ལྷ་ཆབ་སྦྱིན་པ།
ཧོར་གཙང་འཇིགས་མེད་ནི་བོད་ཕྱི་ནང་ཀུན་ཏུ་ཀློག་པ་པོ་རྣམས་ཀྱི་ཆེས་དགའ་བསུ་ཆེ་བའི་རྩོམ་པ་པོ་ཞིག་ཡིན་པ་མ་ཟད། སྔ་གཞུག་ཀུན་ཏུ་དཔར་བསྐྲུན་བྱས་པའི་དེབ་བཅུ་ཕྲག་ཙམ་དང༌། དཔར་བསྐྲུན་མ་བྱས་པའི་དེབ་བཅུ་གྲངས་ཙམ་ཡོད་པའི་རྩོམ་པ་པོ་ཚད་ལྡན་ཞིག་ཡིན་ལ། བརྩམས་ཆོས་ཀྱི་སྤུས་ཀ་དང་ཁ་གྲངས་ལས་ཁོང་གི་ལོ་ཚད་ལ་འཇལ་ན་ད་དུང་ཁོང་ནི་དགུང་ལོ་གཞོན་ག་ཞོན་ཞིག་ལས་མིན། ཁོང་ནི་བོད་ཀྱི་ན་གཞོན་རྩོམ་པ་པོ་དེབ་གྲངས་མང་ཤོས་དང་མཛད་རྗེས་ཆེ་ཤོས་ཤིག་ཡིན་ལ། བཙན་བྱོལ་གྱི་ལོ་ངོ་བཅུ་གྲངས་ཤིག་ལ་ཁོང་གིས་གཞན་གྱིས་མྱངས་མ་མྱོང་བའི་དཀའ་སྡུག་མང་བོ་ཞིག་མྱངས་པ་དང༌། གཞན་གྱིས་འཁུར་མ་མྱོང་བའི་མྱི་ཁ་དང་འཕྱ་དམོད་ཀྱང་མང་བོ་ཞིག་འཁུར་བ་ཡིན་ལ། ད་དུང་ཁོང་ལ་ཆེས་ཐེག་དཀའ་བའི་ལོ་རྒྱུས་ཀྱི་འཁུར་བོ་ལྗིད་པོ་ཞིག་ཡོད་པ་ནི་མི་རིགས་ཞེས་པ་དེ་ཡིན། ཡིན་ནའང་འདི་དག་ཚང་མ་རང་གི་ལྟོ་གོས་གཏམ་གསུམ་གྱི་ཆེད་ཁོ་ན་མིན་ཕྱིར་སྐྱེས་བུ་དམ་པ་ཁོང་གིས་དུས་རྟག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་པོའི་ཉམས་ལེན་ཁོ་ན་ལག་ལེན་ལ་བསྟར་ཡོད། ངས་དེ་རིང་འདི་ནས་ཧོར་གཙང་འཇིགས་མེད་ཁོང་གི་ཆུང་དུས་ཀྱི་ལོ་རྒྱུས་དང་མི་ཚེའི་ལོ་རྒྱུས་སོགས་གང་ཡང་བརྗོད་རྒྱུ་མིན་ལ། ངས་དེ་རིང་བརྗོད་འདོད་པ་དེ་རང་རེའི་སྟོན་པ ྋ ཏཱ་ལའི་བླ་མའི་བཀའ་དགོངས་བཞིན་མདོ་སྨད་ལོ་རྒྱུས་ཆེན་མོ་དངོས་སུ་ལེགས་འགྲུབ་བྱུང་བའི་བརྒྱུད་རིམ་དང་ལོ་ངོ་དེ་དག་གི་ཁྲོད་དམ་པ་ཁོང་གིས་དགོང་མོའི་ཟས་དང་ཉིན་མོའི་གཉིད་བཅགས་ཏེ་དཀའ་ལས་གང་བརྒྱབ་པ་དེ་ཕྱི་རབས་ཀློག་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་གྱི་ཆེད་དུ་ངོ་སྤྲོད་ཀྱི་ཚུལ་དུ་ཞུས་ན་འདོད་བྱུང༌།
ཉེ་ལམ་མདོ་སྨད་ལོ་རྒྱུས་ཆེན་མོ་ལེགས་འགྲུབ་བྱུང་བའི་སྐོར་དུས་བབ་དྲ་ཚིགས་སོགས་སུ་བཀོད་རྗེས། ལེགས་བཤད་ཀྱི་ནང་དོན་རྒྱུད་ལ་མ་གོམས་པའི་མི་བྱབས་ཆུང་འགས་ཐོས་ལོ་ཟེར་ལོ་འགའ་བང་བསྒྲིགས་ནས་དམ་པ་ཁོང་གི་ལེགས་བྱས་ལ་ནག་ནོག་གི་དྲི་བགོ་བའི་སྦྱོར་བ་ངན་པའི་རང་གཟུགས་མངོན་པ་མཐོང་བྱུང་ལ། ད་དུང་ཚིག་རིས་ཀྱི་ཟ་དང་ཟུར་དག་བསྔོག་ནས་ཕྲག་དོག་དང་ཞེན་ཁོག དམའ་འབེབས་དང་ཟུར་ཟ་སོགས་བྱས་ནས་ཆེས་ཅོལ་ཆུང་དང་ཆེས་བླུན་རྨོངས་འབའ་ཞིག་གི་ལས་ཁོ་ན་གཉེར་བཞིན་པ་མཐོང་བས་སློབ་དཔོན་པདྨས་ཀྱང་བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་ཚོར་བའི་གསུངས་གནང་བ་དེ་ཡིད་ལ་རང་དབང་མེད་པར་དྲན་དུ་བཅུག
ངས་འདི་ནས་སྐད་ཤུགས་ཆེན་པོ་དང་སྤོབས་པ་ཆེན་པོ། ལྷག་བསམ་རྣམ་དག་གིས་བརྗོད་ཕོད་པ་ནི། བོད་རྒྱལ་ཁབ་ཆེན་པོའི་གསུམ་ཆའི་གཅིག་སྟེ་མདོ་སྨད་ཀྱི་ལྗོངས་ཆེན་པོ་དེ་ལ་ད་ལྟ་ལ་ཐུག་གི་བར་དུ་མདོ་སྨད་ཆོས་འབྱུང་གཅིག་བུ་ལས་ང་ཚོར་མཛུབ་མོ་འཛུགས་སའི་ཐུན་མོང་གི་ལོ་རྒྱུས་ཤིག་ཡོད་དམ་མེད། གལ་སྲིད་ལོ་རྒྱུས་ཤིག་ཡོད་ནའང་ལུང་ཀྱོག་ཁུག་ཀྱོག་རེའི་ལོ་རྒྱུས་ལས་མདོ་སྨད་སྤྱིའི་གནས་བབ་མཚོན་པ་ཞིག་སུ་ཡིས་བྲིས་ཡོད། དེའི་སྟབས་ཀྱིས་ད་རེའི་མདོ་སྨད་ལོ་རྒྱུས་ཆེན་མོ་འདི་ནི་རང་རེའི་བོད་དང་ལྷག་དོན་དུ་མདོ་སྨད་ས་ཆར་གསེར་གྱི་ལྷུན་པོས་མི་ཁུག་པའི་རིན་ཐང་བྲལ་བའི་རྡོ་རིང་ཞིག་བཙུགས་པ་རེད་ཅེས་བརྗོད་འདོད་བྱུང་ལ། འདི་ལྟ་བུའི་ལེགས་བཤད་ཅིག་བསྐྲུན་པའི་བརྒྱུད་རིམ་ཁྲོད་ཆེ་ས་ནས་བཤད་ན་རང་རེའི་རྒྱལ་ཁབ་ཀྱི་སྤྱི་འཐུས་ཤིག་ཡིན་པའི་ཆ་ནས་གྲོས་ཚོགས་ཀྱི་ལས་དོན་དང་ཆུང་ས་ནས་བཤད་ན་ཕྲུ་གུ་གསུམ་གྱི་ཕ་རྒན་ཞིག་ཡིན་པས་དེ་དག་གི་འཚོ་བ་དང་སློབ་སྦྱོང་གི་ཐད་བཅས་ལ་འགན་ཞིག་ཡོད། ཁོང་གིས་མདོ་སྨད་ལོ་རྒྱུས་ཆེན་མོ་ལེགས་འགྲུབ་ཀྱི་བརྒྱུད་རིམ་ཁྲོད་གསུང་བ་བཞིན་ལོ་ངོ་དགུའི་རིང་རང་གི་འཚོ་བའི་ལས་དོན་དང་བུ་ཕྲུག་གཉོར་སྐྱོང་སོགས་ཡལ་བར་དོར་ནས་འབད་བརྩོན་བྱས་ཏེ་གཞི་ནས་འདི་འདྲའི་གཞལ་བར་དཀའ་བའི་ལེགས་བཤད་ཅིག་མི་ཡུལ་དུ་འཇོག་ཐུབ་པ་བྱུང་བར་གཞིག་ན། ད་བར་དུ་རང་རེའི་སྤྱི་ཚོགས་ཁྲོད་གྲགས་སྐམ་གྱི་ཅོད་པན་གཙུག་ན་མཛེས་པའི་དམ་པ་གཞན་དག་དང་བསྡུར་ཐབས་ག་ལ་ཡོད། ང་བཙན་བྱོལ་དུ་འབྱོར་ཏེ་ཁོང་ལ་མཇལ་དུས་ནི་ཉིས་སྟོང་གཅིག་གི་སྤྱི་ཟླ་དང་བོ་ཡིན་ལ། དེ་དུས་ནི་ཁོང་གིས་མདོ་སྨད་ལོ་རྒྱུས་ཆེན་མོ་དངོས་སུ་འབྲི་རྒྱུ་དབུ་འཛུགས་བྱས་ཏེ་ཕལ་ཆེར་ངོ་ངོ་གཅིག་དང་ཕྱེད་ལྷག་ཕྱིན་འདུག དེའི་རྗེས་སུ་ཉིས་སྟོང་གཉིས་ལོའི་སྤྱི་ཟླ་དང་བོ་ནས་ང་ཡང་ཁོང་གི་ལོ་རྒྱུས་འདིའི་དཔྱད་གཞི་འཚོལ་སྡུད་ཀྱི་ལས་ཀར་ཞུགས་པ་ཡིན། ངས་ལས་ཀ་བྱས་པའི་ལོ་ངོ་གཅིག་གི་རིང་དམ་པ་ཁོང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མཐོང་བ་ནི་ཡིག་ཆ་གང་རེག་ལེབ་བཤུ་དང་གནད་དོན་གང་ལའང་བརྟག་དཔྱད་མེད་པར་འབྲི་རྐྱང་བྱས་པའི་དེང་སང་གི་རྩོམ་མཁན་དེ་དག་དང་གཏན་ནས་མི་འདྲ་བར། དཔྱད་གཞིའི་རྟིང་གནོན་ལ་དཔྱད་གཞི་འཚོལ་བ་དང་ཡིག་ཆའི་རྟིང་གནོན་ལ་ཡིག་ཆ་འཚོལ་ཞིང༌། གནད་དོན་གང་ལ་དཔྱད་པ་དེ་གཏིང་ཐུག་པ་ཞིག་དང་ཁུངས་དག་པ་ཞིག་ལ་འབད་པ་ལས་ཟེར་ལོ་ཐོས་ལོ་དག་སྤུངས་པར་འབད་པ་ཞིག་མིན་པ་དེ་རེད། དེའི་སྟབས་ཀྱིས་ལོ་ངོ་འདི་དག་གི་རིང་ལ་ཁོང་གིས་དཔྱད་གཞིའི་དཔེ་དེབ་སྟོང་ཕྲག་ལས་བརྒལ་བར་ཁུངས་གཏུགས་པ་དང་དེ་དག་གི་ཉིང་བཅུད་གཅིག་ཏུ་བསྡུས་པའི་ང་ཚོ་སྤྱིའི་བགོ་སྐལ་དུ་ཐོབ་པའི་མདོ་སྨད་ལོ་རྒྱུས་ཆེན་མོ་འདི་གྲུབ་པ་རེད། ང་རང་གི་ངོས་ནས་ལོ་ངོ་གཅིག་གི་རིང་ལ་མ་གཏོགས་ལས་ཀ་མ་བྱས་ནའང༌། འདུག་སའི་ཁོར་ཡུག་གཅིག་པ་དང་ཆུང་དུས་ནས་འབྲེལ་བ་གཏིང་ཟབ་ཡོད་པའི་སྟབས་ཀྱིས་དམ་པ་ཁོང་དང་ཐག་ཉེར་བཅར་བའི་གོ་སྐབས་གཅིག་མིན་དུ་ཐོབ་པ་དང༌། ང་ཁོང་གི་ཤག་ཏུ་བཅར་ཐེངས་རེར་སྔ་དགོང་ལ་ཁྱད་པར་མེད་པར་གློག་ཀླད་དུ་ཅེར་བ་དང་དཔྱད་གཞིའི་དཔེ་དེབ་ཀྱི་ཀློང་ལ་འཛུལ་ནས་སྡོད་པ་ལས། ནང་ལས་ཙག་ཙིག་གི་དོན་དུ་འདུར་བ་དང་འབྲལ་མེད་ཀྱི་ལས་ལ་འབད་པ་སོགས་སྣ་གཅིག་ཀྱང་མཐོང་མྱོང་མེད། སྐབས་ལ་ལར་ཕྱི་དྲོར་སོང་དུས་ཉིན་གང་བོར་ཞལ་ལག་མ་རེག་པར་གྲོད་ཁོག་ལྟོགས་པ་དང༌། ཡང་སྐབས་ལ་ལར་སྔ་དྲོར་སོང་དུས་དགོང་མོར་གཉིད་ཐེབས་བཅག་ནས་ཁ་མིག་སྐྲངས་པ་སོགས་ནི་རྒྱུན་ལྡན་གྱི་ངང་ཚུལ་ཞིག་ཡིན་ལ། དེ་བས་ཀྱང་གཟོད་གླགས་མེད་པ་ཞིག་ནི་ཁོང་གིས་རྒྱ་སྨན་བོད་སྨན་སོགས་ལུས་དང་གྲིབ་མ་བཞིན་བསྟེན་ཡོད་པ་དེ་རེད། དེ་ལྟར་ཤ་ཐིང་རུས་ཐིང་གིས་འབད་མཐར་གཞི་ནས་གཟི་འོད་ཆེམ་ཆེམ་དུ་འཕྲོ་བའི་སྔར་མེད་ཀྱི་དེབ་ཐེར་འདི་གྲུབ་པ་རེད
མཇུག་མཐར་ངས་ཀློག་མཁན་གྲོགས་པོ་རྣམས་ལ་རེ་སྐུལ་ཞུ་རྒྱུ་ཞིག་ནི། གལ་སྲིད་ཁྱེད་ཉིད་ཧོར་གཙང་འཇིགས་མེད་ལ་དགའ་ན་ཆོག་ལ་མི་དགའ་རུང་ཆོག ཡིན་ནའང་ཁྱོད་ཀྱིས་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོའི་ཆ་ཤས་རེ་གླེང་འདོད་ན་ངེས་པར་བམ་ཀློག་ཙམ་གྱིས་མི་ཆོག་པར་ཁོང་གི་དེབ་དང་དེའི་ཁུངས་གང་ལ་བཅོལ་བའི་དཔྱད་གཞི་སོགས་ལ་ཞིབ་འཇུག་གཏིང་ཐུག་པ་ཞིག་བྱེད་རྒྱུ་གལ་ཆེ། དེ་ལྟར་རང་ཉིད་ཀྱིས་གང་བཤད་འདོད་པ་དེ་གསལ་གསལ་ཐིང་ཐིང་བཟོས་རྗེས། ད་གཟོད་སྐད་ཆ་བཤད་ན་མཛེས་ཞེས་ཞུ་རྒྱུ་དང༌། དེ་མིན་མ་དཔྱད་མ་བརྟག་པར་ཡུལ་ལུང་གི་འཐེན་འཁྱེར་དང་ཕྲག་དོག་གི་སྦྱོར་བ་ཁོ་ན་མངོན་འགྱུར་བྱས་པའི་གཏམ་དག་ནི་བོད་ཀྱི་ལོ་རྒྱུས་ལ་མི་སྡུག་པའི་ས་བོན་དུ་མི་འགྱུར་བའི་ངེས་པ་མེད་ཅེས་ཞུ་རྒྱུ་ཡིན། གཞན་སྐྱེས་བུ་དམ་པ་ཁོང་གིས་ཀྱང་ཡང་དང་བསྐྱར་དུ་བཤད་པ་བཞིན་ཤེས་ནས་སྨྲ་བ་དག་ལ་དགའ་བསུ་དང་མ་ཤེས་པར་སྐྱོན་འཚོལ་བ་དག་ལ་མཐའ་གཅིག་ཏུ་དགག་པ་ཡོད་ཅེས་པ་བཞིན་རང་རེའི་བཙན་བྱོལ་ཁྲོད་ཀྱི་ཤེས་ལྡན་པ་དག་གིས་བརྟག་ཅིང་དཔྱད་དེ་དྲང་བདེན་དང་ལྷག་བསམ་ཟོལ་མེད་ཀྱི་གཏམ་སྨྲ་བ་ལ་སྙིང་ནས་རེ། ཡིན་ནའང་མདོ་སྨད་ལོ་རྒྱུས་ཆེན་མོ་འདིའི་ནང་དུ་དཔྱད་གཞིའི་ཡིག་ཆ་མ་དག་པ་དང་རྩོམ་པ་པོ་ཁོང་གི་ཞིབ་འཇུག་གིས་མ་འདང་ས་དེ་འདྲ་ཡོད་པ་ཁོང་གི་ལོ་རྒྱུས་བརྒྱུད་རིམ་གྱི་སྔོན་འགྲོའི་གཏམ་དུ་གསུང་བ་བཞིན་ཡིན་ལ། དེ་འདྲའི་ཆ་ཁ་ཤས་ཡོད་ངེས་ན་ཀློག་པ་པོ་རྣམས་ཀྱིས་ཞུ་དག་དང་ཁ་སྐོང་གི་ཚུལ་དུ་བསམ་ཚུལ་ལྷུག་པོར་གྲོལ་བར་ཞུ་ཞེས་ལན་བརྒྱར་ཞུ་ལ། དེ་མིན་རི་བོང་ཅལ་འདྲོགས་ཀྱི་རྣམ་ཐར་བསྐྱངས་ཏེ་མིས་འདི་ཟེར་རོ། །མིས་གན་ཟེར་རོ། །ཧོར་འཇིགས་ནི་དེ་འདྲའོ།།ཞེས་སྡོམ་བརྒྱབ་པ་ཡིན་ན། དེ་ནི་རང་གིས་རང་ཉིད་ཀྱི་དམར་གཟུགས་གཅེར་རྗེན་དུ་བཏོན་པ་ལས་གང་ཡང་མིན་ཞེས་ཞུའོ།། ༢༠༠༩ ༧ ༡༣ ལ་བྲིས།
ལྷ་སྦྱིན་ལགས། སྐུ་ཞབས་ཧོར་དང་ཁྱེད་གཉིས་གྲོགས་པོ་ཡིན་པ་ང་ཚོས་ཤེས་དང་ཤེས། ཁྱེད་ཀྱིས་བསྟོད་པ་འདི་མ་བྲིས་ནའང་ལོས་ཤེས། དེ་ལས་འོག་གི་བཙན་པོ་ལགས་ཀྱི་ཟིན་བྲིས་དེའི་ནང་གི་“ ”རྟགས་འདི་བརྒྱབ་ཡོད་ས་དེ་ལ་ལན་ཞིག་ཐོབས་དང་། དེ་མིན་རྟོགས་བརྗོད་ལེའུ་བརྒྱ་ཅན་ཞིག་བྲིས་རུང་དེ་ལ་ལྗིད་ཁོག་ཆེན་པོ་ཨེ་ཡོད་མི་ཤེས།
བཙན་པོ། ༢༠༠༩/༠༧/༡༥ ཉིན་འདོན་སྤེལ་བྱས།
ཧོར་འཇིགས་ལ་དགའ། རེ་བ་ཆེན་པོ་ཞིག་བཟུང་བ་ཡིན། རེ་བཞག་ས་ནས་ལོང་རྡུབས་ཐ། སྐར་མ་ཉི་ཤུ་ལྷག་ལ་མདོ་སྨད་ལོ་རྒྱུས་བམ་ཀློག་བྱས་པ་ཡིན། གང་ནས་རྫོགས་ན་དེ་ན་མི་ལེགས་པ་དང་ནོར་བ་རྐྱང་རྐྱང་རེད། དེབ་༥དང་༦་ནི་དགོན་པ་དང་མཁས་པའི་ལོ་རྒྱུས་རེད། དེབ་དང་པོ་སྤྱི་བརྗོད་ལྟ་བུ་རེད། དེབ་༢་བ་དང་༣་པ་༤་ནི་མདོ་སྨད་ས་གནས་ཁག་གི་ལོ་རྒྱུས་རེད། རྫོང་ཁག་༥༣་གྱི་ལོ་རྒྱུས་ཡོད་ཟེར།དེ་དག་གི་ནང་ལ་མ་ཚུད་པའི་རྫོང་ཁག་ཡང་ཡོད་ཟེར། དེབ་༣་པ་ནི་དེབ་ཆེ་ཤས་དེ་རེད། དེ་ནི་རྫོང་ཁག་༤་ལོ་རྒྱུས་རེད། དེ་དག་ནི་རྨ་ཆུ་རྫོང་དང་ཀླུ་ཆུ་རྫོང། བསང་ཆུ་རྫོང་།སོག་པོ་རྫོང་ངམ་ཧྭི་ནན་རྫོང་ཅེས་རེད། རྫོང་ཁག་༥༠ཙམ་གྱི་ལོ་རྒྱུས་དེབ་༢་པ་དང་༤་པའི་ནང་བྲིས་ཡོད་ས་རེད། དེ་འདྲའི་མང་ཉུང་ཆེན་པོ་ཞིག་ཅི་ཕྱིར་ཤོར་བ་རེད། ཞོགས་ཞེན་བྱས་འདུག དེ་ནས་་ཡང་ལོ་རྒྱུས་དེའི་ངོ་མདངས་ཤོར་མི་འདུག་གམ། “དགུ་རོང་རྒྱལ་སྲས་དགུ་རོང་ཚང་གི་ཡང་སྤྲུལ་རེད་ཟེར། མང་ར་རྫོང་ཁོངས་སུ་དགོན་་པ་དང་ཆོས་ཁང་བཅུ་ལྷག་ཡོད་པ་ཚང་མའི་་བཏབས་ལོ་དང་འདེབས་མཁན་།འདེབས་ས་སོགས་ཆ་ཚང་ནོར་འདུག རྫོང་ཁོངས་དེ་ན་ལོ་བ་ཞང་ཟེར་བའི་ཞང་་གཉིས་དང་མར་ཁུ་ཐང་ཟེར་བའི་ཞང་ཞིག་བྲིས་འདུག ཞང་འདི་མོ་དག་་དག་ཅིག་མང་ར་རྫོང་ན་ཕར་ཞོགས་མཚོ་སྔོན་ཞིང་ཆེན་ན་འང་མེད་པ་ངས་ཁག་ཐེག་བྱེད་ཐུབ།” དེ་ནས་སྤོ་ལང་ནས་ཀློག་མེད། ཁོས་ལོ་དགུའི་རིང་ལ་ལོ་རྒྱུས་ནོར་བ་དག་དག་ཆེད་དུ་བྲིས་ནི་ཡིན་ས་རེད། ཆོལ་གསུམ་ལོ་རྒྱུས་ཡང་འདི་འདྲ་ཡིན་ན་བྲིས་ནས་དགོས་པ་མི་འདུག་གོ
ལྷ་བྱིན་ཁྱེད་ཀྱིས་ཧོར་འཇིགས་སྤྲིན་པའི་གསེབ་ལ་བཏེགས་འདུག་ཏེ། ཆུང་དུས་ཧོར་འཇིགས་ལ་ཆ་རྒྱུས་ཡོད་པའི་མི་སྣ་ཚད་ལྡན་ཚོ་ལ། སྔོན་མ་ཁོང་དགོན་པ་ལ་བསྡད་དུས་སྤྱོད་པ་ངན་པ་ཡོད་པ་ལས་སློབ་སྦྱོང་ཡག་པོ་ཡོད་པ་བཤད་ཡག་མི་འདུག་
དུད་འགྲོའི་རྒྱལ་བོ་ཁྱོད་འདྲ་བ་། མང་དོན་གཉིས་སུ་དུད་འགྲོ་རེད་། ཕྲག་དོག་གིས་སྐད་ངན་འདོན་པ་ལས་། བརྩོམ་སྣ་གཅིག་སྟོན་རྒྱུ་ཁྱོད་ལ་མེད་།
མི་ཅི་འདྲ་ཞིག་ཡིན་ནའང་སྐྱོན་དང་དགེ་ཡོད། གཙོ་བོ་དེ་དགེ་སྐྱོན་གཉིས་ལ་གང་ལྕི་བ་ཡོད་མེད་དང་། ངེད་ཚོ་སྤྱི་པར་གང་ཕན་པ་ཆེ་བ་ཡོད་པ་འདི་ལ་བསམ་ཤེས་བྱེད་དགོས་རེད་སྙམ།
ཧོར་འཇིགས་ཆུང་དུས་སྤྱོད་པ་ངན་པོ་དང་གཤིས་ཀ་ངན་པོ་ཡོད་སྲིད། ཡིན་ནའི་ཁོས་བྲིས་པའི་དེབ་དེས་ང་ཚོར་ཕན་པ་ཞིག་གཏན་གཏན་ཡོང་ངེས། ད་བར་མདོ་སྨད་ཀྱི་ལོ་རྒྱུས་ཞིབ་ཕྲ་གཅིག་སུ་གཅིག་གིས་བྲིས་མིན་འདུག བྱས་ཙང་ཧོར་འཇིགས་ཀྱིས་མགོ་བཙུགས་པ་དེས། མ་འོངས་པར་ལོ་རྒྱུས་སྤུས་དག་འབྲི་མཁན་དག་ལ་རྒྱུ་ཆར་ཕན་ཐོག་ཡོད་ངེས།
བྱས་ཙང་ང་རང་དབུས་གཙང་པ་ཞིག་གིས་ཁོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧོར་གཙང་འཇིགས་མེད་ཀྱིས་སྤྱི་ཚོགས་ལ་ཕན་པའི་བྱ་བ་མི་ཉུང་བ་ཞིག་བསྒྲུབས་འདུག མཐོང་ཡས་འདུག རྗེས་སུ་ཡི་རངས་ཡོད།
མདོ་སྨད་ལོ་རྒྱུས་ཆེན་མོ་དེར་རོབ་ཙམ་བལྟས་པ་ཡིན། ལེགས་པའི་ཆ་མི་ཉུང་བ་ཞིག་འདུག་ལ། ནོར་བའི་ཆའང་མང་པོ་འདུག འོན་ཀྱང་མདོ་སྨད་ཁུལ་གྱི་བླ་མ་མང་པོ་ཞིག་དགེ་ལུགས་པའི་ཁོངས་སུ་བྲིས་འདུག དཔེར་ན་རྙིང་མའི་བླ་མ་ཞིག་གིས་དགེ་ལུགས་ཀྱི་བླ་མ་ཞིག་གི་མདུན་ནས་གསུང་ཆོས་ཞུ་མྱོང་བ་ཞིག་གོ་ན་བླ་མ་དེ་དགེ་ལུགས་པའི་ཁོངས་སུ་བྲིས་པ་ལྟ་བུ་དག་ནོར་བ་མ་ཡིན་པར་ཆེད་དུ་བྲིས་པ་ཞིག་མིན་ནམ་བསམ་པའི་བློ་དོགས་ཡོང་གི་འདུག གང་ལྟར་ལོ་རྒྱུས་དང་འབྲེལ་བའི་སྐོར་ལ་སྐབས་འདིར་འབྲི་རྒྱུ་མིན།
ལྷ་ཆབ་སྦྱིན་པ་ལ་ཐད་ཀར་དྲི་བ་ཞིག་འདྲི་རྒྱུ་ཡོད། ཧོར་འཇིགས་ཁོ་རང་གི་ངོས་ནས་ཡིན་ཡང་ཁྱེད་ཚོ་རྗེས་འཇུག་པ་ཚོའི་ངོས་ནས་ཡིན་ཡང༌། ཧོར་འཇིགས་བཙན་བྱོལ་ནང་ཡོང་ནས་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཚུལ་དང༌། ལྷག་པར་དུ་ཁོར་ཡུག་གིས་སྤྲད་པའི་དཀའ་ངལ་མང་དག་ཅིག་འཕྲད་སོང་ཞེས་རོབ་བཤད་ལྟ་བུ་ཞིག་བྱེད་བཞིན་འདུག གནད་དོན་འདི་ངས་གཏན་ནས་རྟོགས་མི་ཐུབ་པ་ཞིག་རེད། ཧོར་འཇིགས་རྒྱ་གར་དུ་སླེབས་ནས་ལོ་ཁ་ཤས་ཀྱི་རྗེས་ནས་བོད་གཞུང་སྨན་རྩིས་ཁང་གི་དགེ་རྒན་དུ་གདན་དྲངས་པ་དང༌། དེའི་རྗེས་ནས་མདོ་སྨད་མི་མང་གིས་ཆེ་མཐོང་ཆེན་པོའི་ཐོག་ནས་སྐབས་བཅུ་གཉིས་པའི་མདོ་སྨད་མི་མང་གི་སྤྱི་འཐུས་སུ་སྐབས་གཉིས་བདམ་པ་རེད། སྐབས་རྗེས་མ་ཁོ་རང་གི་ངོས་ནས་དགོངས་པ་ཞུས་པ་ལས་མི་མང་གི་ངོས་ནས་བདམ་ཡོད་པ་རེད། སྤྱི་འཐུས་ནི་བཙན་བྱོལ་ནང་གོ་གནས་གལ་ཆེ་ཤོས་ཀྱི་གྲས་ཤིག་རེད། དེ་མ་ཡིན་པའི་བཙན་བྱོལ་ཁྲོད་ཀྱི་ལས་ཀ་ཚོ་ས་དང་སྣུམ་ས་མང་པོ་ཞིག་ལ་ལག་འཆང་རྒྱུ་བྱུང་ཡོད་པ་རེད་ལ། མདོ་སྨད་ལོ་རྒྱུས་ཆེན་མོ་ལ་མཚོན་ན་སྐུ་སྒེར་ཡིག་ཚང་ནས་ཆོལ་ཁ་གཞན་དང་མི་འདྲ་བར་མདོ་སྨད་ལ་དམིགས་བསལ་གྱིས་སྒོར་ས་ཡ་མང་པོ་བཏང་བ་རེད། ཧོར་འཇིགས་ལ་དཀའ་ངལ་མང་པོ་འཕྲད་པ་ངས་མི་ཤེས། ལྷ་ཆབ་སྦྱིན་པ་ཁྱེད་རང་ལ་མཚོན་ན་སྨྱུག་རྩལ་ཡག་པོ་ཡོད་མཁན་གྱི་ན་གཞོན་རྩོམ་ཡིག་འབྲི་མཁན་ཞིག་ཡིན་པ་མ་ཟད། ཆབ་སྲིད་འབྲེལ་ཆགས་ཀྱི་ཐོག་ནས་དཀའ་ངལ་འཕྲད་དེ་ཡོང་དགོས་ཐུག་པ་ཞིག་ཀྱང་ཡིན་པ་ངས་ཤེས། ཁྱེད་ལ་གཏན་འཇགས་ཀྱི་ལས་ཀ་མེད་པར་ལོ་མང་པོ་ལྷག་པ་དང༌། མེཀ་ལོར་གྱི་སྲང་བར་ནས་གསར་ཤོག་བཙོང་ནས་འགྲོ་བཞིན་པའང་མང་པོ་མཐོང་མྱོང༌། ཧོར་འཇིགས་ལ་དེ་ལྟ་བུའི་ལོ་རྒྱུས་བགྲང་རྒྱུ་གཏན་ནས་ཡོད་པ་མ་རེད། ཁོ་རང་གིས་ཁོ་ལ་དཀའ་ངལ་འཕྲད་སོང་ཞེས་ཡིག་ངག་གཉིས་ཐོག་ནས་བཤད་པར་བརྟེན། ཁྱེད་ཀྱིས་རི་བོང་ཅལ་འདྲོགས་བྱས་ནས་དེ་དྲངས་པ་རེད། ཧོར་འཇིགས་ལ་བཙན་བྱོལ་ནང་དཀའ་ངལ་འཕྲད་པའི་ལོ་རྒྱུས་དེ་ཚོ་རྗེས་ནས་ཡང་བསྐྱར་བཤད་དགོས་པ་ཞིག་རེད་དམ། ཁོ་རང་གིས་ཕར་མི་མང་པོ་ཞིག་ལ་ཁ་རྡུང་བཏང༌། རེ་ཟུང་གིས་དེ་ལ་ལན་འདེབས་བྱས་ན་སེམས་པ་མ་སྐྱིད་ཡོང་གི་ཡོད་བཟོ་འདུག དཔེར་ན་ས་དཀར་འོད་ཟེར་ལ་གཤེ་གཤེ་ཤོག་ལྷེ་ཁ་ཤས་བཀྲམ་པ་ལ་བལྟས་ན་ཤེས་ཐུབ། དེ་བཞིན་འཇམ་དབྱངས་ནོར་བུ་ལ་སྐྱོན་འཛུགས་གང་མང་བྱས་ཀྱང་འཇམ་ནོར་གྱིས་ཁ་ཡ་ཙམ་ཡང་བྱས་མ་སོང༌། སེམས་ལ་དཀའ་ངལ་ཡོད་ན། རྒྱལ་སྲས་ཞི་བ་ལྷས། བཟེ་རེ་ཅན་ལ་གནོད་མང་ཞིང༌༎ འཆི་བས་སྲུང་བཞིན་ལྷ་འདྲ་བ༎ ཀྱི་ཧུད་སྡུག་བསྔལ་དག་གིས་བཅོམ༎ ཞེས་པ་ལྟར་ཁོ་རང་བཟེ་རེ་ཆེ་དྲགས་ནས་སེམས་པ་སྡུག་བསྔལ་གྱིས་མནར་བ་ལས། ཧོར་འཇིགས་ལ་སྤྱི་ཚོགས་ཀྱིས་གནོན་ཤུགས་སྤྲད་པ་ཞིག་མ་རེད།
ངའི་གྲོགས་པོ་རེ་ཟུང་རྡ་ས་ནས་འདུག་ས་མེད་པར་ཤིང་སྡོང་འོག་དེ་འདྲ་ནས་ཉལ་བསྡད་པ་རེད། ང་དང་ང་འདྲ་བ་སྟོང་ཕྲག་གིས་ལྡ་ལི་འཐུང་མ་ཐུབ་པར་ཉི་མ་མང་པོར་ལྟོ་བ་བརྒྱགས་ཙམ་ཡང་མེད་པའི་འབྲས་སྐྱ་གཅིག་པོ་ཟོས་ནས་བསྡད་པ་རེད། སྐུ་ཞབས་ཧོར་འཇིགས་ལགས་ནས་དེ་འདྲའི་དཀའ་ངལ་མྱངས་ཡོད་དམ་རེད། གང་ལྟར་ང་ཁོང་ལ་དགའ་མོས་ཡོད། མདོ་སྨད་པ་ཚོར་འདི་ལྟ་བུའི་སྐྱེས་བུ་ད་དུང་གང་མང་དགོས། བོད་པ་སྤྱི་ལ་མཚོན་ན་ཡང་ལོས་དགོས་བསམས། མདོ་སྨད་ལོ་རྒྱུས་དེ་སྤྱི་ཚོགས་སྟེང་མ་བསླེབས་གོང་ནས་སྐད་གྲགས་འདྲ་ཞིག་ཆོད་སོང་། བསླེབས་པའི་རྗེས་སུ་སྤྱི་ཚོགས་ཟེར་བ་འདི་ཁ་བརྒྱ་མིག་སྟོང་གི་བདག་པོ་ཡིན་པས་བཟང་རབས་ངན་རབས་ཀྱི་སྐད་ཆ་བཤད་རྒྱུ་ནི་ཆོས་ཉིད་རེད། དགའ་ནི་ཞིག་གིས་བསྟོད་ནི་རེད། མི་དགའ་མཁན་ཞིག་གིས་སྨོད་ནི་རེད། མཁས་པ་ཚོས་དཔྱད་ནས་དཔྱད་བརྗོད་སྤེལ་ནི་རེད། ང་འདྲའི་བླུན་པོ་ཚོས་མ་དཔྱད་པར་སྐྱོན་བརྗོད་བྱེད་ནི་རེད།
ནོར་བཅོས། ཡོད་དམ་རེད། ཡོད་དམ་མེད།
སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས། ངས་ཁ་སང་སྐུ་ཉིད་ཀྱི་དཀར་ཆག་དེ་མཐོང་བྱུང་། དེབ་ཞིབ་ཕྲ་ཀློག་ཐུབ་མ་སོང་། ངེས་པར་དུ་ཀློག་གི་ཡིན། དཀར་ཆག་ལ་ལྟ་དུས། ཁྱེད་ལ་དཀའ་ངལ་ཁ་ཤས་འཕྲད་འདུག དང་པོ་དེ། ལོ་རྒྱུས་འབྲི་སྐབས། སུའི་ལོ་རྒྱུས་འབྲི་དགོས་མིན་དེ་དཀའ་ངལ་རེད། བླ་མ་དང་དགོན་པའི་ལོ་རྒྱུས་འབྲི་དགོས་སམ། དཔོན་གྱི་ལོ་རྒྱུས་འབྲི་དགོས་སམ། དམངས་ཀྱི་ལོ་རྒྱུས་འབྲི་དགོས་སམ།
གོང་གི་གནས་ཚུལ་ཚང་མ་འབྲི་དགོས་སྟབས། དཀའ་ངལ་གཉིས་པ་ཞིག་འཕྲད་འདུག ཁྱེད་ཀྱི་ལོ་རྒྱུས་དེབ་འདི་ཤེས་བྱའི་མཛོད་ལྟ་བུ་ཞིག་ཆགས་འདུག ས་གནས་སོ་སོའི་མིང་དང་། རྫོང་གི་གནས་ཚུལ། དགོན་པ་དང་དཔོན་པོའི་ལོ་རྒྱུས་ཐུང་ངུ། དེ་ནས་མིང་གྲགས་ཅན་གྱི་མི་སྒེར་སོ་སོའི་ལོ་རྒྱུས་ཐུང་ཐུང་བཅུག་འདུག ངས་བལྟས་ན་ལོ་རྒྱུས་ཀྱི་གཞི་གཙོ་བོ་འདི་དུས་ཚོད་ལ་བསྒྲིགས་ནས་འབྲི་ཐུབ་ན་ཕན་པ་ཆེ་བ་མེད་དམ་སྙམ། དཔེར་ན། དུས་རབས་བདུན་པའི་ནང་གི་མདོ་སྨད། དུས་རབས་བརྒྱད་པའི་ནང་གི་མདོ་སྨད་ལྟ་བུར་དབྱེ་ནས་བསྒྲིགས་ཡོད་ན། སྐབས་དེ་དུས་ཀྱི་གནས་ཚུལ་རྣམས་ལ་དབྱེ་ཞིབ་ཀྱང་ཡག་པོ་ཞིག་བྱེད་ཐུབ་སྙམས།
རྗེས་མ་ད་ལྟའི་ལོ་རྒྱུས་འདི་རྒྱུ་ཆར་བཞག་ནས། མུ་མཐུད་སྐྱར་འབྲི་ཞིག་བྱེད་ཐུབ་ན། ངེས་པར་དུ་སྤུས་ཚད་ལེགས་ཏུ་འགྲོ་སྲིད། དེ་ལྟར་ཡོང་བར་སྨོན་ལམ་དང་རྒྱབ་སྐྱོར་བྱེད་ཐུབ་པ་བྱེད་ཀྱི་ཡིན།
སྐུ་ཞབས་ལྷ་སྦྱིན་ལགས།
མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོ་འདི་ཧོར་འཇིགས་ཀྱིས་བརྩམས་པ་རེད་དམ་བསྒྲིགས་པ་རེད།
སྐུ་ཞབས་ལྷ་ཆབ་སྦྱིན་པས་ཧོར་འཇིགས་ལགས་ལ་ཡག་ལས་ཡག་བསྟོད་བྱས་འདུག་པར་གད་མོ་བྲོ། འདི་ནི་ཧོར་འཇིགས་ཀྱིས་ལོ་རྒྱུས་ཆེན་མོའི་ནང་དུ་ལྷ་ཆབ་ཀྱི་མིང་བྲིས་པས་རེད་ཟེར་ནས་ངས་གོ་སོང༌། དངོས་གནས་འདི་ལྟར་ཡིན་ན། ཧོར་འཇིགས་ཀྱི་མཇུག་མ་སྐེ་ཚིགས་ན་སྐྱེས་ཡོད་པའི་རྟགས་རེད། ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོའི་ཆེད་དུ་མི་ལོ་གསུམ་བཞི་རེ་ལ་དཀའ་སྤྱད་བྱས་པ་དང༌། ཧོར་འཇིགས་རང་གིས་མི་ཤེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་ནང་ནས་ཡིག་བསྒྱུར་བྱེད་མཁན་ཚེ་བསྟན་རྒྱལ་སོགས་ཀྱི་མིང་ཙམ་ཡང་མ་བཀོད་པར་རང་གི་ཡིག་ནོར་གྱི་མགོ་ཡང་མི་ཐོན་པའི་སྙན་ངག་པ་གྲགས་ཆེན་ལྷ་ཆབ་འཇོག་དགོས་དོན་རུལ་བ་རེད།
དང་པོ་ངས་ཀྱང་ལྷ་ཆབ་འདི་སྙན་ངག་པ་དངོས་མ་ཞིག་གི་མི་གཤིས་ཡོད་ཀྱི་སྙམ་ནས་རེ་བ་བཞག་མྱོང༌། ཡིན་ནའང༌། སེམས་གཏིང་ནས་སྐྱོ་བ་ཞིག་ལ་ན་ནིང་དོ་ཚིགས་ལ་ལྷ་ཆབ་འདི་མི་མགོ་གཉིས་མ། སྐབས་འཚོལ་བ། ཧོར་རྒྱུགས་པ་ཞིག་ཆགས་བཞིན་འདུག དེ་ནི་ཁོང་གིས་བྲིས་པའི་རྩོམ་ཡིག་ཁོ་ཚེ་ཚུལ་ཁྲིམས་རྡ་སར་སླེབས་པ་ཟེར་བ་དང༌། ཝང་ལི་ཞོན་རྒྱ་ནག་གི་གསང་མྱུལ་བ་རེད་ཟེར་བ་སོགས་ལས་གསལ་བོ་ཤེས་ཐུབ། དྲང་མོར་བཤད་ན། ཁོ་ཚེ་ཚུལ་ཁྲིམས་ཀྱིས་བོད་ལ་སྡུག་པའི་ལས་ཀ་བྱས་ཡོད་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་ཕན་པའི་ལས་ཀ་ཡང་ཆེན་པོ་བྱས་ཡོད། ཁོང་གིས་བསྒྲིགས་བཞིན་པའི་ནང་དོན་དེབ་ཚོགས་དེ་ལ་ཐེངས་གཅིག་གཟིགས་དང་ཁོ་ཚེ་བ་འདི་ལྷ་ཆབ་ལྟ་བུ་རང་གི་རྒན་མོ་ངོ་ནག་པའི་རྐུབ་ཀྱང་སྲུང་མི་ཐུབ་པའི་མི་ངན་འདི་འདྲ་ཞིག་གིས་ངན་སྨྲ་དོན་མེད། དེ་ནས་ཝང་ལི་ཞོན་ཡང་ཁོ་ཚེ་དང་གཅིག་པ་རེད། ཡག་བཙོག་གཉིས་ཀ་ཁ་ཁར་བྱས་ནས་བྲིས་ན་འབྲི་སྟངས་ཤིག་ཡིན་མོད་ནག་པོ་གཅིག་གིས་ཡག་པོ་ཚང་མ་ནག་བསུབ་བྱེད་འདོད་པ་འདི་ཤེས་ཡོན་པ་ཞིག་གི་རང་གཤིས་མ་རེད།
ཧོར་འཇིགས་ཀྱི་ལོ་རྒྱུས་ཟེར་བ་འདི་བསྒྲིགས་པ་ཞིག་ལས་བརྩམས་པ་ཞིག་གི་བཟོ་ལྟ་མི་འདུག ཕྱོགས་རེ་ཕྱོགས་རེ་དང་དུམ་མཚམས་དུམ་མཚམས་བྱས་ནས་དེབ་འབྲི་སྲོལ་འདི་བོད་ལ་ནམ་དར་བ་ཡིན་ནམ། འདི་ལ་ལོ་རྒྱུས་ཟེར་བའི་ཐ་སྙད་འདོགས་མཁན་སུ་ཡིན་ནམ། འདི་ལ་བརྩམས་ཟེར་བའི་དོན་དག་ཅི་ཡིན་ནམ། འདི་ཚོ་ཚང་མ་ང་ཚོས་ངེས་པར་དུ་བསམ་བློ་ཞིབ་ནན་གཏོང་དགོས་ས་རེད།
སྐུ་ཞབས་ཀླུ་སྨྱོན་ལགས་ཀྱིས་བཤད་པ་དེ་ཧ་ཅང་མད། ཧོར་འཇིགས་བཙན་བྱོལ་དུ་འབྱོར་ནས་དཀའ་ངལ་གང་ཡང་འཕྲད་མེད། དེ་ཆེ་ས་ནས་བཤད་པ་ཡིན། དེ་བཞིན་ཁག་ཅིག་གིས་གླེང་སློང་བྱུང་བ་བཞིན། ཧོར་འཇིགས་ཀྱིས་བརྩམས་ཞེས་བྲིས་པ་འདི་ཡང་དོན་དངོས་དང་འཚམས་མིན་བཤད་ཁག་པོ་འདུག དེ་བཞིན་ཉེ་བའི་ཆར་ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ་དེ་ཐོན་འདུག དེར་ཡང་བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་ཞེས་བྲིས་འདུག ནང་དུ་ལྟ་དུས་རྩོམ་སྒྲིག་འགན་འཛིན་པ་འདུག་ལ། རྩོམ་སྒྲིག་སློབ་སྟོན་པ་དང༌། དེ་བཞིན་ཕྱི་ལོ་1960 རེ་གྲངས་ནས་རྩོམ་སྒྲིག་ཚོགས་ཆུང་ཡང་འདུག ད་དུང་བེ་རི་ཁོ་རང་གིས་བརྩམས་ཞེས་བྲིས་པ་འདི་ཅུང་ཙམ་དངོས་ཡོད་གནས་ཚུལ་དང་འཚམས་མིན་བཤད་ཁག་པོ་འདུག་ལ། ཧོར་འཇིགས་ཀྱི་གནས་སྟངས་ཀྱང་གོང་དུ་བརྗོད་པ་བཞིན་གཅིག་པ་གཅིག་རྐྱང་རེད་འདུག
ངས་ལྷ་ཆབ་སྦྱིན་པའི་མིང་ཐོག་མར་ལྡུམ་ར་ཟེར་བའི་དུས་དེབ་གཅིག་གི་སྟེང་མཐོང་སོང་། ཁོང་གི་རང་མོས་སྙན་ངག་ཞིག་བྲིས་འདུག ཕོ་གསར་སྐམ་པོ་ཞིག་གི་པར་གཅིག་ཀྱང་སྦྱར་འདུག དེ་དུས་ཁོང་གི་སྙན་ངག་ལ་ང་རང་ཡིད་སྨོན་མ་བྱུང་སྟེ། རྩོམ་པ་པོ་ཆུང་ཆུང་ཞིག་སྐྱེས་སྲིང་བྱུང་བ་དེ་ཡག་པོ་རེད་དྲན་བྱུང་། ད་ལན་ཁོང་གི་ངོ་དགའ་སྤྲེལ་ལད་ཀྱི་རྩོམ་ཆོས་མཐོང་དུས་ཁོང་ནི་རྩོམ་པ་པོ་ཞིག་མིན་པ་ཚོར་ཡོང་།
སྤྱིར་བཏང་ཧོར་གཙང་འཇིགས་མེད་ཀྱིས་རྩོམ་དང་པོ་བྲིས་དུས་པད་མ་འབུམ་གྱིས་ཧང་སངས་ནས་ཁོས་ཀྱང་གཅིག་བྲིས་ཀྱི་ཡོད་རེད་པས་ཞེས་ལབ་པ་འདྲ། དེ་དུས་ངས་ཧོར་འཇིགས་ཀྱི་རྩོམ་ཡིག་མ་མཐོང་ཙ་ན་རྒྱབ་སྐོར་བྱ་ས་རགས་མ་བྱུང་། ཐེངས་ཤིག་མི་ཞིག་གི་ཉལ་ཁང་ནང་དེབ་འཐུག་པོ་ཞིག་འདུག་རྒྱུ་ཆ་དཔེ་ཡག་པོ་བཏང་འདུག འོ་རེད་སྨན་རྩིས་ཁང་ནས་པར་བཏབ་པ་ཡིན་ས་རེད། དེའི་ནང་རྩོམ་པ་པོ་ཧོར་འཇིགས་ཡིན་པ་བྲིས་འདུག དེ་དུས་ངའི་བསམ་པར་རིན་བྲལ་གྱི་སྔོན་བྱོན་མཁས་པའི་དཔེ་ཆ་དེ་འདྲ་མང་པོ་ཡོད་ནའང་། ཕྱི་ལོག་འགྲོ་སོང་དེ་འདྲ་གཏོང་མཁན་མེད་པ་ཁྱད་མཚར་རེད། དེང་མི་ཞིག་གིས་སྔོན་མ་དེ་ཚོ་ནས་ཕར་བཤུས་འགའ་བྱས་རྗེས་རྫིགས་པོ་དེ་འདྲ་བཟོ་གི་ཡོད་སྙམ།
ཡང་ངའི་གོ་ཐོས་ལ་ཐེངས་ཤིག་ཧོར་འཇིགས་ཀྱི་དགེ་ཆོས་ཀྱི་ལོ་རྒྱུས་ཞིག་བྲིས་པའི་ནང་འབྲས་སྤུངས་ཀྱི་དགེ་བཤེས་ཞིག་གིས་ལོ་རྒྱུས་ཁྱོགས་བཤད་བྱས་པ་ལས་མཐར་གྲྭ་པ་ཞིག་གིས་ཁུངས་ལུང་དྲི་སར་ཕྱིན་དུ་ལབ་རྒྱུ་གང་ཡང་མ་རགས་པར། ངས་དེ་འདྲ་ཡིན་རྒྱུ་རེད་བསམས་བྱུང་ཞེས་ལབ་པ་རེད་ཟེར་གྱི་འདུག།
འོ་རེད་ང་དང་ཧོར་འཇིགས་ངོ་ཤེས་རེ་མེད་ལ་བཟང་ངན་གྱི་འབྲེལ་བ་གང་ཡང་མེད།
མ་ཆ་ལགས་ལ།
དུད་འགྲོ་ཡང་རྩེ་བྱ་ཡི་རྒྱལ་པོ་ངར།།
བརྩམས་ཆོས་ཀ་ཁའི་བགྲངས་ལས་ལྷག་ནའང་།།
དེང་སང་ཉོ་མཁན་མེད་པའི་བརྩམས་དེབ་ཀྱིས།།
དཔེ་ཚང་མཐའ་དག་ཁེངས་ནས་འདུག་པ་ན།།
དཔར་དུ་སྐྲུན་ཀྱང་ཚོང་པས་ཉར་ཨེ་ཡོང་།།
ད་དུང་སྦྱིན་བདག་འཚོལ་བྱེད་ངོ་དགའི་ལྕེ།།
ང་ལ་མེད་དུ་བྱུང་སོང་ཁ་ཨེ་ཐུག།
ཡིད་དུ་འཕྲིགས་ནས་ད་བར་དཔར་སྐྲུན་མེད།།
ཧུད་ཧུད།
མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པའི་དེབ་དེ་ཚོ་དཔེ་མཛོད་ལ་སྙན་ཞུ་ཕུལ་ན་སྤྲོད་ཀྱི་འདུག ང་ལ་གཅིག་ཐོབ་བྱུང༌། བཀླགས་དང་ཀློག་གིན་ཡོད། དེབ་དང་པོ་དེ་བརྩམས་པ་རེད་ལབ་ན་འདྲ་པོ་རེད། གཉིས་པ་ནས་དྲུག་པ་བར་ནི་གཞན་གྱི་དེབ་ནས་བཤུས་ནས་ཚིག་མཛོད་ཀྱི་བཟོར་བསྒྲིགས་པ་ཞིག་རེད། དེར་བརྩམས་པའི་རྣམ་པ་གང་ཡང་མི་འདུག ཡིན་ནའང༌། མདོ་སྨད་ཀྱི་སྐོར་ལ་ཞིབ་འཇུག་དང་ལོ་རྒྱུས་གླེང་མཁན་ཚོར་དཔྱད་གཞིའི་རྒྱུ་ཆ་གསར་པ་ཞིག་ཁ་སྣོན་བྱུང་བ་རེད། ཁ་རྒྱགས་པ་བཤད་མཁན་ཚོ། དམོད་འདེབས་ཞུས་ན་ཡག་པོ་མི་འདུག་ཨང༌།
ཟླ་བ་དོན་གྲུབ་ལགས། བརྩམས་ནི་རང་གིས་ངོས་ཟིན་དང་བློ་བཀོད། ཉམས་མྱོང་དང་ཤེས་རྟོགས། དོན་དངོས་གསར་བ་རྣམས་ལ་གོ་བ་ལེན་ཚུལ་སོགས་ཡི་གེར་བཀོད་པ་ལ་ཟེར། བསྒྲིགས་ནི་གོ་རིམ་ངེས་ཅན་ལྟར་བཀོད་པ་ལ་ཟེར་པས། ངས་མདོ་སྨད་ཀྱི་ལོ་རྒྱུས་དེབ་ཕྲེང་དང་པོ་བཀླགས་ཟིན་པ་ན། བརྩམས་པའི་གོ་བ་ལེན་མི་ཐུབ་ལ། བསྒྲིགས་པ་ཞིག་ལ་ངོས་འཛིན་གྱི་ཡོད། ཕྱི་མ་རྣམས་ཁྱེད་ཀྱིས་ཀྱང་ཁས་བླངས་སོ།།
ངས་རྒྱ་གར་དུ་ངོ་ཤེས་པའི་མི་གཉིས་ལ་ཁ་པར་བཏང་ནས་སྐུ་ཞབས་ཧོར་གྱི་དེབ་དེ་ཚོ་ཇི་ལྟར་བྱས་ན་རག་གི་ཡོད་མེད་ཀྱི་སྐད་ཆ་དྲིས་པ་ཡིན། ཁོང་གཉིས་ཀྱིས་བཤད་ན་དེབ་དེ་ཚོ་སྤྲོད་མཁན་སྐུ་སྒེར་དང་དཔེ་མཛོད་གཉིས་ཡིན་པ་དང་། སྤྲོད་ཡུལ་དཔེ་མཛོད་ཡོད་པའི་དགོན་པ་དང་ཆོས་ཚོགས་ཚོར་སྤྲོད་ཀྱི་འདུག་པ་ལས་མི་སྒེར་ལ་སྤྲོད་ཀྱི་མི་འདུག་ཟེར། འོན་ཀྱང་ཆ་རྐྱེན་ཨང་དང་པོ་དེ་དགེ་ལུགས་པའི་དགོན་པ་དང་ཆོས་ཚོགས་ཤིག་ཡིན་ན་ལབ་གླེང་གང་ཡང་མེད་པར་ལམ་སེང་རག་གི་ཡོད་པ་དང་། གཞན་རྙིང་མ་བཀའ་བརྒྱུད་སོགས་ཀྱི་དགོན་པ་དང་ཆོས་ཚོགས་ཤིག་ཡིན་ན་བཤད་རེས་ལུང་པ་གང་རེ་མ་བྱས་པར་སྤྲོད་ཀྱི་མི་འདུག་ཟེར། གལ་ཏེ་ཁྱེད་དགེ་ལུགས་པ་ཞིག་ཡིན་པ་དང་། ཡང་ན་དགེ་ལུགས་ཡིན་པའི་གྲོགས་པོ་རེའི་བརྒྱུད་ལག་ཡོད་ན་ལམ་སེང་རག་ས་རེད། ཨ་ཤུ་རེ་ཁོ།
འདི་འདྲ་ཞིག་ཡིན་མི་སྲིད། ཚེ་བརྟན་རྒྱལ་ལས་ངན་པོ་དེས་མདོ་སྨད་ལོ་རྒྱུས་རྩོམ་སྒྲིག་གི་ཆེད་དུ་དཀའ་ལས་ཞེ་དྲགས་བརྒྱབ་སོང་། དངུལ་ནི་ཧོར་འཇིགས་ལ་སྤྲད་པ་དང་ཁོ་ལ་སྤྲད་པ་གཉིས་གཤིབས་ས་འགྲོ་རྒྱུ་མ་རེད། ད་དུང་ཁོའི་མིང་ཙམ་ཡང་དེབ་དེའི་ནང་དུ་མི་འདུག་ཟེར་ན་ངའི་རྣ་ཅོག་སྐམ་པོ་འདིའི་ནང་ལ་ངོ་མ་འགྲོ་གི་མི་འདུག ཨ་རོགས་ཚོ། དེ་བདེན་པ་རེད་དམ། གཅིག་ཤོད་དང་།
བཟང་ངན་སྣ་དགུའི་ཁྱེད་ཚོས་ཁ་ལ་བྱང་།།
རང་གི་བྱས་པ་མིག་ལ་སྟོན་རྒྱུ་མེད།།
གཞན་གྱིས་བྱས་ན་ཚིག་ངན་སྣ་ཚོགས་གླེང་།།
འདི་འདྲ་འདིས་ཀྱང་བོད་མི་ཕམ་པ་རེད།།
ཕྱིས་སུ་འདི་འདྲའི་རིགས་སུ་གཟབ་པར་མཛོད།།
རང་གི་མི་འཇོན་གཞན་གྱིས་བྱས་པ་དེར།།
དོན་མེད་ཚིག་སྣེ་མ་འཕེན་སྤུན་ཟླ་ཚོ།།
དཔྱད་པ་བྱེད་ན་བྱེད་ལུགས་ཡོད་ནི་རེད།།
རྒྱུ་མཚན་བཙལ་ན་བཙལ་ལུགས་དེ་འདྲ་མིན།།
རང་ནི་ནང་ལ་བསྐོར་ན་ཁ་ཆེ་ཞིང་།།
ཕྱི་ལ་བསྐོར་ན་སྙིང་ཆུང་སྡར་མའི་གཤིས།།
འདི་འདྲ་འདིས་ཀྱང་བོད་མི་ཕམ་པ་རེད།།
རང་གི་ནང་ལ་བསྐོར་ན
ང་ལ་མཚོན་ན་ལྷ་ཆབ་ཟེར་བ་འདི་དང་པོ་ནས་མི་ཡག་པོ་ཞིག་ལ་བརྩི་མྱོང་མེད། གང་ཡིན་ཟེར་ན་ཁོ་དང་པོ་རྒྱ་གར་དུ་ཐོན་སྐབས་དུས་བབ་ཡིན་ནམ་ཅིག་གི་ནང་གི་ཁོ་རྒྱ་གར་ཏུ་ཡོང་བ་དེ་བཙན་བྱོལ་ཁྲོད་ཀྱི་སྙན་ངག་གི་ཁ་ཕྱོགས་བསྒྱུར་ཏུ་ཡོང་བ་ཡིན་པའི་སྐད་ཆ་བཤད་འདུག ང་ཧང་སང་སོང་། དངོས་གནས་དེ་འདྲའི་མི་རྩ་ཆེན་ཞིག་ཡིན་ནམ། དེ་ནས་ངས་ཞིབ་འཇུག་ཕྲན་བུ་ཞིག་བྱས་པ་ཡིན་མོད། གོང་དུ་བཀྲ་ཤིས་ཚེ་རིང་གིས་བཤད་པ་བཞིན་རང་གི་ཡིག་ནོར་ལ་ཡང་བདག་པོ་རྒྱག་མི་ཐུབ་མཁན་གྱི་ཤེས་མེད་ཁ་ཕོ་ཅན་ཞིག་པ་ཤེས་སོང་བས་ང་ཞེ་མེར་གཏིང་ནས་ལངས་སོང་། དེ་རྗེས་ཁོ་པ་པད་དཀར་སློབ་གྲྭ་ཟེར་བའི་ནང་དུ་སྡོད་སྐབས་ང་དང་གྲོགས་པོ་ཞིག་གིས་མཉམ་དུ་ཇ་འཐུང་བཞིན་ཡོད་དུས་ངའི་གྲོགས་པོས་ཁོ་ངོ་ཤེས་པས་སྐད་བཏང་སོང་། འོན་ཀྱང་ཁོའི་བསམ་བློ་འཁྱེར་སྟངས་དང་སྐད་ཆ་བཤད་སྟངས་ལ་ང་ཡང་བསྐྱར་ཞེ་མེར་ལོག་པས་ཇ་འཐུང་འཕྲོ་བྱས་ཏེ་ཕྱིན་པ་ཡིན། དེ་རྗེས་ངས་གྲོགས་པོ་ལ་དྲིས་དུས་ངའི་གྲོགས་པོས། ཁོ་ལ་ཁ་ཕོ་ཆེན་པོ་ཡོད་རུང་རྩ་ལ་བཅར་དུས་ཅི་ཡང་ཤེས་མཁན་ཞིག་རེད། སྙིང་རྗེ། འོན་ཀྱང་ང་རྒྱལ་གནམ་འདྲ་ཞིག་ཡོད་པ་དེ་ཁོང་ཚོའི་གཤིས་ཀའམ་ས་ཆུ་ཞིག་གི་རྐྱེན་གྱིས་ཡིན་ས་རེད། ཡོན་ཏན་ཆུང་ཆུང་ང་རྒྱལ་ཆེ།། སྙེ་མ་སྟོང་པ་མགོ་འཕང་མཐོ།། ཟེར་བ་མིན་ནམ་ཧ་ཧ་ཧ་ཧ་ཧ་ཧ་ཟེར། ལྷག་པར་ན་ནིང་ད་ལོ་ཞིག་ལ་ཁོག་ཏུ་གདོན་ཞུགས་པ་བཞིན་སེམས་ཐོག་ནས་བུད་འདུག དེར་བརྟེན་ཁོས་རྒན་མོ་ངོ་ནག་མའི་རྐུབ་སྲུང་ཐུབ་ཀྱི་ཡོད་མེད་མི་ཤེས་ཏེ་གོང་དུ་སྐུ་ཞབས་བཀྲ་ཤིས་ཚེ་རིང་གིས། ན་ནིང་དོ་ཚིགས་ལ་ལྷ་ཆབ་འདི་མི་མགོ་གཉིས་མ། སྐབས་འཚོལ་བ། ཧོར་རྒྱུགས་པ་ཞིག་ཆགས་བཞིན་འདུག་ཟེར་བ་དེ་ལ་བརྒྱ་ཆ་བརྒྱ་ཐམ་པའི་རྒྱབ་སྐྱོར་ཡོད།
གྲོགས་པོ་ཚོས་འདིར་ “སྤུ་ཟིང་དོག་པོ་”དེ་འདྲ་གནང་དགོས་དོན་ཨེ་ཡོད། དེབ་ཀྱི་བཟང་ངན་དང་དེའི་ཕན་ཐོགས་དེ་མི་ཐོག་ནས་མི་ཐོག་བར་དུ་དཔྱད་ཞིབ་བྱས་ནས་འགྲོ་རྒྱུ་ཞིག་རེད། དེ་རིང་རང་བཟང་ངན་ཐག་ཆོད་པ་ཞིག་ཨེ་དགོས། ཧོར་འཇིགས་ཀྱི་དེབ་དེ་ཚོ་ལ་དཀའ་ལས་བརྒྱབ་ནས་བཟོས་པ་རེད། བརྩམས་པ་རེད། རྡུལ་ཕྲན་བརྩམས་ནས་གྲུབ་པའི་རྡུལ་ཕུང་ཞེས་མི་ཟེར་རམ། ཡ་མཚན་པ་ཞིག་ནི། ང་ཚོས་བོད་རིགས་ཚོའི་བྱས་རྗེས་ལ་ལེགས་སོ་ཞེས་བསྔགས་བརྗོད་སྟེར་མི་ནུས་པ་འདི་རེད། “ཁྱེད་རང་གིས་འཇོན་འདུག ཁྱེད་རང་ཡག་པོ་བྱུང་འདུག་”ཟེར་རྒྱུ་ནི་ང་ཚོའི་ཤའི་དུམ་བུ་ཞིག་བཅད་འགྲོ་བ་བཞིན་སེར་སྣ་བྱེད་པ་འདི་ནི་ན་ཚ་སྡུག་ཇག་ཅིག་ཡིན་པ་ལ་ནི་ཐེ་ཚོམ་མི་འདུག “ཁོང་གིས་བརྩམས་པའི་མདོ་སྨད་ལོ་རྒྱུས་”ལ་གླེང་སློང་བྱེད་སྐབས། “གསར་འབྱོར་ཡིན་སྐབས་ཀྱི་དཀའ་ངལ་བྱུང་མིན་”བཤད་དགོས་པ་འདུག་གམ་སྙམ།
ཧོར་འཇིགས་འདི་མྱི་ཞིག་ཨེ་རེད། ཧིན་སྒོར་ས་ཡ་གཉིས་ལྷག་སྐུ་སྒེར་ཡིག་ཚང་ནས་གནངས་ཡོད་ནའང། ད་དུང་ང་ལ་སྐུ་སྒེར་ཡིག་ཚང་ནས་ཟླ་རེ་ལ་ཧིན་སྒོར་ལྔ་སྟོང་རེ་མ་གཏོགས་སྤྲད་མ་སོང་ཞེས་གསར་ལམ་ཁག་ན་སྡུག་སྐད་རྒྱག་གིན་འའདུག་
བསྟོད་མི་ཤེས་མཁན་གྱིས་བསྟོད་པ་ལས་སྨད་མི་ཤེས་མཁན་གྱིས་སྨད་ན་དགའ་ཟེར་བ་ཅིས་མ་བདེན། ཧོར་འཇིགས་ལ་སྐྱོན་བརྗོད་མང་དུ་བྱེད་བཞིན་པ་འདི་ཀུན་ཧོར་འཇིགས་ལ་དངོས་གནས་སྐྱོན་དེ་དག་ཡོད་ནས་བྱུང་བ་ཞིག་མིན་པར། འདི་ནི་ལྷ་ཆབ་སྦྱིན་པས་ཧོར་འཇིགས་ལ་བསྟོད་རྒྱུ་མངས་དྲགས་པའི་རྐྱེན་གྱིས་བྱུང་བ་རེད། ཁོས་ཧོར་འཇིགས་སྐྱེས་བུ་དམ་པ་ཞིག་ཡིན་ཚུལ་ཡང་ཡང་བཤད་ཡོད་པ་འདི་རེད། ཚད་ལས་བརྒལ་བའི་བསྟོད་ར་བཏང་ན་མི་སུའི་ཡང་རྣ་བར་འགྲོ་དཀའ་བ་འཇིག་རྟེན་གྱི་ཆོས་ཉིད་རེད། རྣ་བར་མི་འགྲོ་བའི་ཁར་ད་དུང་མི་རྣམས་ལ་ཁོང་ཁྲོ་དང་སུན་སྣང་སྐྱེད་ཀྱི་རེད། དེ་དུས་བསྟོད་མཁན་དེར་མ་ཟད་བསྟོད་ཡུལ་དེ་ལའང་སྐྱོན་བརྗོད་སྣ་ཚོགས་ཡོང་གི་རེད། དེ་ཀུན་བསྟོད་མཁན་དེའི་བྱེད་སྟངས་མ་འགྲིག་པ་ལས་བྱུང་བ་ཡིན་པས་བསྟོད་ན་བསྟོད་སྟངས་ཤེས་དགོས། སྤྱིར་ལྷ་ཆབ་འདི་སྐད་ཆ་འདྲ་མི་འདྲ་མང་པོ་ཤོད་མཁན་ཞིག་ཡིན་འདུག་ནའང་སྐད་ཆ་གནས་ལུགས་ཅན་དཀོན་པོ་རེད་འདུག ཧོར་འཇིགས་ཀྱི་དེབ་དེ་ད་རུང་བཀླག་རྒྱུ་མ་བྱུང་བས་འདིར་བཟང་ངན་གང་ཡང་བཤད་རྒྱུ་མེད།
དྲ་གྲོགས་རྣམ་པ་ཚོ་
ཧོར་འཇིགས་བརྩམས་གནང་བའི་ཀ་རྩོམ་ཞིག་ཡོད་པ་འདྲ་སྤེལ་གནང་བ་ཞུ།
ཐུགས་རྗེ་ཆེ
ཚུལ་ཁྲིམས་མཐར་ཕྱིན།
ཁྱེད་རང་ད་ཆ་ཆོལ་ཁ་གསུམ་གྱི་རྩོད་སྙོག་འཇམ་དུས་ཆོས་ལུགས་བཞིའི་རྩོད་རྙོག་མགོ་བཙུགས་ཀྱི་ཡོད་པས། གལ་ཏེ་གཞུང་ཕྱོགས་ནས་དཔེ་དེབ་གནང་ཕྱོགས་ཐད་མི་འགྲིགས་པ་དང་ངོ་ཤེས་གནང་གི་ཡོད་ན། དགེ་ལུགས་པའི་དགོན་པ་དེ་དང་སྙིང་མའམ་ས་སྐྱའི་དགོན་པ་དེ་ཞེས་མིང་འདོན་གནང་རོགས། དེ་ལྟར་མིན་པར་དགོན་པ་ཆེ་གེ་མོ་ཞེས་མཛུབ་མོ་བཙུགས་ཡག་མེད་པའི་དཀྲོགས་གཏམ་དེ་འདྲ་གླེང་ན། རྒྱ་གུང་ཁྲེན་གྱི་ལས་ཀ་རེད།
སྐུ་ཞབས་བྱ་རྒོད་ལགས། ཧོར་འཇིགས་ཀྱི་དེབ་དེ་ལ་ཁ་ལས་དགེ་བོ་ཞིག་མ་བྱུང་སེམས་ཐག་ཆོད་ཚར་བ་རེད། དེབ་དེ་མགོ་འཛུགས་དགོས་གསུངས་མཁན་༧སྐྱབས་མགོན་རིན་པོ་ཆེ་ཡིན་སྟབས་དེབ་དེ་ཡག་པོ་མ་བྱུང་བར་དེབ་དེ་དང་འབྲེལ་མེད་ཀྱི་མི་ང་ཡང་སེམས་ཕམ་གི་འདུག མི་མང་པོ་ཞིག་ཀྱང་སེམས་ཕམ་གི་ཡོད་རྒྱུ་རེད། དངོས་གནས་ཡིན། གལ་ཏེ་དེབ་དེ་མགོ་འཛུགས་དགོས་གསུངས་མཁན་༧སྐྱབས་མགོན་རིན་པོ་ཆེ་མིན་པར་སྐུ་སྒེར་ཡིག་ཚང་ཡིན་ན་དེབ་དེ་ཡག་པོ་མ་བྱུང་རུང་སེམས་ཕམ་ཅི་ཡང་མེད། སྡུག་གྱོང་རེད། བོད་གཞུང་དང་སྐུ་སྒེར་ཡིག་ཚང་གཉིས་ཀྱིས་གནའ་ནས་ད་བར་ཕྱི་ལོགས་ལ་རིས་མེད་རིས་མེད་རིས་མེད་ཟེར་གྱི་ཡོད་ཀྱང་། ནང་ལོགས་ནས་རིས་ཆད་ཀྱི་ལས་ཀ་ཁོ་ན་མ་གཏོགས་བྱེད་ཀྱི་མེད་པ་སུས་ཀྱང་ལོས་ཤེས། ལོ་སྔོན་མར་དགེ་ལུགས་པའི་ཚོགས་འདུ་ཚོགས་ནས། ས་གང་སར་དགེ་ལུགས་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཀྱང་ཧི་མ་ལ་ཡའི་རི་རྒྱུད་དུ་དགེ་ལུགས་པའི་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་མི་འདུག་པས་དེའི་ཐད་ལ་ཅིག་བྱེད་དགོས་ཀྱི་འདུག་ཅེས་ཐག་བཅད་དེ། ད་སྐབས་འབྲས་ལྗོངས་ཡིན་ནམ་(ས་ཆ་དེའི་མིང་བརྗེད་ཐལ། གལ་ཏེ་ཡིན་གཅིག་ཤེས་དགོས་ན་ཁ་པར་བརྒྱབ་ནས་སྐད་ཆ་འདྲི་ཡོང་)ཅིག་ལ་དགོན་པ་གསར་རྒྱག་བྱེད་པར་སྐུ་སྒེར་ཡིག་ཚང་ནས་ཧིན་སྒོར་འབུམ་ཉིས་བརྒྱ་གཏོང་བཞིན་ཡོད་པ་རེད། ས་དེར་སྔོན་མ་ཞིག་ལ་ཨ་དབྱངས་རིན་པོ་ཆེས་མཆོད་རྟེན་ཡིན་ནམ་འཁོར་ཁང་ཡིན་ནམ་ཅིག་རྒྱག་རྩིས་བྱས་དུས་གཞུང་དང་སྐུ་སྒེར་གང་རུང་ནས་དགག་ཆ་བྱས་དེ་ལས་དོན་ལམ་སློང་ཡོང་མ་བཅུག་པའི་སྐད་ཆ་ཡོད། འདི་བདེན་པ་རེད། དེ་བཞིན་ལོ་སྔོན་མར་བཀའ་ཤག་གིས་དོལ་རྒྱལ་འདོན་མཁན་ཚོ་གདན་ས་ཁག་ནས་ལོགས་ཤིག་ལ་སྤོར་རོགས་གྱིས་དང་། འགྲོ་སོང་གི་ཐད་ལ་བོད་གཞུང་གིས་བསམ་བློ་གཏོང་གི་རེད་ཅེས་བཤད་སོང་བ་གོ་ལོས་ཡོད། ཁྱེད་ཚོས་བསམ་བློ་ཞིག་ཐོངས་དང་། གལ་དེ་དོལ་ཚོགས་གདན་ས་གསུམ་དུ་མེད་པར་རྣམ་གྲོལ་གླིང་ངམ་སྨིན་གྲོལ་གླིང་། ཡང་ན་ས་སྐྱ་མཐོ་སློབ། ཡང་ན་ཤེས་རབ་གླིང་ལྟ་བུ་ཞིག་ལ་ཡོད་ན་བོད་གཞུང་གིས་ལོགས་སུ་སྤོར་དང་འགྲོ་སོང་གཏོང་གི་ཡིན་ཟེར་རྒྱུ་ཨེ་རེད། སེམས་རྣལ་དུ་གནས་པ་ཞིག་ཡིན་ན་མི་ཤེས་རྒྱུ་ཅི་ཡང་ཡོད་ནི་མ་རེད། ངས་ཆོས་ལུགས་ལ་རྩོད་རྙོག་སློང་གི་མེད། དགེ་ལུགས་ལ་སྡང་ཞེན་བྱེད་ཀྱི་མེད། ང་དགེ་ལུགས་མིན་མོད། བོད་ཀྱི་ནང་པ་ཞིག་གི་ངོས་ནས་བཤད་ན་འཇམ་མགོན་རྒྱལ་བ་ཡབ་སྲས་ལ་མ་དད་ན་ཤེས་རབ་གྱི་མི་ལྡོང་པ་དང་ཁྱད་མེད་པ་ལོས་ཤེས། འོན་ཀྱང་བོད་གཞུང་དང་སྐུ་སྒེར་གྱིས་དུས་རྒྱུན་དུ་ཕྱོགས་ཞེན་འབའ་ཞིག་བྱས་ཡོང་དུས་དེ་ལ་དགའ་གི་མི་འདུག ཕྱོགས་ཞེན་གྱི་ལས་ཀ་མང་དྲག་ན་མཚམས་རེར་མིག་ཤེས་ནག་པོ་མ་གོན་རང་གི་ཆགས་གི་འདུག འདི་ལྟར་དུས་དང་རྣམ་པ་ཀུན་དུ་ཕྱོགས་ཞེན་བྱེད་རྒྱུ་མང་དྲག་ན་༧གོང་ས་མཆོག་མི་བཞུགས་པའི་ཉི་མ་དེར་བོད་མི་ས་ཡ་དྲུག་གི་ནང་ནས་ས་ཡ་ཅི་ཙམ་ཞིག་གཞུང་ལ་དགའ་ཞེན་མེད་པ་དང་ཡིད་ཆེས་མེད་པ་ཆགས་ཀྱི་རེད། དེ་ལ་བསམ་བློ་བཏང་ཨེ་མྱོང་། ཁྱོས་ཀྱིས་བལྟས་ན་དེ་འདྲ་ཨེ་རེད། བྱ་རྒོད་ལྕགས་ཀྱི་མཆུ་ཏོ་ཅན་ལགས།
དྲ་གྲོགས་རྣམ་པ་ཚོ། གཟབ་གཟབ་གནང་རོགས།
འདིར་མི་གཅིག་ཉིད་སྐབས་རེར་སྔ་རྒོལ་དུ་བརྫུས། སྐབས་འགར་ཕྱི་རྒོལ་དུ་བརྫུས་ནས་རྩ་བའི་བསྒྲུབ་བྱ། བོད་ཕྱི་ནང་གཉིས་སུ་བཞུགས་པའི་རྒྱ་ཆེའི་མི་དམངས་ཀྱིས་༸རྒྱལ་བ་རིན་པོ་ཆེ་དང་། སྐུ་སྒེར་ཡིག་ཚང་། བོད་གཞུང་བཅས་ལ་ཡིད་ཆེས་བརླག་ཐབས་ཀྱི་འཆར་གཞི་ལྡན་པའི་ལས་འགུལ་ཡིན་པ་གསལ་པོ་རེད། འདི་འདྲའི་རིགས་ལ་དོགས་གཟོན་དང་ཡིད་གཟབ་ཅིས་ཀྱང་གནང་རོགས། མི་ངན་དེ་ཚོས་སྐུ་སྒེར་ཡིག་ཚང་ཁ་ཞེ་མི་མཚུངས་པའི་ངོ་གདོང་གཉིས་ལྡན་གྱི་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རིས་བྱེད་མཁན་གྱི་བཞུགས་གྲལ་དུ་བཞག་འདུག་པ་འདི་ནི་བསམ་ཡུལ་འདས་པའི་གནས་ཚུལ་ཞིག་རེད། ཡིད་ཆེས་རྩ་བ་ནས་མེད། ད་ལྟ་མ་གཏོགས་གོ་ཡང་མ་མྱོང་།
མིང་རྫུན་གྱི་ངོ་འབག་གྱོན་པའི་འཇབ་རྒོལ་རིང་ལུགས་པའི་སྐད་ཆ་འདི་ཚོར་ཁུངས་ཡོད་ན། སྐུ་སྒེར་ཡིག་ཚང་ལ་ལས་ཞབས་མང་པོ་ཡོད་རེད། ཞེན་ཁོག་གནང་མཁན་དང་། གནང་ཡུལ་དོ་བདག་དེ་སུ་རེད། མིང་སྨྲོས་ཤིག
༸གོང་ས་མཆོག་དང་། སྐུ་སྒེར་ཡིག་ཚང་། བོད་གཞུང་། རྗེ་བཙུན་པདྨ། ཟམ་གདོང་རིན་པོ་ཆེ་བཅས་ལས་སྐུ་དྲིན་དང་། མཛད་རྗེས་ཆེ་བ་སུ་ཡང་བྱུང་མྱོང་མེད།
ལོ་རབས་དྲུག་ཅུའི་འགོ་སྟོད་ལ་ངེད་རང་ཕྲུག་གུ་ཆུང་ཆུང་ཞིག་ཡིན་དུས། བོད་མི་རྣམས་ཀལ་ཀ་དང་། སིམ་ལ། ཀཱ་སོ་ལི་སོགས་རྒྱ་གར་གྱི་ཡུལ་ལུང་གང་སར་འཁྱམས་ནས་སྡོད་དུས། ང་ལ་རྩེད་མོ་རྩེ་གྲོགས་རྒྱ་གར་གྱི་ཕྲུག་གུ་མ་གཏོགས་བོད་ཕྲུག་གཅིག་ཀྱང་མེད། ད་ལྟ་སེམས་དུས་ཧ་ཅང་སེམས་སྐྱོ་བའི་གནས་ཚུལ་ཞིག་རེད་འདུག ཆོས་དང་རིག་གཞུང་ལྟ་ཞོག་བོད་སྐད་ཙམ་མི་ཤེས་པར། མཐར་བོད་མི་རྣམས་བྱེ་མ་ཆུ་ཐིམ་གྱི་གནས་ཚུལ་དུ་འགྱུར་གྲབས་ཡོད་དུས། ༸གོང་ས་མཆོག་དང་། ཁོང་གིས་དབུ་འཁྲིད་པའི་བོད་གཞུང་གི་བཀའ་དྲིན་ལ་བརྟེན་ནས། གཞིས་ཆགས་བཙུགས་ནས་བོད་མི་རྣམས་རུབ་རུབ་བྱས་ཏེ་སོ་སོའི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པར་རང་དབང་དུ་སྤྱོད་རྒྱུའི་སྐལ་བཟང་ཐོབ་པ་འདི། རླབས་ཆེན་དང་གཟི་བརྗིད་ཀྱི་མཛད་རྗེས་རེད། དེ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ཐུགས་རྗེ་བཀའ་དྲིན་མིན་ན་སུའི་རེད། སྨྲོས་ཤིག
བོད་གཞུང་གིས་མི་ལོ་བཅུ་ཕྲག་ལྔ་ཙམ་གྱི་རིང་སྐུ་ངལ་འཛེམས་མེད་ཀྱིས་བཟའ་ཆོག་འཐུང་ཆོག་བཟོས་ཡོད་དུས། ད། ཅིག་འགྲིག་མི་འདུག གཉིས་འགྲིག་མི་འདུག ཅེས་ཁ་ནས་གང་ཐོན་སྨྲ་བ་འདི། བོད་ཀྱི་གཏམ་དཔེར་སྤྲང་ཕྲུག་བྲོད་རྒྱགས་དུས་གཅིན་གན་རྐྱལ་དུ་གཏོང་། ཞེས་པའི་དཔེ་ལྟར། སྐྱིད་དྲགས་པའི་གནས་ཚུལ་ཞིག་རེད།
ཁྱེད་ཅག་གི་བོད་མི་རིགས་དང་བོད་གཞུང་ལ་བྱས་རྗེས་ག་རེ་བཞག་ཡོད། ཅིག་གསུང་དང་། ཡོད་ན་ང་ཚོས་ཁྱེད་ཅག་ལ་རྗེས་སུ་ཡི་རངས་ཞུ་གི་ཡིན། བསྟོད་པ་འབུལ་གྱི་འདུག དེ་མེད་ན་སྡུག་རྐུབ་དེ་བཙུམས་ནས་སྡོད་ན་མཛེས་ཀྱི་རེད། མི་ཐམས་ཅད་སུན་པོ་མ་བཟོ། རྐྱེན་རྩ་ཆུང་ཆུང་རེ་ལའང་ཆོལ་ཁ་དང་ཆོས་ལུགས་སོགས་ཀྱི་སྒྲོ་རེ་བཏགས་ནས་ཕུང་ཀྲོལ་གྱི་སྐད་ཆ་ཤ་སྟག་བཤད་དེ། ང་ཚོ་མི་དམངས་དཀྱུས་མ་ཚོ་ལྷོད་དལ་དུ་སྡོད་དུ་མི་བཅུག་པ་མ་ཟད། ཅོལ་ཆུང་འགའ་རེས་ཀྱང་ཡིན་ས་རེད་བསམ་ནས་དེའི་རྗེས་སུ་རྒྱུགས་ཏེ་རི་བོང་ཅལ་འདྲོགས་ལས་ལ་ཞུགས་པ་འདི་ལས་ཡི་མུག་པ་ཞིག་མི་འདུག
ང་འདིར་མཆན་འཇོག་འདོད་རྩ་བ་ནས་མེད་ཀྱང་། འགལ་ཚབས་ཆེན་གྱི་འཆལ་གཏམ་འདི་དག་མཐོང་དུས་གདོང་ལེན་མི་བྱ་ཐུ་མེད་དུ་གྱུར།
དགོངས་དག་ཚིག་རྩུབ་འགའ་རེ་ཐལ་སོང་།
ཨོ། ལྷ་རམ་པ་ཁྱེད་ཐུགས་བདེན་གྱི་རེད། རྗེས་མ་ནས་གཟབ་གཟབ་བྱེད་ཀྱི་ཡིན། རྣ་བ་བཀབ་ནས་ཅོང་བརྐུ་བ་འདི་ཁྱེད་ཀྱིས་ང་ལ་གསུངས་པའི་ཚད་མའི་རིགས་ལམ་གསར་བ་ཞིག་ལ་ངོས་འཛིན་ཞུ་ཆོག དགོངས་དག དགེ་རྒན་རིན་པོ་ཆེ་མཆོག
དགེ་རྒན་ལགས། ངས་༧གོང་ས་མཆོག་དང་རྗེ་བཙུན་པདྨ་སོགས་ལ་ཅི་ཡང་ཞུ་མ་མྱོང་བས་ཁྱེད་ཀྱིས་མངོན་གླེང་མ་འགེལ་རོགས། དེང་སང་མི་ཞིག་གིས་བསམ་ཚུལ་མི་མཐུན་པ་ཞིག་བཤད་སོང་དུས་དེ་ལ་༧གོང་ས་མཆོག་མར་བླངས་ནས་རྒྱག་བྱད་བྱེད་ཀྱི་འདུག་པ་འདི་དེ་ཙམ་ཡག་པོ་ཞིག་མིན་པ་འདྲ། བཀའ་ཤག་གིས་དོལ་རྒྱལ་འདོན་མཁན་ཚོ་གདན་ས་ཁག་ནས་ལོགས་ཤིག་ལ་སྤོར་རོགས་གྱིས་དང་། འགྲོ་སོང་གི་ཐད་ལ་བོད་གཞུང་གིས་བསམ་བློ་གཏོང་གི་ཡིན་ཟེར་བ་དེ་བོད་ཀྱི་དུས་བབ་ཐོག་ཏུ་ཡོད་པས་ཁྱེད་ཀྱིས་གཟིགས་ཡོད་རྒྱུ་རེད་བསམ། གལ་ཏེ་གཟིགས་མེད་ན་སྤྱན་ཤེས་ཕུད་ནས་གཅིག་གཟིགས་དང་། གཡོག་པོས་གུས་མེད་བྱས་ཏེ་གཏམ་ལན་ཞིག་ཐལ་སོང་བར་དགོངས་འགའ་མེད་པ་ཞུ་རྒྱུ་ཡིན།
ཚུལ་ཁྲིམས་མཐར་ཕྱིན་ལགས།
ཅི་སྟེ་བཀའ་ཤག་གིས་དེ་འདྲ་ཞིག་གསུངས་ཡོད་པའི་དབང་དུ་བཏང་ནའང་། དེ་ཧང་སང་དགོས་པའི་གནས་ཚུལ་ཞིག་མ་རེད། དེ་བཙན་བཀའ་བཏང་བ་ལྟ་བུའི་གནས་ཚུལ་ཞིག་མིན་པར་མིས་མི་ལ་རེ་སྐུལ་ཞུས་པ་ཞིག་དང་། དེ་ཡང་དངུལ་འབུལ་གྱི་ཡིན་ཟེར་ན་ཡག་པོ་མ་རེད་བས། གལ་ཏེ་སྤྱི་ཚོགས་གཅིག་གི་ནང་ཕན་ཚུན་མི་མཐུན་བཞིན་དུ་སྡོད་པ་ལས་ཐག་རིང་ཙམ་ལ་སོང་ན། མི་ལེགས་སམ།
གཞན་ཡང་། སྐུ་སྒེར་ཡིག་ཚང་ལ་ཁ་བཏང་ན་༸རྒྱལ་བ་རིན་པོ་ཆེར་ཁ་བཏང་བ་རེད། བོད་གཞུང་ལ་ཁ་བཏང་ནའང་༸རྒྱལ་བ་རིན་པོ་ཆེར་ཁ་བཏང་བ་རེད། ༸གོང་ས་མཆོག་གིས་ཀྱང་ཞལ་དྲོན་མོ་ནས་“བོད་གཞུང་གི་མ་འགྲིགས་པ་ཡིན་ན། ངས་མ་འགྲིགས་པ་རེད”ཅེས་གསུངས་ཡོད་རེད། གལ་ཏེ་གཞུང་ཞབས་ཀྱི་མ་འགྲིགས་ན་མི་འདི་དང་འདི་ཞེས་བྱ་བས་འགྲིག་གི་མི་འདུག་ཅེས། མིང་འཐེར་འདོན་བྱེད་དགོས་ཞེས་གསུངས་ཡོད།
ཚུལ་ཁྲིམས་མཐར་ཕྱིན་ལགས། ཁྱེད་ཀྱི་མཆན་རྗེས་མ་རྣམས་ལ་བལྟས་ན་ཁྱེད་རང་མི་སྡུག་པ་ཞིག་ཨེ་ཡིན་སྙམ་གྱི་འདུག
སྐུ་ཞབས་ཚུལ་ཁྲིམས་མཐར་ཕྱིན་ལགས།
ཨ༽ ངས་དང་པོ་ཞུ་ཡག་ལ་སྐུ་ཞབས་ཁྱེད་རང་དོལ་རྒྱལ་རྗེས་འབྲངས་པའམ་རྒྱལ་ཚོང་པ་ཞིག་སྟེ་མདོར་ན་༸གོང་ས་མཆོག་དང་ཁོང་གི་དབུ་ཁྲིད་པའི་བོད་གཞུང་ལ་རྒྱབ་ཀྱིས་ཕྱོགས་པ་ཞིག་མིན་པའི་རེ་བ་ཡོད། གལ་ཏེ་ཁྱེད་དེའི་གྲལ་དུ་དངོས་སམ་དོན་གྱིས་གཏོགས་པ་ཞིག་ཡིན་ཚེ་ད་ལན་གྱི་ངའི་རྩོམ་ཡིག་དེ་ངའི་ཤ་ཁྲག་ཅིག་པའི་སྤུན་ཟླ་ལོ་༡༠་ལ་ལོན་པ་ཞིག་ལ་བྲིས་པ་ཆ་འཇོག་རོགས། རྒྱུ་མཚན་མཁྱེན་གསལ་ལྟར།
ཀ༽ ཁྱེད་ཀྱིས་ཧོར་འཇིགས་ཀྱི་དེབ་དེ་ཡག་པོ་མ་བྱུང་ཚུལ་ལ་བློ་ཕམ་ཡོད་ཚུལ་གསུངས་པ་བདེན་ཏུ་ཆོག་ཀྱང་། སྐུ་གེར་ཡིག་ཚང་དང་། ལྷག་པར་བོད་གཞུང་ཞེས་སྨོས་ནས་སྡུག་གྱོང་རེད་ཟེར་ཡག་དེ་ང་རང་བོད་མི་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་བློ་ཕམ་པོ་འདུག དཔེ་ན་སྐུ་གེར་ཡིག་ཚང་ལབ་ན་༸གོང་ས་མཆོག་སྐུ་སྒེར་གྱི་ཡིག་ཚང་རེད། བོད་གཞུང་ལབ་ན་མ་འོངས་པ་ན་ང་ཚོ་གཞིས་བྱེས་བོད་མི་ཡོངས་ཀྱིས་རེ་བ་རྒྱག་ས་དེ་རེད། དེ་གཉིས་མི་འདོད་མཁན་དང་དེ་གཉིས་བཏོར་ཤིག་གཏོང་དགོས་བསམ་མཁན་རྒྱ་ནག་དམར་པོའི་སྲིད་གཞུང་དང་། ཡང་དེ་གཉིས་ཡག་སྡུག་གང་དུ་སོང་ཀྱང་ཁྱད་པར་མེད་པ་ཁྱི་དང་ཕག་པ་མ་གཏོགས་མེད།
ཁ༽ སྐུ་ཉིད་ནས་གོང་གསལ་གཉིས་ནས་རིས་སུ་ཆད་ཀྱི་འདུག་གསུངས་པ་དེ་ལ་ཐུགས་བསམ་བཞེས་ཡག་ཁ་ཤས་འདུག ༡ གལ་ཏེ་ལས་ཁུངས་ཚན་ཁག་གི་མི་ཁ་ཤས་ཀྱིས་བྱས་དུས་བརྒྱ་ཁ་གཅིག་གཅོད་གནང་ན་ཡག་ཡོད་མ་རེད། དཔེར་ན་གྲྭ་པ་གཅིག་གིས་མི་ཞིག་བསད་ན་གྲྭ་ཚང་གིས་མི་བསད་སོང་ཟེར་བ་ལྟ་བུ་རེད། ༢ ཡང་ཉིད་ནས་དགེ་ལུགས་པས་ཚོགས་འདུས་ཀྱིས་འབྲས་ལྗོགས་ཕྱོགས་སུ་དགོན་པ་བཏབ་གསུངས་ནས། ཡང་སྐུ་གེར་ཡིག་ཚང་གིས་འབུམ་ཉིས་བརྒྱ་གསུངས་འདུག་པ་ཁུངས་ལུང་ཡོད་པ་ཞིག་ཨེ་ཡིན། མ་གཞི་སྐུ་སྒེར་ལ་འབུམ་ཉིས་བརྒྱ་ལས་སླ་པོར་སྟོན་ཡག་ཨེ་ཡོད། ཅི་སྟེ་ཡིན་པའི་དབང་དུ་བཏང་ནའང་སྦྱིན་བདག་གི་འདོད་མོས་བྱས་པ་ཡིན་རྒྱུ་རེད། དེ་མིན་ཁུངས་ལུང་གསལ་པོ་ཡོད་ན་ད་ལྟ་ཆོས་ལུགས་སྤྱི་འཐུས་ཡོད་ཡོད་རེད་པ། ཕྱོགས་གཞན་ནས་བཤད་ན། དངུལ་དེ་འདྲ་ཞིག་སྤྲད་པའི་དབང་དུ་བཏང་ན་ཡང་དེ་སྐུ་སྒེར་གི་རེད་ད། སྐུ་སྒེར་ཟེར་ན་ཧ་གོ་གི་རེད་པ།
ག༽ སྔོན་མ་ཨ་དབྱངས་རིན་པོ་ཆེ་དེ་འཁོར་ངན་སྦྲུལ་གྱིས་མིག་ཀུན་སྒྲིབ་ནས་ཐེ་ཝན་བོད་སོག་ལས་ཁུངས་ཀྱི་གསོལ་ཕོག་བཞེས་ཀྱི་ཡོད་ས་ཡོད། དེ་འདྲ་ཡིན་དུས་བོད་མི་མང་གི་ལང་ཕྱོགས་དང་འགལ་བ་ཡིན་པས་གཞུང་གིས་དགག་པ་ལོས་བྱས། སྤྱིར་དགག་ཆ་བྱས་ཡོད་མེད་ངས་མ་ཤེས།
ང༽ དོལ་རྒྱལ་ཚོགས་པ་ལ་བོད་གཞུང་དངུལ་བཏང་ན་ཁོང་ཚོའི་གྲོད་ཁོག་ནང་dallor and yenའཛིང་རེས་ཤོར་ནས་ཆག་སྒོ་ལོང་གི་རེད། རྩེ་མོ་ཡིན།
གལ་ཏེ་རྣམ་གྲོལ་གླིང་སོགས་སུ་དེ་ལྟར་ཡོད་ཚེ་ཁོང་ཚོར་མཉམ་དུ་བསྡད་འདོད་ཡོད་ན་མ་གཏོགས་ལོགས་སུ་འདོན་ན་འགྲོ་སོང་ཐད་ཙམ་དུ་མ་ཚད་ཆ་ཚང་གཏོང་དགོས་བྱུང་ཡང་གཞུང་གིས་བསམ་བློ་གཏོང་གི་ཡིན་གསུངས་ཀྱི་རེད། སེམས་ཁྲལ་མ་བྱོས།
མ་ཟད་ཁྲིམས་ལྡན་དང་ཚུལ་འཆལ་གྱི་སྡེ་སོ་སོར་འབྱེད་དགོས་ལབ་ནའང་བསལ་བློ་གཏོང་གི་རེད་སྙམ། གལ་ཏེ་ཟ་རྒྱུ་དང་འཐུང་རྒྱུའི་ཐོབ་ཐང་ཆེད་ཆོས་བརྒྱུད་ལྔ་སུ་ལ་གྱོང་རགས་ན་སྐད་རྒྱག་ཡག་གི་ཆེད་དུ་ཆོས་ལུགས་སྤྱི་འཐུས་འདུག་ག།། ད་དུང་ཁ་ཤས་ཀྱིས་ཆོས་ལུགས་སྤྱི་འཐུས་མི་སྐྱ་ལངས་པ་དང་། ཡང་ཁ་ཤས་ཀྱིས་དངུལ་སྤྲད་པ་རེད་ཟེར་གྱི་འདུག་ན། དེ་ལྟར་ཡིན་ན་ཁྱད་མཚར་ཆེ།
ཅ༽ སྐད་ཆ་དྲང་པོ་བཤད་ན་ཆོས་བརྒྱུད་ཁག་ཚོས་སྔོན་མ་ནས་ད་ལྟའི་བར་ཡག་པོ་གནང་གི་མི་འདུག ཕལ་ཆེར་བྱེད་པོ་ད་བླ་མ་དང་བླ་རྒན་གླེན་པ་དེ་འདྲ་དང་ལ་རྒྱ་མེད་པ་དེ་ཚོ་ཡིན་རྒྱུ་རེད། དགོན་པ་ཁ་ཤས་ལ་བོད་གཞུང་གིས་དཔྱ་དངུལ་ལག་དེབ་བཟོ་མ་ཐུབ་པར་ག་ཚད་མྱང་སོང་། ད་དུང་སྐུ་གེར་ཡིག་ཚང་ལས་གཉིས་གྱུར་གསུམ་གྱུར་གྱིས་ཕྱུག་པའི་བླ་བྲང་མང་པོ་ཡོད་པ་དེ་ཚོས་བོད་གཞུང་ལ་རོགས་རམ་རླབས་པོ་ཆེ་ག་རེ་གནང་ཡོད། དགོངས་པ་བཞེད་དང་། ད་ཆ་ཡང་དངུལ་གྱི་ཐད་དོགས་པ་ཟ་ནས་སེམས་སུ་བནག་ཐུབ་ཀྱི་ཡོད་མ་རེད།
ཆ༽ སྤྱིར་གཏང་གཞུང་ཕྱོགས་ནས་ཕྱོགས་རིས་གནང་གི་འདུག་ན་ཆོས་བརྒྱུད་སོ་སོའི་སྤྱི་འཐུས་བརྒྱུད་སྙན་སེང་ཞུ་དགོས། གང་ཟག་སྒེར་ནས་བྱས་ཀྱིས་འདུག་ནའང་གཅིག་མཚུངས་རེད། འོན་ཀྱང་ཁུངས་བསྐྱལ་ར་སྤྲོད་མེད་པར་ང་ལ་རྨི་ལམ་བཏང་སོང་ཟེར་བ་དང་། མངོན་ཤེས་ཀྱིས་མཐོང་སོང་ཟེར་ན་འགྲོ་ས་ཡོད་མ་རེད། དེ་ལྟར་དྲང་ལྡན་གྱིས་ལམ་བུར་བསྐྱོད་ན་ངས་ཀྱང་རྒྱབ་སྐྱོར་ཞུ་གི་ཡིན།
ཇ༽ འོ་རེད། ང་ལ་ཡང་བསྐྱར་གཅིག་ལབ་རྒྱུ་ཡོད། དགེ་ལུགས་ཕུད་པའི་ཆོས་བརྒྱུད་གཞན་གྱི་ཤུགས་རྐྱེན་ཧི་མ་ལ་ཡའི་རི་བརྒྱུད་དུ་ཐེབས་པར་ངས་སྤོབས་པ་དང་དགའ་བསུ་ཞུ་གི་ཡོད། ཚང་མ་ནང་པ་སངས་རྒྱས་པ་ཡིན་པ་ཙམ་དུ་མ་ཟད་ཆོས་བརྒྱུད་སོ་སོ་ལ་ཟབ་ཁྱད་ཡོད་པས། བོད་མི་སུ་ཞིག་གིས་ངོས་ནས་དེ་ཚོ་ཉམས་དམས་སུ་གཏོང་འདོད་ག་ལ་ཡོད། འོན་ཀྱང་དགེ་ལུགས་པའི་དགོན་པ་འབྲས་ལྗོངས་སོགས་སུ་རྒྱབ་ཆོག་གི་མ་རེད་བསམ་ན་ཡག་པོ་མ་རེད།
རྒྱ་གར་ལྷོ་ཕྱོགས་སུ་ཡང་དགེ་ལུགས་པའི་གདན་ས་གསུམ་གྱི་ཉེ་འགྲམ་དུ་ཆོས་བརྒྱུད་གཞན་གྱི་དགོན་པ་ཡང་ཁེངས་འདུག་ག།།
ཉ༽ ངའི་རེ་བ་ལ་ཆོས་བརྒྱུད་གཞན་ཚོའི་གནས་ཡུལ་དང་ཉེ་འགྲམ་གྱིས་སྒྲིག་ཁྲིམས་ལ་མ་རྩིས་པ་དཔེར་ན་སེར་ར་དགོན་པར་གྲྭ་པ་ཚོས་མོ་ཊ་དང་བྷག་བྷག་གཞོན་ཆོག་གི་མེད་པ་ཤེས་བཞིན་དུ་རྣམ་གྲོལ་གླིང་གིས་མོ་ཊ་བྷག་བྷག་ལ་བཀག་འགོག་མི་བྱས་པ་དང་། དུས་མ་ཡིན་པ་ལ་རྐང་སྤོལ་རྩེད་པ་སོགས་ཀུན་སྤྱོད་དང་སྡོམ་ཁྲིམས་ཀྱི་ཕྱོགས་ན་གནང་གི་འདུག་པ་དེ་ཚོ་ཐུགས་བསམ་བཞེས་གལ་འདུག ཡང་དེང་སང་ཆོས་བརྒྱུད་གཞན་ཚོའི་གྲྭ་ཁ་ཤས་ཀྱིས་ལུང་པ་དེ་ན་དགེ་ལུགས་པའི་དགོན་པ་ཞིག་ཡོད་ན་གནས་ལུགས་ལ་མ་ལྟོས་པར་ལམ་སེང་དོལ་རྒྱལ་དང་འབྲེལ་བ་ཡོད་རེད་ལབ་ནས་དགོན་པ་དེའི་དཀོར་ཆ་ཚང་འཕྲོག་ཐབས་བྱས་པ་མཐོང་གིས་འདུག་པས་དངོས་གནས་བློ་ཕམ་ས་རེད།
གོང་དུ་བྲིས་པ་དེ་ཚོ་ངས་དྲང་པོར་ལམ་ཡོད་བསམ་གྱིས་འདུག་ཀྱང་ང་རང་སྐྱོན་ཀུན་ཚང་ཡོན་ཏན་ཀུན་བྲལ་ཞིག་ཡིན་དུ་དགོངས་སེལ་གནང་རོགས།
རྒན་ལྷ་རམས་པ་དང་སྐུ་ཞབས་བྱ་རྒོད་གཉིས་ལ་ལན་ཞུ་གི་མིན། ལྷག་ཏུ་སྐུ་ཞབས་བྱ་རྒོད་ལགས་ཀྱིས་ཨ་དབྱངས་རིན་པོ་ཆེས་བོད་སོག་ལས་ཁུངས་ཀྱིས་ཕོག་ཟོས་རབས་དང་། རྣམ་གྲོལ་གླིང་གིས་སེ་ར་དགོན་པ་ལ་གུས་བརྩི་བྱེད་ཀྱི་མེད་ལུགས་སོགས་གསུངས་པས་དེ་བས་ཀྱང་ལན་རྒྱག་སྙིང་མ་སྤྲོ་བ་ཞིག་ཆགས་སོང་། ངོ་མ་བཤད་ན་ལན་ཅིག་རྒྱག་འདོད་ནས་ལག་ནང་དུ་ཟ་འཕྲུག་ཁོལ་གྱི་འདུག ལན་རྒྱག་རྒྱུ་མེད་པ་ཡང་ག་ལ་ཡིན། དེབ་ཆུང་ཆུང་ཅིག་འབྲི་དགོས་ཀྱང་དཀའ་ཚེགས་མེད་པར་འབྲི་ཐུབ་ཀྱི་རེད། འོན་ཀྱང་གཅིག་ནས་རྣམ་པ་གཉིས་ཀ་ཡང་ཕྱོགས་ལྷུང་གིས་བརྙུན་གཞི་ཚབ་ཆེན་བཞེས་ཚར་བ་གཉིས་རེད་འདུག་པས་སྐུ་ཚེ་འདིར་གོ་བརྡ་འཕྲོད་ཤིན་ཏུ་དཀའ་བ་དང་། གཉིས་ནས་ད་ལན་གཅིག་བརྒྱབ་དུས་དྲ་འཛིང་ཤོར་ནས་རྩོག་རུ་རྩོག་རུ་འགྲོ་རྒྱུ་མ་གཏོགས་གང་ཡང་མེད་ངེས་རེད། དེས་ན་རྣམ་པ་གཉིས་ལ་སྐུ་ཁམས་བདེ་མོར་བཞུགས་ཞེས་ཞུ་རྒྱུ་ཡིན། རེ་བ་གཅིག་ཞུ་རྒྱུ་ཡོད་པ་དེ་ཕྱིན་ཆད་དྲ་ཐོག་ཏུ་ཁྱེད་རྣམ་པ་གཉིས་དང་བསམ་ཚུལ་མི་མཐུན་མཁན་རེ་སླེབས་ན་དོལ་ཚོགས་དང་རྒྱ་མིའི་ཉུལ་མ་རེད་ཅེས་མི་གསུངས་རོགས་ཞུ། དེ་ལྟར་ན་མ་མཐའ་ཡང་བོད་མི་ས་ཡ་དྲུག་གི་ནང་ནས་ས་ཡ་གསུམ་དོལ་ཚོགས་དང་ཉུལ་མ་ཡིན་སྲིད།
ཧ་ཧ་ཧ་ཧ་ཧ་ཧ། བཀུར་འོས་བྱ་རྒོད་རྒྱལ་པོ་ལགས། སེ་ར་དགོན་པར་གྲྭ་པ་ཚོས་མོ་ཊ་དང་བྷག་བྷག་གཞོན་ཆོག་གི་མེད་པ་ཤེས་བཞིན་དུ་རྣམ་གྲོལ་གླིང་གིས་མོ་ཊ་བྷག་བྷག་ལ་བཀག་འགོག་མི་བྱེད་པ་དེ་ཅང་ར་མ་རེད། རྣམ་གྲོལ་གླིང་ལ་ཕམ་ལྷག་བཅུ་བདུན་གྱི་ཁྲིམས་ཡོད་པ་ཤེས་བཞིན་ཏུ་སེ་ར་དགོན་པས་བརླ་རྒྱག་བྱེད་རྒྱུ་བཀག་གི་མི་འདུག་ག། ཧ་ཧ་ཧ། དགོངས་དག་རྩེད་མོ་ཡིན། ར་བཟི་སྨྱོན་པ་ཞིག་གི་གཏམ་ལ་བརྩིས་ནས་དགོངས་ཚོམས་མེད་པ་གནང་རོགས།
བརྗོད་གཞི་ལས་ལོགས་སུ་གྱེས་ནས་དོན་མེད་ཀྱི་རྩོད་རྙོག་མང་པོ་ཞིག་བསླངས་འདུག དོན་དངོས་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་དེ་བརྗོད་གཞི་གཙོ་བོ་ཡིན་པ་ལས། སེ་ར་དང་རྣམ་གྲོལ་གླིང་གི་བར་ཕན་ཚུན་གུས་བཀུར་ཞུས་མ་ཞུས་ཀྱི་ཁྱད་པར་བརྗོད་ནས་ཕན་པ་ག་རེ་ཡོད། དེ་ལས་བརྗོད་གཞི་རང་གི་ཐོག་ཏུ་ཚུར་ཕེབས་ན་མུ་མཐུད་བགྲོ་གླེང་བྱེད་ཆོག དེ་མིན་རྩྭ་འཐུ་ས་ལ་སྐམ་པ་བེད་སྤྱོད་བྱས་ན་བགྲོ་གླེང་འདིར་ཞུགས་ནས་ཕན་ཐོགས་ག་རེ་ཡོད་དམ།
ལགས་སོ། བསོད་ནམས་ཚེ་རིང་ལགས། དེ་རིང་ངས་མ་འགྲིགས་པ་རེད། ངས་ནོར་སོང་བ་རེད། སྤྱིར་ནམ་རྒྱུན་ཡིན་ན་སྐུ་སྒེར་དང་བོད་གཞུང་ཙམ་མ་ཟད་༧གོང་ས་མཆོག་ལ་མཚན་སྨོད་བྱས་རུང་སྒོམ་ལྡེ་ལགས་དང་བྱ་རྒོད་ལགས་གཉིས་ཀྱི་ཐུགས་ལ་ཅི་ཡང་གནོད་ཀྱི་མ་རེད། གང་ཡིན་ཟེར་ན་ད་བར་དྲ་ཐོག་ཏུ་སྐུ་སྒེར་དང་བོད་གཞུང་༧གོང་ས་མཆོག་སོགས་ལ་ངན་སྨྲས་བྱེད་མཁན་མི་གཅིག་མིན་གཉིས་མིན་ག་ཚོད་བྱུང་སོང་སྟེ་ཁོང་རྣམ་པ་གཉིས་ཀྱིས་ཅི་ཡང་གསུང་གི་མི་འདུག འོན་ཀྱང་དེ་རིང་ངས་དགེ་ལུགས་དང་འབྲེལ་བའི་སྐད་ཆ་ཚིག་གཅིག་ཤོར་བར་ཁོང་རྣམ་པ་གཉིས་སྐུ་རླུང་བཞེངས་ཏེ་དོལ་ཚོགས་ཀྱི་མི་དང་རྒྱ་མིའི་ཉུལ་མ་ཞེས་གསུང་དྲག་པོ་བྱུང་གནང་བ་རེད། སྤྱིར་གཏམ་ལན་པོ་མེད་ན་ལྐུགས་པ་དང་། ཟས་ལན་པོ་མེད་ན་སྤྲང་པོ་ཟེར་བ་རེད་མོད། ད་ངས་ལན་ཞིག་བྲིས་ན་ང་ཚོ་ཡང་སྟག་སྨྱོན་དང་བསམ་གཏན་གཉིས་འདྲ་ཞིག་ཆགས་ངེས་ཡིན་པས་ངས་ཚོད་བཟུང་སྟེ་ཕམ་ས་ནས་བསྡད་པ་ཡིན། ཁོང་རྣམ་པ་གཉིས་ལ་ཡང་སྐུ་རླུང་མ་བཞེངས་རོགས་ཞུས་པ་ཡིན། ད་ང་ཚོ་ཧོར་གྱི་དེབ་ཐོག་ཏུ་འགྲོ་ཆོག
འདིར་དགེ་འདུན་འདུས་སྡེ་ཆེན་པོ་གཉིས་ཀྱི་བར་དཀྲུགས་ཤིང་བྱེད་མ་ཡོང་། རྣམ་གྲོལ་གླིང་དང་སེ་ར་གཉིས་ནི་གཉིས་ནི་རྙིང་མ་དང་དགེ་ལུགས་པའི་འདུས་སྡེ་ཆེ་ཤོས་གཉིས་ཡིན་པ་མ་ཟད་གཅིག་གིས་གཅིག་ལ་གུས་ཞབས་བྱེད་ཀྱི་ཡོད་། ད་ལྟའི་བར་དུ་རྣམ་གྲོལ་གླིང་གི་གྲྭ་པ་དང་སེ་རའི་གྲྭ་པའི་བར་ལ་འཁྲུགས་པ་རྩ་ནས་བྱུང་མྱོང་མེད་། དེ་བཞིན་དུ་༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་ཞིང་ལ་ཕེབས་དུས་སེ་ར་བྱེས་སྨད་གཉིས་ཀྱི་མཁན་པོའི་གཙོས་དགེ་འདུན་པ་གྲངས་བཞི་སྟོང་ཙམ་རྣམ་གྲོལ་གླིང་ལ་ཕེབས་ནས་གདོང་མཆོད་དང་གསོལ་འདེབས་སྨོན་ལམ་སོགས་གནང་ཡོད་།
སྐུ་ཞབས་ཚུལ་མཐར་ལགས།
ངོས་ནས་དྲ་ཚིགས་ཐོག་མི་ཡོད་ཚད་ལ་ཁ་བརྡ་ག་ལ་བྱས་ཐུབ་ཏེ། ལྷག་པར་དུ་༸གོང་ས་མཆོག་ལ་འཕྱ་དམོད་བྱ་མཁན་གྱི་བོད་པ་ཞིག་ཡིན་ན། རེ་ཞིག་གམ་ཕལ་ཆེར་ཚེ་འདི་ལ་ཁ་བརྡ་བྱ་རྒྱུ་ཁག་པོ་རེད། སངས་རྒྱས་ཀྱི་གསུངས་ཀྱི་ནང་དུ་ཡང་སྨྱོན་པ་ལ་གནང་བ་བྱིན་ཡག་ཡོད། དེས་ན་ཉིད་ཀྱི་དགོངས་འཆར་དེ་ནི་དངོས་གནང་མི་མང་པོ་ཞིག་ལ་བྱུང་སྲིད་པ་ཙམ་དུ་མ་ཟད་སྐད་ཆ་དེ་འདྲ་བཤད་ནས་ས་ཡ་དྲུག་དེ་དུམ་བུ་བཅུ་ལ་གཏོང་ཐབས་ཡང་བྱེད་ཆོག་པ་ཡིན་དུས་ལན་ཞིག་ཞུ་དགོས་བྱུང་།
ལར་ན་ཁ་བརྡའི་དྲ་ཚིགས་འདི་ཁྲིམས་ར་ཞིག་ལྟར་དེའི་ནང་རྩོད་པ་བྱེད་ནས་མཐར་ཐག་གཅོད་ཐུག་ཐབས་ཤིག་མེད་སྟབས་ཉིདནས་ལན་མ་བསྐྱོན་པར་ཡིད་རངས་བྱུང་། ཅི་སྟེ་ལན་ཞིག་བྲིས་དགོས་ན་སྟག་བསམ་བཞིན་མཛུབ་མོ་མ་ཆད་པར་བྲི་ཆོག་པ་རེད།
དེས་ན་དྲ་ཚིགས་འདི་ནི་སོ་སོའི་དགོངས་ཚུལ་འབེལ་པོར་གསུངས་ནས་གཞན་གྱི་བསམ་ཚུལ་བསྡུ་ལེན་བྱ་རྒྱུ་དེ་རེད་སྙམ།
ད་ལན་གཅིག་ཞུ་ཆོག ཕམ་ལྷག་བཅུ་བདུན་ལ་སངས་རྒྱས་ཀྱིས་གནང་བ་གཏན་ནས་མེད་དུས། ངས་ནང་པའི་དགོན་པ་གང་དུའང་གནང་བ་གཏན་ནས་མེད་པ་ཡིད་ཆེས་ཡོད། གང་ཟག་རེ་ཟུང་དེ་དག་དང་འགལ་ན་སོ་སོས་ཁས་ལེན་བྱས་ནས་དག་ཐབས་བྱེད་ཆོག
མ་ཞིག དགེ་སློང་གི་འདུལ་བའི་བསླབ་པ་དགེ་ཚུལ་ལའང་གླེང་མི་ཆོག་དུས་དྲ་ཚིགས་ཐོག་ག་ལ་བྲི་ཕོད། དེས་ན་འདུལ་བའི་བསླབ་ཁྲིམས་ཐོག་དྲྭ་ཚིགས་སུ་ཞིག་ནས་ཀྱང་མ་གླེང་རོགས། དེ་སངས་རྒྱས་ཀྱིས་གལ་ཆེན་པོ་གཟིགས་འདུག དེང་སང་དགོས་པ་ཡང་འདུག
དེས་ན་ དེའི་སྐོར་འདུལ་བ་མ་ཤེས་ན་མི་ཤེས་ཞེས་ལབ་ནས་བཞག་དགོས་འདུག།
མདོ་སྨད་ལོ་རྒྱུས་ཆེན་མོ་ནི་ ༡༩༩༩ ཟླ་ ༡༡ ཚེས་ ༡༡ ནས་མགོ་བཙུགས་ཏེ། ༢༠༠༩ ཟླ་ ༡༠ ཚེས་ ༣༠ སྟེ། བསྡོམས་པས་མི་ལོ་ ༩ ལ་བྲིས་འདུག ཧོར་གཙང་འཇིགས་མེད་ཀྱིས་སྤེལ་བའི་ཐུགས་རྗེ་ལེགས་གསོལ་ཞེས་པའི་ནང་གསལ་བ་ལྟར་ན། ཧོར་གཙང་འཇིགས་མེད་དང༌། རྨ་ཆུའི་འཇམ་དབྱངས། ཚེ་བརྟན་རྒྱལ། ཀུན་ཐར་དོན་འགྲུབ། ལྷ་ཆབ་སྦྱིན་པ། སང་རྒྱས་དོན་འགྲུབ། ཨ་འཁོར་བཟོད་པ། དཀའ་ཐུབ་ཚེ་རིང༌། ཀླུ་ཚང་བློ་བཟང་ཡེ་ཤེས། མདའ་ཚན་ཚེ་རིང་དོན་འགྲུབ་བཅས་མི་བཅུ་ནས་དངོས་སུ་ལས་ཀ་བྱས་པ་དང༌། མཐའ་མའི་ཞུས་དག་དེ་མི་ ༣༦ གིས་བཏང་འདུག་པ་ཞིག་གསལ་ཡོད།
ལོ་དགུའི་རིང་གི་འགྲོ་སོང་ནི་ཧིན་སྒོར་ས་ཡ་ཉི་ཤུ་དང༌། དཔར་སྐྲུན་གྱི་འགྲོ་གྲོན་ལ་ཧིན་སྒོར་འབུམ་བཅུ་གྲངས་ཤིག་ཕྱིན་ཡོད་ཚོད་ལྟར་ན། མདོ་སྨད་ལོ་རྒྱུས་ཆེན་མོ་མགོ་བཙུགས་པ་ནས་མཐའ་མ་དཔར་སྐྲུན་གྱི་བར་དུ་ཧིན་སྒོར་འབུམ་དྲུག་ཅུ་མ་ཟིན་ཙམ་ཕྱིན་ཡོད་པར་བཤད། འདི་ལྟར་ན། གླེགས་བམ་དྲུག་ལ་བསྡོམས་པས་ཤོག་ངོས་ ༤༤༠༠ འདུག་པར་རྩིས་བསྐོར་ན། ཤོག་ངོས་རེ་ལ་ཧིན་སྒོར་ ༡༣༠༠ ཕྱིན་ཡོད། ཡང་ཧིན་སྒོར་ས་ཡ་གཉིས་དེ་ལོ་དགུ་ལ་རྩིས་བསྐོར་ན་ལོ་རེར་ཧིན་སྒོར་འབུམ་བཞི་དང་ཁྲི་ལྔ་ཡས་མས་ཆགས་ཡོད། མཐུན་རྐྱེན་གྱ་ནོམ་པ་འདི་འདྲ་ཞིག་བཏང་བ་དང༌། ད་ལྟ་ང་ཚོར་རག་བསྡད་པའི་དེབ་དྲུག་པོའི་རིན་ཐང་བསྡུར་ན། ལོ་ངོ་དགུའི་རིང་བསྒྲིགས་པའི་དེབ་འདི་དཀའ་ལས་བརྒྱབ་པའི་བཟོ་མཐོང་མི་ཐུབ། རྒྱུ་མཚན་ནི། དེབ་དང་པོ་ཨོ་ཙམ་རེད། དེ་མན་ཆད་ཀྱི་དེབ་ལྔ་ནི་དེབ་གཞན་ནས་བཤུས་ཏེ་བསྒྲིགས་པ་དང༌། རྒྱ་ཡིག་གི་དེབ་ཀྲུང་གོའི་བོད་ཀྱི་སྡེ་དཔོན་ཚོ་ཁག་གི་ལོ་རྒྱུས་ཞེས་པ་དེ་བོད་ཡིག་ནང་བསྒྱུར་བསྒྲིགས་བྱས་ནས་དཔར་སྐྲུན་བྱས་པ་ཙམ་རེད།
ཧོར་གཙང་འཇིགས་མེད་ཀྱིས་དཀའ་ལས་བརྒྱབ་མི་འདུག་ཟེར་གི་མེད། དཀའ་ལས་མང་པོ་བརྒྱབ་ཡོད་པ་འདྲ། ཡིན་ནའང༌། ཁོང་གི་ལས་རོགས་ཚོས་བཤད་ན། ཁོང་ཚོས་ཀྱང་དཀའ་ལས་མང་པོ་བརྒྱབ་ཡོད་པ་དང༌། དཀའ་ལས་གང་བརྒྱབ་པ་ད་ལྟ་རང་རང་གི་ལག་ན་ཡོད་པའི་ཟིན་བྲིས་ཡིག་ཆ་དང༌། མདོ་སྨད་ལོ་རྒྱུས་ཆེན་མོ་གཉིས་བསྡུར་ན་གསལ་པོ་ཆགས་པ་ཞིག་ཡིན་པར་ཡང་བཤད་པ་གོ
ངོ་མ་ངོ་ཐོག་བཤད་ན། དེབ་འདི་ཧོར་གཙང་འཇིགས་མེད་དང༌། རྨ་ཆུའི་འཇམ་དབྱངས། ཚེ་བརྟན་རྒྱལ། ཀུན་ཐར་དོན་འགྲུབ། ལྷ་ཆབ་སྦྱིན་པ། སང་རྒྱས་དོན་འགྲུབ། ཨ་འཁོར་བཟོད་པ། དཀའ་ཐུབ་ཚེ་རིང༌། ཀླུ་ཚང་བློ་བཟང་ཡེ་ཤེས། མདའ་ཚན་ཚེ་རིང་དོན་འགྲུབ་བཅས་མི་བཅུ་ནས་བསྒྲིགས་པ་ཞིག་རེད། ཀླུ་སྨྱོན་གྱིས་ཚེ་བརྟན་རྒྱལ་གྱི་མིང་ཙམ་ཡང་དེབ་ནང་མེད་པ་ཞིག་བཤད་འདུག མིང་ནི་འདུག མིང་སླེབས་སྟངས་ནི། ལས་ཀ་སྤྲད་པ་ཡིན་ཞེས་པ་ཙམ་རེད། ང་ཚོས་ཐུགས་རྗེ་ཆེ་ཞུ་སྐབས། མི་འདི་བཅུ་པོར་ཐུགས་རྗེ་ཆེ་ཞུ་དགོས། གང་ཡིན་ཟེར་ན། ད་ལྟའི་དེབ་འདི་ནི། ཁོང་ཚོ་ཐུན་མོང་གིས་དེབ་གཞན་ནས་བཤུས་དང་བསྒྱུར་བ། བསྒྲིགས་པ་ཞིག་ཆགས་ཡོད་པས་རེད།
ཧོར་གཙང་འཇིགས་མེད་ཀྱིས་དུས་བབ་སྟེང་བཤད་པ་ལྟར་ན། ༼མདོ་སྨད་ལོ་རྒྱུས་ཆེན་མོ་འདི་ལོ་དགུའི་ནང་ལ་བྲིས་ཚར་བ་དེ་ཧ་ཅང་གི་དུས་ཡུན་ཐུང་ཐུང་རེད། ལས་ཀ་གཞཉ་གྱི་ཞོར་དུ་འབྲི་མཁན་ཞིག་ཡིན་ན། ཉུར་མཐར་ལོ་ ༥༢ ནང་ཚུན་ལ་ཚར་ཐབས་མེད་པ་ཐག་བཅད་དེ་བཤད་ཕོད་པ་ཞིག་རེད༽་ཟེར་ལབ་འདུག དེབ་དྲུག་པོ་འདི་ཆ་ཚང་ལ་བྲིས་ཤིང་བརྩམས་པའི་བཟོ་ལྟ་ཞིག་ཡོད་པའི་དབང་དུ་བཏང་ན། སྐད་ཆ་དེ་སྦོམ་པོ་གང་ཡང་མ་རེད། མི་བཅུ་ཐམ་པས་ལོ་བཅུ་ལ་བསྒྲིགས་པ་དེ་མི་གཅིག་གི་མི་ཚེར་རྩིས་བསྐོར་ན། ལོ་དགུ་བཅུ་ཐམ་པ་རེད། མི་བཅུ་ཐམ་པས་ལོ་དགུ་ལ་ཤོག་ངོས་བཞི་སྟོང་བཞི་བརྒྱ་བྲིས་པ་དེ། མི་གཅིག་ལརྩིས་བསྐོར་ན། མི་གཅིག་གིས་ལོ་དགུ་ལ་ཤོག་ངོས་ ༤༨༨ མ་གཏོགས་བྲིས་མེད། ད་ལྟའི་མདོ་སྨད་ལོ་རྒྱུས་ཆེན་མོ་ལ་མཚོན་ན། དེབ་དང་པོ་དེ་བརྩམས་པ་རེད་ལབ་ན་འགྲིག་པ་ཞིག་རེད། ལྷག་མའི་དེབ་ལྔ་ནི་དེབ་གཞན་ནས་བཤུས་ཤིང་བསྒྱུར་བ་དང༌། དེ་བསྒྲིགས་པ་ཞིག་རེད། ལོ་དགུའི་རིང་ལ་ཤོག་ངོས་ ༤༠༠ ཡས་མས་ལས་བཤུ་བསྒྲིགས་མ་ཐུབ་པར་བལྟས་ན། གྲུབ་འབྲས་ཆེན་པོ་ཞིག་རེད་བསམ་ཐུབ་པ་མི་འདུག
གང་ལྟར་ཁྱོད་ཚོས་གང་བཤད་པའི་སྙིང་པོ་ནི་ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་ཆེན་མོ་བྲིས་པ་ནི་ནོར་འཁྲུལ་ཚབས་ཆེན་ཞིག་བཟོས་པ་ལྟར་སྣང༌། ངོ་མ་ཡ་མཚན་རེད།
མདོ་སྨད་ལོ་རྒྱུས་རྩོམ་སྒྲིག་ཐད་ལས་ཀ་སྤྲད་པའི་གྲས་སུ་སྤྱི་ཚོགས་མེ་ལོང་རྩོམ་སྒྲིག་པ་གངས་དཀར་རྒྱལ་སྲས་ཀྱང་ཡོད་རབས་གོ་མྱོང་ཡང༌། མིང་མེད་པ་གང་ཡིན་ནམ།
སྐུ་ཞབས་འཇམ་དབྱངས་མཚོ་ལགས། སྐུ་ཉིད་ཀྱིས་ཧོར་གཙང་གི་རྩོམ་ཆོས་མིག་གིས་དངོས་སུ་མཐོང་ནས་གསུངས་པ་ཡིན་ནམ། ཚོད་སྤོབས་གནང་པ་ཡིན། ངས་བལྟས་ན་ཕལ་ཆེར་ཚོད་སྤོབས་ཡིན་ལོས་ཆེ། ཧོར་གཙང་གི་དེབ་དྲུག་ཀ་རྩོམ་པ་ལས་བཤུས་པ་ཞིག་མིན་པ་དེ་ངས་གསལ་བཤད་ཞུ་ཐུབ། དེབ་ཆ་ཚང་ངའི་ལག་ཏུ་ཡོད་ལ། གང་འཚམ་བལྟས་པ་ཡིན། འགན་མེད་པའི་སྐད་ཆ་འདི་འདྲ་ནམ་ཡང་གསུང་མི་ཉན། མ་མཐའ་ཡང་བོད་ནས་ཐོན་པའི་ཟིན་བྲིས་དེ་ཚོར་མིག་དཔེ་གཟིགས་ན་ཞེས་ཞུ་རྒྱུ་ཡིན།
ཁྱེད་རང་གིས་ངོས་འཛིན་ག་བྱེད་མི་བྱེད་དེ་ཁྱེད་རང་གི་འདོད་པ་རེད། ༼གངས་ཅན་མཁས་དབང་རིམ་བྱུང་གི་མིང་མཛོད༽དང༌། ༼གངས་ལྗོངས་ལོ་རྒྱུས་སྟེང་གི་མི་སྣ་གྲགས་ཅན༽ གཉིས་ལ་གཟིགས་མྱོང་ཨེ་ཡོད། དེར་གཟིགས་མྱོང་ཡོད་ན། དེ་ནས་ངོ་འཕྲོད་པ་ཡོང་བ་འདུག གཞན་ཨུ་ཚུགས་བྱས་ནས་ཡོང་རྒྱུ་ཡོད་པ་མ་རེད། བསྡུས་ཤིང་བསྒྲིགས་པ་ལ་བརྩམས་པ་ཞེས་ཞུ་ཕོད་ས་མ་རེད། ཁྱེད་རང་གིས་རྩོམ་ཆོས་ཞེས་བྲིས་འདུག་པ་མཁས་པ་གང་གི་ལུགས་ཡིན་མིན་མི་ཤེས། བོད་ཀྱི་མཁས་པ་ཚད་ཐུབ་ཚོའི་འབྲི་སྟངས་ནི་བརྩམས་ཆོས་ཞེས་པ་འདི་རེད། བརྩམས་པ་དང་བསྒྲིགས་པ་ལ་ཁྱད་པར་ཡོད་པ་རེད་ཅེས་གོང་དུ་མི་འཁྱམ་ནས་མཆན་བུ་བཏབས་འདུག་པ་དེ་རེད།
ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་བརྩམས་པ་ཕར་ཞོགས། ་ཡག་པོ་ཞིག་བསྒྲིག་ཡང་མི་འདུག ངོ་མ་བཤད་ན་ཁོས་འགན་ཁུར་མི་འདུག ཁྱེད་ཚོས་མཚོ་ལྷོ་ཁུལ་མང་ར་རྫོང་ཁོངས་ཀྱི་དགོན་སྡེ་ཁག་གི་ལོ་རྒྱུས་སྐབས་ལ་ལྟོས་དང་བཏབ་ལོ་དང་འདེབས་མཁན། འདེབས་ཡུལ་སོགས་ནོར་མེད་པའི་དགོན་པ་གཅིག་ཡོད་ན་ངས་བཤད་བཤད་ཐམས་ཅད་རྫུན་ཡིན། སྐུ་མཁྱེན་ ཧོར་འཇིགས་ལེགས། རང་གིས་གཉའ་གིས་ཁུར་བ་ལུས་ཀྱིས་ཁྱོགས་དགོས་པ་རེད། སྐུ་མཁྱེན་་་སྐུ་མཁྱེན་་་་ཡང་བསྐྱར་ཡག་པོ་ཞིག་སྒྲིགས་དགོས་ཀི་འདུག
བེ་འཇིགས་ལགས། མ་དག་པ་མང་པོ་ཞིག་འབྲི་ལས་དག་མོ་མང་པོ་རེ་བཤུས་པ་ཡག་པོ་མ་རེད་དམ།
ངས་བྱས་ན་གལ་ཏེ་བརྩམས་པ་ཡིན་པའི་དབང་དུ་བཏང་ནའང་ཧོར་འཇིགས་ཀྱིས་བརྩམས་པ་ཇི་ལྟར་རེད།
སྔོན་དཔེ་ཆ་མང་པོའི་ནང་ཐུན་མོང་དུ་སྒྲིག་ཟེར་བ་མང་པོ་འདུག། གལ་ཏེ་ཧོར་འཇིགས་ཀྱིས་བརྩམས་ན་མི་ལྷག་མ་དགུ་དེ་ཧོར་འཇིགསཀྱི་སྐུ་སྲུང་བ་རེད་དམ། ཡང་ན་ལག་གཡོག་རེད། སོམ་དང་།
རྗེས་མ་མདོ་སྟོད་ལོ་རྒྱུས་ཆེན་མོ་ཡང་རྩོམ་དགོས་རེད་ཡ། བེ་རི་འཇིགས་མེད་རང་གིས་ཀྱང་རྗེས་མ་ཡང་མི་དགུ་བཅུ་ཞིག་ལ་བྲི་རུ་བཅུག་ནས་བརྩམས་ཟེར་རྩིས་ཡོད་ས་རེད་ད། གལ་ཏེ་ཟེར་རྩིས་མེད་ན་རང་ལ་གྱོང་རགས་ཚར་བ་རེད། ད་ཧོར་འཇིགས་ཀྱི་དེབ་དེ་ཚོའི་སྟེང་བརྩམས་ཞེས་ནི་བྲིས་ཚར་བ་རེད
ཧོར་གཙང་འཇིགས་མེད་ཀྱིས་བྲིས་པའི་༼༼མདོ་སྨད་ལོ་རྒྱུས་ཆེན་མོ༽༽ཞེས་པའི་དེབ་རྒན་དེ་ཚོའི་ནང་ནོར་འཕྱུགས་ཏན་ཏན་བྱུང་ཡོད་ཀྱི་རེད་སྙམ། ང་ཚོའི་ལོ་རྒྱུས་གླེགས་བམ་ཚོའི་ཁྲོད་དུ་སྐབས་གང་ཞིག་གི་ལོ་རྒྱུས་དང་དེའི་ལོ་ཚིགས་གཅིག་ཀྱང་ནོར་མེད་པའི་ལོ་རྒྱུས་ཀྱི་དེབ་ག་ཚོད་ཡོད། ཁྱེད་ཅག་གིས་གསུངས་དང་། སྤྱིར་ལོ་རྒྱུས་ཟེར་བ་འདི་སྔོན་རབས་པ་ཚོས་བྲིས་གནང་བ་དེ་དག་ཕྱི་རབས་པ་ཚོས་བཟོ་བཅོས་དང་སྣོན་པ་རྒྱག་གི་རྒྱག་གི་འགྲོ་དགོས་པ་མ་གཏོགས། མི་གཅིག་གིས་རྔོ་ཐོགས་པ་ཞིག་ག་ལ་ཡིན། དེའི་ཕྱིར་ཧོར་འཇིགས་ཀྱིས་བྲིས་གནང་བ་དེར་ཁ་སྣོན་རེ་རྒྱག་ཨེ་ཐུབ་ལྟོས་དང་། འདི་གནད་འགག་རེད། མ་རེད་དམ།
ཧོར་འཇིགས་ཀྱིས་བྲིས་པའི་ལོ་རྒྱས་དེའི་བརྗོད་བྱ་དང་བརྗོད་བྱེད་ཐད་གླེང་མོལ་མང་ཙམ་བྱས་ན་ལེགས་པ་ལས་དེ་ཁོས་རྩམ་པ་ཡིན་མིན་བཤད་སྡད་ན་ཡོང་རྒྱུ་གང་ཡོད་ལར་ནས་བེར་འཇིགས་ཀྱིས་མདོ་སྟོད་ཀྱི་ལོ་རྒྱས་དེ་འདྲ་ཅིག་རྩོམ་འདུན་དགའ་བསུ་རྒྱུ་ལས་ཕྲག་དོག་དོན་གང་ཡིན་དེ་ལས་རང་གི་གང་ནུས་ཀྱིས་རང་མི་རིག་ཞབས་འདེག་ཕུལ་ན་བཟང་ཕན་ཚུན་ཕྲག་དོག་མ་བྱེད་རོགས
ག་རེ་རེད་འདུག
བེར་འཇིགས་ཀྱིས་མདོ་སྟོད་ལོ་རྒྱུས་འབྲི་རྒྱུ་ཡིན་མིན་མི་ཤེས་ཀྱང༌། ཆུ་སྒང་ལོ་རྒྱུས་དེབ་ཕྲེང་གཉིས་པ་ཟེར་བ་ཞིག་ཉེ་བའི་ཆར་པར་སྐྲུན་འགྲེམས་སྤེལ་བྱས་འདུག དེབ་དེའི་རྒྱབ་ཤ་དང་དཀར་ཆག་ལ་རོབ་ཙམ་ལྟ་རྒྱུ་བྱུང༌། དེབ་ཀྱི་ནང་དུ་གྲའུ་དཔོན་ཟེར་བ་ཞིག་རྩོམ་སྒྲིག་འགན་འཛིན་རེད་འདུག་ལ། དེ་བཞིན་ཀོང་པོ་དྲི་མེད་སྟེང་མཁར་ཐུབ་བསྟན། ཆབ་དྲུང་བློ་བཟང་དབང་འདུས་(ཞིང་གཤེགས་)ཞེས་ཁོང་གཉིས་ཀྱང་རྩོམ་སྒྲིག་པའི་ཁོངས་སུ་བྲིས་འདུག འོན་ཀྱང་རྒྱབ་ཤ་རུ་བེ་རི་འཇིགས་མེད་དབང་རྒྱལ་གྱིས་བརྩམས་ཞེས་བྲིས་འདུག་ལ། གོ་ཐོས་ལྟར་ན་ལོ་རྒྱུས་དེ་ཕྱི་ལོ་1960 ནང་འཚོལ་བསྡུ་དང་རྩོམ་སྒྲིག་བྱས་པ་ཞིག་ཡིན་འདུག་པ་དང༌། བེ་རིས་མཐའ་མའི་རྩོམ་སྒྲིག་གི་འགན་ཁུར་བྱས་པ་ཙམ་ཡིན་ཚུལ་འདུག འོན་ཀྱང་ཧམ་པ་ཆེན་པོས་ཁོ་རང་གིས་བརྩམས་ཞེས་བྲིས་འདུག་པ་དེ། ཧོར་འཇིགས་ཧོར་ཁོང་གཉིས་ཀྱིས་ཧམ་སེམས་དང་བྱེད་སྟངས་གཅིག་པ་རེད།
མདོ་སྨད་ལོ་རྒྱུས་ཆེན་མོ་དེ།།
བརྩམས་པ་མ་རེད་བསྒྲིགས་པ་རེད།།
ལབ་ན་འདི་ཚོ་མི་དགའ་འདུག།
བརྩམས་པའི་བཟོ་ལྟ་མེད་པ་ལ།།
བརྩམས་འདུག་ཅེས་ནི་ཇི་ལྟར་བརྗོད།།
མི་གྲངས་བཅུ་ཡིས་ལོ་ངོ་དགུར།།
མི་རེས་ཤོག་ངོས་བཞི་བརྒྱ་བྲིས།།
དེ་ལ་བརྩམས་པའི་བཟོ་མ་ཐོན།།
བརྩམས་པའི་དེབ་དེ་འདོན་རྒྱུ་དང༌།།
བསྒྲིགས་པའི་དེབ་འདི་ནོར་རམ་ཅི།།
ཡང་ན་རྒྱབ་ཤ་ནོར་ནས་འདུག།
ཡང་ན་ཧམ་པས་ནོར་བཅུག་འདུག།
ཆེ་ནི་ཧམ་པ་ཆེ་དྲགས་འདུག།
ཚར་ནི་འདི་ལྟར་དཔར་བ་ཚར།།
སྐྱེ་འཆི་དུས་ཚོད་གཅིག་འཁེལ་དང༌།།
འགྲོ་གྲོན་གྲངས་ཀ་མཐོན་པོ་དེ།།
འདི་ལྟར་མི་མཐོང་དབྱིངས་ཞིག་ཏུ།།
བསྐྱལ་བ་དུས་མཉམ་འཇིགས་པ་ལ།།
སྔོན་མ་སྔོན་མ་ཅིག་ལ། ཞྭ་སྒབ་པས་སྲིད་དོན་རྒྱལ་རབ་ཟེར་བ་ཅིག་རྩོམ། དེ་ལ་ཁ་ཅིག་གིས་ཁོང་གིས་རྩོམ་པ་མ་རེད་ཟེར་ནས་སྐད་ལུང་བ་གང་བརྒྱབ་ནི་རེད། ད་འདི་དེས་རྣམ་སྨིན་ཡིན་པ་འདྲ་འདུག། །།
དྲ་གྲོགས་ཚོ། ཧོར་འཇིགས་ཀྱིས་བརྩམས་པ་དང་བསྒྲིགས་པ་གང་ཡིན་ཡང་འགྲིག་གི་རེད། ཁྱེད་ཅག་གིས་དེ་ཞིག་བསྒྲིགས་དང་ང་ཚོས་ལྟ་ཆོག་
འོ་གཡང་འབུམ་གི་དེ་ཡང་བདེན་པ་རེད་འདུག ད་བེ་རི་ཟེར་བ་འདིས་ཡང་དེབ་ཀེ་ལོ་ག་ཚོད་ཅིག་འདོན་གི་ཡིན་མདོག་མདོག་བྱེད་ཀྱི་འདུག་ག
དྲ་འབུ་ཁ་ཤས་ཀྱིས་ག་དུས་ཡིན་ཡང་ཆོལ་ཁ་དང་ཆོས་ལུགས། ས་ཁོངས་སོགས་གླེང་སྟེ་སྤྱི་ཚོགས་ནང་དཀྲོགས་གཏམ་སྤེལ་བ་ལས། རང་ཉིད་ལ་ལས་འདི་བྱས་ཟེར་བ་སྣ་གཅིག་སྟོན་རྒྱུ་མེད་པར་གཞན་གྱི་མཛད་རྗེས་སྣག་བསུབ་གཏོང་ཐབས་བྱེད་པ་དེ་དོན་དངོས་ཐོག་ཤེས་ཡོན་པ་ཞིག་དང༌། ཡང་ན་སྐྱབས་བཅོལ་བ་ཞིག་གི་ལས་འགན་འཁུར་སྟངས་མ་རེད། ལྷག་པར་དུ་སྐུ་སྒེར་ཡིག་ཚང་དང་བོད་གཞུང་ལ་གཞི་མེད་བསྙོན་འཛུགས་བྱེད་སྟངས་ལ་བལྟས་ན། དེ་ནི་རྒྱ་དམར་གཞུང་གིས་བྱེད་བབ་དང་འདྲ་བོ་འདུག ཡང་ཕྱོགས་གཞན་ཞིག་ནས་བསམ་བསམ་བློ་བཏང་ཚེ་དམིགས་ཡུལ་མེད་པའི་སྐྱབས་བཅོལ་བའི་དཔུང་ཁག་མིན་འགྲོ་སྙམ།
བཙན་བྱོལ་དུ་འབྱོར་ཚད་ཆབ་སྲིད་སྐྱབས་བཅོལ་བ་མིན་ལ་རིག་གནས་སྐྱབས་བཅོལ་དེ་བས་ཀྱང་མིན། འདི་ལ་རིགས་མང་མཉམ་འདྲེས་ཀྱི་རྙོག་འཛིང་ཅན་ཞིག་ཡིན། དཔེར་ན། མི་གསོད་སྐྱབས་བཅོལ་བ། རྐུན་མ་སྐྱབས་བཅོལ་བ། གཞན་གྱི་ཆུང་མ་འཕྲོགས་མཁན་སྐྱབས་བཅོལ། གྲྭ་བ་ལོག་ཆེད་ཡོང་བའི་སྐྱབས་བཅོལ་བ་སོགས་མང་ན། ཁོང་ཚོ་མང་ཆེ་བས་དགོས་པའི་དཔྱད་གླེང་མི་བྱེད་པར་མི་གཞིར་སྐྱོན་བརྗོད་མཁན་འདི་ཚོ་སྐྱབས་བཅོལ་བ་མནལ་མའི་རིགས་མིན་པར་བོད་དོན་འཐབ་རྩོད་ཀྱི་དམིགས་ཡུལ་མེད་པའི་སྐྱབས་བཅོལ་བ་རྫུན་མའི་དཔུང་སྡེ་ཡིན། ཁོང་ཚོ་རང་ཉིད་སྒེར་གྱི་ཁེ་ཕན་སླད་ཡོང་བ་ཡིན་སྟབས་སུས་ཆེ་མཐོང་དང་ངོ་སྟོད། དངུལ་ལོ་བསྟན་ན་དེའི་རྗེས་སུ་འབྲངས་ངེས་ཡིན། རྒྱུ་མཚན་ནི་ཁོང་ཚོར་ཐོག་མ་ནས་དམིགས་ཡུལ་རྣམ་དག་ཅིག་མེད་པས་སོ། ཨོ་ཅུང་ཐལ་དྲག་པས་དགོངས་པ་མ་ཚོམ་རོགས།
དེ་རིང་ཁ་བརྡ་ཟིན་བྲིས་སུ་ཞུགས་ཏེ<ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ>ཞེས་པའི་རྩོམ་ཡིག་ཅིག་གི་ཁ་བྱང་མཐོང་བས་དེར་གཅིག་བསྣུན་དུས། དྲ་གྲོགས་མང་བོ་ཞིག་གིས་འདྲ་མི་འདྲ་བཅོ་བརྒྱད་བཤད་ཀྱིན་འདུག བདག་ལ་མཚོན་ན་མདོ་སྨད་ཀྱི་ལོ་རྒྱུས་ཆེན་མོ་དཔར་སྐྲུན་ལེགས་འགྲུབ་ཟིན་པའི་གསར་འགྱུར་ཙམ་ཐོས་པ་ལས་པོ་ཏི་དྲུག་པོར་ད་དུང་མཇལ་མ་མྱོང་མོད། ཡོད་པའི་དབང་དུ་བཏང་ནའང་སྤྱིར་ལོ་རྒྱུས་ལ་ངེས་ཆ་མེད་པའི་མི་ཞིག་གིས་བཟང་ངན་གྱི་དབྱེ་བ་ག་ལ་བཤད་སྤོབས། སྤྱིར་མི་སུ་ཡིན་ནའང་ནོར་འཕྱུག་འབྱུང་སྲིད་པ་རེད། ལྷག་པར་དུ་འདི་འདྲའི་ལོ་རྒྱུས་ཆེན་མོ་ཞིག་རྩོམ་འབྲི་གནང་དགོས་དུས། རྩོམ་པོ་ཁོ་ཡང་དཀའ་ངལ་མང་བོ་ཞིག་ལ་གདོང་ལེན་བྱས་ཏེ་ལེགས་འགྲུབ་བྱུང་བའི་གོ་རིམ་གསུངས་རྒྱུ་ཡོད་ཀྱི་རེད་ལ། ད་དུང་འདི་འདྲའི་རྩོད་གླེང་མང་བོ་ཞིག་བྱུང་དང་འབྱུང་སྲིད་པའི་སྔོན་དཔག་ཀྱང་ཐོག་མ་ནས་གནང་ཡོད་སྲིད་པ་རེད། འོན་ཀྱང་ང་ཚོས་གཅིག་གིས་གཅིག་ལ་ཚིག་རྣོན་གྱིས་གསོད་རེས་གཏུབ་རེས་མི་བྱེད་པར། བག་ལྷོད་ལྷོད་ཀྱིས་ལོ་རྒྱུས་རང་ངོས་ནས་ནོར་འཕྱུག་གླེང་རྒྱུར་འབད་ན། གཅིག་བྱས་ན་རྩོམ་པོའི་དགོངས་གཞི་དང་མཐུན་ན་ཐང་། རྗེས་ཕྱོགས་ང་ཚོའི་ལོ་རྒྱུས་ཁ་སྐོང་དང་བསྐྱར་བཅོས་བྱ་རྒྱུའི་ལས་འཆར་ཡང་སྒྲིག་སྲིད་པ་རེད། སྤྱིར་ལོ་རྒྱུས་བྲིས་པའི་བརྒྱུད་རིམ་གང་དུ་བལྟས་ནའང་རྩོད་རྙོག་ཅིག་སླེབས་པ་ཆོས་ཉིད་ལྟ་བུ་རེད། འོན་ཀྱང་གླེང་སྟངས་དང་ཁ་ཕྱོགས་ཤིག་ངེས་པར་དུ་ཡོད་དགོས་པར་སྣང་། གལ་ཏེ་ལོ་རྒྱུས་འདིའི་ཐད་གླེང་སློང་བྱེད་ནི་ཞིག་ཡིན་ན་ངེས་པར་དུ་ཐོག་མར་པོ་ཏི་དྲུག་པོ་ཞིབ་ཅིང་ཕྲ་བར་བཀླགས་རྗེས། རྩོམ་པ་པོའི་བྲིས་པའི་ཚིག་སྐྱོན་དང་མི་གསལ་བའི་རིགས་ཡོད་ཚེ་ཐད་ཀར་དྲངས་ཏེ་གླེང་ཐུབ་ན་ཧ་ཅང་དགེ་མཚན་ཆེ་བར་འདོད་ལ། དེ་བཞིན་རྩོམ་པའང་རེ་རེ་བཞིན་དགོངས་ཚུལ་རེ་གསུང་རྒྱུ་ཡོད་ན་ཐང་། གླེང་ཕྱོགས་དེ་ཡང་མཐའ་མར་གྲུབ་འབྲས་ཤིག་དང་སྤྱི་ལ་ཕན་འབྲས་ཡོད་པ་ཞིག་ཏུ་སྙེག་ཐུབ་ན་གླེང་བ་དེའང་རླབས་ཆེན་རེད།
ཨ་རོགས། དྲ་བདག་ལགས། གོང་གི་གུག་སྟགས་དེའི་ནང་ལ<ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ>ཞེས་པ་འདི་འབྲི་མི་ཨེ་ཐུབ་ཀི། ངའི་གཉན་ལག་པོས་དེ་ག་འདྲ་བྱས་གཡུགས་དང་ནས་ན་ཡང་མེད་ཀི། ཁྱོད་ད་ངར་བ་ཡིན། ཤུགས་རྒྱོབས་ར།
ཨོ་ཡང་མ་འགྲིག་ཐལ། ཨ་རོགས། དྲ་བདག་ལགས། སྒང་གི་གུག་རྟགས་དེའི་ནང་ལ་ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པ་འདི་འབྲི་ཨེ་ཐུབ་ཀི། ངའི་གཉན་ལག་པོས་དེ་ག་འདྲ་བྱས་གཡུགས་དང་ནས་ན་ཡང་མེད་ཀི། ཁྱོད་ད་ངར་བ་ཡིན། ཤུགས་རྒྱོབས་ར། མཆན་འདིའི་སྔོན་པ་དེ་ནོར་སོང་བས་འདོར་རྒྱུ་མ་བརྗེད་ཨ།
ཨོ་ཡང་མ་འགྲིག་ཐལ། ཨ་རོགས། དྲ་བདག་ལགས། སྒང་གི་གུག་རྟགས་དེའི་ནང་ལ་ཧོར་གཙང་འཇིགས་མེད་དང་ཁོང་གི་མདོ་སྨད་ལོ་རྒྱུས་ཆེན་མོ་ཞེས་པའི་ཁ་ཡིག་དང་། ཡང་གཤམ་དེ་ན་དེ་བཞིན་རྩོམ་པའང་ཟེར་བ་དེར་དེ་བཞིན་རྩོམ་པ་པོའང་ཞེས་ནོར་བཅོས་ཤིག་བྱེད་ཨེ་ཐུབ་ཀི། ངའི་གཉན་ལག་པོས་དེ་ག་འདྲ་བྱས་གཡུགས་དང་ནས་ན་ཡང་མེད་ཀི། ཁྱོད་ད་ངར་བ་ཡིན། ཤུགས་རྒྱོབས་ར། མཆན་འདིའི་སྔོན་མ་གཉིས་ནོར་སོང་བས་འདོར་རྒྱུ་མ་བརྗེད་ཨ།
མདོ་སྨད་ལོ་རྒྱུས་ཆེན་མོ་ནི། དགུ་བཅུ་གོ་དགུའི་ལོར་མགོ་བཙུགས། ཉིས་སྟོང་དགུ་ལོར་མཇུག་བསྡུས། མི་བཅུས་ལོ་དགུ་ལ་བྲིས། འདི་ཚང་མ་གྲངས་ཀ་དགུ་ལ་འཁེལ་འདུག མོ་བ་གསལ་པོ་རེ་ཡོད་ན། མོ་ཞིག་རྒྱོབས་དང༌།
ཡ་ད་་་་་་་མོ་ཟིག་འདེབས་ན་མོ་ཟིག་འདེབས། སྤྱིར་གྲངས་ཀ་དགུ་འདི་གྲངས་ཀ་དགའ་ཞིག་མིན་རབས་འདུག གྲངས་ཀ་དགུ་འདི་གྱོད་དང་ངན་གི་སྣ་འདྲེན་ཡིན་ནོ། ད་ངན་པ་དགུ་འཛོམས། སྲིན་པོ་མགོ་དགུ ཉི་ཤུ་དགུ་གླུད། ༡༨༨༩ ལོ་འདི་འཛམ་གླིང་གཤེད་མ་དང་པོ་ཧེ་ཐུ་ལིར (Hitler)་སྐྱེས་གི་ལོ། ༡༩༣༩ ལོ་འདི་འཛམ་གླིང་དམག་ཆེན་གཉིས་བ་ལངས་གི་ལོ། ༡༩༤༩ ལོ་འདི་དགྲ་དམར་རོ་བོད་ལ་ཡོང་གི་ལོ། ༡༩༥༩ ལོ་འདི་བཤད་མི་དགོས་ཚང་མས་ཤེས་གི་ལོ། ༡༩༦༩ ལོ་འདི་དགོན་པ་ལྷ་ཁང་གཏོར་གི་ལོ། ༡༩༩༩ ལོ་འདི་མདོ་སྨད་ལོ་རྒྱུས་སྐྱུར་མོ་བྲིས་བའི་ལོ། ༢༠༠༩ འདི་མདོ་མེད་ལོ་རྒྱུས་ཚར་གི་ལོ་། ད་དུ་མོ་ཟིག་རེད། བཤད་མི་དགོས་ཁྲོམ་ན་བཤམས་ནས་བཞག་ཡོད་ག
ཧོར་འཇིགས་ཀྱི་ལོ་རྒྱུས་འདིས་མི་མང་པོ་ཞིག་ལ་སྙིང་ན་རུ་བཅུག་འདུག ྲ རྡ་ས་ན་ཡོད་པའི་བླ་ཆེན་མི་ཆེན་མ་གཞི་ནས་རྙིང་བདེ་བོ་མེད་མཁན་སྐོར་ཞིག་ལ་སྲོག་རླུང་གི་ནད་གཞི་བསླངས་འདུག་ཟེར། གང་ལྟར་ནུས་ཞིག་ཡོད་ས་རེད། ཡོན་ཏན་ཞིགཡིན་མིན་མི་ཤེས།
ཧོར་འཇིགས་ཀྱིས་དམེ་ཚང་གིས་རྒྱ་དམག་ལ་བསུ་བ་བྱས་ཚུལ་བྲིས་འདུག་ཟེར་
ད་ཁྱེད་ཚོས་ནུས་པ་ཐོན་རྒྱུ་མེད་པའི་ལོང་རྩོད་རྒྱག་མ་འདུག
ཧོར་འཇིགས་ཧོམ་ཆེན་གྱིས་ནོར་བསྒྲིགས་བྱས་པའི་ལོས་རྒྱུས་དེས་བག་ཆགས་ངན་པ་རེར་འཇོག་ངེས་པ་འདག་པས།
གང་འགྱོགས་མེ་བསྲེགས་བཏང་ན་གང་འདྲ་འདུག
ངའི་ལག་ལ་ཆ་གཅིག་སྤྲད་བྱུང་།
ངས་ནི་སྤོམ་ཀློག་ཤིག་བྱས་པས། ཨུ་ཚུགས་བྱས་བསྡུ་བསྒྲིག་བྱས་པ་རང་རེད།
དེ་མིན་སྐད་ཆ་ཁ་ཤས་གསར་སྣོན་བྱས་ཡོད་པ་ནི།
ཕོགས་འཏེན་དང་ཕྲག་དོག་གི་གཏམ་ལས་མི་འདུག
དེར་བརྟེན་ལམ་སེང་མེ་ལ་བསྲེགས་ཡིན།
ཡང་ཁྱེད་ཚོ་རེ་བསྐུལ་གཅིག་ལ་ཁྱི་རྔ་ལ་མ་འདོགས་རོགས།
གང་ཡིན་ཟེར་ན། ཁོས་སྤྱི་མཐུས་ཤིག་བྱེད་མྱོང་བའི་ངོ་སོ་ཡིན་དགོས།
འོ་ཡ།
མཁས་པའི་མིང་བྱང་རྫུན་མ་དེ་ཡི་ཕྱི་དང་ནང་གཉིས་མཐོང་བར་གྱུར།།
ལྷག་བསམ་གསེར་གྱི་ཁ་སྤོབས་དེ་ཡང་ར་གན་ཡིན་པའི་ཕྱི་ནང་མཐོང༌།།
དད་དང་མོས་པའི་མེ་ཏོག་དེ་ཡང་བཅོས་མ་ཡིན་པའི་ནང་སྙིང་རྙེད།།
གྲགས་སྐམ་ཀོ་ཀྲེད་རྒྱུག་ཆུས་འཁྱེར་བའི་ལྟད་མོ་འདི་ནི་འཇིགས་པ་ལ།།
མི་བཅུའི་སེམས་རྩ་སྤོབས་པས་བཏེགས་ནས་ལོ་རྒྱུས་རི་བོའི་ཁོང་གསེང་མྱུལ།།
མདོ་སྨད་ལོ་རྒྱུས་གླེགས་བམ་དྲུག་ཅན་ནང་ཟིང་སློང་བའི་རྐྱེན་དུ་བཀྲམས།།
དགག་ལན་རྩོམ་པའི་ཚོགས་པ་འཛུགས་དང་གོང་ས་མཆོག་ལ་ཞུ་སྙན་གྱི།།
ལབ་གླེང་ཆར་བ་ཤུགས་དྲག་འཕྱོ་འདི་འགོག་པའི་མཐུ་ལྡན་སུ་ཞིག་ཡོད།།
ཧོར་འཇིགས་འདི་སྤྱང་པོ་འདུག པོད་ལྔ་བ་མདོ་སྨད་ཀྱི་དགོན་སྡེ་ཁག་གི་ལོ་རྒྱུས་ནང་བླ་བྲང་དགོན་པའི་ལོ་རྒྱུས་ཤོག་གྲངས་གཅིག་ཙམ་ལས་རེད། དང་པོ་ང་ཡ་མཚར་སོང་། ཕྱིས་སུ་བལྟས་དུས་ཡོད་ཚད་པོད་དང་པོ་དང་པོད་གསུམ་པའི་ནང་བྲིས་འདུག མདོ་སྨད་ཡོངས་རྫོགས་བླ་བྲང་དང་འཇམ་དབྱངས་བཞད་པའི་འོག་ཡིན་པ་འདྲ་བོ་ཞིག་བྲིས་འདུག འདི་མདོ་སྨད་ལོ་རྒྱུས་མ་རེད། བླ་བྲང་ལོ་རྒྱུས་རེད་ཟེར་ན་འགྲིག་ཀི
ངས་དེ་རིང་བསམ་འཆར་འདི་ཚོ་མཐོང་བ་ན་ངོ་མཚར་བའི་ཚོར་སྣང་ཞིག་སྐྱེས་སོང་། མི་ཁ་ཤས་ལ་ལོ་རྒྱུས་ཆེན་མོ་ཞེས་པའི་མིང་ཚིག་དེ་ལྗིད་དྲག་ནས་མ་ཐེག་པར་ལབ་རྡོལ་གྱི་གཡག་ཤོར་བ་འདྲ། མ་གོ་ན་ཡང་མེ་ལ་མི་སྲེག་པར་དུང་དཀར་དུ་དཀར་དུ་སྣང་བའི་མི་ལ་སྟེར་ན་ལེགས་ལ། ཤེས་རིག་དང་ངེས་ཆ་ཡོད་ན་རང་ཉིད་ཀྱིས་དེ་ལས་བཟང་ཞིང་དེ་ལས་ལེགས་པ་རེ་བརྩོམ་པའམ་བསྒྲིག་ན་བོད་མི་ཚང་མས་དགའ་བསུ་དང་གུས་འདུད་ཞུ་ངེས་རེད། དེ་མིནའཇོན་མདོག་གི་སྔོ་ལོ་ཕྱར་ནས་ཚིག་རྩུབ་ཀྱིས་གནམ་ས་བཀང་ཡང་རང་གི་སྙིང་རླུང་ལ་ཁ་སྣོན་བྱས་ནས་གཉིད་དཀྲོག་པ་ལས་སྙིང་པོ་མེད་པ་འདྲ། ནུས་ན་ཨ་ཚོགས་བློ་བྷེ་དང་དབྱངས་འབུམ་ཚེ་རིང་སོགས་ཀྱི་སྐབས་འདིའི་ཁ་ཏ་ལ་ཕ་མའི་ཞལ་གསུང་དྲོན་མོ་ལྟ་བུ་དང་ལེན་རེ་བྱས་ན་རང་རེ་ཀུན་ལ་ལེགས།
།འགྲོ་བའི་ལས་སྣང་སོ་སོ་ལ། །རྒུད་དང་མཐུན་པའི་ཚིག་གཅིག་དང་། །ཆེ་ཆུང་ཀུན་ལ་འགྲིག་པ་ཡི། །ཐུན་མོང་གོས་ཤིག་གང་ནས་ཐོབ།
ཨ་ལྷ་ལགས། ཁྱོད་ཀྱིས་༼ཤེས་རིག་དང་ངེས་ཆ་ཡོད་ན་རང་ཉིད་ཀྱིས་དེ་ལས་བཟང་ཞིང་དེ་ལས་ལེགས་པ་རེ་བརྩོམ་པའམ་བསྒྲིག་ན་བོད་མི་ཚང་མས་དགའ་བསུ་དང་གུས་འདུད་ཞུ་ངེས་རེད། ༽རེད་ཟེར།
ང་ཚོས་འདི་ལྟར་འབྲི་འགོ་རྩོམ་ན་འགྲོ་སོང་སུས་གཏོང་གི་རེད།
འབུམ་དྲུག་ཅུ་འགྲོ་སོང་བཏང་ནས་འདི་ཙམ་ལས་མ་ཐོན་ན།
དེ་ལས་ཡག་ག་ཞིག་འབྲི་བ་ལ་འབུམ་ག་ཚོད་དགོས་ས་རེད།
ཨ་རོ། ཁྱོད་ཀྱིས་བཏང་འདོད་ཡོད་དམ།
ངོ་མ་བུ་ཡིན། དགའ་སྤྲོ་ཆེན་པོ་ཡོད་ད།
ང་ལ་གཅིག་ལས་དྲི་རྒྱུ་མེད།
ཧོར་འཇིགས་ཀྱིས་༸གོང་ས་མཆོག་གི་ཐུགས་རེ་དང་ཕྱག་དངུལ་ཆུ་ཟོས་སུ་བཏང་པ་རེད་དམ།
?????????????????????????????????????????????????????????
བཤད་བཤད་ཕལ་ཆེ་བ་ཧོར་འཇིགས་ཀྱི་མི་གཤིས་དང་འབྲེལ་བའི་གཏམ་རྐྱང་རེད། མི་གཤིས་ལ་གཞི་བཞག་ནས་བརྩམས་ཆོས་གང་ཞིག་ལ་དཔྱད་བརྗོད་སྤེལ་ན་ཤེས་ཡོན་པའི་བཟང་སྤྱོད་དུ་ག་ལ་བརྩི་ཤེས་ཡོན་པའི་འགན་ཙམ་ཡང་འཁུར་གི་མེད་པའི་རྟགས་རེད། བརྩམས་ཆོས་གང་ཞིག་གི་ལྟ་གྲུབ་བརྗོད་ཚུལ་སྟེང་བསམ་ཚུལ་མི་འདྲ་བ་སླེབས་དགོས་ལ་དེར་འགན་འཁུར་ཞིང་རིགས་ལུང་གི་ཐོག་ནས་དགག་རྒྱག་བྱ་འོས་པ་ཞིག་ཀྱང་རེད། དེ་ལྟར་བྱེད་ན་ད་གཟོད་བོད་ཀྱི་ཤེས་ཡོན་པ་ཚོའི་གཟི་བརྗིད་རེད་སྙམ། གང་ལྟར་མདོ་སྨད་ལོ་རྒྱུས་ཆེན་མོའི་དེབ་ཕྲེང་དེ་དག་བསྒྲིགས་ཀྱང་བརྩམས་ཀྱང་བཏུས་ཀྱང་དེབ་གཟུགས་སུ་བསྐྲུན་ནས་མིག་ལམ་དུ་སྟོན་རྒྱུ་ཞིག་བཟོས་པ་དེ་དགའ་སྒོམ་གྱི་གནས་ཤིག་ཏུ་བརྩི་འོས།
འཚོ་བྱེད་བུ་ལགས། ཁྱེད་ཀྱིས་ནོར་སོང་། མི་གཤིས་དང་འབྲེལ་བའི་ཐོག་ནས་རྩོམ་ལ་དཔྱད་པ་བཏང་བ་དེ་དོན་དང་ལྡན་པ་ཞིག་རེད། གང་ཡིན་ཟེར་ན་མི་གཤིས་ཟེར་བ་ནི་བསམ་བློའི་ཁ་ཕྱོགས་ཀྱི་རྗེས་སུ་འགྲོ་བ་ཞིག་རེད་ལ། བསམ་བློའི་ཁ་ཕྱོགས་ཟེར་བ་འདིས་མི་ཞིག་གི་ཡོད་ཚད་ལ་ཚོད་འཛིན་བྱེད་ཀྱི་ཡོད་སྟབས། མཐར་གཏུགས་ན་མི་གཤིས་དང་རྩོམ་གཉིས་སཙྪྰའི་ཀོང་བུ་གཅིག་ནས་ཐོན་པའི་སཙྪྰ་དང་འདྲ་བ་ཡིན། དེས་ན་ཧོར་འཇིགས་མི་གཤིས་ཡག་པོ་མེད་ན་བརྩམས་ཆོས་ཡང་ཡག་པོ་མེད་ཁོ་ཐག་ཡིན། ད་དུང་མདོ་སྨད་ལོ་རྒྱུས་ཆེན་མོའི་དེབ་ཕྲེང་དེ་དག་བསྒྲིགས་ཀྱང་བརྩམས་ཀྱང་བཏུས་ཀྱང་དེབ་གཟུགས་སུ་བསྐྲུན་ནས་མིག་ལམ་དུ་སྟོན་རྒྱུ་ཞིག་བཟོས་པ་དེ་དགའ་སྒོམ་གྱི་གནས་ཤིག་ཏུ་བརྩི་འོས་ཟེར་བ་འདི་ཡང་འགྲིགས་མི་འདུག འོ་ན་དོལ་རྒྱལ་འདི་མི་ཞིག་ཡིན་རུང་ལྷ་ཞིག་ཡིན་རུང་འདྲེ་ཞིག་ཡིན་རུང་གང་ལྟར་དགེ་ལུགས་པའི་ནང་དུ་སྲུང་མ་གཅིག་མང་རུ་ཕྱིན་པ་དགའ་སྒོམ་གྱི་གནས་ཤིག་ཏུ་བརྩི་འོས་ཟེར་བ་དང་འདྲ། དེས་ན་ཡག་པོ་བྱུང་ཡོད་མེད་ལ་གཙོ་བོར་བལྟ་དགོས་པ་ལས་དེབ་བཟོས་མ་བཟོས་ལ་བལྟ་རྒྱུ་ག་ལ་ཡིན།
འབྲོང་རྒོད་ལགས། སྔོན་མ་ཕ་རན་སིའི་རྒྱལ་པོ་ན་ཕོ་ལོང་ཟེར་བ་ཞིག་ཡོད། ཁོང་ནི་ཕ་རན་སི་རྒྱལ་ཁབ་གཅིག་གྱུར་དང་སྟོབས་ཆེན་བཟོ་མཁན་འགོ་ཁྲིད་ཅིག་རེད། ཡིན་ནའང་ཁོང་གི་སྤྱོད་པ་རྩིང་པོ་ཡིན་པ་ཡོངས་གྲགས་རེད། དེང་རབས་བོད་ཀྱི་རྩོམ་པ་པོ་གྲགས་ཅན་དཔལ་དོན་གྲུབ་རྒྱལ་གྱི་བྱ་སྤྱོད་རྩིང་པོ་ཡོད་པ་གོ་ཐོས་བྱུང་མྱོང་། ངས་ན་ཕོ་ལོང་དང་དཔལ་དོན་འགྲུབ་རྒྱལ་གཉིས་ཧོར་འཇིགས་ལ་བསྡུར་འཇོག་བྱེད་གི་མེད། ཡིན་ནའང་མི་གཤིས་སྒང་ནས་རིན་ཐང་ཚུལ་ལྡན་ཞིག་འཇོག་མི་ཐུབ།
དོལ་རྒྱལ་སྐོར་ངས་མང་པོ་མི་ཤེས། ཡིན་ནའང་དོལ་རྒྱལ་དེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ ༧ གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་གིས་བཀག་སྡོམ་ཞེས་པ་ཞིག་རེད། དེ་འགོག་དབང་ཁོང་ལ་ཡོད་ལ་ཁོང་གི་རྗེས་འཇུག་པས་ཁོང་གི་གསུང་སྲུང་བརྩི་འོས་པ་ཞིག་ཀྱང་རེད། མདོ་སྨད་ལོ་རྒྱུས་ཆེན་མོ་རྩོམ་འབྲི་བྱ་རྒྱུ་དེ་ཐོག་མར་ ༧ གོང་ས་མཆོག་གི་དགོངས་ཚུལ་ཡིན་སྐོར་མང་པོ་བཤད་འདུག དེ་འདྲ་ཡིན་ན་ཁྱེད་ཀྱིས་དོལ་རྒྱལ་དང་མདོ་རྒྱུས་གཉིས་བསྡུར་འཇོག་བྱེད་མི་རུང་ལ། དེ་གཉིས་ཀྱི་གནས་སྟངས་ཁ་ཁ་རེད།
ན་ཕོ་ལོང་དང་དོན་རྒྱལ་ཧོར་འཇིགས་གསུམ་པོ་སྤྱོད་པ་རྩུབ་པའི་རྩུབ་ལུགས་ཁ་ཁ་སོ་སོ་རེད། ལེ་ལོའི་དབང་གིས་འདིར་མང་པོ་འབྲི་ཐུབ་ཀྱི་མི་འདུག མདོ་སྨད་ལོ་རྒྱུས་ཆེན་མོ་རྩོམ་འབྲི་བྱ་རྒྱུ་དེ་ཐོག་མར་ ༧ གོང་ས་མཆོག་གི་དགོངས་ཚུལ་ཡིན་སྲིད་རྒྱུ་རེད། འོན་ཀྱང་༧གོང་ས་མཆོག་གིས་ཆོལ་ཁའི་ན་ཚ་དང་ཆོས་ལུགས་ཀྱི་ན་ཚའི་དབང་གིས་ཡོད་ཚད་དཀྱོག་ནས་བྲིས་ཤོག་གསུངས་ཨེ་ཡོད་མི་ཤེས། མདོ་སྨད་མ་ཡིན་པ་མདོ་སྨད་ཀྱི་ཁོངས་སུ་བྲིས་པ་དང་། དགེ་ལུགས་མ་ཡིན་པའི་དགོན་སྡེ་མང་པོ་དགེ་ལུགས་པའི་ཁོངས་སུ་བྲིས་པ། དགེ་ལུགས་མ་གཏོགས་བོད་ལ་ཆོས་རྣམ་དག་ཅིག་མེད་ལུགས་སོགས་༧གོང་ས་མཆོག་གི་ཕྱག་དངུལ་བྱེད་སྤྱོད་བྱ་རྒྱུའི་གོ་སྐབས་དམ་འཛིན་བྱས་ཏེ་ཆེད་དུ་རྙོག་དྲ་གནམ་སར་མི་ཤོང་བ་ཞིག་བཟོས་འདུག་པས་ངས་དེབ་འདི་དོལ་རྒྱལ་དང་འདྲ་བོ་འདུག་ཞེས་བཤད་པ་ཡིན། དགག་ཡིག་ཞིབ་ཏུ་འབྲི་བཞིན་ཡོད་པ་ཁྱེད་ཚོའི་མིག་སྔར་བཤམས་ཡོང་ཆོག ངས་བལྟས་ན་༧གོང་ས་མཆོག་གིས་ཀྱང་ཐུགས་ལོག་གནང་རྒྱུ་རེད་སྙམ། ལྟོས་སྡོད་ཨ།
གསལ་བཤད་ཞུ་རྒྱུ་གཅིག་ལ། ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་ནང་དུ་མང་པོ་ནོར་ཡོད་པ་དེ་ལ་དགག་པ་བྱེད་ཀྱི་མེད། ནོར་འཁྲུལ་མེད་པའི་ལོ་རྒྱུས་ཤིག་ད་བར་བོད་ལ་དཀོན་ཚོད་ཡིན་ན་ཧོར་འཇིགས་ལྟ་བུའི་བླུན་པོ་སློབ་སྦྱོང་མེད་མཁན་ཞིག་ལ་ཅི་ཁག འོན་ཀྱང་རྒྱ་མིས་བོད་ཀྱི་ལོ་རྒྱུས་འབྲི་སྐབས་བོད་རྒྱ་ཁོངས་ཡིན་ཚུལ་དཀྱོགས་འབྲི་བྱེད་པ་དང་། ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་འབྲི་སྐབས་ཡོད་ཚད་དགེ་ལུགས་པའི་ཁོངས་ཡིན་ཚུལ་དཀྱོགས་འབྲི་བྱས་པ་གཉིས་ལ་ཁྱད་པར་སྤུ་རྩེ་ཙམ་ཡང་མི་འདུག་པས་ངས་དགག་པ་ཚ་ནན་བྱེད་ཀྱི་ཡོད། ཧོར་འཇིགས་དང་དོལ་རྒྱལ་གཉིས་ངོ་མ་སྤྱི་ཚོགས་ནང་གི་དཀྲུགས་འདྲེ་ལས་སྨོན་དུས་སུ་སྨིན་པ་གཉིས་རེད། དེར་བརྟེན་ངས་དགག་ཡིག་འབྲི་སྐབས། ཡང་དཀྲུགས་འདྲེ་ན་རེ། ཞེས་འབྲི་བཞིན་ཡོད། ངོ་མ་ཡིན། དེང་སང་༧གོང་ས་མཆོག་གི་ཐུགས་རྗེ་ལ་བརྟེན་ནས་སྔར་ཁྲག་གི་འཁོར་ལོ་བསྐོར་རེས་བྱས་པའི་ཆོས་བརྒྱུད་དུ་མ་ཞིག་ད་སྐབས་ཕན་ཚུན་བརྩི་བཀུར་དང་། གདེང་འཇོག་གིས་སྡོད་བཞིན་ཡོད་དུས ཡང་༧གོང་ས་མཆོག་དང་། སྐུ་སྒེར་ཡིག་ཚང་གིས་སྦྱིན་བདག་གནང་བའི་མིང་ཐོག་ནས་དགེ་ལུགས་མ་གཏོགས་ཆོས་རྣམ་དག་ཅིག་མེད་ལུགས་དང་། དགེ་ལུགས་མ་གཏོགས་ལམ་ལོག་ཡིན་ལུགས། དགེ་ལུགས་མ་གཏོགས་དབང་བསྒྱུར་མཁན་རྣམ་དག་ཅིག་མེད་ལུགས་སོགས་ཀྱི་རྙོག་དྲ་སློང་བ་འདི་གྲི་ཕྱར་ནས་ཀི་འབོད་གཏོང་བ་དང་འདྲ་བས་ལས་སླ་པོར་བསྐྱུར་རྒྱུ་ག་ལ་ཡོད། དུས་ཚོད་འདི་འདྲ་ཞིག་ལ་འདི་འདྲའི་མི་མ་རབ་ཐ་ཤལ་ཞིག་བོད་ལ་སྐྱེ་དགོས་རྒྱུ་ལ། དོལ་རྒྱལ་གྱི་མགོ་འཕང་ཅུང་དམའ་རུ་འགྲོ་སྐབས་ཡང་འདི་འདྲའི་དཀྲུགས་འདྲེ་གསར་བ་ཞིག་མགོ་འབུར་དགོས་རྒྱུ་ལ་ཨ།
ཡ་ལྷ་ཆབ་པ་ཁྱོད་
ངས་ངོ་མི་ཤེས་ཡིན་ན་ཡང་ཚེ་འདས་ཨ་ཁུ་ལྷ་ཆབ་པ་ཟེར་བ་དེའི་གནས་ཚུལ་གོ་མྱོང་ཡོད་ཁོང་གིས་ཁྱོད་ལ་ཕྱི་མའི་ཡུལ་ནས་མི་ཡུལ་དུ་གཞན་ལ་དག་སྣང་མེད་ན་སྡུག་བསྔལ་ཆེ་རབ་ཟེར་ནས་སྐད་སྐུར་ཡོད་དམ།
ཁོས་དག་སྣང་མི་བྱེད་ས་ནི་ཁོའི་བླ་མ་དང་དགེ་རྒན་སོགས་ཡིན་པ་ལས་ཉིན་ཁ་ཤས་གནས་ཚང་གཡར་ས་ཟླ་ཁ་ཤས་གླ་རྔན་སྤྲད་མཁན་གྱི་དགེ་དབང་གི་གྲོགས་པོ་དེ་འདྲ་ཡིན་པས་གནས་ཚུལ་གོ་རྒྱུ་མེད་པས་ཐུགས་ལྷོད་ལྷོད་བྱོས་ངང་བཚུབ་ཞེ་དྲག་མ་བྱེད། ལར་ནས་ཧོར་འཇིགས་སྟོད་ཁུལ་གྱིས་མི་མང་པོ་ཞིག་ལ་ཚོགས་ཁག་འདྲ་མིན་གྱིས་མིང་སྤྲས་ནས་འཕོང་དཀྲིག་མ་གནང་རོགས།
ལྷག་པར་ཚིག་ངན་མ་རུང་བ་དེ་དག་དོར་ན་བཟང་གང་ཡིན་ཟེར་ན་ཕྱི་མར་ངན་འགྲོའི་རྒྱུ་དམ་ཚིག་ཉམ་པ་དེ་ལས་ལྷག་དགོས་རབ་མི་འདུག
འབྲོང་རྒོད་མཚན་ཅན་ལགས།
ཉིད་ཀྱིས་ཧོར་གཙང་འཇིགས་མེད་ལ་དགག་ཡིག་དང་ལོ་རྒྱུས་ཀྱི་དེབ་ཐེར་འགྲིག་མིན་གླེང་ན་དགའ་བསུ་ཞུ། དེ་མིན་ཁོང་སྐུ་སྒེར་གྱི་མཚན་མཐོང་ལ་གནོད་པ་དང་། ཅོ་འདྲི་བ། མཚང་བརྗོད་པ་སོགས་ལ་འདི་ནས་དགའ་བསུ་མི་ཞུ་བ་ཡིན། དེ་ལྟར་མཚང་འབྲུ་བ་སོགས་མ་བྱས་པར་འདུག་མི་བཟོད་ན། ཁོང་ལ་སྒེར་ངོས་ནས་འབྲེལ་ལམ་བྱེད་པའི་ལམ་ཁ་བཙལ་རོགས། དེ་དོན་ཐུགས་ལ་འཇགས་འཚལ།
ཧོར་འཇིགས་ཀྱི་མི་གཤིས་ཇི་འདྲ་ཡིན་མིན་རྡ་སའི་བོད་མི་རྣམས་ལ་ཕྱི་གསལ་ནང་གསལ་ཡིན་ལ། ངས་ཀྱང་ཤེས་ཀྱི་ཡོད་མོད། གནས་སྐབས་རིང་ཤོད་འདོད་མེད། ཡིན་ན་ཡང་ཁོས་ཕྱོགས་བསྒྲིགས་བྱས་པའི་མདོ་སྨད་ལོ་རྒྱུས་སྐོར་ལ་བསམ་གཞིགས་ཅིག་མི་བྱེད་ཐབས་མེད་རེད།
དང་པོ། ལོ་རྒྱུས་གྱོད་དང་བྱུར་གྱི་སྣ་འདྲེན་འདིའི་རྒྱབ་ལྗོངས་ལ་བསམ་ན། ༧གོང་ས་མཆོག་གིས་བཀས་བསྐུལ་གནང་བ་བདེན་པ་ཡིན་མོད། ༧གོང་ས་མཆོག་གི་ཐུགས་རེ་ནི། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་རྫུན་བཟོ་བྱས་ནས་བོད་རྒྱ་ཁུངས་ཡིན་ཚུལ་དང་། དེང་སྐབས་བོད་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་ཡོད་ཚུལ་བཤད་དེ། རྫུན་གྱིས་འཇིག་རྟྲེན་བསླུ་བཞིན་ཡོད་པ་འདི་ལ་དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བརྡ་ལན་དྲང་མོ་ཞིག་སྤྲོད་རྒྱུ་དེ་ཡིན་མོད། ཧོར་འཇིགས་ཀྱིས་༧གོང་ས་མཆོག་གི་ཐུགས་རེ་མཆིལ་མའི་ཐལ་བ་བཞིན་དོར་དེ། རེ་ངན་དང་ཧམ་སེམས་སྙིང་ལ་བཅིངས་ཏེ་གོ་སྐབས་འདི་དམ་འཛིན་བྱས་ནས། ཆོལ་ཁ་དང་ཆོས་བརྒྱུད་ཀྱི་བར་ལ་ཚབ་ཆེའི་འགལ་བ་གསར་བ་ཞིག་བཙུགས་ཡོད་པ་དེ་རེད།
གཉིས་པ། མདོ་སྨད་ལོ་རྒྱུས་ཀྱི་ངོ་གདོང་ལ་བལྟས་ན། ཧོར་འཇིགས་ཀྱིས། ༧གོང་ས་མཆོག་གི་ཐུགས་བཞེད་བསྒྲུབ་ཏེ་ཐུགས་དགྱེས་པའི་ཚབ་ལ། ཐུགས་གཏིང་ནས་སྐྱོ་བའི་ལས་ངན་ཚབ་པོ་ཆེ་ཞིག་བསགས་ཡོད་པ་དེ་ཡིན། དེ་ཡང་བོད་ཀྱི་ལོ་རྒྱུས་ཡོངས་དང་། དངོས་ཡོད་ས་ཚིགས་གཉིས་ཀྱི་ཐོག་ནས་མདོ་སྨད་མ་ཡིན་པ་གསལ་བོ་ཡིན་པའི་ས་ཁུལ་མང་པོ་ཞིག་མདོ་སྨད་ཡིན་ཚུལ་དང་། མདོ་སྨད་ཕྱོགས་ཀྱི་དགོན་སྡེ་ཕལ་ཆེ་བ་བླ་བྲང་དགོན་པའི་དགོན་ལག་ཡིན་ཚུལ། དགེ་ལུགས་མ་ཡིན་པའི་བོད་ཀྱི་གྲུབ་མཐའ་ཁག་ཆོས་ལོག་དང་ལྟ་ལོག་ཡིན་ཚུལ། ཙོང་ཁ་པ་ཆེན་པོས་དགེ་ལུགས་བསྟན་པའི་སྲོལ་ཕྱེས་རྗེས་བོད་ཀྱི་ཆོས་བརྒྱུད་ཕལ་ཆེ་བས་རང་གི་གྲུབ་མཐའ་དོར་དེ་དགེ་ལུགས་པར་ཞུགས་ཚུལ་སོགས་བཤད་ཡོད་པ་མ་ཟད། མིང་ལ་མདོ་སྨད་ལོ་རྒྱུས་ཞེས་བཏགས་པ་ཙམ་ལས་དོན་ལ་བླ་བྲང་དང་དགེ་ལུགས་པའི་ཆོས་འབྱུང་ལྟ་བུ་ཞིག་ཆགས་ཡོད། གལ་ཏེ་ཧོར་འཇིགས་ཀྱིས་དགེ་ལུགས་ཆོས་འབྱུང་དང་བླ་བྲང་ཆོས་འབྱུང་འབྲི་འདོད་ཡོད་ན་རང་དབང་ཡིན་མོད། ཁོས་གོ་སྐབས་འདི་བཟུང་ནས་རྒྱ་མིས་བོད་ཀྱི་ལོ་རྒྱུས་རྫུན་སྒྲིག་བྱས་པ་བཞིན། མདོ་སྨད་ཀྱི་དངོས་ཡོད་ལོ་རྒྱུས་གཡག་གི་སྣ་གཅུ་བཞིན་གཅུས་ཏེ་གོར་གོར་བྱས་ཡོད་པ་འདི། བོད་གཞིས་བྱེས་གཉིས་དང་། ཆོལ་ཁ། ཆོས་བརྒྱུད་ཀྱི་བར་ལ་འགལ་བ་ཚབ་ཆེན་ཞིག་སློང་རྒྱུའི་རྒྱུ་རྐྱེན་གསོན་པོ་ཞིག་རེད། མདོ་སྨད་དང་དགེ་ལུགས་པའི་ཞེན་ཁོག་གིས་འདི་ལྟར་ལོ་རྒྱུས་རྫུན་བཟོ་བྱེད་ཆོག་ན། རྒྱ་ནག་གིས་ཀྱང་རྒྱལ་ཁབ་རྒྱ་བསྐྱེད་དང་གཅིག་གྱུར་ལ་བསམ་ཏེ། བོད་རྒྱ་ཁུངས་མིན་བཞིན་དུ་ཡིན་ཚུལ་འབྲི་བཞིན་ཡོད་པ་འདི་། ང་ཚོས་ལན་ཇི་ལྟར་ཐེབས་སམ། རྒྱ་གཞུང་གིས་བོད་རྒྱ་ཁུངས་ཡིན་ཟེར་བ་དང་། ཧོར་འཇིགས་ཀྱིས། མདོ་སྨད་མ་ཡིན་པ་མདོ་སྨད་ཡིན་ཚུལ། མདོ་སྨད་ཀྱི་ཆོས་སྡེ་ཕལ་ཆེ་བ་བླ་བྲང་དགོན་པའི་དགོན་ལག་དང་དགེ་ལུགས་པ་ཡིན་ཚུལ། དགེ་ལུགས་མ་ཡིན་པའི་བོད་ཀྱི་གྲུབ་མཐའ་གཞན་ཁག་ལྟ་ལོག་དང་ཆོས་ལོག་ཡིན་ཚུལ་བཤད་པ་འདི་གཉིས་ལ། རྒྱུ་མཚན་གྱི་ཐོག་ནས་ཁྱད་པར་ཇི་ལྟར་འབྱེད་དགོས་སམ། འདི་ནི་ཧོར་འཇིགས་ཀྱིས་བསྒྲིགས་པའི་མདོ་སྨད་ལོ་རྒྱུས་ཀྱི་ངོ་གདོང་ལ་བལྟས་པའི་སྡོམ་ཚིག་ཆེས་ཉུང་ཉུང་ཞིག་ཡིན།
གསུམ་པ། མདོ་སྨད་ལོ་རྒྱུས་ཀྱིས་གྲུབ་དོན་ལ་བལྟས་ན། དེང་སྐབས་༧གོང་ས་ཐམས་ཅད་མཁྱེན་པའི་ཕྱོགས་སུ་མ་ལྷུང་བའི་བྱམས་བརྩེའི་དུང་ཟླ་དཀར་པོའི་བསིལ་གྲུབ་འོག བོད་མི་ཡོད་དོ་ཅོག་གཅིག་གྱུར་བྱུང་དང་འབྱུང་བཞིན་ཡོད་མོད། མ་འོངས་པར་ཧོར་འཇིགས་དང་ཁོས་བསྒྲིགས་པའི་མདོ་སྨད་ལོ་རྒྱུས་ཀྱི་བྱེད་བབ་ལ་བརྟེན་ནས། གཞིས་བྱེས་གཉིས་དང་། ཆོལ་ཁ་གསུམ། ཆོས་བརྒྱུད་ཁག་གི་བར་ལ་ཚབ་ཆེའི་འགལ་བ་ཞིག་འབྱུང་སྟེ། མི་རིང་བར་དགྲ་དགའ་གཉེན་སྡུག་གི་ལས་འགུལ་གསར་བ་ཞིག་འབྱུང་མི་སྲིད་པ་མིན་ལ། ད་དུང་ཧོར་འཇིགས་ཀྱིས་བཀའ་བཞིན་སྒྲུབ་པའི་མཆོད་པའི་ཚབ་ལ། བཀའ་དང་འགལ་བའི་སྡུག་པ་ཚབ་ཆེན་ཞིག་བསགས་ཡོད་པས། ཁོ་འཇིག་རྟེན་དཀར་ངོགས་དང་ཁ་བྲལ་མ་ཐག་དེའི་རྣམ་སྨིན་མགོར་བབ་ཏེ་མདོ་རྒྱུད་ནས་གསུངས་པའི་བླ་མའི་བཀའ་དང་འགལ་བའི་ཉེས་ཆད་རི་རབ་ལས་ལྗི་བ་དེ་དག་མི་འདོད་ན་ཡང་ཁུར་དགོས་པ་འདི་ཧོར་འཇིགས་དང་། ཁོས་བསྒྲིགས་པའི་མདོ་སྨད་ལོ་རྒྱུས་ཀྱི་གྲུབ་དོན་མདོ་ཙམ་མོ།།
བཞི་བ། རེ་བསྐུལ། ཧོར་འཇིགས་ཀྱིས། ཉེས་པ་ལ་ཉེས་པར་མཐོང་ནས་བོད་མི་སྤྱི་དང་། མདོ་སྨད་མི་མང་། ལྷག་པར་མདོ་སྨད་དང་དགེ་ལུགས་པའི་ཁུངས་སུ་བཙན་གྱིས་བཅུག་པའི་སྡེ་དགོན་གཉིས་ཀར། ལམ་སེང་དགོངས་དག་ཞུ་དགོས་པ་མ་ཟད། མདོ་སྨད་ལོ་རྒྱུས་འགྲེམ་སྤེལ་བྱེད་རྒྱུ་མཚམས་བཞག་ནས། བཀྲམས་ཟིན་པ་རྣམས་ཀྱང་ཕྱིར་བསྡུ་བྱས་ཏེ། བསྐྱར་དུ་ནོར་བཅོས་བྱེད་རྒྱུ་འམ། ཡང་ན་སླར་མི་སྐྱེ་བའི་ཆོས་སུ་རྒྱས་འདེབས་བྱེད་དགོས། དེ་ལྟར་མ་བྱས་ཚེ་གོང་དུ་བཤད་པའི་རྙོག་འཛིང་དེ་དག་ཡོང་རྒྱུ་ཡིན་པར་ཐེ་ཚོམ་སྤུ་ཙམ་མི་དགོས་སོ།། འདི་ནི་ཧོར་འཇིགས་དང་ཁོས་བསྒྲིགས་པའི་མདོ་སྨད་ལོ་རྒྱུས་ཀྱི་མདུན་ལམ་ཕྱོགས་སྟོན་ཙམ་བྱས་པ་ཡིན་ནོ།།
ངས་ཧོར་གཙང་འཇིགས་མེད་ཀྱི་ལོ་རྒྱུས་དེ་དག་ད་དུང་ཡང་མཐོང་མ་བྱུང་། དེ་བས་བརྗོད་གཞིའི་ཐད་ནས་ཞུ་ཐུབ་པ་གང་ཡང་མི་འདུག ཐལ་ཆེའི་ཉེས་པ་ཁག་ཅིག་བཀལ་ཡོང་གི་འདུག དེ་དག་གི་ཁུངས་སྟོན་གནང་རོགས། ཁུངས་མེད་ཀྱི་གཏམ་ནི་དཀྲོག་གཏམ་རེད། དེ་དག་ལ་ཆ་འཇོག་མི་བྱེད་པ་ཡིན། དཔེ་ཆའི་ཤོག་གྲངས་ཚུན་ནས་བཀོད་ཤོག
དེ་ནས་མདོ་སྨད་ཀྱི་ལོ་རྒྱུས་དེ་དག་ཡིག་ཆ་ལ་ཁུངས་གཏུགས་ཡོད་ཤག་རེད། ཡིག་ཆ་ན་ཀུན་མཐུན་ཞིག་ད་བར་བྱུང་ཡོད་པ་མ་རེད། ཙོང་ཁ་པ་ཞེས་གྲགས་པ་མ་གཏོགས་མདོ་སྨད་པ་ཞེས་གྲགས་མི་འདུག་ག
ལོས་ཡོད། ཇི་སྐད་བརྗོད་པ་དེ་དག་གི་ཁུངས་དང་དཔེ་ཆའི་ཤོག་གྲངས་ཚུན་ནས་བཀོད་ཆོག ད་སྐབས་འབྲི་བཞིན་ཡོད་ཀྱང་ཅུང་འབྲི་ཚར་མེད་པས་ཉིན་ཤས་སྒུག་ཨ།
ཞིབ་ཚགས་པོ་ཞིག་འབྲི་རྒྱུ་ཡིན།
དགེ་རབ་ལ་བཤད་པ།
དགེ་རབ་ཀྱིས་དེང་སང་མི་སྒེར་ལ་སྐྱོན་བརྗོད་འདུག་ཟེར་ནས་བར་བར་ལ་ཉེན་བརྡ་བཏང་ཀྱིན། དགའ་བསུ་ཡོད་ཚོགས་པ་ཞིག་གི་ངོས་ནས་སྒྲིག་འཛུགས་ལོས་དགོས།
འོན་ཀྱང་འདིའི་སྐད་ཆད་ཡོང་ཁྱབ་ཏུ་བཤད་མྱོང་ངམ།
ཁྱེད་རང་དྲྭ་བདག་ཞིག་གི་ངོས་ནས། རང་ཕྱོགས་ཐུབ་དུས་སྒྲིག་འཛུགས་དང་ཁྲིམས་ལུགས་བཤད་ཁུལ་བྱེད།
གཞན་ཕྱོགས་ཐུབ་དུས་ཅི་ཙམ་ཡ་ང་ཞིང་ཡིད་སྐྱོ་དགོས་པའི་སྨྲ་འབེབ་དང་། ཡིད་སེམས་དཀྲུག་ཀྱང་གོ་ས་ཐོས་ས་མེད་ཁར། ད་རུང་མ་མཐོང་མ་རིག་ཁུལ་གྱིས་ཉི་མ་བུད་ཐབས་ཡོད་དམ།
ངོ་མ་བསམ་བློ་གུ་ཡངས་ས་ནས་གཏོང་རོགས།
འདི་འདྲའི་གནས་ཚུལ་མཐོང་དུས། ཁ་བརྡའི་དྲྭ་ཐོག་ལ་ཞེན་པ་ལོག་དྲ་བྱེད་ཀྱི་འདུག
འདི་འདྲའི་ཕྱོགས་ལྷུང་གི་སྐད་ཆ་བཤད་པ་ནི་དྲྭ་པ་ང་ཚོ་ལ་མཐོང་ཆུང་དང་།
ཁྱད་གསོད་ཞིག་མཐོང་གིན་ཡོད།།
འབྲོང་རྒོད་ལགས།
ངས་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ཀློག་རྒྱུ་མ་བྱུང་། ཧོར་འཇིགས་ལ་ཧོར་འཇིགས་ཀྱི་ལྟ་ཚུལ་འབྲི་སྟངས་ཤིག་ཡོད་ཀྱི་རེད་ལ། དེ་ལ་གཞན་གྱིས་རྩོད་སྒྲུབ་དགག་རྒྱག་བྱེད་ཆོག་གི་རེད་ལ་བྱེད་དབང་ཡང་ཡོད། ཉིད་ཀྱིས་དེའི་སྐོར་ལ་དགག་ཡིག་འབྲི་གི་ཡོད་ཟེར་བས་དེ་ཡག་པོ་རེད་ལ། དེ་གང་མགྱོགས་ཐོན་པའི་ཡིད་སྨོན་ཡོད། ཡིན་ནའང་ཉིད་ཀྱིས་དགག་ཡིག་ནང་ དཀྲུགས་འདྲེ་ན་རེ་ ཞེས་འབྲི་གི་ཡོད་ཟེར་བས་དེ་ལྟར་བྲིས་ན་ཁྱེད་ཀྱིས་འགྲོ་གྲོན་ཆུ་ཚོད་བཏང་བའི་དགག་ཡིག་ལ་གདེང་འཇོག་རིན་ཐང་ཆེན་པོ་ཡོང་མི་སྲིད། སྤྱིར་འབྲི་རྩོམ་གང་ཞིག་ཏུ་གཞན་རིགས་ལ་དམའ་འབེབ་དང་མཚང་འབྱིན། ཅོ་འདྲི་བྱས་ན་རང་བཞིན་གྱིས་བྲིས་རྩོམ་དེ་དང་དེ་འབྲི་མཁན་གྱི་རིན་ཐང་བརླག་འགྲོ་བ་ཡིན།
དྲ་གྲོགས་ཚོ། ངས་བལྟས་ན། གནད་འགག་འདི་རེད། དེ་ཚང་མས་ཤེས་ཀྱི་ཡོད། བཤད་ཕོད་ཀྱི་མེད། དོན་དངོས་འདི་རེད།
ཐོག་མ་ཁྱི་ལ་སེང་གེའི་ཁྲལ་བསྐུལ་བ། ཨ་མདོ་ཁུལ་གྱི་ས་ཁྱོན་རྒྱ་ཆེ་བ་དང་། རིག་གནས་གཏིང་ཟབ་པ། ད་དུང་ས་གནས་སྒེར་གྱི་ལོ་རྒྱུས་མི་འདྲ་བ་རེད། ཧོར་འཇིགས་རང་རྩོམ་སྙན་ངག་འབྲི་ཐུབ་ཙམ་ལས། ལོ་རྒྱུས་ཀྱི་ཐོས་པ་རྒྱ་ཆེན་པོ་མིན་འདུག དེང་དུས་ཀྱི་རིགས་གཅིག་རྐང་འཛིན་སོགས་ཀྱི་ཤེས་ཡོན་གཅིག་ཀྱང་མེད་པ་ཞིག་ལ་ལས་འགན་རྙོག་ཟིང་ཚ་པོ་འདི་འདྲ་སྤྲད་པ་འདི་ནོར་བ་རེད། ཧོར་འཇིགས་ལ་ལན་པ་མེད། དང་པོ་ཧོར་འཇིགས་ལ་འདི་འབྲི་བའི་འཇོན་ཐང་ཡོད་མེད་བསམ་བློ་མ་འཁོར་བ་འདིས་འགྲིག་མིན་འདུག
བར་ལ། ཧོར་གཅིག་གི་ལོ་རྒྱུས་ཟིན་བྲིས་ཤོག་ལྷེ་གཅིག་གཉིས་གཟིགས། མཁས་པ་ལ་སྐད་ཆ་འདྲིས། དཔྱད་པ་ཏོག་ཙམ་གནང་ཐུབ་པ་ཡག་པོ་ཡོད་ཀྱང་། འདི་བྱུང་མེད་སྟབས། ལྷོད་རྒྱུག་ཤོར་འདུག
མཐའ་མ། དེབ་འདི་པར་མ་རྒྱག་སྔོན་ལ་ལོ་རྒྱུས་ཤེས་མཁན་རེ་གཉིས་ལ་མངགས་ནས་ནང་དོན་དང་རྩོམ་སྒྲིག་གི་སྤུས་ཚད་ལ་ཞུ་དག་ཕྲན་བུ་གཏོང་མ་ཐུབ་པ་འདི་ཡང་འགྲིག་མིན་འདུག
ད་ཨ་མདོའི་ལོ་རྒྱུས་བྲིས་འཚར་བ་རེད། ཡག་པོ་བྱུང་ནའང་འདྲ། སྡུག་པོ་བྱུང་ནའང་འདྲ། གང་ལྟར་ཨ་མདོའི་ཐོག་གཏང་དགོས་པའི་འགྲོ་སོང་འདི་བཏང་འཚར་བ་རེད། ཁྱེད་ཚོ་ཨ་མདོ་ལ་ལོ་རྒྱུས་ཀྱི་བསྐལ་བ་གནང་སོང་། ད་དེབ་འདི་དག་མཆོད་གཤོམ་ནང་བསྒྲིགས་ནས་མཆོད་པ་འབུལ་རོགས། རྒྱལ་བ་རིན་པོ་ཆེ་ལ་བཀའ་འདྲིན་བསམས་ནས་བཞུགས་རོགས།
ད་རྗེས་མ་དབུས་གཙང་ལོ་རྒྱུས་འབྲི་སྐབས། སྐུ་མཁྱེན། དང་པོ་རྩོམ་པ་པོ་ཚད་ལྡན་ཞིག་འཚོལ་རོགས། ཚགས་པར་དང་དྲ་རྒྱའི་ཐོག་གསལ་བསྒྲགས་རྒྱ་ཆེན་པོ་སྤེལ་ནས། ལོ་རྒྱུས་འབྲི་མཁན་དགོས་ཀྱི་འདུག གླ་ཕོགས་འདི་ཡིན། ཆུ་ཚད་འདི་དགོས་གསུངས་རོགས། ངའི་སེམས་ཁྲལ་ཆེ་ཤོས་འདི་ཡང་ཉིན་གཅིག་ག་ཡིན་འདི་ཡིན་མེད་པའི་དབུས་གཙང་གི་ལོ་རྒྱུས་དེབ་མཐུག་པོ་དྲུག་ཅན་ཞིག་འཐོན་ཡོང་ནས། འདི་སྐུ་སྒེར་ཡིག་ཚང་གི་བཀའ་རེད་ཟེར་བ་ཞིག་བྱུང་ན་ངོ་མ་སེམས་ཕམ་རྒྱུ་རེད།
རྗེས་མ་དབུས་གཙང་གི་དེབ་དེ་འབྲི་སྐབས། ངེས་པར་དུ་རྩོམ་སྒྲིག་ཚོགས་ཆུང་ཞིག་བསྒྲིགས་ནས། དེའི་ནང་ལོ་རྒྱུས་མཁས་དབང་དང་། བོད་པ་དང་ཕྱི་རྒྱལ་གཉིས་ཀ་ཡོད་མཁན་ཞིག་ཡོད་ན་ལེགས། ངེས་པར་དུ་དབུས་གཙང་གི་མི་གཅིག་པུ་དགོས་ཀྱི་མིན་འདུག ཤེས་ཡོན་ལྡན་ན། སུ་ཡོང་ནའང་ཡག་པོ་འདུག
སྤྱི་ཚོགས་འདིའི་ནང་ནོར་འཁྲུལ་ཆེ་ཤོས་འདི་ཡུལ་བཞེན་སྐམ་པོ་འདིས་འབྱུར་བུ་ཚང་མ་ཁྱེར་ཡོང་བཞིན་གདའ། ཡུལ་བཞེན་དུག་ཅན་འདིས། མིག་བསྒྲིབས་ནས། ལས་ཀ་མང་པོར་ནོར་འཁྲུལ་གཏོང་གི་འདུག བྱས་ཙང་དབུས་གཙང་ལོ་རྒྱུས་འབྲི་མཁན་འདི་མི་སུ་འདྲ་ཡིན་ནའི་འགྲིག གང་ལྟར་བོད་ཡིག་ནང་ལོ་རྒྱུས་སྤུས་དག་འབྲི་བའི་འཇོན་ཐང་འདི་དགོས་ཀྱི་འདུག
དྲ་གྲོགས་ཡེ་ཤེས་ལགས།
ཧོར་འཇིགས་ཀྱིས་མདོ་སྨད་ལོ་རྒྱུས་དཔར་བསྐྲུན་མ་བྱས་པའི་སྔོན་དུ་མཁས་པ་དང་ལོ་རྒྱུས་སྨྲ་བ་ཚོའི་སྤྱན་ལམ་དུ་བསྟར་ཐུབ་ཀྱི་མ་རེད་ལ། དེའི་འདོད་པ་ཡང་ཡོད་པ་མ་རེད། རྒྱུ་མཚན་ཧོར་འཇིགས་ལ་དགོས་པ་དེ་མདོ་སྨད་ལོ་རྒྱུས་བྲིས་འདུག་ཟེར་བ་ཞིག་དང་། གོ་སྐབས་འདི་བཟུང་ནས་ཞེན་ཁོག་གི་ཁུ་ཚུར་གནམ་ལ་ཐེངས་གཅིག་འཕྱར་རྒྱུ་དེ་རེད། གལ་ཏེ་ཧོར་འཇིགས་ཀྱིས་ལོ་རྒྱུས་དཔར་བསྐྲུན་མ་བྱས་གོང་ཞུས་དག་ཆེད་མཁས་པའི་ཚོགས་ལ་ཕུལ་ཡོད་ན། ད་ལྟའི་མདོ་སྨད་ལོ་རྒྱུས་ཟེར་བ་འདི་གསོན་གྲང་ང་ཁམས་ན་ཡོད་རྒྱུ་མ་རེད། དེ་སྔོན་མགོ་ལོག་དམ་ཆོས་ཟེར་བ་དེས་ཀྱང་མགོ་ལོགགི་ལོ་རྒྱུས་དེ་སྐུ་སྒེར་ཡིག་ཚང་དང་། དཔེ་མཛོད་ཀྱི་འབྲེལ་ཡོད་ལས་བྱེད། གཞན་མཁས་པ་དང་ལོ་རྒྱུས་སྨྲ་བ་གཅིག་ལ་མ་བསྟན་པར། རྐུན་མས་རྐུས་ཤ་བཙོང་བཙོང་བྱས་ཏེ་དཔར་བསྐྲུན་བྱས་པས། ད་ལྟ་མགོ་དམ་གྱི་མགོ་དེབ་ཟེར་བའི་གྲགས་པ་ངན་པ་དེ་བྱུང་བ་རེད།
གང་ལྟར་ང་ཚོས་ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ལ་དཔྱད་བརྗོད་ཡག་ཐག་ཆོད་ཅིག་སྤེལ་རྒྱུ་ལས་མཆོད་སྟེགས་སུ་བཞག་ནས་གུས་འདུད་བྱས་ན། བླུན་པོའི་ལས་ཀ་རེད། སྟོན་པ་སངས་རྒྱས་ཀྱིས། དགེ་སློང་དག་གམ་མཁས་རྣམས་ཀྱིས།།
སྲེག་བཅད་བརྡར་བའི་གསེར་བཞིན་དུ།། ལེགས་པར་བརྟག་ལ་ང་ཡི་བཀའ།། བླང་བར་བྱ་ཡི་གུས་ཕྱིར་མིན།། ཞེས་སྟོན་པའི་བཀའ་ཡིན་ན་ཡང་རིགས་པའི་སྒོ་ནས་དཔྱད་པ་བྱེད་རྒྱུ་ལས། མཆོད་འབུལ་གྱི་ཡུལ་དུ་གསུངས་མེད་ན། ཧོར་འཇིགས་ཀྱི་མདོ་སྨད་ལོ་རྒྱུས་ལྟ་སྨོས་ཀྱང་ཅི་དགོས་སོ།།
ཤེས་བྱའི་ཆོས་ཀུན་གསལ་བ་དྲ་རྒྱ་ཡི་སྟེང་ན།། ཇི་སྙེད་ཡོ་ལངས་བྱེད་པ་གར་དགུ་ཡི་ཉམས་འགྱུར།།
འདྲེན་བྱེད་ལྟད་མོར་ཐོབ་པའི་དགའ་སྟོན་ལ་བསམ་ན།། ག་ལེར་མལ་ས་རྙོགས་པའི་འཕང་པ་རེ་དྲན་ནོ།།
ཁྱེད་ཚོ་རྡ་རམ་ས་ལའི་མི་ཚོས་ད་དུང་རྔ་བ་དང་བླ་བྲང་གི་རྩོད་པ་ཙམ་གླེང་ནས་འདུག་རྒྱ་ཡིན་ནམ། མ་གཞི་ཧོར་འཇིགས་འདི་ཡང་ཁྱད་མཚར་ཞིག་འདུག་ལ། ཨ་མདོ་བ་ཚོ་དེ་ལས་ཁྱད་མཚར་ཞིག་འདུག རྒྱལ་བ་རིན་པོ་ཆེའི་གསུངས་བརྩི་མཁན་དང་པོ་དེ་ཁོ་རང་ཚོ་ཡིན་ཟེར། འོན་ཀྱང་རྒྱལ་བ་རིན་པོ་ཆེའི་གསུངས་བརྩི་རྒྱུ་ཕར་ཞོག རྒྱལ་བ་རིན་པོ་ཆེའི་ལམ་སྟོན་དང་འགྲོ་གྲོན་བཏང་བ་དེ་ཚོ་ཡང་ཁོང་ཚོའི་ས་ཁུལ་གྱི་འགལ་རྩོད་སློང་སྤྲད་ལ་བེད་སྤྲོད་བྱས་འདུག མ་གཞི་ཁོང་ཚོ་ལ་ནད་རྙིང་མང་པོ་ཡོད་ས་རེད། ངའི་ལས་གྲོགས་རྒྱལ་རོང་བ་དེས་བཤད་ན་རྔ་བ་དང་བླ་བྲང་ལ་རྩོད་པ་ཆེ་ཟེར།
།ཨ་རྒོད་བྱ་རྒོད་གཡག་རྒོད་ལ་སོགས་པ། །རྒོད་པོའི་ཁྱུ་ཚོགས་འདུར་བའི་སྡེར་ཞབས་ནས། །ཟ་ཁ་གནམ་གདང་བའི་སྦལ་ཆུང་ངས། །འགལ་འདུའི་གྲངས་ཀ་བསྒྲང་ལ་ལག་སོར་དུབ།
གོང་དུ་ཧོར་འཇིགས་ཀྱི་དེབ་དེའི་སྐོར་ལ་མཆན་འདེབ་མཁན་ཡེ་ཤེས་ཟེར་བ་དེ་ཁོ་བོ་ཀླུ་སྨྱོན་མིན། མཆན་འདེབ་མཁན་ཡེ་ཤེས་ཟེར་བའི་མི་གཞན་ཞིག་འདུག་པ་དྲ་གྲོགས་ཚང་མས་དགོངས་འཇགས་འཚལ།
ཁ་སེམས་འགལ་བའི་ཁ་ཏ་དེ་ཡང་ཁ་ལ་ཉན་སུ་ཡང་མེད། །ཁ་ལག་བཟང་ན་ཁ་ཙམ་མིན་པར་ཁ་ལ་རྒྱུག་མཁན་དེ་ལས་མང་། །ཁ་རྩོད་བྱེད་ཚེ་ཁ་དོན་འགལ་ན་ཁ་རོག་སྡོད་ལ་ཁུང་འགྱོད་གཤོགས། །ཁ་གཏིང་དཀར་བའི་ཁ་བརྡ་འདི་ལ་ཁ་གཏད་མི་དགོས་ག་ལེར་སོམས།
ཀླུ་སྨྱོན་གྱིས་གསུངས་པ་དེ་བདེན་འདུག མཆན་འགོད་མཁན་ ཡེ་ཤེས་ཟེར་མཁན་དེ་ ནིའུ་ཡོག་ནས་ཡོང་འདུག མིང་ཡང་ རྐང་བཙུགས་ནས་ “ཡེ་ཤེས་”ཞེས་བྲིས་པ་དེ་ནི་ ཧ་ལམ་དཀྲུགས་ཤིང་གི་ཆེད་དུ་ཡིན་པ་འདྲ། ད་ནི་ བརྗོད་བྱའི་ཐད་བསམ་ཚུལ་གསར་པ་ཡོང་རྒྱུ་མི་འདུག་པའི་ཁར། ཧ་ལམ་ “ཤ་འཁོན་”རྩོད་པ་ལྟ་བུའི་སྙིང་ཚིམ་གྱི་སྐད་ཆ་ཇེ་མང་ལ་འགྲོ་བའི་རྒྱུ་ལས་མི་འདུག་སྟབས། འདིར་ཡང་མཆན་འདེབས་པའི་རིམ་པ་སྒོ་བརྒྱབ་པ་ཡིན།