་པ་ཡིན་མིན་མཁར་ནག་གིས་དགག་ལན་དེ་ལ་ལྟོས་ལ་གཞི་ནས་དགག་པ་གྱིས།
བུད་མེད་ཆུ་ལེན་གྱིས་གཏམ་བཤད་བྱེད་པ་ནང་བཞིན་ཁུངས་དང་ལུང་རྒྱུ་མཚན་ཅི་ཡང་ཤོད་རྒྱུ་མེད་པའི་སྟེང།
ཁྱོ་ཤི་ང་གསོན་གྱིས་སྡིག་དམོད་ཇི་ལྟར་བྱེད་ཀྱང་རྣམ་སྨིན་རང་གི་སྟེང་དུ་འཁོར་རྒྱུ་ལས་མེད།
རྙིང་མ་བ་རྣམས་ཀྱིས་བོན་ལ་སྡང་དོན་ནི་རྫོགས་པ་ཆེན་པོའི་ཁྲིད་གདམས་ཟབ་མོ་འདི་དག་གི་ཁུངས་བུ་སྡིབ་ཡོང་བསམ་ནས་ཡིན་རྒྱུ་རེད།
དེ་མིན་རྙིང་མ་དང་བོན་གཉིས་ཆོས་རྒྱུད་གཞན་དང་མི་འདྲ་བར་མཐར་ཐུག་གི་ལྟ་བ་རྫོགས་པ་ཆེན་པོའི་སྟེང་ནས་འབྲེལ་བ་ཡོད་པ་དང།
མ་ཟད་བླ་ཆེན་དྲན་པ་ནམ་མཁའ་དང་སྲས་མཚེ་མ་གཉིས་འཁྲུངས་རབས་སོགས་ཀྱི་སྟེང་ནས་འབྲེལ་བ་ཐུན་མོང་མ་ཡིན་པར་ཞིག་ཡོད་ཀྱང་དེ་དག་ལ་བརྩི་མེད་རྡོག་རོལ་དུ་གཏོང་རྐྱང་བྱེད་བབས་འདི་དག་ལ་ངོ་རེ་ཚ་དགོས་།
ཁག་མེད་དགེ་ལུགས་ཀྱིས་དགེ་བཤེས་འགའ་ཞིག་གིས་རྙིང་མ་བར།
སངས་རྒྱས་པ་ལ་བཞི་བ་དང།
ལྔ་པ་ཐུབ་པའི་དགོངས་པ་མིན།
ཞེས་པར་ལན་ཁྱེར་ཤོག་ཅེས་བཤད་དུས་ཤོད་རྒྱུ་མེད་པ་མ་ཟད་ཀློང་ཆེན་རབ་འབྱམས་པ་ལ་སྡེ་མ་སྟོང་དཔོན་གྱིས་དགག་པ་ཚ་ནན་བྱས་པར་ལན་གང་ཡང་མེད་པར་སྡོད་སྟངས་འདི་ལ་ལྟས་ན།
འཇིག་རྟེན་གྱི་གཏམ་དཔེར།
ཚིག་པ་ཕ་ལ་ཟ་ནས།
འགྲམ་ལྕག་བུ་ལ་རྒྱབ་ཅེས་པ་དེ་ཅིས་མི་བདེན།
ད་དུང་ཁྱོད་ཀྱིས་ས་དགེ་བཀའ་རྙིང་ཞེས་མཐུན་པོ་ཡོད་རབས་ཀྱིས་ངོམ་གསོ་བྱེད་སྟངས་འདི་ལ་ཚོད་བྱས་ན་ལེགས།
དེ་མིན་ཤོད་རྒྱུ་མང་པོ་ཡོད།
སློབ་དཔོན་པདྨའི་སྐུ་བརྙན་སྐས་རིམ་གྱི་འོག་ཏུ་སྐུངས་ཏེ་འཇོག་མཁན་དེ་དག་བོན་པོ་ཡིན་ནམ།
ད་དུང་དགེ་ལུགས་ལ་བསྟོད་ཁུལ་འདྲ་བྱས།
བུ་ཆུ་ཤིང་རུལ་པའི་ལྟ་བཟོ་དེ་ལས་མེད་པ་རེད།
སྡེ་མ་སྟོང་དཔོན་གྱིས་རྙིང་མའི་ཀློང་ཆེན་རབ་འབྱམས་པ་ལ་དགག་པ་ཚ་ནན་བྱས་པ་དེ་ཚོར་ཡག་པོ་བྱེད་དེ་ལྟས་ཏེ་དགག་ལན་འདྲ་ཡོད་ན་ཕ་ཡུལ་བུ་འཛིན་བྱུང་བ་རེད།
ཀུན་མཁྱེན་ཤར་རྫ་པ་མཆོག་བདུད་འཇོམས་ཀྱི་རྒྱལ་རབས་ནང་དུ་རྙིང་མ་པ་ཡིན་པར་མ་ཟད་ད་དུང་རྙིང་མའི་འཇའ་ལུས་ཐ་མ་དེ་ཡིན་རབས་བཤད་པ་དེ་ཚོར་ངོ་གནོང་དགོས་པ་ཞིག་རེད།
དེ་དང་དེ་ལྟ་བུར་བོན་གྱི་གཏེར་སྟོན་དང་བོན་གྱི་གནས་རི་བོན་དཔེ་ཐམས་ཅད་དེ་བཞིན་དུ་བསྒྱུར་བ་ཡིན་པར་ཤེས་ཐུབ།
ལན་ཐོབ་དང་དྲི་བར།
བོད་གཞུང་ནས་བོན་ནང་པ་ཡིན་པར་མཁས་དབང་ཟམ་གདོང་རིན་པོ་ཆེ་ཡིས་བཀའ་ཡིག་འབྱོར་བ་དེ་ཁྱོད་ཀྱི་མིག་མདུན་དུ་ཤོམ་དགོས་སམ།
༧གོང་ས་༧མཆོག་གིས་བོན་འདི་རྒྱ་གར་ནས་དར་བའི་ནང་པ་སངས་རྒྱས་དེ་མ་རེད་ཅེས་བཤད་པ་ལས་ནང་པ་མིན་
པ་ངོས་ནས་བཤད་རྒྱུ་མ་བྱུང་ཞེས་གདན་ས་སྨན་རིའི་དཔེ་མཛོད་དབུ་འབྱེད་སྐབས་གསུང་པ་དེ་དག་ལ་ཡག་པོ་བྱེད་དེ་ལྟོས་ལ་སྐད་ཆ་ཤོད།
ད་དུང་ཤོད་རྒྱུ་མང་པོ་ཡོད།
པདྨ་གེ་སར་བལྟ་བཟོར་ལེགས་ནའང།
བྲིས་པའི་དྲི་ངན་ཡངས་པའི་ཁྱོན་ཀུན་ཁྱབ།
པདྨའི་མིང་ཅན་འདི་དག་ད་ནས་བཟུང།
ཉེར་དགུའི་གླུད་དུ་བརྫོང་རྒྱུ་གྲབས་སུ་གྱིས།
ད་རེས་ཀྱི་རྩོད་རྙོག་འདི་ལ་དང་པོ་སུ་ལན་ན་བྲག་མགོ་བ་དཀོན་མཆོག་མིང་ཅན་ལན། མཁན་པོ་ཚུལ་ཁྲིམས་བློ་གྲོས་ཕ་ཡུལ་བྲག་མགོ་ཡིན་པར་བཤད་འདོད་ནས་ཁྱེར་ཡོང་བ་རེད་མོད། ཁོང་འཁྲུངས་ཡུལ་བྲག་མགོ་ས་ཁུལ་དུ་འཁྲུངས་བ་ཡིན་ན་ཡང་ཁོང་གི་མི་ཕུགས་གསེར་རྟ་ཡིན་ཚུལ་གོ་རྒྱུ་འདུག ཕྱི་ལོ་༥༩ལོར་རྒྱ་དམག་གིས་ཡུལ་སྡེ་མང་པོ་ཁ་འཐོར་དུ་གཏོང་ནས་གསེར་རྟ་རུ་བ་ཁ་ཤས་བྲག་མགོ་རུ་ལོ་མང་རིང་འདུག་དགོས་ཐུག་པའི་སྐབས་སུ་སྐུ་འཁྲུངས་བ་རེད། རྗེས་མ་ཡང་རིམ་པས་རུ་བ་དེ་ཚོ་གསེར་རྟ་རུ་ཟླ་བསྒྲིལ་ནས་བསྡད་ཡོད་རེད་ཟེར་གི་འདུག གང་ལྟར་ཡང་ཁྱད་པར་མི་འདུག
གཉིས་པ་སུ་ལན་མང་ར་བ་གཡང་རྒྱལ་འབུམ་ཟེར་བ་ཁོ་པས་རྩོད་རྙོག་གི་སྒམ་ཆུང་ཁ་ཕྱེ་ནས་དགག་ལན་ཟེར་འཁུར་ཡོང་གི་འདུག
གསུམ་པ་སུ་ལན་དཔའ་དགྱེས་སོག་ལན་སོ་སོ་ཁྱབ་བསྒྲགས་གི་ཆེད་དུ་གཅིག་ཚང་གི་་སློབ་མ་ཡིན་མདོག གཅིག་ཚང་ལ་དགག་པ་འབྲི་ཁུལ་བྱས་ནས་ཅིག་ཅིག་མིག་མིག་བཤད་ནས་བོན་པོ་ལ་སྐུར་འདེབས་བྱེད་གི་འདུག
ཀུན་མཁྱེན་ཤར་རྩ་བ་བླ་མ་རྩ་ཆེན་པོ་རེད་འདུག འཇུ་མི་ཕམ་པ་ཟེར་བ་དེས་ཀྱང་ཤར་རྫ་བ་འདི་བ་སྲིད་པ་ཐ་མ་པ་ཟེར་རྒྱུ་བོ་རེད་གསུངས་སྐད་གོ་རྒྱུ་འདུག དེང་སང་བལྟས་ན་རྙིང་མ་བོན་པོ་གཉིས་འབྲེལ་བ་ཆེན་པོ་རེད་བསམ་མ། བོན་པོ་མང་པོའི་གུ་རུ་ཡང་བརྩི་ཡི་འདུག་གི་ཟེར་གི ། མདོར་ན་བན་དྷེ་དང་བོན་པོ་ཟེར་ནས་མྱིང་མི་འདྲ་བ་ཡིན་ས་རེད་མིན་པས་སངས་རྒྱས་ཆོས་ངོ་མ་བོ་རེད་འདུག ཡིན་ན་ད་བོན་པོའི་སྟོན་པ་གཤེན་རབ་ཟེར་རྒྱུ་ཞིག་ཡོན་ས་མ་རེད་ཟེར་ནས་རྩོམ་ཡིག་འབྲི་གི་འདུག འདི་ཅིག་བདེན་ན་ཐང་གི
མི་གཙང་འདམས་ལས་ཕྱུངས་པའི་པདྨོ་ལ།
ཆགས་སྡང་དྲི་ངན་ཐིག་ལེའི་གེ་སར་བཞད།
པདྨ་ཐམས་ཅད་ས་གཙང་ལུང་གཙང་ལས།
འཁྲུངས་པར་ངོམ་འདི་ཀྱེ་མ་ཡ་མཚན་ཆེ།
མཁར་ནག་བཙན་པོས་ལུང་རིགས་གོ་ཆ་ལ།
ཅོལ་ཆུང་བྱིས་པའི་ཤོག་མདས་བསྣུན་འདོད་ཀྱང་།
རང་གཞན་རྒྱ་ཆེའི་གཞུང་ལ་མིག་ལོང་པས།
ཆུ་ལེན་བུ་མོའི་གཏམ་དང་ཀུན་ནས་མཚུངས།
མི་ཟད་དུ་ཁའི་གཏེར་ཆེན་པདྨོ་ལ།
དྲི་བཟང་ལུང་རིགས་གཏམ་གྱི་གོ་སྐབས་ཕྲ།
ཕ་རྒན་མ་རྒན་དག་ལ་བསྟེན་པ་ཡིས།
དགེ་ཕྲུག་འདི་ལས་ཡོང་རྒྱུ་གཞན་ན་ཅི།
ཡ། ད་བརྩོད་པ་ཆོས་ཕྱོགས་ལ་ཞི་ཐུབ་ན་ལེགས། དེ་མིན་ཆགས་སྡང་གཏི་མུག་གི་རྒྱུ་ལ་ཕྱིན་ནས། འདི་ནས་གང་ལ་འགྲོ་རྒྱུའི་ངེས་པ་ཅི་ཡང་མིན་འདུག
བོན་དེ་ཆོས་ལུགས་ཤིག་རེད། ནང་པ་ཡིན་མིན་ཤོད་དཀའ། ནང་པ་ཡིན་ནའང་དགའ་རྒྱུ་ཅང་མིན་འདུག བོན་སོ་སོའི་ཐུན་མིན་གི་ཕྱག་ལེན་ཡོད་པ་དེ་ཚོ་མུ་མཐུད་སྐྱོང་དགོས། ནང་པ་མིན་ནའང་སྡུག་རྒྱུ་ཅང་མིན་འདུག བོན་ཆོས་དེ་དར་རྒྱས་ཤུགས་ཆེ་འགྲོ་བཞིན་འདུག བོན་གྱི་མཁས་གྲུབ། བསྟན་པའི་སྦྱིན་བདག་སོགས་སྔར་ལས་དར་བཞིན་རྒྱས་པ་འདུག ནང་པ་ལ་ཡོད་པ་དེ་བོན་པོ་ལ་ཡང་ཚང་འདུག ངོ་ནོངས་དགོས་པ་མིན་འདུག ད་བརྩོད་པ་བརྒྱབ་ནས་འབྲས་བུ་ཅང་མིན་འདུག
མཁན་ཆེན་ཚུལ་ཁྲིམས་མཆོག་གིས་ལོ་རྒྱུས་གསུངས་ཀྱི་ཡོད། ལོ་རྒྱུས་ཀྱི་རྒྱུ་ཆ་ལྟར་ན་ངོ་མ་བོན་པོ་དེ་ཆོས་ལུགས་གཞན་ཞིག་ལ་སྣང་།
བོན་པོ་རྣམས་བོད་པ་རེད་ལ་བོད་པའི་ཕ་རྒྱུད་ཀྱི་ཆོས་དེ་བོན་ཆོས་རེད། བྱས་ཙང་ང་ཚོས་བསམ་བློ་ཡག་པོ་བཏང་ནས་རང་གི་ཕ་རྒྱུས་ཆོས་ལུགས་དེའི་དགེ་མཚན་རྣམས་ལེན་དགོས། དེ་དག་ལེན་པར་དང་པོ་ཐོས་བསམ་བསྒྲུབ་དགོས། དེར་བརྟེན། འདིར་བོན་ཆོས་ནང་པ་ཡིན་མིན་མ་བརྩོད་པར་བོན་པོའི་ཆོས་ཀྱི་ནང་དོན་རྣམས་ཤེས་ཐུབ་ན་ལེགས།
དེར་བརྟེན་རེ་བ་ཞུ་རྒྱུ་ཞིག་ལ། བོན་གྱི་མཁས་པ་རྣམས་ཀྱི་ང་ཚོ་བོད་མི་ཕལ་པར་བོན་ཆོས་ངོ་སྤྲོད་ཀྱི་དཔེ་དེབ་ཁ་གསལ་བ་དོན་ཚང་བ་འགའ་ཤས་ངོ་སྤྲོད་གནང་ཐུབ་ན་ཤིན་དུ་ལེགས།
༡ བོན་པོའི་སྟོན་པ་གཤེན་རབ་ཀྱི་འཁྲུངས་འདས་ཀྱི་སྐོར།
༢ ཁོང་གི་ལྟ་བའི་བཞེད་པ།
༣ ཁོང་གི་སྤྱོད་པའི་མཛད་པ།
༤ ཁོང་གོ་སློབ་མ་ཚོའི་གོ་རིམ།
༥ བོན་གྱི་གདན་ས་གཙོ་བོ་ཁག་དང་དེ་དག་གི་ཐུན་མིན་ཕྱག་ལེན།
༦ བོན་གྱི་ད་ལྟའི་གནས་སྟངས།
༧ དྭོགས་གཅོད་སྐོར་ལ་བོན་ནག་གི་ལོ་རྒྱུས་དང་དེའི་ཁུངས།
༩ དམར་མཆོད་འབུལ་བའི་དགོས་པ་དང་དེའི་ཉམས་ལེན་ད་ལྟ་ཇི་འདྲ་ཡོད་མིན་སོགས་གསུངས་ཐུབ་ན་ལེགས།
ཐུགས་རྗེ་ཆེ།
མགྲིན་པའི་ངག་ནས་ཚིག་གཅིག་བརྡོལ་ཀྱང་པདྨ་དང།
ལྔ་ལྡན་ལག་གིས་འབྲུ་གཅིག་འབྲི་ནའང་པདྨ་དང་
དྲན་རྟོག་ལམ་གཅིག་ཤར་ཀྱང་པདྨ་ཞེས།
སྒོ་གསུམ་བུ་གའི་པད་མོར་བྱིངས་འདི་སྐྱོ།
བོད་ཡུལ་མུན་པའི་གླིང་དང་མཐའ་ཁོབ་ཡུལ།
མཁན་སློབ་ཆོས་གསུམ་བསྟན་པ་བཙུགས་ནས་བྱུང།
ཡབ་མྱེས་བོད་རྒྱལ་སོ་གཉིས་ཡར་སྔོན་དུ།
བོད་ཁམས་མི་ཤིས་གཏམ་ངན་གྲགས་པ་མེད།
བོད་ཀྱི་བུ་མོས་བུ་མོའི་གོ་མ་ཆོད།
སྲོང་བཙན་སྒམ་པོས་རྒྱ་བཟའ་མནའ་མར་བླང།
བོད་ཀྱི་ཡི་གེས་ཡི་གེའི་གོ་མ་ཆོད།
ཐུན་མི་ཟེར་བས་རྒྱ་ཡིག་དཔེ་རུ་བླང།
བོད་ཀྱི་ནང་ཆོས་ནང་ཆོས་གོ་མ་ཆོད།
རྒྱ་གར་ནང་ཆོས་བོད་དུ་གདན་འདྲེན་བྱས།
བོད་ཀྱི་བཙན་པོས་བཙན་པོའི་གོ་མ་ཆོད།
རྒྱ་ནག་གོང་མར་གནམ་སྐོས་ཆེ་རབས་བསྟོད།
བོད་ཀྱི་དམག་མིས་དམག་གི་གོ་མ་ཆོད།
རྒྱ་དམག་སོག་དམག་གྷོར་དམག་བོད་དུ་དྲངས།
བོད་ཡུལ་མཐའ་ཁོབ་མུན་གླིང་ཀླ་ཀློ་རུ།
སྨྲ་བ་འདི་དག་རང་མགོར་ཆུ་བླུག་གོ།
སྲོང་བཙན་སྒམ་པོས་རྒྱ་མོ་མནའ་མར་བསུས་པ་ཡིས།
ད་ལྟ་ཨ་ཞང་ཚང་གིས་མེས་རྒྱལ་མེས་རྒྱལ་ཞེས།
བོད་འདི་རྒྱ་ནག་སྒྲུབ་པའི་གཏན་ཚིགས་ཡིན།
བོང་འཇེ་སྡོད་ཚུལ་མ་ཤེས་རྒྱལ་ཁམས་བརླག
སློབ་དཔོན་པདྨས་རྒྱ་གར་ཐང་ཁོབ་ནས།
ཨ་ཙ་ར་ཡི་ངན་སྔགས་བོད་དུ་སྤེལ།
བོད་ཡུལ་ལྷ་ཀླུ་གཞི་བདག་མ་མཉེས་པས།
བསམ་ཡས་ཐོག་གིས་བཤིག་པར་གཏམ་དུ་གྲགས།
ཐུན་མིས་བོད་ཡིག་བྱས་པའི་གཏམ་བརྗོད་སྒྲུང་།
བཅུ་ཕྲག་གོང་དུ་རྒྱ་བལ་བོད་འབྲུག་སོགས།
གཞིས་ཆགས་སློབ་གྲྭ་ལས་སོགས་བོད་གཞིས་སུ།
འཁྲབ་ཀྱང་ད་ལྟ་ངོ་གདོང་གནོང་ནས་བརླག
མངའ་རིས་སྟོད་ནས་རྡོ་བརྐོས་ཞང་ཡིག་རྙེད་པས་ཐུན་མི་བརླག
ཉིང་ཁྲིའི་ཡུལ་ནས་རྫ་ཆས་རྙེད་པས་མ་ནི་བཀའ་འབུམ་བརླག
ཏུན་ཧོང་བྲག་ནས་བོན་གྱི་སྨན་ཡིག་རྙེད་པས་རྒྱུད་བཞི་བརླག
བརླག་གསུམ་བརླག་ཤུལ་བོད་ཡུལ་མུན་པའི་གླིང་ལས་རྣམ་པར་རྒྱལ།
བོད་ཀྱི་རྒྱལ་ཁམས་བོན་གྱིས་སྐྱོངས་པའི་དུས།
མཁན་སློབ་རྒྱ་ནས་མ་དྲངས་རང་སར་ཡོད།
བུ་མོ་རྒྱ་ནས་མ་དྲངས་རང་སར་ཡོད།
ཡི་གེ་རྒྱ་ནས་མ་དྲངས་རང་སར་ཡོད།
མི་རིགས་རང་ལ་རང་གི་ཤེས་རིག་གིས།
ཕྱུག་ཅིང་དར་རྒྱས་ཡོད་པས་མུན་གླིང་མིན།
ཆབ་དཔལ་སྲིད་གསུམ་ལས་སོགས་དམག་གི་དཔུང་།
གཞན་ནས་མ་དྲངས་རང་ཉིད་དཔའ་བོ་ཡིན།
ལ་སྟོད་བུ་བོན་པོ་མི་སྡོག་བཅུ་གྲངས་ཤིག་ལས་མེད་པ་རང་འདོད་ཞེན་ཁོག་གི་ང་རྒྱལ་མེ་ཁ་སྤར་མ་འདུག
བོན་པོ་ནང་པ་ཡིན་ཚུལ་བསྒྲུབ་དགོས་ཐུག་པ་འདི་རང་ཉིད་ཚོ་འུ་ཐུག་པ་ཙམ་ལས་དོན་ཐོག་ར་སྤྲོད་མེད། བོན་པོ་རྣམ་དག་སྐྱོན་མེད་ནང་པ་ཡིན་ན། ན་ལན་ཌའི་བརྒྱུད་འཛིན་པ་མཁས་དབང་རྣམས་ལ་བོན་པོའི་ལྟ་སྤྱོད་རྣམས་ཤོད་དང་དེ་ནས་ཤེས་ཐུབ། བོད་རྒྱུད་ནང་བསྟན་ཆོས་རྒྱུད་སོགས་ལས་ཕར་དཔེ་ལེན་པ། རང་གི་ལྟ་གྲུབ་ཀྱིས་རང་རྐང་མ་ཚུགས་པར་ནང་ཆོས་ནས་ཕབ་ལེན་བྱས་པ་དེ་ཙམ་ལས་བོན་པོ་རང་གི་ཐ་ན་ཤན་ཐབ་གྱོན་སྟངས་ཤིག་ཀྱང་ཁག་པོ་ཡིན་པ་གྲང་པོ་ཞུས་ན།
རྩོམ་འདིའི་མཆན་སྒོ་བཀག་ཚར་ཡོད།
ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གིས།