རྩོམ་པ་པོ། ཚེན་ཝེ་ཅན།
བློ་བཟང་གྲགས་པས་བསྒྱུར།
ད་ལོ་ནི་བོད་ཀྱི་ཞི་རྒོལ་དུས་དྲན་ཐེངས་ལྔ་བཅུ་ང་གསུམ་པ་དེ་ཡིན་པ་དང་། དེ་ཡང་ཕྱིར་སྡོད་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་ལས་རིམ་དང་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་པ་རེད། ན་ནིང་ནས་བཟུང་། བོད་མི་རྣམས་ཀྱིས་རྒྱ་ནག་གི་དྲག་གནོན་ལ་ངོ་རྒོལ་གྱིས་རང་བསྲེགས་ལས་འགུལ་དེ་ཉིད། ཟླ་བ་ཁ་ཤས་ལ་ཐེངས་གཅིག་ཙམ་བྱེད་པ་དེ། ཟླ་བ་གཅིག་གི་ནང་ཐེངས་མང་བྱེད་སྲོལ་ཞིག་ཏུ་གྱུར་ཡོད། རྒྱ་ནག་གི་རྒྱལ་ཚོགས་ཚོགས་ཐེངས་གཉིས་ཀྱི་དུས་ཡུན་ཉིན་གསུམ་རིང་། ཉིན་རེར་རང་བསྲེགས་ལས་འགུལ་རེ་བྱུང་པར་གྱུར། འདས་ཟིན་པའི་ཟླ་བ་བཅུ་གཉིས་ཀྱི་དུས་ཡུན་ནང་། བོད་མི་མི་བགྲངས་ཉི་ཤུ་ལས་མང་བའི་གྲྭ་བཙུན་གྱིས་བོད་མིའི་རང་དབང་གི་ཆེད་སོ་སོའི་ཆེས་རིན་ཐང་བྲལ་བའི་མི་ལུས་རིན་པོ་ཆེ་དེ་ཉིད་བློས་གཏོང་གིས་རང་བསྲེགས་ལས་འགུལ་སྤེལ་པ་དང་། བོད་མི་འདི་དག་གི་བྱ་སྤྱོད་དེ་ནི་རྒྱ་ནག་གིས་དབང་འཛིན་དང་། ཧུའུ་ཅིན་ཐོའོ་ཡིས་བོད་དོན་ཐད་འཛིན་པའི་གཡོ་ཟོལ་ཀྱི་ཇུས་ངན་དེས་བོད་མི་འཚོ་ཐབས་དཀའ་བའི་གནས་སུ་གྱར་བའི་མཚོན་དོན་ཞིག་ཀྱང་རེད།
ཧུའུ་ཅིན་ཐོའོ་ཡི་ཆབ་སྲིད་ཀྱི་བརྒྱུད་རིམ་དེར་སྤྱི་ལོ་༡༩༨༩ལོར་ཁོས་བོད་ཐོག་དྲག་གནོན་བྱས་པ་དང་། ཁོས་དྲག་གནོན་གྱི་བརྒྱུད་རིམ་ཁྲོད་བྱམས་དང་སྙིང་རྗེ་མེད་པའི་མི་གསོད་ལག་དམག་ཞིག་གི་ཆ་ཤས་ལེན་པ་དེ་རྒྱ་ནག་གི་འགོ་འཛིན་ཏིང་ཞོའོ་ཕེན་གྱིས་བློ་རུ་སོང་ནས། མ་འོངས་རྒྱ་ནག་གི་འགོ་འཛིན་དུ་སྔོན་བཀོད་བྱུང་པ་རེད། ཁོས་ཅང་ཚེ་མིན་ནས་ཆེས་མཐོ་བའི་དབང་ཆ་དེ་ཉིད་ཚུར་ལེན་པ་ནས། ཆབ་སྲིད་ཀྱི་སྲིད་དབང་ཁ་འཐོར་རུ་གནས་པའི་སྲིད་དོན་ལས་ཁུངས་ནང་། ཧུའུ་ཅིན་ཐོའོ་ཡི་བོད་ཡུལ་དུ་རོལ་བའི་དམིགས་བསལ་གྱི་ལོ་རྒྱུས་དེས། ཁོ་་ལ་བོད་དོན་ཐད་རྩོད་མེད་དང་སུས་ཀྱང་འགོག་ཐབས་མེད་པའི་གཏམ་བཤད་ཐུབ་པའི་རང་དབང་དེ་ཐོབ་པ་རེད། ཏང་ནང་ཁུལ་གྱི་བོད་ཀྱི་གནད་དོན་ཐད་བྱུང་བའི་ཅུང་གུ་ཡངས་ཀྱི་སྐད་ངག་དང་། ཏཱ་ལའི་བླ་མའི་ཐོག་འཛིན་བའི་བསམ་ཚུལ་འདྲ་མིན་ཀྱང་ཧུའུ་ཅིན་ཐོའོ་སྲིད་སྟེགས་སུ་ཐོན་པ་ནས། གྲང་ཤུར་ཤུར་རུ་གྱུར་པ་རེད། ཧུའུ་ཅིན་ཐོའོ་་ཡིས་བོད་ཀྱི་ས་གནས་སུ། མཁྲེགས་བཟུང་དང་དྲག་གནོན་སྲིད་བྱུས་དེ་ལག་བསྟར་བྱས་པ་ནས། བོད་ཀྱི་ས་གནས་སུ་མི་རིགས་གནད་དོན་གྱི་འགལ་ཟླ་དེའང་ཆེས་མཐོ་བའི་ཁ་བྲལ་ལམ་ལུགས་སུ་བསྒྱུར་པ་རེད། བོད་ཀྱི་དཀའ་རྙོག་དེའང་ཁ་བྲལ་དང་ཁ་བྲལ་ལ་འཐབ་རྒོལ་གྱི་གནས་དོན་ཞིག་ཏུ་བསྒྱུར་པ་རེད། ད་དུང་ཁུངས་མེད་ལུང་མེད་ཀྱིས་མི་རིགས་འགལ་ཟླ་ཆེས་ཆེར་གཏོང་བའི་སྲིད་བྱུས་མང་པོ་ལག་བསྟར་བྱས་པ་རེད། བོད་ཀྱི་ཐུན་མིན་རིགས་གཞུང་ལ་གཏོར་བཤིག་དང་། རྒྱ་ནག་གི་རིག་གཞུང་སློབ་གསོ་དར་སྤེལ་བྱེད་པ། དགོན་སྡེ་ཁག་ལ་ཆབ་སྲིད་ཀྱིས་འཛིན་སྐྱོང་བྱེད་པ། དགེ་འདུན་གྱི་ཀླད་པ་བཀྲུ་གང་ཐུབ་བྱེད་པ་དང་། ལྷག་པར་ཏུ་ཏཱ་ལའི་བླ་མ་བདུད་འདྲེའི་གཟུགས་སུ་བཀོད་སྒྱུར་བྱེད་པ་སོགས་ཀྱིས་བོད་དམངས་ཡོངས་ལ་ཕོག་ཐུག་འཚབ་ཆེན་བྱུང་པ་དང་།
སྤྱིར་བཏང་ནས་ཅུང་ཞི་མཐུན་དུ་གནས་པའི་བོད་ཀྱི་མི་རིགས་འགལ་ཟླའི་གནས་སྟངས་དེ་སྡུག་ཏུ་བཏང་པ་དང་། ཛ་དྲག་ཆེ་རུ་སོང་པ་རེད། ཧུའུ་ཅིན་ཐོའོ་ཡིས་བསྟུད་མར་སྤེལ་བའི་མི་རིགས་རིང་ལུགས་ཀྱི་ཚར་གཅོད་ལས་འགུལ་ནང་། མི་རིགས་རིང་ལུགས་ཀྱི་ཁ་གཡང་ཆེ་རུ་བསྒྲགས་པ་དང་གནོད་ཤུགས་ཀྱང་ཆེ་རུ་སོང་པ་རེད། བོད་ལྗོངས་སུ་འཁོད་བའི་དཔོན་རིགས་ཚང་མས་ཁོའི་སྲིད་ཇུས་ལ་ལད་ཟློས་དང་རྒྱུན་འཛིན་བྱས་པ་རེད། ལོ་ངོ་བཅུའི་རིང་ཧུའུ་ཅིན་ཐོའོ་ཡིས་བོད་ས་ཐོག་འཛིན་བའི་མཁྲེགས་བཟུང་དང་དྲག་གནོན་དེས། བོད་ལྗོངས་ལ་གསོས་ཐབས་བྲལ་བའི་མཇུག་འབྲས་ཤིག་བསྐྲུན་པ་རེད་ལ། བོད་ས་ཡོངས་སུ་མེ་རི་ལྟར་གྱུར། བོད་མིའི་སེམས་ཁོངས་སུ་ཁོང་ཁྲོའི་མེ་རླབས་འབར་པ་དང་། བོད་ས་ཡོངས་ལ་འཁོན་འཛིན་གྱི་མེ་ལྕེ་བྱུང་པ་རེད། (博讯 boxun.com)
དེ་རིང་། བོད་ལྗོངས་སུ་དྲག་གནོན་བྱེད་བའི་མེ་དཔུང་དེ་དག། ཕལ་ཆེར་བ་ནི་ཧུའུ་ཅིན་ཐོའོ་ཡིས་སྲིད་དབང་སྤྱོད་པའི་ལོ་ངོ་བཅུའི་ནང་གསོ་སྐྱོང་བྱས་བའི་དེང་རབས་ཀྱི་ན་གཞོན་འབའ་ཞིག་ཡིན་པ་དང་། གཅིག་བྱས་ན་ཁོ་ཚོས་རྒྱ་ནག་རིག་གསར་སྐབས་ཀྱི་གྱོང་གུད་དང་། རྒྱ་ནག་གི་རྒྱུན་དུ་ལོ་རྒྱུས་སུ་སྦས་བའི་སྲིད་བྱུས་ནི། ཁོ་ཚོར་མཚོན་ན་རྒྱང་རིང་གི་གནའ་སྒྲུང་ཞིག་ལས་ཅི། ཧུའུ་ཡོ་པང་ལ་བདེན་འགེབས་རྫུན་སྟོན་གྱིས་ངན་གཡོག་བྱས་པ་དང་བོད་མི་ཚོས་རང་སྲིད་རང་སྐྱོང་ལ་ཆེས་རེ་བ་དང་ཡིད་ཆེས་ལྡན་པའི་རིན་ཐང་ཅན་གྱི་ལོ་ཟླ་ནི་ཁོ་ཚོར་མཚོན་ན་འདི་དག་གོ་ཐོས་བྱུང་པར་ཆེས་ཉུང་ཉུང་ལོས་ཡིན། བོད་མི་ཚོའི་སེམས་ཚོར་ནི་འཚར་ལོངས་ཀྱི་ལོ་ངོ་བཅུའི་རྒྱུད་རིང་ཁྲོད་རིམ་བཞིན་བསགས་འཇོག་བྱུང་པ་རེད། ཁོང་ཚོ་སློབ་སྦྱོང་བྱེད་སྐབས་དཀའ་ངལ་འཕྲད་པ་དང་། བྱ་བ་སྒྲུབ་སྐབས་དཀའ་ངལ་འཕྲད་པ་དང་། ཕྱིར་བསྐྱོད་བྱེད་སྐབས་དཀའ་ངལ་འཕྲད་པ་དང་། ཐ་ན་ཆོས་ལུགས་དད་མོས་ཐད་ཀྱང་དཀའ་ངལ་འཕྲད་པ་རེད། དཀའ་ངལ་འདི་དག་ཀྱང་ཁོང་ཚོའི་མི་རིགས་ངོ་བོ་ནས་བྱུང་པ་ཡིན་དུས། ཁོང་ཚོའི་མི་རིགས་ངོ་བོ་དེའི་རྐྱེན་པས་ཁོང་ཚོར་གཞན་གྱིས་མཐོང་ཆུང་བྱེད་པ་དང་། ཐ་ན་རང་ཉིད་ཀྱི་ཕ་ས་རུ་ཁོང་ཚོ་དབྱེ་འབྱེད་བྱེད་ཀྱིན་ཡོད། དེང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ནང་། ཁོང་ཚོའི་མདུན་ལམ་ནི་མོག་མོག་ཏུ་གྱུར་པ་དང་། འཚོ་ཐབས་ཀྱང་མེད་པའི་ཚོར་བ་སྟེར། ལོ་ངོ་བཅུའི་རིང་གི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་ཁོར་ཡུག་འདི་ནི། ཧུའུ་ཅིན་ཐོའོ་ཡིས་བཟོ་བསྐྲུན་ལས་བྱུང་པ་རེད། བོད་ཀྱི་དཀའ་རྙོག་འདི་ནི་ལོ་རྒྱུས་ཀྱི་གནད་དོན་ཞིག་ཡིན་ནའང་། གཙོ་བོར་ཧུའུ་ཅིན་ཐོའོ་ལ་འགན་ཡོད་པ་ཡིན། འདི་ནི་ཧུའུ་ཅིན་ཐོའོ་ཡིས་བོད་ཐོག་འཛིན་བའི་ཆེས་མཁྲེགས་བཟུང་དང་ངོ་ཚ་མེད་པའི་ཆབ་སྲིད་ཀྱི་སྲིད་བྱུས་དེས་བོད་ཀྱི་དེང་རབས་ན་གཞོན་མང་པོ་ངོ་རྒོལ་གྱི་ལམ་དུ་བརྫངས་པ་རེད།
བོད་ཀྱི་གནད་དོན་ཐད། བོད་ཀྱི་བསམ་བློ་དབུ་ཁྲིད་ཏཱ་ལའི་བླ་མས་རྒྱ་ནག་གི་བོད་ཐོག་ཇི་ལྟར་སྲིད་བྱུས་ངན་པ་སྤེལ་པ་དང་། རྒྱ་ནག་གིས་ཁོང་ལ་ཇི་ལྟར་བདུད་འདྲེ་ལྟར་ལྟ་ཚུལ་འཛིན་ནའང་། ཁོང་གིས་ནམ་ཡང་རྒྱ་ནག་གི་ཅིག་འགྱུར་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱ་ནག་གི་ཀྲུང་ཧྭ་མི་རིགས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞི་དེར་སྲུང་སྐྱོབ་ཐོག་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་ཀྱིན་ཡོད་པ་རེད། ཁོང་གི་ལོ་རྒྱུས་ལ་རྩོད་སྒྲུབ་མི་བྱེད་པ་དང་། དེང་རབས་ཅན་དང་རྒྱ་མི་རིགས་ཀྱི་མི་འབོར་དཀའ་ངལ་ལ་ཐུགས་བསམ་བཞེས་པ་དང་། རྒྱ་ནག་མི་རིགས་ཀྱི་བསམ་པའི་དཔལ་ཡོན་གྱི་ཉམས་རྒུད་ཐད་ཐུགས་བསམ་བཞེས་ཀྱིན་ཡོད་ལ། བོད་འདི་རྒྱ་ནག་གི་མངའ་ཁོངས་སུ་སྡོད་འདོད་ཀྱང་ཡོད་པ་དང་། རྒྱ་རིགས་མཉམ་དུ་འཚོ་བ་བསྐྱེལ་འདོད་ཡོད་པ་མ་ཟད། རྒྱ་ནག་འདི་ཉིད་རིན་ཐང་ཅན་ཞིག་དང་རྒྱུན་སྲོལ་གྱི་དཔལ་ཡོན་ལྡན་པའི་སྟོབས་ཆེན་རྒྱལ་ཁབ་ཞིག་ཏུ་འཛུགས་བསྐྲུན་བྱེད་འདོད་ཡོད་མོད། འོན་ཀྱང་ཧུའུ་ཅིན་ཐོའོ་ཡིས་ཁོང་གི་བྱམས་བརྩེ་ལ་སྣང་མེད་གཏོང་པ་དང་བོད་ཀྱི་དཀའ་རྙོག་སེལ་པར་ཏཱ་ལའི་བླ་མར་རིན་ཐང་གཏན་ནས་འཇོག་གི་མེད།
ལོ་རབས་བརྒྱད་བཅུ་ནས་བྱུང་བའི་“རྒྱ་བོད་ཞི་མོལ”་དེ་ཡང་“བོད་མི་ཡུལ་སྐོར་སྤྲོ་འཆམ་རུ་ཁག”ཏུ་སྒྱུར་པ་རེད། ཏིང་ཞོའོ་ཕིན་ལགས་ཀྱི་“རྒྱ་བོད་གྲོས་མོལ”དང་རང་བཙན་་ཕུད་པར་གནས་དོན་གཞན་གང་གི་ཐད་ནས་ཀྱང་གྲོས་མོལ་བྱེད་ཆོག་པའི་སྲིད་བྱུས་དེ་དང་ཡོངས་སུ་འགལ་པ་རེད་ལ། མ་ཟད་བོད་ཐོག་སྲིད་བྱུས་ནོར་བ་མང་པོ་སྤེལ་པ་དང་བོད་མིས་མི་འདོད་པའི་ངོ་རྒོལ་སྣ་ཚོགས་བསྐྲུན་པ་དང་། མཐར་དེ་དག་ཡོད་ཚད་ཏཱ་ལའི་བླ་མའི་མགོ་ལ་གཡུགས་པ་རེད། འདི་དག་ནི་“ཏཱ་ལའི་རུ་ཚོགས”ཀྱི་ངན་བསྐུལ་རེད་ཅེས་ལབ་པ་རེད། འདི་ནི་དཀར་ནག་དང་བདེན་རྫུན་མགོ་རྟིང་ལོག་པ་རེད་ལ། བོད་མི་ཚོའི་སེམས་ཁམས་ལ་ཕོག་ཐུག་བཏང་པ་རེད། དེས་ལོ་རྒྱུས་སུ་རྒྱ་རིགས་དང་ཕན་ཚུན་མཛའ་མཐུན་དང་ཆོས་འབྲེལ་ཡོད་པ། སྤུན་མཆེད་ཀྱི་འདུ་ཤེས་ཡོད་པ། ཕན་ཚུན་དབར་མཚམས་རེར་འཁོན་འདྲེས་་ཡོད་ནའང་ཕན་ཚུན་གང་ཐུབ་ཀྱིས་མཛའ་འབྲེལ་ཡོད་པའི་མི་རིགས་ཤིག་དགྲ་རུ་འཛིན་པ་རེད། ཧུའུ་ཅིན་ཐོའོ་ཡིས་བོད་ཐོག་འཛིན་པའི་པའི་སྲིད་བྱུས་དེས། བོད་མི་ཁ་བྲལ་གྱི་ལམ་དུ་བརྫངས་པ་རེད་ལ། གལ་སྲིད་ཉིན་ཞིག་བོད་འདི་རྒྱ་ནག་གི་མངའ་ཁོངས་ནས་ཁ་བྲལ་སོང་ན། ཧུའུ་ཅིན་ཐོའོ་ནི་ལོ་རྒྱུས་ཀྱི་ནག་ཉེས་ཅན་ཞིག་ཏུ་གྱུར་ངེས་རེད།
ཧུའུ་ཅིན་ཐོའོ་ཡི་ཆབ་སྲིད་བརྒྱུད་རིམ་ནང་ཐོག་མ་ནས་བོད་མི་བསད་པ་རེད་ལ། མུ་མཐུད་དུ་བོད་མི་གསོད་རྒྱུ་རེད། ཁོས་སྟངས་འཛིན་བྱེད་པའི་ལོ་ངོ་བཅུའི་རིང། ཆབ་སྲིད་དེ་དྲག་གནོན་་དུ་གྱུར་པ་རེད་ལ། བོད་ལྗོངས་འདི་ཉིད་ནི་དྲག་དམག་གིས་གང་བྱུང་བོད་མི་གསོད་གཏུབ་ཆོག་པའི་ས་གནས་ཤིག་ཏུ་བསྒྱུར་རེད་། ཁོ་རང་སྲིད་དབང་ལ་ཁ་བྲལ་ཁར། ལུས་པོ་ཡོངས་སུ་བོད་མིའི་ཁྲག་གི་གོས་པ་རེད། ཡིན་ནའང་མི་གསོད་ན་ཁྲག་ལེན་འཇལ་དགོས་ཀྱི་ཡོད་་པ་དང་། མོའོ་ཙེ་ཏུང་གིས་རིག་གསར་སྐབས་སུ་བོད་ནང་བསགས་བའི་ནག་ཉེས་དེ་དག་ཧུའུ་ཡོ་པང་གིས་ཁོའི་ཚབ་བྱས་ཏེ་མཇལ་པ་རེད། ཡིན་ནའང་ཧུའུ་ཅིན་ཐོའོ་ཡིས་བསགས་པའི་ནག་ཉེས་དེ་ཚོ་སུས་འཇལ་རྒྱུ་ཡིན་ནམ།
ཅི་འདྲ་རྒྱུ་མཚན་ལྡན་པ་ཞིག་མ་རེད་དམ། ཧུའུ་ཅིན་ཐོའི་ནི་བོད་མི་དམར་གསོད་གཏོང་མཁན་ཆེས་ལག་དམར་བ་དེ་ཡིན་ལ་ནམ་ཞིག་རང་གིས་བྱས་ཉེས་ལ་འགྱོད་གདུང་དྲག་པོའི་མནར་ཡ་ཡིན་པ་ནི་གདོན་མི་ཟའོ།།
བློ་བཟང་གྲགས་པ་ལགས། ཁྱེད་ཀྱིས་གཞན་རྩོམ་ཡག་པོ་བསྒྱུར་འདུག ཁོའི་རྩོམ་ཡིག་དེའི་ནང་ན་ང་ཚོའི་ད་ལྟའི་མིག་སྔའི་གནད་དོན་འབྱུང་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཐེར་འདོན་བྱས་འདུག་པས། ཁོས་བཤད་པ་བདེན་པ་རེད། ཧུའུ་ཅེན་ཐོ་ནི་བོད་མིའི་ད་ལྟའི་དཀའ་རྙོག་ཡོད་ཚད་ཀྱི་སྣ་འདྲེན་ཡིན་གཟུ་བོའི་བློ་ཡིས་བལྟས་པ་ཡིན་ན་མི་ཤེས་མཁན་གཅིག་ཀྱང་ཡོད་མི་སྲིད། ཡིན་ན་བདེན་པ་ལས་རྫུན་མ། དྲང་མོ་ལས་འཁྱོག་པོ་བྲིན་པའི་དུས་འདིར་བདེན་པ་ཁོ་ནར་ཡིད་ཆེས་ཀྱིས་དོན་འགྲུབ་དཀའ་ཙམ་སྙམ། བློ་གྲགས་ལགས་ད་དུང་མི་མཐུད་དུ་འདི་འདྲའི་བསྒྱུར་རྩོམ་གང་མང་བཀོད་ཐུབ་ན་ལེགས། དེ་དང་ཆབས་ཅིག་ཡི་གེའི་དག་ཆའི་སྐོར་ལའང་ཐུགས་བསམ་བཞེས་རོགས། སྤྱིར་བཏང་ད་ལྟའི་དུས་ཚོད་འདི་ལ་རྩོམ་ཡིག་འདི་འདྲ་འགོད་མཁན་ཡོད་མེད་ལས་དག་ཆའི་སྐོར་ལ་རྩོད་གླེང་བྱེད་པའི་དུས་མིན་པ་ངེས་ཤེས་ཀྱི་ཡོད། དེ་ཙམ་དུ་མ་ཟད་དག་ཁ༌ཤས་ནོར་ན་དེ་ལ་སྐྱོན་དེ་ཙམ་མི་འདུག་འོན་ཀྱང་ཁྱེད་ནས་དག་ཆ་ཡང་ཡོད་པ་ཞིག་སྤེལ་ན་བཟང་ཐོག་བཟང་དང་ཡག་ཐོག་རྒྱན་རེད་ཅེས་བཤད་པ་འདོད་པ་ལས་སྐྱོན་བཙལ་བ་མིན།
བློ་བཟང་གྲགས་པ་ལགས་དེ་ལྟར་གལ་ཆེའི་རྩོམ་ཡིག་རང་སྐད་ཐོག་བསྒྱུར་ནས་མཁོ་བཏོན་གནང་བ་ཐུགས་རྗེ་ཆེ།ཧུའུ་ཅིན་ཐོའོ་ནི་ང་ཚོའི་ལག་དམར་བ་དང་། གངས་ཅན་བོད་ཀྱི་ལྗོངས་སུ་དམྱལ་བ་སྐྲུན་མཁན་ཡིན། ནམ་ཡང་ང་ཚོའི་སེམས་ཁོང་ལ་བསུབ་ཏུ་མེད་པའི་དགྲ་བོ་དེ་ལོས་ཡིན། ཉིན་ཞིག་ཁོས་བྱས་ཉེས་དག་ལ་བསམ་གཞིགས་བྱས་ནས་འགྱོད་གདུང་གིས་མནར་ངེས་ཡིན།
ཞིབ་དག་ཅིག་བཏང་སྟེ་དྲ་ཐོག་ཏུ་འགོད་ཐུབ་ན་ཧ་ཅང་ཡག་པོ་ཡོད་ས་རེད། མ་གཞི། ཚིག་སྦྱོར་ཡག་པོ་འདུག
ད་ལོ་ནི་བོད་ཀྱིས་གཙོ་བོར་གྱུར་པའི་གྲངས་ཉུང་མི་རིགས་ཁག་གིས་ཧུའུ་ཡི་སྲིད་དབང་འོག་མནར་གཅོད་དྲག་པོ་མྱངས་པའི་ལོ་རྒྱུས་ལ་རྫོགས་ཚིག་འབྲི་བའི་ལོ་རེད། སྲིད་ཇུས་ལ་དུས་དང་མཐུན་པའི་འགྱུར་ལྡོག་མེད་ན་ཉིན་ཞིག་སྲིད་གཞུང་མགོ་རྟིང་སློག་ངེས་པ་འཇིག་རྟེན་གྱི་ཆོས་ཉིད་ཡིན།
འདི་ལྟ་བུའི་རྩོམ་ཡིག་མང་ཙམ་བསྒྱུར་རེ་ཡོད། ངོ་མ་བཀའ་དྲིན་ཆེ།
ཡེ་རྡོ་ཡི་རྩོམ་ཡིག་ལ་དགག་པ་རིགས་པའི་ཐོག་མདའ།
ཀྲུང་གོའི་སློབ་གསོ།
དར་ཆ་གསལ་པོས་ཏཱ་ལའི་ཁ་བྲལ་ལ་ངོ་རྒོལ། བློ་བརྟན་འགྱུར་མེད་ཀྱིས་བཅར་རྡུང་དྲག་པོ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་དར་སྤེལ། བརྟན་བརླིང་སྲུང་སྐྱོབ་དང་། ཡུན་རིང་བདེ་འགོད་ཡོང་བར་བྱེད་དགོས་ཟེར།
ལོག་སྨྲ་ཚར་གཅོད། གཏམ་དེ་ཚོ་གུང་ཁྲན་གྱིས་བོད་ནང་ཁ་ན་ན་དང་ལྕེ་དིག་དིག་གི་བར་དུ་བཤད་ཀྱང་ཕན་ནུས་གང་ཡང་མ་ཐོན་པ་རྒྱལ་བ་རིན་པོ་ཆེ་དང་ཁ་བྲལ་ལ་ངོ་རྒོལ་བྱེད་རྒྱུའི་ཚབ་ལ་ང་ཚོའི་བོད་མི་རྣམས་ཀྱིས་བོད་ལ་རང་དབང་དང་རྒྱལ་བ་རིན་པོ་ཆེ་བོད་ལ་མྱུར་དུ་གདན་ཞུ་བྱེད་དགོས་ཅེས་མི་དམངས་ཀྱི་དགོས་འདུན་ངོ་མ་དེ་བསྟན་ཡོང་དུས་ཁྱེད་ཚོས་དྲག་གནོན་གྱིས་གསོད་རྡུང་བཙན་བཀག་གི་བྱ་བ་ལས་གཞན་ཅི་བྱ་གཏོལ་མེད་དུ་གྱུར་ཡོད། མི་རིགས་མཐུན་སྒྲིལ། བརྟན་བརླིང་སྲུང་སྐྱོབ་དང་ཡུན་རིང་བདེ་འགོད་ཟེར་བ་ཡོང་ས་རེད་དམ། ཁྱེད་ཚོས་གུང་ཁྲན་ཏང་གིས་ང་ཚོའི་བོད་ཀྱི་ས་འོག་གཏེར་ཁ་ཡོངས་རྫོགས་རྔོག་ཁྱེར་བྱས། ས་སྟེང་གི་ཤིང་ནགས་ཚང་མ་བཅད། རང་བྱུང་གི་ཁོར་ཡུག་རྣམས་ཀྱང་འབག་བཙོག་བཟོས། སྐྱབས་གནས་ཀྱི་བླ་ཆེན་ཚང་མ་ཕྱིར་འབུད་བཏང། ཤུལ་ལུས་ཀྱི་བོད་མི་ས་ཡ་གཅིག་ལྷག་དམར་གསོད་བཏང་། བསམ་ཡོད་ཀྱི་ཡུལ་མི་ཐམས་ཅད་བཙན་དུ་བཀག བསམ་མེད་ཀྱི་བོད་མི་རྣམས་ལ་དཔོན་མིང་སྟོང་པ་རེ་བཏགས། དགོན་པ་དང་ལྷ་ཁང་ཚང་མ་གྱང་རོར་བསྒྱུར། ནང་རྟེན་རྩ་ཆེན་གྱི་དངོས་པོ་རྣམས་རྒྱ་ནག་ཏུ་ཁྱེར། སྡིག་ཉེས་དེ་དག་གིས་རྐྱེན་པས་བོད་པའི་སེམས་ཀྱི་རྨ་ཁ་ནམ་ཡང་གསོ་ཐབས་མེད་པར་གྱུར་ཟིན་པས་ཁྱེད་ཚོས་ཧམ་པ་དང་དྲག་པོ་ཁོ་ནའི་ལམ་ནས་བོད་མིར་ངོ་རྒོལ་འགོག་ཐབས་ཀྱི་རེ་ངན་བཅངས་ཡོད་ཀྱང་དུས་ནམ་ཡང་འགྲུབ་མི་སྲིད། བོད་མི་རིགས་ཀྱི་སེམས་ཁམས་འདི་མི་རབས་ནས་མི་རབས་རྒྱུད་ནང་བསྟན་གྱིས་ཡོངས་སུ་བཅོས་ཟིན་པའི་རིག་པ་དངས་གསལ་ཡིན་པས་དངུལ་རྔན་དང་རྒྱལ་གཅེས་སློབ་གསོ་ཟེར་བའི་ངན་སྐུལ་གྱིས་ནམ་ཡང་བསླུ་མི་ཐུབ། ཁྱེད་ཚོས་བོད་མི་ཉུང་ཤས་ལས་མང་ཆེ་བ་གུང་ཁྲན་ལ་དགའ་བཞིན་ཡོད་ཟེར་བ་དང་ཞིང་བྲན་ཁྲི་ཚོ་རྒྱ་ལ་ཡར་ལང་གི་བཅིང་གྲོལ་ཐོབ་ཡོད་པས་ཀྲུང་གོ་ལ་བློ་གཏོད་བཅོལ་གྱིན་ཡོད་ཟེར་བ་སོགས་ངོ་མ་བདེན་ན་དེ་སྔོན་༸གོང་ས་མཆོག་ནས་བོད་ནང་ལ་བོད་མི་ཚོར་རང་དབང་ཡོད་པའི་ཐོག་ནས་འདེམས་ཤོག་འཕེན་དང་བོད་ནང་གི་བོད་པ་རྒྱ་ཆ་དྲུག་ཅུ་ཡན་གྱིས་ཀྲུང་གོ་དང་ཏང་གི་སྲིད་ཇུས་ལ་དགའ་ཞེན་ཆེ་བ་ཡིན་པར་ཐོན་སོང་ན་ང་ཚོའི་ངོས་ནས་བོད་ཀྱི་གནད་དོན་ལ་རྩོད་རྙོག་དུས་ནམ་མི་བྱེད་ཅེས་གསུངས་སྐབས་རང་དབང་ཡོད་པའི་ཐོག་ནས་བོད་མི་རྣམས་འདེབས་ཤོག་འཕེན་བཅུག་མ་ཕོད་པ་དེ་ཅི་ཡིན་ནམ།
ཡེ་རྡོ། ཏཱ་ལའི་ཚོགས་ཁག་གིས་རང་ལུས་མེར་སྲེག་གཏོང་བར་ངན་སྐུལ་བྱས་པའི་སྐོར་ལ་རྒྱལ་ནང་གི་སྤྱི་ཚོགས་ལས་རིགས་ཁག་སོ་སོས་ངོ་རྒོལ་དྲག་པོ་བྱས་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། ཁྱེད་ཚོའི་སྤྱི་ཚོགས་ལས་རིགས་ཁག་གི་ལས་མི་ལ་སྲིད་དབང་སྒེར་སྤྱོད་བྱེད་མཁན་གུང་ཁྲན་གྱིས་བཀའ་གང་གནང་ལས་རང་ལ་སྨྲ་བརྗོད་ཀྱི་རང་དབང་མེད་པས་གལ་སྲིད་རང་གི་འདོད་པ་བཤད་ན་གླ་ཕོག་དང་གོ་གནས་ཤོར་འགྲོ་བས་ཁོང་ཚོས་ངོ་རྒོལ་ཡིན་ཁུལ་བྱས་ཀྱང་སེམས་གཏིང་ནས་ཡིན་པར་ཇི་ལྟར་བསྒྲུབ་ཏེ་བསྒྲུབ་མི་ནུས་སོ།
ཡེ་རྡོ། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་ཅིག་གིས་ཀྱང་དེར་དོ་སྣང་དང་དོགས་པ་ཟ་བཞིན་ཡོད་པ་དང་། དྲ་དམངས་རྣམས་ཀྱིས་ཏཱ་ལའི་ཚོགས་ཁག་གི་མི་ཆོས་དང་འགལ་བའི་སྡིག་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གཏོང་བཞིན་ཡོད། གནོན་ཤུགས་ཆེན་པོ་དང་འཕྲད་པར་བརྟེན། ཟླ་༣ཚེས་༡༠ཉིན་གྱི་རྡ་རམ་ས་ལའི་འདུ་ཚོགས་ཁྲོད། ཏཱ་ལའི་ཡིས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད་ཟེར།
ལོག་སྨྲ་ཚར་གཅོད། ཁྱེད་ཀྱིས་བྲིས་པའི་ཚིག་དེ་དག་གོ་ལྡོག་ནས་བཤད་ན་དོན་ལ་གནས་པ་ཞིག་ཆགས་འགྲོ་སྟེ། ཕྱི་རྒྱལ་གྱི་སྨྱན་སྦྱོར་ཁག་ཅིག་གིས་ཀྱང་རྒྱ་ནག་གུང་ཁྲན་ཚོགས་པས་སྲིད་དབང་སྒེར་འཛིན་བྱེད་དེ་མི་ལོ་དྲུག་ཅུ་ལྷག་རིང་མི་དམངས་ལ་དྲག་གནོན་བྱེད་བཞིན་པར་དོ་སྣང་དང་སྲིད་བྱུས་ནོར་འཁྲུལ་ཅན་དེ་གསལ་པོར་བཟོ་འདོད་ཡོད་པ་དང་། འཛམ་གླིང་མི་དམངས་དང་དྲ་དམངས་རྣམས་ཀྱིས་གུང་ཁྲན་ཚོགས་ཁག་གི་མི་ཆོས་དང་འགལ་བའི་སྡིག་སྤྱོད་ལ་སྐྱོན་བརྗོད་དྲག་པོ་གཏོང་བཞིན་ཡོད། གནོན་ཤུགས་ཆེན་པོ་དང་འཕྲད་པར་བརྟེན། རྒྱ་ནག་གི་མགོ་ཁྲིད་ཚོས་ཕྱི་ཕྱོགས་སུ་འགྲོ་སྐབས་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་དང་སྨྲ་བརྗོད་གསར་འགོད་རང་དབང་སོགས་ཀྱི་སྐོར་བྲིས་སྐབས་ངོ་ཚ་ཁ་སྐྱེངས་ཀྱིས་གཡོ་སྒྱུར་མི་བདེན་རྫུན་སྒྲིག་ཁོ་ན་ལས་བདེན་གཏམ་ཚིག་གཅིག་ཀྱང་བཤད་རྒྱུ་མེད་པ་དེ་གང་བྱས་པ་རེད་དམ།
དོན་ངོ་མ་ནི་༸གོང་ས་མཆོག་ནས་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་གང་ཡང་མ་གསུངས་པ་དེས་ང་ཚོའི་བཙན་བྱོལ་བོད་མི་ཚོས་རང་དབང་དམངས་གཙོ་ཚད་ལྡན་ཞིག་ལོངས་སུ་སྤྱོད་བཞིན་པ་དང་མི་དམངས་ཀྱིས་བསྐོས་པའི་དབུ་ཁྲིད་ལ་ཉིད་ཀྱི་སྐུ་དབང་ཡོངས་སུ་རྩིས་སྤྲོད་ཀྱིས་བོད་ཀྱི་གནད་དོན་དེ་བོད་མི་ས་ཡ་དྲུག་གི་གནད་དོན་ལས་༸གོང་ས་མཆོག་སྐུ་སྒེར་གྱི་གནད་དོན་ཞིག་མིན་པ་དང་དེ་ཡང་མི་རབས་མི་རབས་བར་རྒྱུན་ཆད་མེད་པ་གནས་རྒྱུ་ཡིན་པའི་ལན་བརྡ་གསལ་པོ་ཞིག་གུང་ཁྲན་ཚོགས་པར་སྤྲོད་པ་ཡིན་པར་ཤེས་དགོས།
ཡེ་རྡོ། ཏཱ་ལའི་ཡིས་རྒྱ་གར་རྡ་རམ་ས་ལར་རང་སྲེག་གཏོང་མཁན་རྣམས་ལ་བསྔོ་བ་སྨོན་ལམ་རྒྱག་པའི་ཚོགས་འཚོགས་ཤིང་། མགོ་ཁྲིད་ནས་ཟས་བཅད་ཉིན་གཅིག་བྱས་ཏེ་རང་སྲེག་མཁན་རྣམས་ལ་རྒྱབ་སྐྱོར་བྱེད་པ་མཚོན་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། འོ་ན་ང་ཚོས་བོད་མདོ་ཁམས་སྐྱེ་རྒུར་རང་བྱུང་གི་ས་ཡོམ་གྱིས་གོད་ཆག་ཕོག་པའི་སྐབས་དང་དེ་བཞིན་ཐེ་ཝན་དང་ཉིན་ཧོང་ཆི་ལི་སོགས་སུ་རང་བྱུང་གི་འབྱུང་བས་གནོད་འཚེ་ཕོག་དུས་སུའང་༸གོང་ས་མཆོག་དབུར་བཞུག་ཐོག་སྨོན་ལམ་རྒྱ་ཆེན་ཚོགས་ཡོད་པས་དེ་དག་ཀྱང་རང་བྱུང་གི་གནོད་འཚེ་ས་ཡོམ་སོགས་མང་ཙམ་རྒྱོབས་ཤོག་ཅེས་ངན་སྐུལ་བྱས་པར་མཚོན་པ་རེད་ཅེས་ཁྱེད་ཀྱིས་བཤད་ཐུབ་བམ། ང་ཚོ་ནང་པའི་ཆོས་ཉམས་ལེན་བྱེད་མཁན་རྣམས་ནི་ས་ཕྱོགས་གང་དུ་འགྲོ་བ་སུ་དང་གང་ལ་མི་དང་མི་མིན་གྱིས་གནོད་འཚེས་རྐྱེན་པས་དཀའ་སྡུག་མྱོང་སྐབས་བསྔོ་བ་སྨོན་ལམ་བྱེད་རྒྱུ་དེ་ནི་ང་ཚོའི་སྐབས་བབས་ཀྱི་འགན་འཁྲི་ཡིན་པས་དེ་ལ་གལ་སྲིད་ཆབ་སྲིད་ཀྱི་གནད་དོན་བཟོ་བ་དང་ངན་སྐུལ་རེད་ཅེས་འཁྱོག་བཤད་བྱེད་ན་བོད་རྒྱུད་ནང་བསྟན་གྱི་གོ་དོན་མ་རྟོགས་ཅིང་དེ་ལ་མཐོང་ཆུང་བྱས་པ་ཡིན་པ་གསལ་པོར་མཚོན་ཐུབ།
ཡེ་རྡོ། ཏཱ་ལའི་ཐའེ་ཝན་སྐུ་ཚབ་དོན་གཅོད་ཀྱིས་ནང་བསྟན་གྱི་ལྟ་བའི་སྟེང་ནས་བཤད་ན་ཁོང་ཚོའི་བྱ་སྤྱོད་འདི་རིགས་ནི་རང་ལུས་ཞུ་འབུལ་གྱི་བྱ་སྤྱོད་ལ་གཏོགས་ཤིང་། དེ་ནི་ཧ་ཅང་རླབས་ཆེན་དང་གཞན་ཕན་གྱི་བློས་གཏོང་བྱ་སྤྱོད་ཅིག་ཡིན་པས། ངོ་བོའི་སྟེང་ནས་ནང་བསྟན་གྱི་དགོངས་པ་དང་མི་འགལ་ཞིང་། བློས་གཏོང་བསམ་བློ་ཞིག་ཡིན་ཞེས་བཤད་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། བོད་མི་ས་ཡ་དྲུག་གི་རང་དབང་བདེ་དོན་དང་འཛམ་གླིང་ཞི་བདེ་ཡི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་བ་ནི་ཆབ་སྲིད་ནས་བཤད་ན་རྒྱལ་གཅེས་དཔའ་བོ་དཔའ་མོ་དང་ཆོས་ཕྱོགས་ནས་བཤད་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རླབས་ཆེན་གྱི་སྤྱོད་པ་ཞིག་ཡིན་པ་ཤེས་ཡོན་ཅན་སུས་ཀྱང་རྟོགས་ཐུབ། ཆོས་མེད་གུང་ཁྲན་ལ་ཆོས་ཀྱི་གོ་རྟོགས་དང་དེ་ལ་གུས་བཀུར་བརྩི་མཐོང་གང་ཡང་མེད་བཞིན་དུ་ནང་ཆོས་ཀྱི་བྱེད་སྒོ་ཚང་མ་ཆབ་སྲིད་དུ་བོད་སྤྱོད་བྱེད་གང་ཐུབ་བྱས་ཏེ་རང་ལུས་མེར་སྲེག་བྱེད་མཁན་ཚང་མ་དགེ་འདུན་གྱི་འདུལ་ཁྲིམས་དང་ནང་བསྟན་གྱི་བསླབ་བྱ་དང་འགལ་ཚུལ་བརྗོད་ཡོད། དེ་ནི་ནང་ཆོས་ཀྱི་གནད་དོན་མ་རྟོགས་པ་སྟེ་འདུལ་བའི་གཞུང་རྣམས་ལས་གཞན་གནོད་གཞི་དང་བཅས་པ་ལས་ལོག་པའི་འདོད་པའི་གཟུགས་ཅན་ཞིག་འདུལ་ཁྲིམས་ཀྱི་དོན་དུ་གསུངས་པ་ལས་གཞན་དོན་བྱས་པ་འདུལ་ཁྲིམས་སམ་ནང་བསྟན་དང་འགལ་ཚུལ་གསུངས་པའི་ཚིག་གཅིག་ཀྱང་མེད། བདག་ཅག་གི་སྟོན་པས་སྔོན་སློབ་པ་ལམ་གྱི་གནས་སྐབས་སུ་སྟག་མོར་ལུས་སྦྱིན་གནང་བ་སོགས་དང་འཕགས་པ་རྟག་ཏུ་ངུ་ཡིས་རང་ལུས་ཤ་རུས་བཙོངས་ཏེ་ཆོས་འཕགས་ལ་བསྙེན་བཀུར་བྱས་པ་སོགས་ཇི་སྙེད་ཅིག་ཡོད་པ་རྣམས་ནང་ཆོས་དང་འགལ་ཚུལ་ཁྱེད་ཚོས་ཇི་ལྟར་བརྗོད་ཐུབ། མདོར་ན་ཁྱེད་ཚོ་གུང་ཁྲན་གྱི་བཀའ་གང་གནང་ཉན་ན་ནང་བསྟན་དང་མཐུན་ལ་དེ་ལ་མི་བརྩི་་ན་ནང་བསྟན་དང་འགལ་ཚུལ་ཞིག་བརྗོད་ཀྱི་འདུག་མོད་བོད་མི་རིགས་ལ་ཆ་མཚོན་ན་མི་ལོ་སྟོང་ཕྲག་གོང་ནས་ནང་བསྟན་ལ་མཁྱེན་རྒྱ་ཕུལ་དུ་བྱུང་བ་ཡོད་པས་ཀླ་ཀློ་གུང་ཁྲན་གྱིས་རྫུན་བཟོས་ལ་སུས་ཀྱང་མགོ་བོ་རྨོངས་མི་སྲིད།
ཡེ་རྡོ། ཏཱ་ལའི་ཚོགས་ཁག་གིས་རང་སྲེག་གཏོང་བར་ཡག་བརྗོད་དང་། དེར་སྐུལ་བའི་གླེང་བརྗོད་ཀྱི་ཁོར་ཡུག་གཏོད་པའི་དམིགས་ཡུལ་ནི་ཉེས་མེད་ཀྱི་ཚེ་སྲོག་དེ་དག་གཏའ་མར་བཞག་ནས། ཀྲུང་གོར་གླིང་ཆེན་ཨ་ཧྥེ་རི་ཁ་དང་ཨེ་ཤ་ཡ་ནུབ་མའི་རྒྱལ་ཁབ་ཁག་ལྟར་སྤྱི་ཚོགས་ཟིང་འཁྲུག་འབྱུང་བའི་རེ་ངན་བཅངས་ཀྱི་ཡོད་པ་རེད་ཟེར།
ལོག་སྨྲ་ཚར་གཅོད། ཀྲུང་གོའི་སྤྱི་ཚོགས་སུ་ཟིང་འཁྲུག་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གི་མགོ་ཁྲིད་ཚོས་གཞུང་དངུལ་ལྐོག་ཟ་བྱས་དྲགས་པ་དང་མི་དམངས་ཀྱི་སྲིད་དབང་བདག་བཟུང་གིས་མཁྲེགས་འཛིན་གྱི་ལྟ་བས་མི་དམངས་ལ་དྲག་གནོན་བྱེད་ཆེ་དྲགས་པ་རྣམས་ཡིན་གྱི་༸གོང་ས་མཆོག་ནས་བྱས་པ་ག་ནས་ཡིན། ལར་ནས་རིང་པོར་མི་ཐོག་པ་རྒྱ་ནག་གུང་ཁྲན་ཚོགས་པའི་ལག་ན་ཡོད་པའི་སྲིད་དབང་དེ་མི་དམངས་ལ་ཤོར་གྱི་ཡིན་པ་ནི་འཛམ་གླིང་གི་མཁས་པ་ཚང་མས་ངེས་ཟིན་པས་ན་ཁྱེད་ཚོས་རྒན་པོ་འཆི་ཁར་སྡུག་སྐད་མང་ཞེས་པའི་དཔེ་ལྟར་སྡུག་སྐད་རྒྱབ་རྒྱུ་ལས་ངོ་གནོང་མི་དགོས་པའི་སྤོབས་པ་ཞིག་ནམ་ཡང་ཡོད་མི་སྲིད།
ཡེ་རྡོ། ཏག་ཏག་ཏཱ་ལའི་ཚོགས་ཁག་གིས་ནུས་ཤུགས་ཡོད་དགུར་བརྟེན་ནས་ངན་སྐུལ་བྱས་པར་བརྟེན། བོད་ཁུལ་གྱི་ས་ཆ་ཉུང་ཤས་ལ་ཟླ་བ་འགའ་ཤས་རིང་རྒྱུན་ཆད་མེད་པར་རང་སྲེག་དོན་རྐྱེན་བྱུང་ནས། ཉེས་མེད་ཀྱི་ན་ཆུང་འགའི་ཚེ་སྲོག་བརླག་པ་རེད། རང་སྲེག་ནི་རྣམ་པ་འགྱུར་བའི་དྲག་སྤྱོད་མ་ཡིན་པར། དེ་ནི་ཏཱ་ལའི་ཚོགས་ཁག་གིས་ཉེས་མེད་ཀྱི་རང་སྲེག་མཁན་རྣམས་ལ་མངོན་སུམ་འཛེམ་མེད་ངང་དྲག་སྤྱོད་སྤེལ་བ་རེད་ཟེར།
ལོག་སྨྲ་ཚར་གཅོད། ང་ཚོས་ཕྱི་ཕྱོགས་ནས་སྐུལ་མ་བྱེད་མི་དགོས་པ་བོད་ནང་ཡོད་པའི་བོད་མི་རྣམས་ནི་རང་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པས་༡༩༥༩ ལོ་ནས་ད་བར་དགྲ་བོ་རྒྱ་དམར་གྱིས་དྲག་སྤྱོད་སྡུག་བརྩུབ་འོག་མི་བཟོད་པའི་སྡུག་བསྔལ་གྱིས་ཚེ་སྲོག་གི་འགྲོ་སོང་བཏང་ཏེ་ཡར་ལང་གི་འབོད་སྒྲ་ནི་རྒྱུན་ཆད་མྱོང་མེད་ལ་འབྱུང་འགྱུར་ཡང་རང་དབང་གི་སྐྱ་རེངས་གསར་པ་ཞིག་མ་ཤར་གྱི་བར་དུ་རྒྱུན་ཆད་མི་སྲིད། བོད་ནང་གི་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་དང་གཅེས་པའི་ཚེ་སྲོག་གི་འགྲོ་སོང་བཏང་ཏེ་ཡར་ལང་གི་ངོ་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་ཐུགས་ས་ནི་རྒྱ་དམར་གཞུང་གིས་བོད་ཀྱི་རང་དབང་བཙོན་འཕྲོག་བྱས་པ་དང་མི་རིགས་རིག་གནས་དང་བཅས་པ་རྩ་རླག་ཏུ་བཏང་དང་གཏོང་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་ཇུས་དེ་དང་ཧམ་སེམས་ཅན་གྱི་གཡོ་སྒྱུར་དེ་ཡིན་ལ་དེ་ལ་ང་ཚོས་སྐུལ་མ་བྱེད་དགོས་པ་མ་ཡིན་ཏེ། གང་ཞིག་གིས་འགྲོ་བའི་སྲོག་ཆགས་སུ་ལའང་ཐུབ་ཚོད་དང་བཙན་པོས་དབང་ཡོད་བཤད་ཚེ་གཞན་གྱིས་སྐུལ་མ་བྱེད་མི་དགོས་སྲོག་ཆགས་དེས་རང་ནུས་གང་ཡོད་ཀྱིས་ཡར་ལན་བྱེད་ཡོང་བ་ནི་སྲོག་ཆགས་ཀུན་ཀྱི་རང་གཤེས་སུ་གྲུབ་པ་ཞིག་ཡིན་པས་ཁྱེད་ཚོས་བཤད་པ་ནི་སྲོག་ཆགས་རིག་པའི་གཞུང་ལུགས་དང་ཡང་མི་མཐུན་ནོ།
མཁྱེན་ལྡན་གྱི་དྲ་གྲོགས་རྣམ་པར། ཁྱེད་ཅག་གིས་སེམས་ཤུགས་སྤར་པར་ཐུགས་རྗེ་ཆེ་ཞུ། གོང་གི་རྩོམ་ཡིག་ནང་ཡིག་ནོར་མང་པོ་བྱུང་ཡོད་པར་བདེན་པ་རེད། ང་རང་ནི་བོད་ཡིག་ཐོག་ད་དུང་ཞན་ཆ་ལྡན་པའི་མཐོ་སློབ་སློབ་མ་ཞིག་ཡིན། གལ་སྲིད་ཁྱེད་ཅག་གིས་རྩོམ་ཡིག་ཀློག་ཞོར་ཡིག་ནོར་དེ་དག་བཅོས་རྒྱུ་བྱུང་ན། བོད་རིགས་ན་གཞོན་ང་ལྟ་བུར་མཚོན་ན་ཆེས་དགེ་མཚན་ལྡན་སྙམ།་ཐུགས་རྗེ་ཆེ། ངས་རྗེས་སུ་གང་ཐུགས་ཀྱིས་གཞན་རྩོམ་ལེགས་གྲས་གང་མང་སྒྱུར་ཐུབ་པ་བྱ་ངེས།བཀྲ་ཤིས་བདེ་ལེགས།
དྲྭ་བདག་ལགས། ངས་མཆན་མེད་པ་བཟོ་དགོས་དོན་གང་ཡིན་གསལ་བཤད་ཞུ།
བོད་ཀྱི་དཀའ་རྙོག་བསྐྲུན་མཁན་གཏེ་བོ་བཞི་ནི།
༡༽ མའི་ཙེ་ཏུང་ནི། བོད་ཀྱི་དཀའ་རྙོག་བསྐྲུན་མཁན་གཏེ་བོ་དང་པོ་དེ་རེད།
༢༽ ཏིང་ཤ་འོ་ཕིང་ནི། བོད་ཀྱི་དཀའ་རྙོག་བསྐྲུན་མཁན་གཏེ་བོ་གཉིས་པ་དེ་རེད།
༣༽ ཛང་ཛིན་མིན་ནི། བོད་ཀྱི་དཀའ་རྙོག་བསྐྲུན་མཁན་གཏེ་བོ་གསུམ་པ་དེ་རེད།
༤༽ ཧུའུ་ཅིན་ཐོའོ་ནི། བོད་ཀྱི་དཀའ་རྙོག་བསྐྲུན་མཁན་གཏེ་བོ་བཞི་པ་དེ་རེད།
བློ་བཟང་གྲགས་པ་ལགས་ལ་ཐུགས་རྗེད་ཆེ་ཞུ། ཁྱེད་ཀྱིས་རྩོམ་ཡིག་ཡག་པོ་རྒྱུར་འདུག་མ་ཚད་དྲ་གྲོགས་དག་གིས་རྩོམ་ཡིག་གི་དག་ཆ་ཡོད་མེད་སྐོར་གླིང་བསླུང་བྱུང་བས་ཁྱེད་ཀྱིས་རང་འདོད་ཁེངས་སེམས་མེད་པས་ངེས་ལེན་ཡག་པོ་བྱས་འདུག་ཁྱེད་ཀྱིས་བསམ་ནོ་ཡི་ཆུ་ཚད་དང་རིག་པའི་འགྲོས་ལ་རང་བཞིན་གྱིས་ཆེ་མཐོང་ཞིག་བཞག་སོང་ཐུགས་རྗེ་ཆེ།།།
དཀྲོག་གཏམ་བཀྲམ་མཁན་གྱི་དྲ་ཚིགས་༡༦ལ་ཆད་པ་ཕོག་པ།
སྤེལ་བའི་དུས་ཚོད། : 2012-04-02 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】
ཉེ་དུས། ཁྲིམས་འགལ་བ་ཁག་ཅིག་གིས་དྲ་སྦྲེལ་ཐོག་ཁུངས་ལུང་མེད་པར་དཀྲོག་གཏམ་བཟོས་པ་དང་། བསམ་ངན་བཅངས་ཏེ་དམག་དཔུང་གི་རླངས་འཁོར་པེ་ཅིན་དུ་བསྐྱོད་པ་དང་། པེ་ཅིན་ལ་གནས་ཚུལ་ཐོན་པ་ཞེས་པ་སོགས་ཀྱི་དཀྲོག་གཏམ་བཀྲམ་པ་དང་། དྲ་ཚིགས་ཁག་ཅིག་དོ་དམ་ནན་པོ་མ་བྱུང་བའི་རྐྱེན་གྱིས་དྲ་ཐོག་དཀྲོག་གཏམ་གང་སར་ཁྱབ་ཏེ་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲ་སྦྲེལ་བདེ་འཇགས་སྲུང་སྐྱོབ་སྐོར་གྱི་གཏན་འབེབས་སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་ལ་གཞིགས་ན། གློག་འཕྲིན་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་མེ་ཀྲོའུ་མཐོང་རྒྱའི་དྲ་བ་དང་། ཤིང་ཉིང་༥༢༨གླེང་སྟེགས་སོགས་དཀྲོག་གཏམ་བཟོ་བ་དང་བཀྲམ་པ། དོ་དམ་ནན་པོ་མ་བྱས་པའི་རྐྱེན་གྱིས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོ་མཁན་གྱི་དྲ་ཚིགས་བེད་སྤྱོད་བྱས་མི་ཆོག་པ་བཟོས་ཡོད་པ་རེད།
པེ་ཅིན་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་དྲ་ཐོག་དཀྲོག་གཏམ་བཟོ་མཁན་རུས་མིང་ལིའུ་ཟེར་བ་དང་། ཐང་ཟེར་བ་སོགས་མི་དྲུག་ཁྲིམས་ལྟར་བཀག་ཉར་བྱས་པ་དང་། དྲ་ཐོག་དཀྲོག་གཏམ་དེ་རིགས་བཀྲམ་མཁན་གྱི་མི་སྣ་གཞན་ཁག་ལ་སློབ་གསོ་བརྒྱབ་པ་དང་བསླབ་བྱ་བྱས་ཡོད་པ་རེད། འབྲེལ་ཡོད་མི་སྣ་དེ་དག་གིས་དཀྲོག་གཏམ་བཟོས་པ་དང་བཀྲམ་པའི་བྱ་སྤྱོད་རྣམས་ངོས་ལེན་ཞུས་པ་དང་། རང་ཉིད་ཀྱི་བྱ་སྤྱོད་ལ་འགྱོད་སེམས་སྐྱེས་པའི་རྣམ་འགྱུར་བསྟན་པ་མ་ཟད་ངོས་ལེན་ཞུས་ཡོད་པ་རེད།
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
བསྒྱུར་མཁན། ཚེ་འཛིན་དབང་མོ།
རྩོམ་སྒྲིག་པ། སངས་རྒྱས་སྒྲོལ་མ།
མདུན་ངོས་སུ་ལོག་པ།
དེང་སང་རྒྱ་ནག་ནང་བརྟན་པོ་མེད་པ་དང་གུང་བྲན་ཏང་གི་སྲིད་དབང་ལ་ཕྱོགས་གང་སར་འདར་སུག་རྒྱག་བཞིན་པའི་སྐབས་འདིར། རྒྱ་ནག་གི་ཤེས་ཡོན་པ་དང་མང་གཙོ་དོན་གཉེར་བ་ཁག་ཅིག་ནས་དྲ་རྒྱ་ཁག་ཏུ་རྒྱ་ནག་གི་མང་གཙོ་འབོད་སྐུལ་བྱས་པ་དང་། གུང་བྲན་འཐོར་ཉེའི་གནས་ཚུལ་བྲིས་སྟབས། རྒྱ་ནག་གཞུང་འདར་ནས་ཞེད་སྣང་གིས་གོང་གི་གནས་ཚུལ་འདི་ཐོན་འདུག གང་ལྟར་བོད་མི་ཚོས་ཤུགས་རྒྱོབ་དང་རྒྱ་ནག་གཞུང་དེང་སང་ནོངས་སྣ་རྩེར་ཡོད་པའི་སྐབས་ཤིག་ཏན་ཏན་ཡིན་ས་རེད། དེ་བས་ཚང་མས་ཕྱོགས་ཡོངས་ནས་རྒྱ་ནག་ནང་ཁུལ་ལ་རྒྱལ་སྤྱིའི་བདེན་པ་རྒྱུད་སྤྲོད་བྱེད་པ་དང་། དམར་ཤཽག་ཚོགས་མགོ་རྟིང་ལོག་རྒྱུར་ཕྱི་སྡོད་རྒྱ་རིགས་ཚོ་དང་རྒྱ་ནག་མི་མང་ལ་ལག་རྡེང་བྱེད་དགོས། ཚང་མས་ཤུགས་རྒྱོབ།
ཡིག་སྒྱུར་ལ་དང་བའི་གཡུལ་ས་གཅིག་གི་འཐབ་གྲོགས་ཞིག་རེད་འདུག མུ་མཐུད་འབད་པར་འཚལ། རྒྱ་རིགས་རྩོམ་པ་པོའི་མིང་ལ་ཁྲིན་ཝེ་ཅན་ཟེར། ང་དགའ་སའི་རྒྱ་རིགས་རྩོམ་པ་པོ་ཞིག་ཡིན་ལ་སྔོན་ཆད་ཁོང་གིས་སྤེལ་བའི་རྩོམ་ཡིག་འཁྱགས་རོམ་གྱིས་འགོག་མི་ཐུབ་པའི་རྫུན་གཏམ་ཞེས་བ་བོད་ཀྱི་དུས་བབ་སྟེང་བཀལ་ཡོད། དེང་སང་མཐོང་རྒྱུ་ཡོད་མིན་མ་ཤེས།
བོད་ཀྱི་དཀའ་སྙོག་བསྐྲུན་མཁན་གྱི་རྩིག་རྨང་ནི་དམར་པོའི་སྲིད་གཞུང་རེད། རྩིག་རྨང་དེ་སྲ་བརྟན་གཏོང་མཁན་གཅིག་དེ་ཧུ་ཁོ་པ་རེད། དེ་ནི་ཁོ་པ་དམར་གཞུང་གི་སྲིད་སྟེགས་སུ་བསླེབས་པའི་རྒྱུ་མཚན་ཞིག་ཀྱང་རེད། དེ་བཞིན་དུ་དམར་གཞུང་ནང་བོད་དོན་སེལ་རྒྱུར་འདོད་འདུན་མེད་པའི་ལས་ཁུངས་དང་དཔོན་རིགས་བཞི་བཅུ་ཙམ་ཡོད་པ་རེད། དེ་དག་རེ་རེས་རང་ཉིད་ཀྱི་གོ་གནས་དང་ཁེ་ཕན་ཤོར་བར་དོག་ཏེ་བོད་ཀྱི་དཀའ་སྙོག་དེ་མུ་མཐུད་ནས་གནས་ཐབས་བྱེད་ཀྱི་ཡོད་པ་རེད། དེ་ནི་ཁོ་ཚོའི་ཆབ་སྲིད་ཀྱི་འཚོ་ཐབས་ཤིག་རེད། ཧུ་ཁོ་པར་རྒྱབ་སྐྱོར་བྱེད་མཁན་ཀྱང་དེ་རིགས་རེད། དེས་ན་ང་ཚོས་དཔོན་རིགས་འཕོ་འགྱུར་ལ་བརྟེན་ནས་བོད་ནང་འགྱུར་བ་འགྲོ་རྒྱུའི་རེ་བ་མེད་པ་དེ་གསལ་པོར་ཤེས་དགོས།
བདུད་འདུལ་ལ་རྒྱབ་སྐྱོར་ཡོད། རྒྱ་ནག་མི་མང་ནང་ཡང་རང་དབང་གིས་གདུང་ནས་ཡོད་པའི་རྩོམ་པ་པོ་དང་དམངས་གཙོ་དོན་གཉེར་བའི་འབོད་སྒྲ་ཆུང་ངུ་རེ་ཐོས་རྒྱུ་ཡོད་པའི་སྐབས་འདིར། ཕྱི་སྡོད་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ནི་བོད་པའི་འཐབ་གྲོགས་སུ་འཛིན་འོས། ཁོ་ཚོས་བྲིས་པའི་བོད་དོན་རྩོམ་ཡིག་ཁག་རྒྱ་ནག་སྐམ་སར་བཀྲམ་ཐུབ་ན་དགེ་མཚན་ཆེ་བར་མཐོང་། རྒྱ་ནག་སྐམ་སའི་ནང་ད་དུང་ཡང་རང་དབང་དང་དམངས་གཙོའི་གོ་རྟོག་སད་པ་ཉུང་ཉུང་རེད། ཁོ་ཚོས་བྲིས་པའི་བོད་དོན་རྩོམ་ཡིག་དེ་བོད་པ་ཞིག་གིས་བྲིས་པ་ལྟ་བུའི་ཚོར་བ་དྲག་པོས་ཟིན་མེད་ན་ཡང་། དེ་ལ་ང་ཚོས་གནད་ལ་འཁེལ་ཡོད་མེད་ཀྱི་དགག་བཞག་སྤྲོ་བའི་སྐབས་མ་ཡིན་པར་ཁོ་ཚོའི་རྩོམ་ཡིག་དེ་ང་ཚོས་ཆར་བ་ཆུ་གྲོགས་སུ་གང་འགྲོ་ལ་འབད་ན་ཕན་ལས་གནོད་པ་མི་འདུག་བསམ་གི རྒྱ་ནག་གི་དཔོན་རིགས་ཚོ་ད་དུང་ཡང་དམར་བོའི་རྐུབ་སྟེགས་སྟེང་སྡོད་ཐུབ་པ་འདི་རྒྱ་ནག་ནང་དམངས་གཙོའི་འབོད་སྒྲ་སར་སུར་ཞིག་ལས་མེད་པ་དེས་རེད། དེའི་ཕྱིར་རྒྱ་ནག་དམངས་གཙོ་དོན་གཉེར་བ་ནི་བོད་པའི་རང་དབང་གི་ས་བོན་ཞིག་ཡིན་པ་སེམས་ལ་ཟུངས། ད་དུང་ཡུ་ཀུར་དང་སོག་པོར་ཡང་ལག་རྡང་སྦྲེལ་རོགས།
དུས་ཀྱི་དྲག་ཆར་རྒོད་པོའི་རྦ་རླབས་ཀྱི། །
ལང་ལོང་ཟིལ་ཤུགས་ཕྱོགས་སུ་མཆེད་གྱུར་ན། །
དམར་བོའི་དཔུང་སྡེ་བྱེ་མའི་འཆང་བུ་དེ། །
སྐད་ཅིག་ཉིད་ལ་བརླག་པར་མི་འགྱུར་རམ། ། ཅེས་ཀྱང་སྨྲའོ། །
གོང་གི་རྩོམ་ཡིག་འདིའི་ནང་དུ་ཡིག་ནོར་མང་བོ་ཡོད་པས་རྩོམ་པ་པོས་ཐུགས་མཉམ་གནང་བར་མཛོད། ཡིག་ནོར་ནི་གཤམ་གསལ་ལྟར་ཡིན། སྒྱུར།༼བསྒྱུར།༽ ན་ནིངས། ༼ན་ནིང་།༽ བགྲངས། ༼གྲངས།༽ གཙུན། ༼བཙུན།༽ ལེན། ༼བླངས།༽ ཤུར་རུ། ༼ཤུར་དུ།༽ ལག་བསྟེར། ༼ལག་བསྟར།༽ རིགས་གཞུང་། ༼རིག་གཞུང་།༽ ལག་དམག ༼ལག་དམར།༽ སྒྱུར་པ། ༼བསྒྱུར་པ།༽ བཀྲུས། ༼འཁྲུ།༽ བཀོད་སྒྱུར། ༼བཀོད་བསྒྱུར།༽ ཕོག་གཏུག ༼ཕོག་ཐུག༽ འཚབ་ཆེན། ༼ཚབས་ཆེན།༽ ཛ་དྲགས། ༼ཛ་དྲག༽ བསྒྲོགས། ༼བསྒྲགས།༽ ལད་བཟློས། ༼ལད་ཟློས།༽ གསོས་ཐབས། ༼གསོ་ཐབས།༽ འཇུག་འབྲས། ༼མཇུག་འབྲས།༽ བྱེད་བའི། ༼བྱེད་པའི།༽ ཕེལ་ཆེར། ༼ཕལ་ཆེར།༽ ཅིག་བྱས་ན། ༼གཅིག་བྱས་ན།༽ རྒྱངས་རིང། ༼རྒྱང་རིང་།༽ བསགས་འཇོག ༼གསོག་འཇོག༽ འཁོ་ཡུག ༼ཁོར་ཡུག༽ བསྟེར། ༼སྟེར།༽ བཟོ་བསྐྲུན། ༼བཟོ་སྐྲུན།༽ གནས་དོན། ༼གནད་དོན།༽ ཅིག་འགྱུར། ༼གཅིག་གྱུར།༽ སྲོང་སྐྱབ། ༼སྲུང་སྐྱོབ།༽ རྩོད་བསྒྲུབ། ༼རྩོད་སྒྲུབ།༽ བསྐྱེལ་འདོད། ༼སྐྱེལ་འདོད།༽ འཛུགས་བསྐྲུན། ༼འཛུགས་སྐྲུན།༽ སེལ་པར། ༼བསལ་བར།༽ སྒྱུར་པ་རེད། ༼བསྒྱུར་པ་རེད།༽ གཡུག་པ། ༼གཡུགས་པ།༽ ངན་བསྐུལ། ༼ངན་སྐུལ།༽ འགོ་རྟིང་། ༼མགོ་རྟིང་།༽ ཕོག་བཏུག ༼ཕོག་ཐུག༽ དབར། ༼བར།༽ གཏང་འཛིན། ༼སྟངས་འཛིན།༽ སྒྱུར། ༼བསྒྱུར།༽ འཚབ་བྱས། ༼ཚབ་བྱས།༽ བཅས་ཡིན་ནོ། །
དྲྭ་གྲོགས་ཚང་མས་ཡིག་ནོར་ལ་གཟབ་ནན་གནང་དགོས་པ་དང་། གལ་སྲིད་ང་ཚོས་ཡིག་ནོར་མང་བོ་བྲིས་ན་བརྗོད་བྱའི་དོན་དང་སུམ་རྟགས་ཀྱི་གཞུང་དང་མི་མཐུན་པས་བོད་ཡིག་གི་བླ་སྲོག་དེ་འཇིག་ཉེན་ཆེའོ། །