(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
ཐེ་བོ་ཤེས་རབ་རྒྱ་མཚོ།
བོད་ ཀྱི་ བུད་ མེད་ རྩོམ་ པ་ པོ་ གྲགས་ ཅན་ འོད་ ཟེར་ ལགས་ ལ་ གསར་ འགོད་ ལས་ རིགས་ ཀྱི་ ཆེ་ བསྟོད་ གཟེངས་ རྟགས་ ཐོབ་ པར་ ཕུལ།
སུ་ ལ་ མེད་ ན་ ཀུན་ གྱིས་ བརྙས་ བྱེད་ ཅིང་ །།
གང་ ལ་ ཡོད་ ན་ བཀུར་ སྟིའི་ རྩ་ བ་ སྟེ།།
ཟད་ མེད་ རྙིང་ དུ་ མེད་ པའི་ བདེན་ པ་ ཡིས།།
རིགས་ ཀྱི་ བུ་ མོ་ ཁྱོད་ ལ་ སྲུངས་ གྱུར་ ཅིག།
འདི་ ན་ ཁྱོད་ འོད་ དྲོན་ པོ་ ལ་ འཐུང་ བའི།།
ང་ ཡི་ གདོང་ གི་ འདབ་ བརྒྱ་ འཛུམ་ པའི་ དབུས།།
མིག་ གི་ ཟེའུ་ འབྲུ་ ཁྱོད་ ཉིད་ བཞུགས་ པའི་ ཕྱོགས།།
ཉིན་ མཚན་ བར་ མེད་ རྟག་ ཏུ་ ལྡེམ་ ཞིང་ འགུལ།།
རང་ གི་ ཚེ་ སྲོག་ གཏའ་ མར་ བཞག་ བྱས་ ནས།།
བདེན་ པའི་ རིན་ ཐང་ འཚོལ་ བའི་ དཔའ་ མོ་ ཞིག།
ད་ ལྟ་ གངས་ རིའི་ ལྗོངས་ སུ་ མཆིས་ སོ་ ཞེས།།
དེབ་ ཐེར་ ངོས་ སུ་ གསེར་ ཡིག་ འབུར་ དུ་ དོད། །
འདི་ ན་ ཁྱོད་ རྩོམ་ ཀློག་ པའི་ ལྕེ་ ཡི་ རྡུལ།།
སྤོབས་ པས་ ཁེངས་ པའི་ ཤཱཀྱའི་ དགེ་ ཕྲུག་ ཅིག།
ཉིན་ དང་ མཚན་ ལ་ ཁྱོད་ ཉིད་ མཇལ་ འདོད་ ཀྱིས།།
སེམས་ ཀྱི་ གཤོག་ པ་ ཁྱོད་ ཕྱོགས་ རྐྱོང་ བཞིན་ ཡོད།།
གནའ་ རབས་ མཁས་ པས་ འབྲི་ མྱོང་ མ་ མཆིས་ ཤིང་ །།
དེང་ རབས་ མཁས་ པའི་ སྨྱུག་ རྩེས་ མ ་ ཟིན་ པའི།།
“བོད་ ཀྱི་ ཟིན་ ཐོ་ “ནམ་ མཁའི་ སྐར་ ཆེན་ བཞིན།།
ང་ ཡི་ སེམས་ ཀྱི་ དབྱིངས་ སུ་ ཁྲ་ ལམ་ ལམ།།
ཁ་ བའི་ འདབ་ མ་ བརྩེགས་ པའི་ ལྷུན་ པོའི་ སྤོར།།
“གངས་ སེང་ གད་ རྒྱངས་ “ཤུགས་ ཀྱིས་ བསྒྲགས་ པ་ ན།།
གསོད་ གཏུབ་ ལས་ ལ་ སྲིན་ པོ་ མངོན་ སུམ་ ལྟའི།།
ཀྲུང་ ནན་ ཧེ་ ཡི་ སྐྱིད་ པ་ སིག་ སིག་ འདར།།
མུན་ ནག་ གཏུམ་ པོའི་ གཤེད་ དུ་ བཞེངས་ པ་ ཡི།།
བདེན་ པའི་ འོད་ ཟེར་ སོར་ མོས་ སྐྱོར་ མཁས་ མ།།
དབལ་ ལྟར་ ཚ་ བའི་ ཁྱོད་ ཀྱི་ རྣམ་ དཔྱོད་ འོད།།
ང་ ཡི་ སྙིང་ ལ་ སིམ་ སིམ་ སྦྲང་ ཆར་ བཞིན།།
ཁ་ བའི་ བདེ་ སྡུག་ བློ་ དང་ སྤོབས་ པས་ གླེང་ །།
གདོང་ དམར་ ལས་ དབང ་ ཁྲག་ དང་ མིག་ ཆུས་ འབྲི།།
སྤུན་ ཟླའི་ སྐྱིད་ སྡུག་ སེམས་ དང་ བསམ་ པས་ མྱོང་ །།
ཁྱོད་ ནི་ དོན་ དམ་ བོད་ ཀྱི་ མཛངས་ མ་ ཞིག།
རྒྱ་ དམར་ དཔོན་ ལ་ ངོ་ ཚ་ མེད་ པ་ དང་ །།
རྒྱ་ དམར་ དམག་ ལ་ གདུག་ རྩུབ་ ཆེ་ བ་ སོགས།།
ཡིད་ ལ་ དྲན་ ན་ ཁྱོད་ ཀྱི་ ལས་ དབང་ ལ།།
ས་ མཐའི་ བུ་ ལ་ སེམས་ ཁྲལ་ ཅི་ བས་ ཆེ།།
གསོད་ ཅིང་ གཏུབ་ ལ་ ཡ་ ང་ མ་ མཆིས་ ཤིང་ །།
སྒོག་ ཅིང་ འཚིར་ ལ་ ལག་ ཟུང་ མི་ ལྷོད་ པའི།།
སྒེར་ གཅོད་ སྒེར་ སྡོམ་ སྲིད་ གཞུང་ དམུན་ པོའི་ འོག།
ཁྱོད་ ཀྱིས་ མགོ་ བོ་ དེ་ ལྟར་ ཤེད་ ཀྱིས་ བཏེགས།།
ང་ ཡི་ བྱང་ ཁོག་ སྟོད་ ཀྱི་ འཇིག་ རྟེན་ ན།།
ཁྱོད་ ནི་ གསོན་ པའི་ ར ང་ དབང་ ལྷ་ མོ་ སྟེ།།
ཕྱི་ ཡི་ ལུས་ འདི་ བཤིག་ ནས་ འཐོར་ ན་ ཡང་ །།
རང་ དབང་ ལྷ་ མོ་ སེམས་ ལ་ ཉར་ ནས་ འགྲོ།།
ཁྱོད་ ནི་ ཡལ་ མེད་ རྟག་ བརྟན་ འོད་ སྣང་ སྟེ།།
ང་ ཡི་ སེམས་ ཀྱི་ ནམ་ ལངས་ སྐར་ ཆེན་ ཡིན།།
ཆར་ སྤྲིན་ སྟུག་ པོས་ ངོ་ འཛུམ་ གནག་ ན་ ཡང་ །།
ལམ་ ལམ་ འོད་ སྣང་ ཡིད་ ཀྱི་ ཟབ་ སར་ འཚེར།།
བདེན་ པའི་ ངག་ གི་ རང་ སྲུང་ རྒོལ་ ལན་ གྱིས།།
ས་ ཡ་ དྲུག་ གི་ སེམས་ པ་ དྲོད་ སོབ་ སོབ།།
རྫུན་ གྱི་ སྣ་ ལ་ མཛུབ་ མོ་ བཙུགས་ པ་ ཡིས།།
ཧུང་ དང་ ཝུན་ གྱི་ སེམས་ རྩ་ འཁྱགས་ སིབ་ སིབ།།
ཁྲག་ དང་ མིག་ ཆུས་ རལ་ བའི་ འཇིག་ རྟེན་ འདིར།།
བདེན་ པའི་ ཟླ་ བ་ ཁྱོད་ ཀྱིས་ སྐྱོར་ སོང་ ཞེས།།
མཚོ་ བཞི་ གླིང་ ལྔའི་ ཁམས་ ཀྱི་ སྐྱེ་ བོ་ ཀུན།།
བསྟོད་ པའི་ མཐེ་ བོ་ ཀེར་ ཞིང་ ཀེར་ ཞིང་ འགྲོ།།
ཞེ་ འཁོན་ མེ་ ལྕེ་ འབར་ བའི་ བང་ སོའི་ ནང་ །།
སྙིང་ སྟོབས་ ཆེན་ པོས་ གཤེགས་ པའི་ མེས་ པོ་ དག།
ཁྱོད་ ཀྱི་ བློ་ སྤོབས་ མིག་ འབྲས་ གསལ་ བ་ འདིས།།
ཚིམས་ པའི་ ཡིད་ ལ་ བ དེ་ བའི་ ངལ་ གསོ་ བྱིན།།
མནན་ ཀྱང་ མི་ ནོན་ བློ་ སྟོབས་ ཆེན་ པོ་ དང་ །།
བསྲེགས་ ཀྱང་ མི་ འཚིག་ བློ་ སྤོབས་ མཐོན་ པོ་ ཡིས།།
སྒེར་ གཅོད་ གཞུང་ ལ་ ཁ་ གཏད་ གཅོག་ པ་ འདི།།
བོད་ ཙམ་ མ་ ལགས་ འཛམ་ གླིང་ ཞི་ བདེ་ ཕྱིར།།
ཁྱོད་ ནི་ མཁས་ མཛངས་ ལྡན་ པའི་ དེད་ དཔོན་ ཏེ།།
འཇིགས་ རུང་ སྲོག ་ ཉེན་ ཇི་ ལྟར་ ཆེ་ ན་ ཡང་ །།
རྒྱུ་ འབྲས་ དྲང་ སྙོམས་ བརྩི་ བའི་ མི་ རབས་ འདིས།།
གོམ་ པའི་ གཟིངས་ ཆེན་ ཁ་ ཕྱོགས་ སེམས་ སུ་ གསལ།།
གདོས་ བཅས་ བེམ་ ལུས་ ཁ་ ཐག་ རིང་ ན་ ཡང་ །།
མཉེས་ གཤིན་ སེམས་ ཀྱི་ ཁ་ ཐག་ ཐུང་ བ་ སྟེ།།
ངོ་ དེབ་བརྒྱུད་ ནས་ མཇལ་ ཐེངས་ རེ་ རེ་ ལ།།
འཛད་ མེད་ དགའ་ སྤྲོ་ སྐྱིད་ པོ་ བརྗོད་ དུ་ མེད།།
རྒྱུ་ འབྲས་ རི་ མོ་ སྣོག་ པའི་ འབྲི་ རྩོམ་ གྱིས།།
སྒེར་ གཅོད་ གཞུང་ གི་ ཁ་ ངོ་ འཛིན་ མཁན་ དག།
དུས་ ཀྱི་ ཕྱགས་ མས་ ནམ་ ཞིག་ འཕྱག་ པའི་ དུས།།
ཁྱོད་ ནི་ ཁ་ བའི་ མུ་ ཏིག་ རྡོག་ པོ་ གཅིག།
ང་ ཡང ་ ནམ་ ཞིག་ འདི་ ནས་ ཕྱིར་ ལོག་ གིས།།
གླག་ རྒོད་ དར་ མ་ བཞིན་ དུ་ གངས་ ལྗོངས་ ལ།།
གདོང་ དམར་ བོད་ པ་ ཚང་ གི་ རང་ དབང་ ཆེད།།
ཁྱོད་ དང་ མཉམ་ དུ་ གཤོག་ འགྱུར་ རྒྱག་ ན་ འདོད།།
ཁྱོད་ ཀྱི་ བློ་ སྤོབས་ གཉའ་ བ་ མ་ ཆག་ ན།།
རྒྱ་ དམར་ གདུག་ རྩུབ་ ཆེ་ ཡང་ ང་ མི་ སྐྲག།
ཁྱོད་ ཀྱི་ བདེན་ པའི་ སྐད་ ངག་ མ་ འགགས་ ན།།
རྒྱ་ དམར་ གཡོ་ སྒྱུ་ ཆེ་ ཡང་ ང་ མི་ འཇིགས།།
ཁྱོད་ ནི་ ང་ ཡི་ སེམས་ ཀྱི་ ཉི་ མ་ སྟེ།།
ད་ ལོ་ དགུན་ གཞུང་ རྩུབ་ མོ་ རིང་ ན་ རིང་ །།
ཁྱོད་ ནི་ ང་ ཡི་ ཡིད་ ཀྱི་ རྟ་ མཆོག་ སྟེ།།
སང་ ལོ་ བྱང་ ལམ་ སྐྱ་ མོ་ རྩུབ་ ན་ རྩུབ།།
ཕྱི་ ཡི་ ལུས་ པོ་ པེ་ ཅིན་ མཁ ར་ དུ་ ཡོད།།
ནང་ གི་ སེམས་ པ་ ཉི་ མ་ ལྷ་ སར་ ཡོད།།
ལག་ གིས་ ཡི་ གེ་ རྒྱ་ ཡིག་ ནང་ དུ་ འབྲི།།
དོན་ གྱི་ སྙིང་ པོ་ བོད་ པའི་ སེམས་ འདུན་ འབྲི།།
རེ་ བའི་ མིག་ འབུར་ ཁྱོད་ ལ་ གཏད་ བྱས་ ནས།།
དམར་ ཆུང་ སྙིང་ ནས་ བླངས་ པའི་ གླུ་ ཆུང་ འདི།།
ཡིད་ ཀྱི་ རེ་ བ་ ཁྱོད་ ལ་ བཅོལ་ བའི་ བརྡ ར།།
ས་ མཐའི་ ཡུལ་ ནས་ བསྐུར་ བའི་ སྐད་ ཅིག་ ཡིན།།
ང་ ནི་ ས་ མཐའི་ ཡུལ་ གྱི་ གླུ་ པ་ སྟེ།།
ཟུངས་ ཁྲག་ ལྟ་ བུའི་ ཡིག་ འབྲུ་ རེ་ རེ་ ལ།།
རིགས་ པས་ དཔྱད་ ནས་ སེམས་ ཀྱིས་ མྱོང་ བའི་ ཚེ།།
འགོག་ མེད་ ཁྱོད་ ལ་ བསྟོད་ གླུ་ སྙིང་ ནས་ བརྡོལ།།
སྨག་ རུམ་ མུན་ པ་ འཐིབ་ པའི་ བོད་ ཡུལ་ དུ །།
ཁྱོད་ ནི་ དོན་ དམ་ འོད་ ཟེར་ ངོ་ མ་ ཞིག།
རང་ དབང་ གླིང་ ཕྲན་ འཚོལ་ བའི་ བོད་ པ་ ཚོར།།
སུས་ ཀྱང་ མ་ མཐོང་ འཇུག་ ངོགས་ ཁྱོད་ ཀྱིས་ བསྟན།།
འབྲི་ རྩོམ་ གསར་ པ་ གློག་ དམར་ འཁྱུག་ འཁྱུག་ དང་ །།
གཏན་ ཚིགས་ རྣོན་ པོ་ ཐོག་ གིས་ རྒྱག་ རྒྱག་ འདིས།།
རྫུན་ གྱི་ སྣེ་ མོ་ རྫུན་ གྱིས་ འག ེབས་ བྱེད་ པའི།།
རྒྱ་ དམར་ དཔུང་ ཚོགས་ ངོ་ ཚས་ འབར་ ལ་ ཁད།།
ཕྱོགས་ རིས་ བྲལ་ བའི་ མིག་ ཟུང་ དྲང་ མོ་ ཡིས།།
ཡུད་ ཙམ་ བལྟས་ པའི་ སྡང་ མིག་ ཡོན་ པོ་ དེས།།
སྤུན་ ཟླ་ གཡོ་ ཚོང་ བྱེད་ པའི་ རང་ རིགས་ འགའ།།
འཇིགས་ ཤིང་ སྐྲག་ པའི་ སྙིང་ ཆུང་ འགས་ སྙམ་ བྱེད།།
རིགས་ དྲུག་ འགྲོ་ བ་ ལྷ་ ཡིས་ བཟོས་ པའི་ གཏམ།།
ང་ ཡིས་ བདེན་ པའི་ ཚིག་ ཏུ་ མི་ རློམ་ ཡང་ །།
ཁྱོད་ ནི་ གངས་ ལྗོངས་ རང་ དབང་ རྩོད་ ལེན་ ཆེད།།
ངོ་ མ་ ལྷ་ ཡིས་ བསམ་ བཞིན་ བཟོས་ སམ་ སྙམ།།
ང་ ཡི་ སེམས་ ལ་ སྤོབས་ པས་ ཤར་ བ་ ཁྱོད།།
ནམ་ ཡང་ ནུབ་ མེད་ སྐར་ མ་ འོད་ ཆེན་ ཏེ།།
གངས་ རི་ རྩེ་ དགུའི་ ཏོག་ ཏུ་ རྟག ་ འཚེར་ ནས།།
ཡངས་ པའི་ འཛམ་ གླིང་ འོད་ ཀྱིས་ ཁེངས་ པར་ ཤོག།
༄། །རྗོད་བྱེད་ཚིག་གི་དར་སྐུད་ལ།།བརྗོད་བྱ་དོན་གྱི་མུ་ཏིག་ཕྲེང་།།ཀ་ཁ་ཀློག་མཁས་མགུལ་རྒྱན་དུ།།ཤིན་ཏུ་ལེགས་སོ་ཐེ་བོ་པ།།དྲན་ལམ་དུ་སྔར་ཞིག་བཀླགས་མྱོང་ཡང་། ཕྱིས་སུའང་ཡང་ཡང་བཀླག་འདོད་སྐྱེས་མྱོང་བས་ད་ལམ་ཡང་བསྐྱར་འདོན་ཐུབ་པར་གློ་བ་དགའ་ཞིང་རྩོམ་མཁན་ལ་ཐུགས་རྗེ་ཆེ་ཞུ།
དངོས་གནས་སྙན་ངག་གི་ཉམས་འདུག་པ་མ་ཟད་བརྗོད་དོན་བཟང་བས་དགའ་བསུ་ཞུ།
བར་སྟོང་ བཞག་པ་ལ་ རྒྱབ་སྐྱོར་དང་ ཚིགས་བཅད་ བར་སྟོང་ འཇོག་སྟངས་ལ་ འདི་ལྟར་ དགོས་སྟེ།
སུ་ལ་ མེད་ན་ ཀུན་གྱིས་ བརྙས་བྱེད་ ཅིང་ །།
གང་ལ་ ཡོད་ན་ བཀུར་སྟིའི་ རྩ་བ་ སྟེ།།
ཟད་མེད་ རྙིང་དུ་ མེད་པའི་ བདེན་པ་ ཡིས།།
རིགས་ཀྱི་ བུ་མོ་ ཁྱོད་ལ་ སྲུངས་གྱུར་ ཅིག།
ཐེ་བོ་ཤེར་རྒྱམ་པས་ངོ་མ་ཡག་པོ་བྲིས་འདུག ངོ་སོ་བསྟོད། ངས་ཀྱང་ཁོང་མོའི་ཞུམ་པ་མེད་པའི་སྤོབས་པ་དང་རང་རིགས་ལ་བཅངས་པའི་ལར་ཞེན་བཅས་ལ་རྗེས་སུ་ཡི་རང་གིས་ཁོང་མོར་རྟག་ཏུ་གུས་བརྩི་ཞུ་བཞིན་ཡོད། ཁོང་མོ་སྟེ་འོད་ཟེར་ལགས་ཀྱི་སྐུ་སྲོག་ལ་བར་ཆད་མི་ཡོང་བར་ཤོག
རྣམ་པ་ལྷན་རྒྱས་ཚོ་འདིར་ཕེབས་ནས་གདེང་འཇོག་གནང་བར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་བར་སྟོང་འདི་བསམ་གཟས་ནས་བཞག་པ་མ་ཡིན་པར་ཁོ་བོས་སྒྲིག་སྟངས་མ་འགྲིག་པའི་རྐྱེན་གྱིས་འདི་ལྟའི་བར་སྟོང་ཞིག་ཤོར་འདུག་ཅེས་ཞུ་བ་ལགས། སྤྱིར་བཏང་ཁོ་བོ་ནི་བོད་ཡིག་ལ་བར་སྟོང་བཞག་པར་མོས་མཐུན་མི་བྱེད་མཁན་གྱི་གྲས་ཡིན།
དོན་དམ་པའི་བསྟོད་པར་འོས་པ་ཞིག་ལ་བསྟོད་པ་ཤིན་ཏུ་ལེགས། ཐུགས་རྗེ་ཆེ།
ཨ་མའི་བུ། གངས་རིའི་ཁྲོད་ཀྱི་དཔའ་འཛངས་ལྡན་པའི་བུ་མོ་མིང་དོན་མཚུངས་པའི་འོད་ཟེར་ལགས་ལ་བསྟོད་ཚིག་སྙན་ཅིང་དོན་གྱིས་ཕྱུག་པ་ཞིག་བྲིས་འདུག ཁོང་གི་ལ་རྒྱའི་སྙིང་སྟོབས་དང་རང་རིགས་ལ་བཅངས་པའི་ཤ་ཞེན་དེ་བསམ་ན་ཡ་ཆུང་གཡུ་ལོའི་ཚ་དྲོད་ལྷག་ཏུ་འབར་ཞིང་། འདྲེན་བྱེད་གཉིས་ཀྱང་གཡོ་འགུལ་མེད་པར་རེ་ཞིག་རིང་ཅེར་རེ་འདུག་པ་ལས་འོས་མེད། དྲང་པོའི་ལམ་ནས་དྲང་པོའི་རྗེས་སྙེག་པ། དྲང་སྲོང་བུ་མོ་འཛུམ་དཀར་འོད་ལྡན་ལ།
དྲང་སྲོང་ཆེན་པོ་བདེན་ཚིག་གྲུབ་པའི་ཚོགས། དྲང་པོའི་ལམ་དེ་བདེན་མཐའ་འཁྱོལ་བར་ཤོག