གནས་ཚུལ་མཁོ་གཏོང་བ་ཚེ་རིང་བཀྲ་ཤིས།
ཧོ་ལན་ཊར་གནས་སྡོད་བསྟན་འཛིན་མཐར་ཕྱིན་ཞུ་བ་ ཞིག་ནས་དེ་ཀའི་རྒྱ་མིའི་གཞུང་ཚབ་ཏུ་རང་ལུས་མེར་བསྲེགས་ཀྱི་ལུས་འགུལ་སྤེལ་ འདུག། བུ་བསྟན་འཛིན་མཐར་ཕྱིན་ནི་རང་ལོ་ ༡༨ སྤྱི་ལོ་ ༢༠༡༠ ཟླ་བ་ ༡༠ ཚེས ༢ བོད་རྒྱལ་ལོ་ ༢༡༣༧ ཟླ་ ༨ ཚེས ༢༤ རེས་བཟའ་སྤེན་པའི་དགོང་མོའི་ཆུ་ཚོད་བདུན་གྱི་ཐོག་ཨེར་མིའི་ལོ་ཊི་གྲོང་ ཁྱེར་denhaag་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ལྷག་བསམ་རྣམ་དག་གི་ སྒོ་ནས་བོད་མིའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐུ་ལུས་མེ་སྲེག་ བཏང་ཡོད་ཀྱང་བདེ་སྲུང་དམག་མིའི་མྱུར་སྐྱོབ་གྱི་རྐྱེན་གྱིས་ སྲོག་གཉེན་ལས་ཐར་ཙམ་བྱུང་། ཁོང་གི་ཕ་ཡུལ་ཁམས་རྫ་ཆུ་ཁ་ཁྲོམ་བཟའ་འགབ་མ་རུ་ཁག་གསུམ་པ་ནས་ཡིན་ཞིང་། ད་ལྟའི་སྡོད་ཡུལ་ Europ Holland རྒྱལ་ས་ Emmloord རུ་མ་བདེ་ཆེན་སྒྲོལ་མ་དང་སྤུན་བསྟན་འཛིན་ངག་དབང་གཉིས་དང་མཉམ་དུ་དེ་གར་སློབ་ གྲར་འགྲིམ་བཞིན་ཡོད། རང་ལུས་མེ་བསྲེག་བཏང་དགོས་པའི་དམིགས་ཡུལ་ཁོང་ཉིད་ཀྱིས་བརྗོད་གསལ་ལ། ༧་སྐྱབས་མགོན་རྒྱལ་བའི་དབང་པོ་དང་ཨ་མ་རྗེ་བཙུན་པདྨ་རྣམ་གཉིས་ཀྱིས་མ་འོངས་ བོད་མིའི་བསྟན་རྩ་དང་བརྒྱུད་འཛིན་ཏེ་ང་ཚོ་གཞོན་སྐྱེས་ཚོ་ཡིན་ཞེས་གསུངས་དང་ གསུང་བཞིན་པ་རེད། དེ་ཡིན་དུས་བོད་མི་རིགས་བསྟན་པ་དང་ཆབ་སྲིད་ཀྱི་ཆེད་དུ་ང་ཚོ་མི་རེའི་ཕྲག་དུ་ ལྡོག་ཐབས་མེད་པའི་ལས་འགན་རེ་ཡོད་རེད། རང་ཉིད་ལ་མཚོན་ན་སེམས་ཤུགས་དང་སྤོབས་པ་སྔོན་ལོ་ན་ཆུང་དུས་ནས་ཡོད་ཀྱང་ལས་ འགན་འདི་ལྟ་བུ་ཞིག་མ་གཏོགས་གཞན་གང་ཡང་སྒྲུབ་པའི་ནུས་པ་མི་འདུག། ཕྲན་གྱིས་ཕ་མ་སྤུན་ཆེད་རྒྱབ་ཏུ་བསྐྱུར་ནས་གཞན་གྱིས་བསྐུལ་མ་དང་བློ་འདྲི་ སོགས་གང་ཡང་མ་བྱས་པར་ཐེ་ཚོམ་མེད་པར་རང་སྲོག་བློས་བཏང་དགོས་པ་ནི་། རྒྱ་མིའི་དྲག་གནོན་དང་མནར་གཅོད་འོག་ན་གནས་པའི་ཤུལ་ལུས་བོད་རིགས་དཔའ་བོ་དཔའ་ མོ་རྣམས་ཀྱི་ཞུམ་པ་མེད་པའི་སྙིང་སྟོབས་དང་དཀྱིལ་ཡངས་བའི་སྤོབ་སེམས་དང་སྤེལ་ བཞིན་པའི་ལས་འགུལ་ལ་རྒྱབ་སྐྱོར་དང་སེམས་ཤུགས་མ་ཆགས་པའི་ཆེད་དུ་དང་རྒྱ་གར་ དང་ཕྱི་རྒྱལ་རང་དབང་ལུང་པ་ལ་བཞུགས་པའི་བོད་རིགས་ཡོངས་ཀྱིས་རྒྱུ་དཔལ་འབྱོར་ ཆོལ་ཁ་དང་གྲུབ་མཐའི་ཕྱོགས་རིས་ཆགས་སྡང་ ཁོ་ནའི་དབང་དུ་མ་སོང་བར་ལྡོག་རྩ་གཅིག་སྒྲིལ་གྱིས་འཚེ་མེད་ཞི་བའི་ལངས་ཕྱོགས་ ལ་རྒྱབ་སྐྱོར་དང་ངེས་པར་དུ་ལས་འགན་རེ་སྤེལ་རྒྱུའི་བསྐུལ་སློང་བྱས་པ་ཡིན། ང་རང་ཉིད་ལ་མཚོན་ན་ཡང་༧་སྐྱབས་མགོན་རིན་པོ་ཆེ་དགུང་ལོ་མཐོན་པོར་ཕེབས་པ་དང་ བོད་ཀྱི་སྣོད་བཅུད་གཉིས་ཀ་འཇིག་ཉེན་གྱི་གནས་སུ་ཡོད་པ་འདི་དག་ལ་བསམ་དུས་ དངངས་སྐྲག་དང་སྡུག་བསྔལ་བཟོད་བླག་མེད་པ་ཞིག་གིས་རང་སྲོག་བློས་བཏང་བ་ཡིན། འོན་ཀྱང་བདག་གི་རེ་འབྲས་ཅི་བཞིན་འགྲུབ་མ་ཐུབ་པས་བློ་འགྱོད་ཧ་ཅང་ཆེ། འོན་ཀྱང་བདག་གི་རེ་འབྲས་དོན་སྨིན་ཡོང་བར་ཡིད་ཆེས་ཡོད། ཅེས་སྨྲས་འདུག
སྙིང་སྟོབས་ཅན་གྱི་ཨ་མའི་བུ་རྒོད་ལགས། ཁྱོད་ཀྱི་སྙིང་སྟོབས་ནི་ང་ཚོ་བོད་མི་ཡོངས་ཀྱི་མིག་དཔེ་ལྟ་ས་ཞིག་ཡིན་ཀྱང་། ང་ཚོས་བོད་ཀྱི་ལས་དོན་དེ་ཉིན་མ་གཅིག་གི་ལས་དོན་མིན་ལ། ཉིན་མ་གཅིག་ལ་ཐག་བཅད་ཐུབ་པ་ཞིག་མ་རེད། བོད་ཀྱི་བདེན་མཐའ་མ་སེལ་བར་དུ་རྩོད་དགོས་པས་ཉིན་མ་གཅིག་ནང་སྐུ་ཚེ་མཇུག་བསྡུར་བྱེད་མི་རུང་། དེ་ལས་སྙིང་སྟོབས་དགུ་འགྱུར་དུ་འཕེལ་ནས་འཐབ་རྩོད་རིམ་པར་གནང་སྟེ་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་བཅས།
༄༅། །དཔའ་བོ་ཁྱེད་ཀྱི་ལྷག་བསམ་ཞུམ་པ་མེད་པ་ལ་གུས་བདུད་དང་བསྔགས་བརྗོད་གྲངས་ལས་འདས་པ་དང་ཆབས་གཅིག་རྗེས་སུ་ཡི་རང་ཡང་ཞུ་གི་ཡོད། འོན་ཀྱང་གོང་དུ་གཙང་ཁའི་བུ་ལགས་ནས་གསུང་པ་ལྟར་ང་ཚོའི་ཐབས་རྩོད་འདི་ནི་ཉི་མ་ཁ་ཤས་ཟླ་བ་ཁ་ཤས་ལོ་ཁ་ཤས་ཀྱི་ཐབས་རྩོད་མིན་པར་མི་ལོ་ནས་མི་ལོ་བར་བྱེད་དགོས་ངེས་ལ་སོང་དཔའ་འཛངས་ལྡན་པའི་པ་བའི་བུ་ཁྱེད་རང་འདྲ་བ་མེད་པ་ཆགས་ན་ཧ་ཅང་འཕང་པོ་རེད། མ་འོངས་པར་དུས་ཚོད་ཞིག་ངེས་པར་དུ་ཡོང་སྐབས་ང་ཚོ་ཚང་མ་མཉམ་རུབ་ཀྱི་རང་གི་ཚེ་སྲོག་བོར་དགོས་ཀྱང་ཞུམ་པ་དང་ཕྱིར་ཐེན་མེད་པའི་ཐོག་ཤར་བསྐྱོད་བྱ་དགོས་ཀྱི་རེད་མ་གཏོགས་ད་ལྟ་དུས་ཚོད་དེ་སླེབས་མིན་འདུག དེ་བས་ད་ལྟ་ཁ་ཡོད་ལག་ཡོད་ཀྱི་བོད་ནང་གི་སློབ་ཕྲུག་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་དེ་ཁུལ་རྒྱ་མིའི་གཞུང་ཚབ་བདུན་དུ་ཞི་བའི་སྐད་འབོད་ཀྱི་རང་རེའི་སྐད་ཡིག་ལ་སྲུང་སྐྱོད་དང་གུས་རྩི་དགོས་དགོས་པའི་འབོད་བསྐུལ་གནང་ན་ཕན་རླབས་ཆེ་བ་ཡོང་ངེས་པས་ཐུགས་རྗེ་ཆེ། །
ལོ་ན་ཆུང་བའི་བོད་རིགས་ཞིག་གིས་མ་ཡུམ་གངས་ལྗོངས་དང་རྒྱང་རིང་ནས་གདོང་དམར་བོད་པའི་འབྱུང་འགྱུར་གྱི་ཆེད་དུ་ཚེ་སྲོག་གི་སྒྲོན་མེ་སྦར་ཏེ། བཙན་པོའི་སྙིང་སྟོབས་དར་སྤེལ་གཏོང་གི་འདུག
བོད་ནང་གི་ལོ་ཆུང་སློབ་མ་ཁྲི་སྟོང་གིས་མ་ཡུམ་གྱི་གསུང་སྐད་སྙན་མོའི་སླད་དུ། རྒྱ་ནག་དམར་པོའི་མེ་མདའི་ཁ་ནས་ཚེ་སྲོག་གཏའ་མར་བཞག་ནས་འཐབ་རྩོད་བྱེད་ཀྱིན་འདུག ངོ་མ་མི་རབས་ཕྱི་མས་བློ་སྟོབས་དེར་ང་ཕྱག་གསུམ་འཚལ།
མི་འདི་ལ་བོད་ཀྱི་སྐད་ཡིག་ལ་དུང་སེམས་དང་བོད་ནང་གི་སློབ་ཕྲུག་གི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་འདོད་ཀྱི་སེམས་ཤུགས་འདི་འདྲ་ཆེན་པོ་ཞིག་ཡོད་ན་ཁོ་རང་གིས་བོད་ཡིག་སློབ་སྦྱོང་ལ་འབད་བརྩོན་ག་འདྲ་བྱེད་ཀྱིན་ཡོད་དམ།
མིག་དཔེ་འོས་བའི་མི་སྣ་རེད། ཚེ་སྲོག་བློས་བཏང་ནི་སྦྱིན་པའི་ནང་ནས་སྦྱིན་པའི་མཐའ་ཐུག་རེད་ལ་དཔའ་བོ་ནང་ནས་དཔའ་བོའི་ཡང་རྩེ་རེད།
དང་པོ། དཔའ་བོ་ལ་བསྔགས་བརྗོད་ཡོད། རྗེས་སུ་ཡི་རངས་ཡོད། དགའ་བསུ་ཡོད། རྒྱབ་སྐྱོར་ཡོད། དེ་འདྲ་དགོས་ཡོད། བརྒྱ་ཤོག་སྟོང་ཤོག
གཉིས་པ།
ཀ་ཁ་ཤེས་པའི་ང་རྒྱལ་གྱིས་གཅེས་པའི་ཚེ་སྲོག་བོད་དོན་ལ་གཏོང་མཁན་ཁོང་ལ་ཟུར་ཟ་གནང་འདུག་པར་བློ་ཕམ་བྱུང་།
སྤུན་ཟླ་མཐར་ཕྱིན་ལགས་ ཁྱེད་ཀྱི་ལྷག་བསམ་ལ་རྗེས་སུ་ཡིད་རང་ཡོད་ འོན་ཀྱང་ང་ཚོ་བོད་པའི་ཁ་རྒྱུན་ལ་ འཛིངས་ཐུབ་ན་དཔའ་བོ་ཡིན་ བྲོད་ཐུབ་ནའི་དཔའ་བོ་ཡིན་ཞེས་པ་ལས་ རང་ཤི་རྒྱབ་མཁན་ལ་དཔའ་བོ་ཟེར་གསོལ་མེད་ ལྷག་པར་དུ་ང་ཚོ་ནང་པ་ཞིག་ཡིན་པས་རྗེས་སུ་དེ་དྲ་མ་གནང་བའི་རེ་བ་ཡོད་་ ཁྱེད་རང་གསོན་པོར་གནས་པར་དགའ་པོ་བྱུང་ རྗེས་སུ་དེ་ལས་ལྷག་པའི་གོ་སྐབས་ཞིག་ཏན་ཏན་ཤར་ཡོང་་ ད་ལྟ་སྨན་བཅོས་ཡག་པོ་གནང་རོགས།
ཡ་བུ་རྒོད་ཁྱེད་ཀྱི་མཛད་བཟང་ལ་ངས་ཡི་རང་ཡོད་ལགས།
སྤོབས་པ་ལགས། མི་རིགས་ཀྱི་ལ་རྒྱ་ཡོད་པ་ལ་བོད་ཡིག་སྦྱང་བ་དང་། ཤེས་དགོས་པའི་ངེས་པ་མེད་ལ། བོད་ཡིག་ཤེས་མཁན་དང་སྦྱོང་མཁན་གྲལ་དུ་བོད་ལ་ལ་རྒྱ་དང་ཤ་ཞེན་མེད་པར་མ་ཟད། མིག་གིས་མཐོང་ཚད་དང་རྣ་བས་ཐོས་ཚད་ལ་སྐྱོན་བརྗོད་ཁོ་ན་བྱེད་མཁན་དེ་དག་དུག་གི་སྡོང་བོ་རེད། གཞོན་ནུ་སྙིང་སྟོབས་ཅན་ཁོ་ལ་སྙིང་ནས་གུས་བསུ་ཞུ་ན་འོས།
ཁོང་གི་ལོ་རྒྱུས་མཁྱེན་མཁན་ཚོས་དྲ་ཐོག་ཏུ་རྒྱས་པ་རེ་འགོད་རོགས་ཞུ།
hi
བུ་བསྟན་འཛིན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་དུས་ཀྱི་དུས་ཚོད་ས་གནས་ཆུ་ཚོད་བདུན་པ་ཞེས་པ་ཆུ་ཚོད་དྲུག་པར་བཅོས་རོགས།
ཐུགས་རྗེ་ཆེ། ང་ཚོས་མིག་དཔེར་འོས་པའི་དཔའ་བོའི་སྙིང་སྟོབས་དང་། ཁྱད་པར་མི་རབས་གསར་བའི་སོན་རྩ་དག་གི་གསོན་ཤུགས་དང་དཔལ་དུ་འབར་བའི་སྐྱེས་སྟོབས་ལ་རྗེས་སུ་ཡི་རང་ཡོད།
འོན་ཀྱང་མི་རིགས་ཤིག་སྐྱོབས་བྱེད་ཀྱི་ཕུགས་རྒྱང་རིང་པོའི་ཐབས་ཅུས་དེ་ཤེས་ཡོན་སློབ་གསོ་ཚད་ལྡན་གྱི་ལདུ་བསྐྱོད་རྒྱུ་དེ་ཡིན་པར་གཞོན་སྐྱེས་དང་སློབ་མ་མི་རེ་ངོ་རེ་ནས་ངེས་པར་དོ་སྣང་བྱེད་འོས། གཞོན་ནུ་བསྟན་འཛིན་མཐར་ཕྱིན་ལ་འཚམས་འདྲི་ཞཱུུ།
ན་གཞོན་གསར་བའི་ཁྲོད་ཀྱི་དཔའ་བོ་བསྟན་འཛིན་མཐར་ཕྱིན་ལགས་ཁྱེད་ཀྱིས་ཁ་བ་རི་བའི་ལས་དབང་གི་ཆེད་དུ་རང་སྲོག་བློས་བཏངས་གནང་བ་ལ་དགའ་བསུ་དང་ཡི་རངས་བཅས་འཚམས་འདྲི་ཞུ། དེ་དང་ཆབས་ཅིག་ང་ཚོའི་མ་འོང་པ་ནི་ན་གཞོན་ཚོའི་སྐྱོང་དགོས་ན་གཞོན་གཅིག་འཕྲོ་བརླག་དུ་སོང་ན་བོད་མི་ན་གཞོན་གཅིག་ཅེ་ཉུང་དུ་སོང་བ་ཡིན་པའི་ཧ་ཅང་བློ་ཕམ་པོ་རེད་དེ་ལས་རང་དབང་ལྡན་པའི་རྒྱལ་ཁབ་ཀྱི་ནང་ནས་ཚད་མཐོ་བའི་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་བོད་མི་རིགས་ཀྱི་ལས་དབང་བརྩོད་དགོས་དཔའ་བོ་ལགས།