ངས་པོ་རྒྱལ་མཚན།
༸གོང་ས་མཆོག་གིས། བསྟོད་པ་གཞན་ལ་གཏོང་དུ་བཅུག རང་སྐྱོན་རང་གིས་བརྗོད་དགོས་ཞེས་པའི་བཀའ་སློབ་ཀྱི་དགོངས་དོན་ནི། རང་གིས་ལས་དོན་སྒྲུབ་བཞིན་པའི་སྐབས་ཀྱི་གནས་ཚུལ་ལེགས་པོ་རྐྱང་རྐྱང་བརྗོད་རྒྱུ་མ་ཡིན་པར། ལས་དོན་མ་གྲུབ་པ་དང་ལས་ཀར་འཐུས་ཤོར་ཕྱིན་པའི་གནས་ཚུལ་སྡུག་པོ་དེ་ཚོ་ཡང་བརྗོད་དགོས་ཞེས་གསུངས་པ་ལས་ནང་ཁུལ་དཀྲུག་ཤིང་བརྒྱབ་སྟེ། བོད་གཞུང་དང་མི་རིགས་ཀྱི་དོན་དུ་ཁ་ཡོད་ལག་ཡོད་ཀྱི་ལས་དོན་སྒྲུབ་མཁན་རླབས་ཆེན་གྱི་མི་སྣའི་མཛད་རྗེས་དག་ལ། བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཙམ་མེད་པར་དངོས་བྱུང་ལོ་རྒྱུས་ལ་རང་ཉིད་ཆགས་སྡང་རགས་པའི་གཞན་དབང་དུ་སོང་སྟེ་ཕྱོགས་རིས་ཀྱི་འཁྱོག་བཤད་དང་རྫུན་བསྒྲིགས་གིས་གནས་ཚུལ་ཅི་ཡང་མེད་ན་ཡང་ཡོད་པའི་ཚུལ་བཟོས་ཏེ་ནག་པོ་བཟོ་ཐབས་བྱོས་ཞེས་པའི་དོན་མིན། ཧོར་གཙང་ལེགས་བཤད་ཟེར་བའི་མི་ཁྲམ་པ་དེས་༸གོང་ས་མཆོག་གི་བཀའ་གདོང་འབག་ཏུ་གྱོན་ནས་ཁོ་པས་བྲིས་པའི་མ་བོས་མགྲོན་པོ་ཞེས་པའི་དེབ་དེའི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་འགན་འཛིན་མང་པོ་ཞིག་གི་མིང་སྨོས་ནས་ཁོང་ཚོས་མ་འགྲིག་ཚུལ་མང་དག་ཅིག་བྲིས་འདུག སྤྱིར་བཏང་རང་དབང་གི་སྤྱི་ཚོགས་ནང་ལ་ང་ཚོ་དུད་འགྲོ་ལས་ཁྱད་དུ་འཕགས་པའི་རྣམ་དཔྱོད་ཅན་གྱི་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བསམ་ཚུལ་དང་ལྟ་ཚུལ་མི་མཐུན་པ་སྣ་ཚོགས་ཤིག་ཡོང་ཆོག་ཀྱང་། དངོས་བདེན་ནི་དངོས་བདེན་རང་ཡིན་པས་དེར་རྩོམ་པ་པོའི་བསམ་བློའི་འཁྱེར་བཟོ་དང་བསྟུན་ནས་རྫུན་བཟོ་བྱས་ན་མི་འགྲིགས་ཤིང་། ང་ཚོས་མི་སྣ་ཞིག་གི་བྱས་རྗེས་ལ་ཚད་འཇལ་དུས་མཐའ་གཉིས་སུ་མ་ལྷུང་བར་དངོས་ཐོག་བདེན་འཚོལ་དང་། དྲང་བདེན་ལ་གཞིར་བཅོལ་ནས་བསམ་ཚུལ་འདོན་པ་ལས། རང་ཉིད་དང་བསམ་ཚུལ་མི་མཐུན་པ་དང་ལྟ་བ་མི་མཐུན་པ་ཙམ་རྒྱུ་མཚན་གྱིས། གུ་དོག་གི་བསམ་བློས་གཞན་གྱི་རླབས་ཆེན་བྱ་གཞག་ལ་ལོག་འགྲེལ་བརྒྱབ་ཏེ་ཁུངས་ལུང་གཏན་ནས་མེད་པར་གང་སར་ཁྱི་སྤྱང་ངུ་ངུ་བྱས་ཏེ་གཞན་གྱི་བྱ་གཞག་རྣམས་ནག་བསུབ་གཏོང་རྐྱང་བྱེད་པ་ནི་བོད་མི་རིགས་དང་རྒྱལ་ཁབ་ལ་དུངས་བའི་ངུ་ངག་རྣལ་མ་ཞིག་གཏན་ནས་མིན། དེབ་དེའི་ནང་གི་བརྗོད་བྱ་ཡོངས་རྫོགས་ལ་གུས་པས་བདེན་རྫུན་གྱིས་དབྱེ་བ་ཕྱེ་མི་ཐུབ། ཡིན་ནའང་གསོག་སྒར་སློབ་གྲྭའི་སྐོར་གྱི་གནས་ཚུལ་དེའི་བདེན་རྫུན་དབྱེ་བ་གསལ་པོར་ཆོད་ནས། ཧོར་གཙང་ལེགས་བཤད་ཀྱི་ཕྱོགས་རིས་ཅན་གྱི་མུན་ནག་ལོག་འགྲེལ་ཞིང་ལ་ལས་འབྲས་དཔང་པོར་བཞག་སྟེ་དྲང་གཏམ་གྱི་བདེན་པའི་སྒྲོན་མེ་ཞིག་སྤར་རྒྱུའི་འདུན་པ་སྐྱེས།
ཕྱོགས་རིས་ཅན་གྱི་ཁྲམ་བཤད་དང་པོ། ༼སློབ་ཕྲུག་ཞིག་གིས་སྤྱི་བའི་སྒྲིག་འཛུགས་དང་ཤེས་ཡོན་སློབ་གསོ་སོགས་ཀྱི་སྐོར་ལ་བསམ་འཆར་བཤད་པ་དང། ཁྱད་པར་དུ་འགན་འཛིན་དང་འཛིན་སྐྱོང་ལས་བྱེད་རིགས་ལ་བསམ་འཆར་བཤད་ཚེ། དེ་མ་ཐག་ཏུ་འགན་འཛིན་དང་དགེ་ལས་ཡོངས་ཀྱིས། ཁྱོད་རྒྱ་མིའི་གསང་ཉུལ་པ་རེད། ཅེས་བསམ་འཆར་བཤད་པར་རྒྱུ་མཚན་ཅི་ཡོད་ལ་མ་ལྟོས་པར་འབུར་འཇོམ་བྱེད་ཅིང་། སྡུག་ས་ནས་མི་དྲང་བོ་ཞིག་གིས་ཤ་ཚའི་དགོངས་འཆར་བཏོན་པར། འགན་འཛིན་བྱམས་པའི་ཐུགས་ལ་མ་སོང་ན་སློབ་གྲྭ་ནས་ཐད་ཀར་ཕྱིར་འབུད་གཏོང་བ་དང་།༽ཞེས་གནས་ཚུལ་དངོས་ཡོད་ཡིན་མདོག་གིས་དེ་ལྟར་བྲིས་འདུག ངོ་མ་གནས་ཚུལ་དེ་འདྲ་བྱུང་ཡོད་པ་བདེན་ན། ཁྱེད་ཀྱི་སློབ་ཕྲུག་དེའི་མིང་དང་ཐད་ཀར་ཕྱིར་འབུད་བཏང་ལོའི་ཟླ་ཚེས་དང་བཅས་པ་བྲིས་ན་ཆོག་པ་ལས་དེ་འདྲ་གང་ཡང་འབྲི་མི་ཕོད་པ་ནི། ཚིག་དུམ་དེ་ནི་བདེན་དཔང་གཏན་ནས་མེད་པར་རང་ཉིད་གཞན་ལ་ཤོད་མི་ཕོད་པའི་རང་གི་ལྟ་གྲུབ་རོ་མྱགས་དེ་ཤུགས་མ་ཐུབ་ཀྱིས་ཕྱིར་མངོན་ཏེ་མངོན་སུམ་འཛེམས་མེད་ཀྱིས་སྐུ་ངོ་མཆོག་གི་མཚན་བྱང་ཟླ་བ་དཀར་པོ་དེ་ཕྲག་དོག་གི་དུག་རླངས་ནག་པོས་སྒྲིབ་ཐབས་བྱ་བར་བརྩོན་བཞིན་པ་ནི་ཟུར་བལྟས་ལེབ་མཐོང་རང་རེད་མི་འདུག་གམ། དེར་བརྟེན་གུས་པས་གསོག་སྒར་སློབ་གྲྭར་ད་ལྟ་བཞུགས་བཞིན་ཡོད་པའི་དགེ་རྒན་ཁ་ཤས་དང་ད་ལྟ་སློབ་གྲྭའི་ཕྱི་ལོགས་ལ་དགེ་རྒན་དང་དེ་མིན་ཕྱག་ལས་གཞན་གནང་བཞིན་པའི་དགེ་རྒན་རྙིང་གྲས་འགའ་ཞིག་དང་། གསོག་སློབ་རྙིང་པ་འགའ་ཤས་ལ་སྐུ་ངོ་ལགས་ཀྱིས་ཐུགས་ལ་མ་ཕྱིན་པར་སློབ་གྲྭ་ནས་ཐད་ཀར་ཕྱིར་འབུད་བཏང་བ་དེ་འདྲ་བྱུང་ཡོད་དམ་ཞེས་སྐད་ཆ་དྲིས་དུས། ཁོང་ཚོ་ཚང་མས་མགྲིན་དབྱངས་གཅིག་འགྱུར་གྱིས་དེ་འདྲ་རྩ་བ་ནས་བྱུང་མྱོང་ཡོད་མ་རེད། སློབ་གྲྭའི་སྒྲིག་གཞི་དང་འགལ་ནས་སློབ་མ་འགའ་ཞིག་རྩ་དགོངས་བཏང་བ་དེ་འདྲ་མ་གཏོགས་སྐུ་ངོ་ལགས་ཀྱིས་དེ་འདྲ་རྩ་བ་ནས་གནང་མྱོང་མེད་ཟེར། ཁྱེད་ལ་དེ་འདྲ་སུས་ཟེར་གྱི་འདུག་ཅེས་དྲིས་བྱུང་བས་གུས་པས་དེ་མ་བོས་མགྲོན་པོ་ཞེས་པའི་དེབ་དེའི་ནང་ལ་བྲིས་འདུག་ཅེས་གནས་ཚུལ་དེ་རྣམས་བཤད་པས་ཁོང་ཚོས་སློབ་ཕྲུག་སུ་གཅིག་ལ་ཡང་གོང་གི་དཀའ་ངལ་དེ་འདྲ་ཕྲད་མྱོང་ཡོད་མ་རེད། དེ་ཚོ་ཚང་མ་རྫུན་མ་རྫུན་རྐྱང་རེད་ཅེས་ཚང་མས་དེ་ལྟར་ཟེར་གྱི་འདུག སྐུ་ཉིད་བགྲེས་ཡོལ་ལ་བཞུགས་ཡོད་ཀྱང་སྐུ་ངོ་ཉི་བཟང་ལགས་ཀྱིས་དེ་སྔ་ཁོང་ཚོ་དམག་སྒར་ནང་ལོ་མང་གཤིབ་བསྡུར་བྱས་པའི་ཉམས་མྱོང་ལ་གཞི་བཅོལ་ཏེ་དམག་ཞབས་ལས་འཁུར་ངལ་གསོ་ཞུས་ཏེ་སྡོད་མཁན་སྟོང་ཕྲག་མང་པོའི་ནང་ནས་མི་གཤིས་བཟང་ཞིང་ལྷག་བསམ་ཆེ་བ། དྲང་ཚུགས་ལྡན་པའི་སྐུ་ངོ་བྱམས་པ་ལགས་བདམས་ཏེ་ཡིད་ཆེས་བློས་འཁེལ་དང་རེ་བ་ཆེན་པོ་བཅོལ་ནས་གསོག་སློབ་ཀྱི་འགན་འཛིན་དུ་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟར་གསོག་སྒར་སློབ་གྲྭའི་དབུ་འཛིན་གྱི་ཐུགས་འགན་བཞེས། དེ་ནི་སྐུ་ངོ་ཉི་བཟང་གིས་ཆོལ་ཞེན་བྱས་པ་རེད་ཅེས་སུ་ཞིག་ཀྱང་བརྗོད་མི་ཐུབ། སྐུ་ངོ་ཉི་བཟང་ནི་བཀྲུས་ནས་མ་དག་པའི་ཁམས་པ་ཞིག་ཡིན་པ་དང་། སྐུ་ངོ་བྱམས་པ་ལགས་ནི་བཀྲུས་ནས་མ་དག་པའི་དབུས་གཙང་བ་ཞིག་ཡིན། དེའི་ཐོག་ནས་སྐུ་ངོ་ཉི་བཟང་གིས་སྤྱི་པའི་ལས་ཀར་འགན་འཁུར་ནས་མི་སྣ་བདམས་པ་ཞིག་ལས་ཉེ་དགའ་ཕྱོགས་ཞེན་བྱས་པ་ཞིག་ལོང་བ་ཚུན་གྱིས་ཀྱང་མཐོང་གི་མེད། རང་ཉིད་སློབ་གྲྭར་ལོ་ངོ་གསུམ་ལྷག་སྡོད་རིང་སྐུ་ངོ་ལགས་ཀྱིས་ཕྱིར་འབུད་བཏང་བ་དེ་འདྲ་རྩ་བ་ནས་བྱུང་མ་སོང་། ཡིིན་ནའང་སློབ་གྲྭ་ཐོག་མ་འཛུགས་སྐབས་ཀྱི་རྩ་བའི་སྒྲིག་གཞི་དོན་ཚན་ ༣༤ གང་རུང་གི་གལ་གནད་དང་འགལ་ནས་སློབ་མ་འགའ་ཞིག་དགེ་རྒན་ཆེ་མོས་རྩ་དགོངས་བཏང་བ་བྱུང་སོང་། དེ་ནི་དམངས་གཙོ་དར་ཁྱབ་ཆེ་ཤོས་ཀྱི་སྟོབས་ཆེན་ཨ་རིར་ཡིན་ནའང་ལས་བྱེད་པ་ཞིག་གིས་ཚོགས་པའི་སྒྲིག་གཞི་དང་འགལ་ན་དེ་ནས་ཕྱིར་འབུད་གཏོང་གི་ཡོད། དེ་ནི་འཛམ་གླིང་ཀུན་གྱི་འགྲོ་སྟངས་ཤིག་ཡིན་པ་ལས་སྐུ་ངོ་བྱམས་པ་ལགས་ཀྱིས་རང་འདོད་ཀྱིས་ལག་བསྟར་བྱས་པ་ཞིག་མིན། སྒྲིག་གཞི་དེ་ཡང་འབྲེལ་ཡོད་ཀྱི་ལས་བྱེད་ཁག་གིས་སློབ་གྲྭ་ཚགས་ཚུད་བརྟན་ལྷིང་ཡོང་ཆེད་བཟོས་པ་ལས་སྐུ་ངོ་སྐུ་སྒེར་གྱི་འདོད་མོས་ལྟར་བཟོས་པ་ཤིག་གཏན་ནས་མ་རེད་ལ་དེ་ལྟར་བཟོ་བའི་དབང་ཆ་ཡང་སྐུ་ངོ་མི་གཅིག་ལ་མེད་པ་དོན་དངོས་ཡིིན། གུས་པས་དམག་ལོག་རྒན་པོ་ཟླ་བ་ལགས་སོགས་དམག་ལོག་མི་ཉུང་བ་ཞིག་ལ་སྐུ་ངོ་ལགས་ཀྱིས་སྐོར་སྐད་ཆ་དྲིས་པར་ཚང་མས་ཁ་གཅིག་གྲགས་ཐོག ཁོང་ནི་དྲང་བདེན་ཡ་རབས་ཀྱི་ཕྱུག་པའི་མི་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག
ཀློག་པ་པོ་ལགས་ད་ལྟ་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་རང་གི་འཆར་སྣང་གང་ཡོད་དང་གཞན་ནས་ཐོས་ཚད་ཡིག་ཐོག་ཏུ་བྲིས་ཏེ། འགྲེམ་སྤེལ་བྱས་ན་འབྲི་པ་པོ་རང་ཉིད་རྒྱ་མིར་གསར་འགྱུར་མཁོ་སྒྲུབ་བྱེད་མཁན་གྱི་མྱུལ་མ་མིན་ནའང་རང་ཉིད་ཀྱིས་བྲིས་པའི་རྩོམ་ཉོག་དག་རྒྱ་ནག་ལ་དགོས་མཁོ་ཅན་དུ་འགྱུར་ན་མྱུལ་མ་ལས་ཉེན་ཁ་ཆེ་བར་མི་འགྱུར་རམ། གུས་པའི་དངོས་ཐོག་བདེན་པའི་དྲང་གཏམ་གྱི་ཐོ་བ་འདིས་ཧོར་གཙང་ལེགས་བཤད་ཀྱི་གཡོ་སྒྱུ་ཕྱོགས་རིས་དང་། རྫུན་གཏམ་གྱི་བྲག་རི་ནག་པོ་དེ་ཐལ་བར་བརླག་རྒྱུ་ཡིན།
ཕྱོགས་རིས་ཅན་གྱི་ཁྲམ་བཤད་གཉིས་པ། ༼ཁོང་གིས་ལག་པ་མདུན་རྒྱབ་གང་ལ་བསྲིངས་ཀྱང་ཐོགས་ས་མེད་པར་གྱུར། དེར་བརྟེན་ཡོངས་གྲགས་ཀྱི་གླ་ཕོག་དང་ནང་ཚགས་ཀྱི་གསོག་དངུལ་གཉིས་ལོ་མང་བསགས་ཏེ། ད་ལྟ་ཁོང་ལ་ལྡི་ལིར་ཁང་བ་རྫིག་པོ་ཡོད་ཅིང་། ཉིན་ཞིག་ལས་གནས་ལས་ཐོན་ཀྱང། སྐེ་རྩ་སྦོམ་ཞིང་གྲོད་ཁོག་ཆེན་པོར་གྱུར་ཡོད་པའི་གཟུགས་གཞི་དེ། རང་གི་ཁང་བའི་ནང་སྐྱེལ་རྒྱུ་ལས་དཀའ་ངལ་གཞན་གང་ཡང་མེད་པ་རེད།༽ ཅེས་རྐུན་མ་ཧམ་ཆེན་གྱིས་མི་བཟས་ཞེས་པའི་དཔེ་ལྟར། གནས་ལུགས་རྒྱུ་མཚན་གང་ཡང་མེད་པར་ཆགས་སྡང་ཕྱོགས་འཛིན་གྱིས་སྐུ་ངོ་མཆོག་གི་བྱད་བཞིན་ལ་དམའ་འབེབས་ཀྱི་ད་དུང་སྐུ་ངོ་ལགས་ཀྱིས་ལྡི་ལིར་ཁང་པ་རྫིག་པོ་ཞིག་བརྒྱབ་ཡོད་རེད། ཅེས་པའི་རྫུན་གཏམ་རི་རྒྱལ་ལྷུན་པོ་ལྟ་བུའི་རྒྱབ་ལོག་ན་རྡོག་རྡོག་ཆོལ་ཞེན་ཕྱོགས་རིས་ཀྱི་བསམ་ཚུལ་ངན་པས་ཀུན་ནས་བསླངས་ཏེ་སྡིག་པ་མིག་བཙུམས་གྱིས་སྐུ་ངོ་ལགས་ཀྱི་དྭངས་གཙང་ལྷད་མེད་ཀྱི་མཛད་རྗེ་ནག་པོ་བཟོ་ཐབས་སུ་ཐབས་ངན་སྣ་ཚོགས་ཤིག་བེད་སྤྱོད་བྱས་འདུག་ཀྱང་། མེ་ཏོག་པད་མ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་ཡིས་མི་བགོས་པ་ལྟར་སྐུ་ངོ་ལགས་ཁོ་བའི་འདོད་པ་ལྟར་ནག་པོ་གཏན་ནས་ཆགས་མི་ཐུབ་པར་སྔར་བཞིན་གཟི་ཉམས་དོད་པོའི་ངང་ནས་གནས་ཐུབ་པ་ནི་ལས་འབྲས་ཀྱི་བདེན་པའི་ཆོས་ཉིད་དོ། སྤྱི་ལོ་ ༢༠༠༠ ལོར་སློབ་གྲྭའི་ཁ་ལོ་བ་འཕྲིན་ལས་དང་། རྒྱ་གར་བ་རམ་གོ་བེ་གཉིས་ཀྱིས་པ་ཏྲན་གོ་ཀྲིར་ཅ་ལག་ལེན་དུ་བསྐྱོད་སྐབས་སུ་རླངས་འཁོར་གྱི་འཁོར་ལོ་བརྡོལ་ནས་འཁོར་ལོ་རྙིང་པ་ཞིག་བརྗེ་བོ་བརྒྱབ་ཀྱང་། འཕྲིན་ལས་ཀྱིས་འཁོར་ལོ་གསར་པ་ཉོས་པ་ཡིན་ཞེས་འཛིན་ཤོག་རྫུན་མ་འཁྱེར་ནས། དངུལ་ལྐོག་ཟ་བྱ་རྩིས་བྱས་ཀྱང་རོགས་པ་རམ་གོ་བེས་དངོས་ཡོད་ཀྱི་གནས་ཚུལ་རྣམས་སྐུ་ངོ་ལགས་དང་དབུས་སྣེ་ལེན་སྐུ་ངོ་བཀྲིས་ནོར་བུ་ལགས་རྣམ་གཉིས་ལ་གསར་པོ་ཞུས་པས། སྐུ་ངོ་བྱམས་པ་ལགས་ཀྱིས་ཐབས་མཁས་པོའི་སྒོ་ནས་འཕྲིན་ལས་ལ་ནོར་འཁྲུལ་ལྡོག་ཤེས་ཀྱི་གོ་བཀོན་བསླབ་བྱ་ཇི་ལྟར་གནང་ཡང་ཁོ་བས་སོ་སོའི་ནོར་འཁྲུལ་ལ་ངོས་ལེན་གཏན་ནས་བྱ་སེམས་མེད་པའི་རྣམ་འགྱུར་ཐོག་ནས། ད་དུང་མུ་མཐུད་ཨུ་ཚུགས་ཐ་སྐྱེལ་བྱས་པས། སྐུ་ངོ་ལགས་ཀྱིས་བྱ་ཐབས་ཟད་དེ། རྗེས་སུ་ཁ་ལོ་བ་རམ་གོ་བེ་ལས་ཁུངས་འབོད་ནས་ཁོ་བ་དང་གདོང་གཞི་ར་སྤྲོད་བྱས་སྟབས་ཁོ་བས་ངོས་ལེན་མ་བྱེད་ཐབས་མེད་དུ་གྱུར་སྟབས། ལོ་དེར་ཁོ་བ་སློབ་གྲྭའི་ཁ་ལོ་བའི་ལས་གནས་ནས་ཕྱིར་འབུད་བཏང་བ་རེད། དངོས་གནས་བདེན་ཐོག་གི་གནས་ཚུལ་དེ་འདྲ་ཡིན་ཀྱང་། ཕྱོགས་རིས་ཅན་ཧོར་ལེགས་ཁོ་པས་༼ཉིན་ཞིག་གསོག་སྒར་སློབ་གྲྭའི་མོ་ཌ་ཁ་ལོ་པས། ལྡི་ལི་ནས་མོ་ཌའི་འཁོར་ལོ་ཞིག་བོར་རླག་བཏང་ཏེ་ཕྱིར་སློབ་གྲར་འབྱོར་བར། སྐུ་ངོས། ཁྱེད་ཀྱིས་འཁོར་ལོ་ལྐོག་བཙོང་བྱས་པ་ཡིན་པས། ལས་གནས་ནས་ཐོན་དགོས་པའི་ཉེན་བརྡ་བཏང་བར། ཁ་ལོ་པས་ཕྱིར་ལན་དུ། འོ་ན། ཁྱེད་ཀྱིས་ལྡི་ལིར་ཁང་བ་རྫིག་པོ་དེ་ཇི་ལྟར་རྒྱབ་པ་ཡིན། སློབ་གྲའི་ངོ་ནས་ཁྱེད་ལ་ཟླ་རེའི་གླ་ཕོག་ཅི་ཙམ་ཡོད། དེ་བཞིན་ཁྱེད་ཀྱི་སྐྱེ་དམན་ལ་ལས་ཀ་ཡོད་དམ། ཁྱོད་ཚོའི་ནང་མིའི་ཟླ་རེའི་དངུལ་གྱི་བྱུང་སོང་གང་འདྲ་ཡིན། དེ་མིན་ཁྱེད་ཀྱིས་ཁང་བ་རྒྱག་རྒྱུའི་མ་དངུལ་འདི་གང་ནས་བླངས། གལ་སྲིད་ཡིད་མི་ཆེས་ན་བོད་གཞུང་རྩིས་ཞིབ་ལས་ཁུངས་ཀྱི་མི་སྣ་ཐོངས་དང་། ང་ཚོས་ལྡི་ལིར་ཡོད་པའི་ཁྱེད་ཀྱི་ཁང་བ་དེར་མ་གནས་ཅི་ཙམ་ཐོབ་མིན་ཞིབ་འཇུག་བྱས་ཆོག་ཅེས་བཤད།༽ ཅེས་བྲིས་པ་ལས་སྐབས་དེར་ཁོང་གཉིས་སྐད་ཆ་བཤད་དུས་ཉེ་འཁོར་ལ་མི་སུ་དང་སུ་ཡོད་ཙམ་བྲིས་མི་ནུས་པ་ནི་ཚིག་དུམ་དེའི་མི་མང་མགོ་སྐོ་གཏོང་ཐབས་སུ་མངོན། དོན་དངོས་གསོག་སྒར་སློབ་གྲྭའི་རླང་འཁོར་གྱི་འཁོར་ལོ་ལྡི་ལི་ནས་བོར་བརླག་ཏུ་སོང་བའི་གནས་ཚུལ་རྩ་བ་ནས་བྱུང་མྱོང་མེད་། དམིགས་ཡུལ་ཅན་གྱི་རྫུན་གཏམ་འདི་འདྲ་བར་ཕྱོགས་རིས་དང་དུག་གིས་མྱོས་པའི་མི་སྣ་དག་གིས་ཡིད་ཆེས་བྱེད་པ་ལས། གཟུར་གནས་རྣམ་དཔྱོད་ཅན་གྱི་མི་བོ་སུ་འདྲ་ཞིག་ཀྱང་དེར་ཡིད་ཆེས་བྱེད་མི་སྲིད། དོན་དངོས་དྲང་བདེན་གྱི་གནས་ཚུལ་ལ་ཁས་ལེན་བྱ་རྒྱུའི་སྤོབས་པ་བྲལ་ཞིང་ཕྱོགས་རིས་ཆགས་སྡང་ལ་བྱང་ཆུབ་པའི་ཧོར་གཙང་ལེགས་བཤད་ཁོ་བའི་འཁྱོགས་བརྗོད་འདིའི་རྒྱབ་ན་དམིགས་ཡུལ་གཞན་པ་ཞིག་ཡོད་པ་གོར་མ་ཆགས་སོ། བྱེད་སྟངས་དེ་འདྲ་ནི་སྤྱིར་བཏང་མི་ཆོས་རིང་ལུགས་ཀྱི་སྟེང་ནས་བཤད་ན་ཡ་རབས་བཟང་སྤྱོད་ཀྱི་བག་ཆགས་དྲི་མ་ཙམ་མེད་པར་མི་ཚེ་ཕྱོགས་རིས་དང་ང་རྒྱལ་ལ་གོམས་པའི་ཆེས་མ་རབས་ཐ་ཤལ་གྱི་རང་རྟགས་ངོ་མ་ཕྱིར་མངོན་པ་ཞིག་རང་རེད་འདུག་སྙམ། སྐུ་ངོ་ལགས་ཀྱིས་དེ་སྔོན་གསོག་སློབ་ཀྱི་འགན་འཛིན་ནས་དགོངས་ཞུ་ཐེངས་འགའ་ཤས་བཞུས་འདུག་ཀྱང་སློབ་ཕྲུག་ཚོས་དབུས་སྣེ་ལེན་ཁང་དང་ཤེས་རིག་ལས་ཁུངས་སུ་བཅར་ནས་སྐུ་ངོ་ལགས་སུ་དགོངས་འཁྲོལ་མ་གནང་རོགས་ཞེས་འབོད་སྐུལ་ནན་པོ་བཞུས་འདུག་ལ་དབུས་སྣེ་ལེན་ཁང་དང་ཤེས་རིག་ལས་ཁུངས་གཉིས་ནས་ཀྱང་སྐུ་ངོ་ལགས་སུ་དགོངས་འཁྲོལ་གནང་མི་འདུག གུས་པ་སློབ་གྲྭར་སྡོད་རིང་ཡང་སྐུ་ངོ་ལགས་བགྲེས་ཡོལ་ཕེབས་རྒྱུའི་གནས་ཚུལ་བྱུང་བའི་སྐབས་སུ། དེ་མ་ཐག་ཏུ་སྤྱི་ཁྱབ་རྒན་བདག་རྣམ་གཉིས་ཀྱིས་གཙོས་པའི་རྒན་བདག་རྣམ་པས་གྲོས་མོལ་བྱས་ཏེ་ད་ལྟ་སྐུ་ངོ་ལགས་བགྲེས་ཡོལ་ལ་ཕེབས་ཚེ་སྐུ་ངོ་ལགས་ནང་བཞིན་དྲང་བདེན་དང་བྱམས་བརྩེའི་སྒོ་ནས་ང་ཚོ་སློབ་མ་ཚོའི་ཟས་གོས་སྤྱོད་གསུམ་གང་སྤྱིའི་ཐད་ལའང་འགན་འཁུར་གང་ལེགས་གནང་མཁན་ཞིག་རྩ་བ་ནས་ཡོང་གི་མ་རེད། དེ་ལྟར་མ་བྱུང་ན་སློབ་སྦྱོང་ལའང་འཐུས་ཤོར་འགྲོ་གི་རེད། དེར་བརྟེན། དང་པོ་ཤེས་རིག་ལས་ཁུངས་སུ་བཅར་རྒྱུ་དང་གཉིས་པ་སྐུ་ངོ་ལགས་ཀྱི་སྐུ་མདུན་དུ་བཅར་རྒྱུའི་གྲོས་ཐག་བཅད། སྤྱི་ཁྱབ་རྒན་བདག་གཉིས་དང་དྭངས་བླངས་ཀྱི་དགེ་རྒན་ཞིག་བཅས་མི་སྣ་གསུམ་ཤེས་རིག་ལས་ཁུངས་སུ་བཅར་ནས་སྐུ་ངོ་ལགས་ལ་དགོངས་འཁྲོལ་རྩ་བ་ནས་མ་གནང་རོགས། སྐུ་ངོ་ལགས་ང་ཚོར་ཕན་ཐོགས་ཆེན་པོ་ཡིན་ཞེས་འབོད་སྐུལ་ཞུ་སྐབས། ཤེས་རིག་དྲུང་འཕར་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་”བྱམས་པ་ལགས་རང་གཞུང་ལ་ལྷག་བསམ་རྣམ་དག་གི་སྒོ་ནས་སྤྱི་དོན་ལ་འཐུས་ཤོར་མི་བཏང་བར་ལས་དོན་ཧུར་ཐག་སྒྲུབ་མཁན་ཞིག་ཡིན་པ་ང་ཚོས་ཀྱང་ཧ་གོ་གི་ཡོད། ད་རེས་ཁྱེད་ཚོའི་རེ་འདུན་མི་སྣ་ཁ་ཤས་ཀྱི་རེ་འདུན་མ་ཡིན་པར་སློབ་མ་ཚང་མའི་རེ་འདུན་ཡིན་སྟབས་ང་ཚོས་བྱམས་པ་ལགས་སུ། ཁྱེད་ཀྱི་ཚབ་ཅིག་མ་རགས་བར་དུ་བཞུགས་རོགས་གནང་ཞེས་བཞུ་གི་ཡིན་ཁྱེད་ཚོས་ཀྱང་བྱམས་པ་ལགས་ཀྱི་སྐུ་མདུན་དུ་བཅར་ནས་འབོད་སྐུལ་ཞུ་དགོས་”ཞེས་གསུངས་འདུག དེ་ནས་རྒན་བདག་རྣམས་སྐུ་ངོ་ལགས་ཀྱི་སྐུ་མདུན་དུ་བཅར་ནས་ཐུགས་རྗེས་གཟིགས་སྐུ་ངོ་ལགས་བགྲེས་ཡོལ་མ་ཕེབས་རོགས་གནང་། ཁ་སེང་ང་ཚོ་རྒན་བདག་རྣམས་གྲོས་བསྡུར་བྱས་ནས་སྤྱི་ཁྱབ་རྒན་བདག་རྣམ་གཉིས་དང་དྭངས་བླངས་དགེ་རྒན་བྱམས་པ་བཅས་ཤེས་རིག་ལས་ཁུངས་སུ་བཅར་ནས། སྐུ་ངོ་ལགས་སུ་དགོངས་འཁྲོལ་མི་གནང་རོགས་ཞེས་འབོད་སྐུལ་ཞུས་པས་ཤེས་རིག་ནས་ཁྱེད་ཚོར་བྱམས་པ་ལགས་དགོས་མཁོ་འདི་འདྲ་ཡོད་ན་ང་ཚོས་ཁོང་ལ་ལོ་ཤས་ཤིག་བཞུགས་རོགས་གནང་ཞེས་ཞུ་ཡི་ཡིན་གསུངས་བྱུང་ཞེས་ཞུ་དུས། སྐུ་ངོ་ལགས་ཀྱི་”གཞིས་ཆགས་ལ་ངའི་ཁང་པར་ལྟ་མཁན་མེད་ཙང་ཐིག་པ་བརྒྱབ་ནས་སེར་ཁ་གད་འདུག་དེ་བཟོ་བཅོས་ཤིག་མ་བརྒྱབ་ན་ད་ཆ་ཕྲུ་གུ་ཆེན་པོ་ཆགས་ནས་གུང་གསེང་སྐབས་ནང་ལ་ལོག་ཡོང་དུས་སྡོད་ས་ཡོད་མ་རེད། གནས་ཚུལ་དེ་འདྲ་ཡིན། ཡིན་ནའང་ཁྱེད་རང་ཚོས་ངས་ལས་ཀ་བྱས་པ་དེ་ཚོ་ཕན་ཐོགས་ཡོད་པ་ཞིག་མཐོང་སྟེ་རེ་བ་བྱེད་ཀྱི་ཡོད་ན་ངས་ཀྱང་ཁྱེད་ཚོའི་རེ་འདུན་ལྟར་ལོ་ཤས་བསྡད་ཆོག་”ཅེས་གསུང་དུས་ཐལ་མོའི་རྡེབ་སྒྲ་དང་བཅས་རྒན་བདག་ཁ་ཤས་ཀྱི་མིག་ཆུ་ཡང་ཤོར། གནས་ཚུལ་དེས་སྐུ་ངོ་ལགས་དང་སློབ་ཕྲུག་ཚོའི་བར་ལ་ཆུ་དང་ཉ་མོ་ལྟ་བུའི་འབྲེལ་བ་ཞིག་སྟོན་གྱི་མི་འདུག་གམ། ཧོར་ལེགས་ཁྲམ་པ་ཁྱོད་ཀྱིས་བཤད་པ་ལྟར་སྐུ་ངོ་ལགས་ལྐོག་ཟ་ཅན་དང་རང་ཉིད་ཀྱི་རྣ་བར་མི་འགྲོ་ན་སློབ་གྲྭ་ནས་ཕྱིར་འབུད་གཏོང་མཁན་དེ་འདྲ་ཡིན་ན། སློབ་ཕྲུག་ཚོས་སྐུ་ངོ་བགྲེས་ཡོལ་ལ་ཕེབས་རྒྱུར་དགའ་སྤྲོའི་ངང་ནས་དང་ལེན་ཞུ་དགོས་ཀྱང་། དེ་ལས་ལྡོག་སྟེ་སློབ་ཕྲུག་ཚོས་སྐུ་ངོ་ལགས་བགྲེས་ཡོལ་ལ་མ་ཕེབས་པར་སློབ་གྲྭར་རང་འཇགས་བཞུགས་རོགས་གནང་ཞེས་འབོད་སྐུལ་ནན་པོ་ཞུས་ཡོད། གསོག་སློབ་ཚོ་ལོ་ངོ་བཅོ་བརྒྱད་ཡོལ་པའི་བཟང་ངན་གཉིས་ཀའི་དབྱེ་བ་འབྱེད་ཐུབ་མཁན་ཞིག་ཡིན་པ་ལས་བཟང་ངན་དབྱེ་འབྱེད་མི་ཤེས་མཁན་ཡོངས་གླིང་སྔོན་འགྲོའི་སློབ་ཕྲུག་ལྟ་བུ་མ་རེད། གང་ལ་བག་ཕེབས་ཡོད་འགྱུར་བ།། གནས་འདིར་འགྲོ་ཀུན་རྙེད་པར་འགྱུར།། ཞེས་པ་ལྟར་སྐུ་ངོ་ལགས་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ནུས་པ་ལ་དཔག་པའི་ལས་རིགས་ཁག་འཐུས་ཚང་ཇེ་ལེགས་དང་སློབ་ཕྲུག་ཚོ་གསོ་སྐྱོང་གང་ལེགས་གནང་བས་སློབ་ཕྲུག་ཚོས་སྐུ་ངོ་ལགས་དང་བྲལ་འདོད་མེད་པའི་འབོད་སྐུལ་དེ་ལྟར་ཞུས་པ་རེད་སྙམ། གསོག་སློབ་ཟུར་པ་ཞིག་གིས་བོད་ནས་བསྐུར་བའི་སྐུ་ངོ་ལགས་ཀྱི་བཀའ་དྲིན་ལ་རྗེས་སུ་ཡི་རངས་ཀྱི་རྩོམ་ཡིག་ཅིག་དུས་བབ་གསར་ཤོག་སྟེང་དུ་ཐོན་ཡོད། མཐའ་མ་སྐུ་ངོ་ལགས་བགྲེས་ཡོལ་ལ་ཕེབས་པའི་ཞོགས་པ་དེར་སློབ་ཕྲུག་ཚོ་དང་དགེ་རྒན་ཚོས་ལག་ཏུ་མཇལ་དར་རེ་བཟུང་ནས་ཕེབས་སྐྱེལ་ཞུ་སྐབས་སློབ་ཕྲུག་དང་དགེ་རྒན་རྣམ་པས་རང་གི་དྲིན་ཅན་ཡབ་ཡུམ་དང་ཁ་བྲལ་བ་ལྟ་བུའི་སེམས་སྡུག་དང་སྐྱོ་སྣང་ཆེན་པོས་མིག་ཆུ་བཏང་བ་མ་ཟད་དགེ་རྒན་དང་སློབ་ཕྲུག་ཁག་གཅིག་གིས་སྐད་ཤུགས་ཆེན་པོས་ངུས་ཏེ་མཇལ་དར་ཕུལ་དུས་སྐུ་ངོ་ལགས་ཀྱང་ཐུགས་སེམས་སྐྱོ་བོ་ཞེ་དྲག་བྱུང་སོང་།
ཀློག་པ་པོ་ལགས། སྐུ་ངོ་ལགས་ད་ལྟ་བགྲེས་ཡོལ་ཞུས་ནས་ཧར་པ་སྤུར་ལ་ཡོད་པའི་འདོད་རྒུ་གཡུལ་རྒྱལ་གླིང་ཞེས་པའི་གཞིས་ཆགས་སྐྱོ་བོ་དེའི་ནང་ཁང་པ་ཐོག་བརྩེགས་གཅིག་ཅན་གོབ་ཏོ་ཞིག་གི་ནང་ལ་བཞུགས་ཀྱི་འདུག ལོ་ངོ་གཉིས་ཙམ་གྱི་གོང་ལ་སྐུ་ངོ་ལགས་ཀྱི་བཞུགས་ཁང་དེ་བཟོ་བཅོས་ཀྱིས་ཐོག་བརྩེགས་གཉིས་ཅན་ཞིག་བརྒྱབ་འདུག ཁང་པ་དེ་ཡང་དེ་ཁུལ་གཞིས་མིའི་ཁང་པ་ལྟ་བུ་ཞིག་ལས་དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་དེ་འདྲ་རྩ་བ་ནས་རེད་མི་འདུག མཁས་དབང་ཉན་ཤུལ་མཁྱེན་རབ་འོད་གསལ་ལགས་ཀྱིས་” ཡང་ན་གཞན་ལ་ཤོད་མི་ནུས་པའི་ནང་གི་ཆགས་སྡང་ངན་པའི་རང་གཟུགས་ཤུགས་མ་ཐུབ་ཀྱིས་ཕྱིར་མངོན་པའམ། ཡང་ན་མི་ཚེ་ཕྱོགས་རིས་དང་ང་རྒྱལ་ལ་གོམས་པའི་གཡོ་ཅན་འགའ་ཞིག་གིས་རྒྱུད་བསྐུལ་ཏེ་དེ་ལྟར་སྨྲས་པ་ལས། རང་གི་རིགས་ལ་ཞེན་པ་ཕྲ་མོ་ཙམ་ཡོད་པ་དང་ །གཟུར་གནས་ཀྱི་དཔྱོད་ལྡན་སུ་ཞིག་གིས་དེ་ལྟར་སྨྲ་རིགས་ཏེ་སྨྲ་མི་རིགས་སོ་”ཞེས་གསུངས་པ་དེ་བདེན་པར་ཁུམས། ཧོར་ལེགས་ཁོ་པས་ཕྱོགས་རིས་ཀྱི་ན་ཚས་སྲི་ཞུ་ཅན་གྱི་མི་སྣར་ཞ་ནག་བསྐོན་ཐབས་སུ་བརྩོན་པ་འདི་ནི་དམིགས་ཡུལ་གཞན་ཞིག་ཡིིན་པ། ད་ལྟ་ང་ཚོར་དངོས་ཐོག་བདེན་པའི་བྱ་སྤྱོད་ངོ་མས་ར་སྤྲོད་བྱེད་བཞིན་ཡོད། སྦི་རིར་སུ་ཇཱ་སློབ་གྲྭར་རྙོག་གྲ་བྱུང་ནས་ལོ་ངོ་བཅོ་བརྒྱད་ཡན་སློབ་སྦྱོང་གནང་ཡུལ། སྤྱི་ལོ་ ༡༩༩༣ ལོར་གསོག་སྒར་སློབ་གྲྭ་གསར་དུ་བཙུགས། སྐབས་དེ་དུས་ཀྱི་སློབ་གྲྭ་ནི་ད་ལྟ་ང་ཚོའི་འདྲེན་བྱེད་ཀྱི་སྤྱོད་ཡུལ་དུ་འགྱུར་བའི་ཐོག་བརྩེགས་ཅན་གྱི་ཁང་པ་དེ་འདྲ་མིན། རས་གུར་ཁང་རྐྱང་རྐྱང་ཡིན། བྲག་ཆར་རླུང་འཚུབ་ཀྱི་ཁྲོད་སྐུ་ངོ་ལགས་ཀྱིས་སློབ་ཕྲུག་ཚོ་དང་གདུང་སེམས་མཉམ་སྐྱེད་གནང་བས་སློབ་ཕྲུག་མང་པོ་ཞིག་ཀྱིས་སྐུ་ངོ་ལགས་སོ་སོའི་ཕ་མ་ལྟ་བུར་སེམས་ཐག་ཉེ་པོ་བརྩིས་ཀྱིན་འདུག སློབ་ཕྲུག་ཚོ་རྒྱ་མིའི་གདུག་རྩུབ་ཀྱི་འོག་ནས་བཙན་བྱོལ་བོད་གཞུང་ལ་རེ་བ་ཞིག་བཅོལ་ཏེ་དཀའ་ཚེགས་ཆེ་བའི་ལམ་ངན་དུ་མ་བརྒྱུད་ནས་འདིར་ཕེབས་ཀྱང་། འདི་ནས་ཁོང་ཚོ་སྡོད་སའི་ཉལ་ཁང་ལ་ཆར་པ་ཤུགས་ཆེན་བབས་དུས་ནང་ལ་ཆུ་ཛགས་པ་དང་། དེ་ག་ནང་བཞིན་ཆར་རླུང་ཤུགས་ཆེན་བརྒྱབ་དུས་ཉལ་གུར་འཁུར་བ་སོགས་ཀྱི་དཀའ་ངལ་དེ་འདྲ་ཕྲད་དུས་སེམས་ཀྱི་བཟོད་ཀྱི་མི་འདུག དེར་ངེས་པར་དུ་འགྱུར་བ་ཞིག་གཏོང་དགོས་ཀྱི་འདུག་ཅེས་དབུས་སྣེ་ལེན་གྱི་སྐུ་ངོ་ལགས་སུ་ཞུས། དེ་ནས་རིམ་པས་ལྕགས་ཤོག་གི་ཉལ་ཁང་ལ་བསྒྱུར་ནས་དཀའ་ངལ་ཕྲན་བུ་ཆུང་དུ་ཕྱིན་ཀྱང་ད་དུང་ཆར་པ་ཤུགས་ཆེན་བབས་དུས་ནང་ལ་ཆུ་ཡང་ཡང་འཛུལ་བའི་དཀའ་ངལ་བྱུང་ཡོད། དེར་བརྟེན་ནས་སྐུ་ངོ་ལགས་ཀྱིས་འབོད་སྐུལ་རབ་དང་རིམ་པ་ཞུས་ནས་ཉལ་ཁང་དང་འཛིན་ཁང་སོགས་གསར་རྒྱག་བྱས་ཡོད། སྐུ་ངོ་ལགས་ཀྱི་འཆར་གཞི་ལྟར་དང་པོ་བུ་མོའི་ཉལ་ཁང་དང་། དེ་ནས་འཛིན་ཁང་། དེ་ནས་ཚོགས་ཁང་། དེ་ནས་བུའི་ཉལ་ཁང་། དེ་ནས་དགེ་རྒན་ཉལ་ཁང་། མཐའ་མ་དེར་སྐུ་ངོ་ལགས་ཀྱི་བཞུགས་ཁང་བཅས་བརྒྱབ་ཡོད། མདོར་ན་གསོག་སྒར་སློབ་གྲྭ་འདི་ཐོག་མར་རས་གུར་ནས་ལྕགས་ཁང་དང། ལྕགས་ཁང་ནས་ད་ལྟའི་ཐོག་བརྩེགས་ཅན་བར་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་གཞག་འདི་ཉིད་སྐུ་ངོ་བྱམས་པ་ལགས་ཀྱིས་དཀའ་སྤྱད་འབད་བརྩོན་དང་ཁ་བྲལ་ཐབས་རྩ་བ་ནས་མེད། ཡིན་ནའང་དེང་སང་མི་བོ་རེ་བཟུང་གིས་བོད་གཞུང་ཉག་ཕྲ་བའི་སྐབས་ལ། ལོ་ངོ་བཞི་བཅུ་ལྷག་རིང་གཞུང་དམངས་གཉིས་ལ་ལྷག་བསམ་གཡོ་བ་མེད་པའི་ཞབས་འདེགས་སྒྲུབ་མཁན་གྱི་ཀུན་སྤྱོད་གཙང་ཞིང་བྱ་གཞག་འབུར་དུ་ཐོན་པའི་གང་ཟག་ཅིག་ལ། སྐྱོན་དང་ནོར་འཁྲུལ་དྲངས་རྒྱུ་མེད་བཞིན་དུ་རྩིག་ཁུག་གང་སར་ཕྱིན་ནས་དམིགས་ཡུལ་ཅན་གྱི་དོག་སློང་དེ་ལྟར་བྱེད་དོན་ཅི་ཡིན་ནམ། བཙན་བྱོལ་རང་དབང་ལུང་པར་འཚོ་བཞིན་མཆིས་པའི་དོན་དམ་དུ་གནས་ཚད་ཡོད་མིན་མི་ཤེས་ཀྱང་རྩོམ་པ་པོའི་མིང་འཛིན་པ་ཕལ་མོ་ཆེའི་སྨྱུ་གུའི་རྩེ་མོ་དེ་ཆོས་ལུགས་དང་ཆོལ་ཁའི་དབར་དབྱེན་སྦྱོར་དཀྲུག་ཤིང་དང་། ཤོག་སྒྲིལ། ཆགས་སྡང་ཕྱོགས་རིས། རང་རྒྱལ་གཞན་ཕམ་བཅས་ཀྱིས་དུས་འདའ་བཞིན་པ་འདི་ནི་ཅི་འདྲའི་སེམས་ཕངས་ཤིང་ཡིད་སྐྱོ་དགོས་པ་ཞིག་མ་རེད་དམ།
སྐུ་ངོ་བྱམས་པ་ལགས་ཀྱི་མཛད་རྗེས་སྙིང་བསྡུས་བདེན་པའི་རང་སྒྲ།
བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ལ་བྱས་རྗེས་ཆེ་བའི་ཤེས་རབ་དགའ་ཚལ་སློབ་གླིང་གི་དབུ་འཛིན་སྐུ་ངོ་བྱམས་པ་ལགས་ནི། དབུས་གཙང་ཀོང་པོར་ཡབ་ཆགས་དཀར་ཚེ་རིང་དང་ཡུམ་ཚེ་རིང་གཡུ་སྒྲོན་གཉིས་ཀྱི་སྲས་སུ་སྤྱི་ལོ་ ༡༩༣༦ ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་ནས་བཅོ་བརྒྱད་བར་དགོན་པ་ཞིག་ཏུ་སློབ་གཉེར་གནང་། སྤྱི་ལོ་ ༡༩༥༩ ལོར་རྒྱ་དམར་གྱིས་གདུག་རྩུབ་ཆེན་པོས་བོད་ས་ཡོངས་ལ་དྲག་པོའི་བཙན་འཛུལ་བྱས་རྗེས། རྒྱ་དམར་གྱིས་གདུག་རྩུབ་མ་གཟོད་པར་བོད་རང་དབང་སླར་གསོའི་སླད་དུ་ ༡༩༦༠ ལོའི་སྤྱི་ཟླ་ ༢ ཚེས་ ༥ ཉིན་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་འབྱོར་བྱུང་། སྤྱི་ལོ་ ༡༩༦༢ ལའི་ཟླ་བ་ ༡༡ པའི་ཚེས་ ༡༤ ཉིན་སྡེ་ར་སྡུན་དམག་ཁོངས་སུ་ཞུགས། སྐབས་དེར་དམག་ཁོངས་ནས་དམག་མི་དྲུག་དྲག་འདེམས་བྱས་ནས་ཨ་རིའི་དམག་མིའི་མེ་མདའ་འདྲ་མིན་བེད་སྤྱོད་གཏོང་སྟངས་དམིགས་བསལ་གྱིས་སྦྱོང་བརྡར་སྤྲད་པའི་ཁོངས་སུ་འདེམས་ཐོན་བྱུང་། དེ་ནས་མདའ་རྩལ་དང་ལག་རྩལ་སོགས་ལེགས་ཐོན་བྱུང་བར་བརྟེན། ༡༩༦༣ ནས་ ༡༩༦༥ བར་དམག་མི་བརྒྱ་ཕྲག་ཁ་ཤས་ཀྱི་ལག་རྩལ་དགེ་རྒན་གྱི་ཕྱག་ལས་གནང་དང་བ་སྦྲགས། དམག་ཁོངས་དེའི་སྤྱིའི་དྲག་རྩལ་དང་སྒྲིག་ལམ་དོ་དམ་སོགས་ལ་གྲུབ་འབྲས་ཆེན་པོ་ཐོབ་སྟེ་བོད་རང་དབང་སླར་གསོའི་དོན་ལ་སྐུལ་འདེད་ཆེན་པོ་གནང་། དེའི་རྗེས་སུ་རང་སྲོག་བློས་བཏང་ནས་གངས་ལམ་བརྒྱུད་དགེ་རྒན་རྙིང་པ་བཞི་དང་གསར་པ་ལྔ་དམག་མི་དཀྱུས་མ་ ༢༡ བཅས་བོད་དམག་རྟེན་གཞིའི་ས་ཆ་བལ་ཡུལ་དང་བོད་ཀྱི་ས་མཚམས་ཝ་ལུང་དམག་སྒར་དུ་ཕེབས། དེ་ནས་རིམ་པས་བཅུ་དཔོན་དང་། ལྡིང་དཔོན། བརྒྱ་དཔོན་སོགས་ཀྱི་གོ་གནས་ཐོབ། དམག་མིའི་ཁོངས་སུ་ལོ་ངོ་ཉེར་བདུན་རིང་ལ་བོད་བསྟན་སྲིད་ཀྱི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན། སྤྱི་ལོ་ ༡༩༨༩ ལོར་དམག་སྒར་ནས་བགྲེས་ཡོལ་བཞུས་ཧར་པ་སྤུར་གཞིས་ཆགས་སུ་འཚོ་སྡོད་གནང་སྐབས། ས་གནས་དེ་གའི་གྲོས་ཚོགས་དང་རང་དབང་ཚོགས་ཆུང་སོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན་གྱི་ཐུགས་འགན་བཞེས། སྐུ་ཉིད་བགྲེས་ཡོལ་ལ་བཞུགས་ཡོད་ཀྱང་སྐུ་ངོ་ཉི་བཟང་ལགས་ཀྱིས་དེ་སྔ་ཁོང་ཚོ་དམག་སྒར་ནང་ལོ་མང་གཤིབ་བསྡུར་བྱས་པའི་ཉམས་མྱོང་ལ་གཞི་བཅོལ་ཏེ་དམག་ཞབས་ལས་འཁུར་ངལ་གསོ་ཞུས་ཏེ་སྡོད་མཁན་སྟོང་ཕྲག་མང་པོའི་ནང་ནས་མི་གཤིས་བཟང་ཞིང་ལྷག་བསམ་ཆེ་བ། དྲང་ཚུགས་ལྡན་པའི་སྐུ་ངོ་བྱམས་པ་ལགས་བདམས་ཏེ་ཡིད་ཆེས་བློས་འཁེལ་དང་རེ་བ་ཆེན་པོ་བཅོལ་ནས་གསོག་སློབ་ཀྱི་འགན་འཛིན་དུ་གནང་རྒྱུའི་རེ་སྐུལ་ཞུས་པ་ལྟར་གསོག་སྒར་སློབ་གྲྭའི་དབུ་འཛིན་གྱི་ཐུགས་འགན་བཞེས། སྤྱི་ལོ་ ༡༩༩༣ ལོའི་ ཟླ་བ་ ༣ ཚེས་ ༧ ཉིན་དབུས་སྣེ་ལེན་ཁང་ནས་སློབ་མ་ ༡༠༧ ཁོང་གི་རྩིས་བཞེས་གནང་། སྐབས་དེར་སློབ་གྲྭའི་གནས་སྟངས་ཧ་ཅང་གི་སྐྱོ་བོ་ཡོད། དཔེར་ན། སྡོད་ཁང་གུར་ཡིན་ཙང་ཆུ་དང་གློག་སོགས་ཀྱི་དཀའ་ངལ་ཆེན་པོ་ཡོད་པ་མ་ཟད། སློབ་ཚན་ཡང་སྤང་སྒང་ལ་ཚུགས་དགོས་ཀྱི་ཡོད། ཐ་ན་རྐུབ་སྟེགས་གཅིག་ཀྱང་སྟོན་རྒྱུ་མེད། ཡིན་ནའང་སྐུ་ཉིད་ཀྱིས་ཆར་རླུང་དྲག་པོའི་ཁྲོད་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དང་། ལྷག་པར་དུ་གསར་དུ་འབྱོར་བའི་སློབ་མ་དག་གི་མདུན་ལམ་གྱི་ཆེད་དུ་དཀའ་སྡུག་མཉམ་འཁུར་དང་འབད་བརྩོན་ལ་བརྟེན་ནས་ ༡༩༩༣ ཟླ་ ༤ ཚེས་ ༡ ཉིན་སློབ་གྲྭ་དངོས་སུ་འགོ་ཚུགས་ཐུབ་པ་བྱུང་། སྐུ་ཉིད་ཀྱིས་དཀའ་ངལ་དུ་མ་ཁྱད་དུ་བསད་པའི་འབྲས་བུར་སློབ་གྲྭའི་སྒྲིག་གཞི་དང་སློབ་སྦྱོང་གི་མཐུན་རྐྱེན་གང་ཐད་ནས་ཡར་རྒྱས་ཆེན་པོ་ཕྱིན། སྤྱི་ལོ་ ༡༩༩༤ ཟླ་ ༧ ཚེས་ ༡༡ ཉིན་༸གོང་ས་མཆོག་གསོག་སྒར་དུ་གདན་ཞུ་གནང་སྟེ་ལས་བསྡོམས་རྣམས་སྙན་སེང་ཞུས་པས་༸གོང་ས་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་སྐུ་ངོ་ལགས་སུ་དམིགས་བསལ་བསྔགས་བརྗོད་དང་མ་འོངས་པར་ཡང་དེ་ལྟར་གནང་དགོས་པའི་བཀའ་སློབ་ལམ་སྟོན་ཕེབས། སློབ་གྲྭའི་སློབ་ཡུལ་ལོ་གཅིག་ནས་ལོ་གཉིས་ལ་བསྒྱུར་པ་དང་། སློབ་མའི་ལོ་ཚད་དེ་ཡང་ལོ་ ༡༨ ནས་ ༣༠ བར་བསྒྱུར་བཅོས་གནང་། སྤྱི་ལོ་ ༡༩༩༧ ལོའི་ཟླ་ ༡ ཚེས་ ༡༢ ཉི་སྤྱི་འཐུས་གྲོས་ཚོགས་ཀྱིས་སློབ་གྲྭའི་སློབ་ཡུལ་ལོ་ངོ་གཉིས་ནས་གསུམ་ལ་བསྒྱུར། སྤྱི་ལོ་ ༡༩༩༨ ལོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་གསོག་སྒར་སློབ་གྲྭར་ཤེས་རབ་དགའ་ཚལ་སློབ་གླིང་ཞེས་པའི་མཚན་བྱང་གནང་། སྤྱི་ལོ་ ༢༠༠༠ ལོར་བོད་གཞུང་བཀའ་ཤག་གིས་སློབ་ཡུན་ལོ་ངོ་གསུམ་ནས་ལོ་ངོ་ལྔ་རུ་བསྒྱུར། སྤྱི་ལོ་ ༢༠༠༢ ལོའི་ཟླ་ ༧ ཚེས་ ༡༨ ཉིན་ཤེས་རབ་དགའ་ཚལ་སློབ་གླིང་འདི་ཉིད་དབུས་སྣེ་ལེན་ཁང་གི་འཛིན་སྐྱོང་འོག་ནས་བོད་གཞུང་ཤེས་རིག་ལྷན་ཁང་གི་འཛིན་སྐྱོང་འོག་ཏུ་བསྒྱུར་ཐུབ་པ་བྱུང་ཡོད། དེ་ཚོ་ནི་སྐུ་ཉིད་ཀྱིས་ལས་དོན་ཞིབ་ཚགས་དང་ལྷག་བསམ་རྣམ་དག་གི་ཞབས་འདེབས་ཞུས་པའི་འབྲས་བུ་ཡིན་ལ། བོད་མི་རིགས་ལ་ཕུལ་པའི་ལེགས་སྐྱེས་ཤིག་ཀྱང་ཡིན། སྐུ་ཉིད་ཀྱི་སློབ་གྲྭའི་འགན་འཛིན་གནང་ནས་ཐེངས་དྲུག་ཙམ་བགྲེས་ཡོལ་གྱི་སྙན་སེང་ཞུས་ཀྱང་། སློབ་ཕྲུག་རྣམས་པའི་རེ་འདོད་ཤུགས་ཆེན་དང་། སློབ་གྲྭའི་སྒྲིག་ལམ་དང་ལས་དོན་ཞིབ་ཚགས་སོགས་ཀྱི་རྐྱེན་པས་བོད་གཞུང་ནས་བཀའ་འཁྲོལ་མི་གནང་ཙང་རང་འཇགས་བཞུགས། སྤྱི་ལོ་ ༡༩༩༣ ལོའི་ ཟླ་ ༣ ཚེས་ ༧ ཉིན་དབུས་སྣེ་ལེན་ཁང་གིས་སློབ་མ་ ༡༠༧ རྩིས་སྤྲོད་བྱས་པ་ནས་བཟུང་། སློབ་མ་ཚོ་དང་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་། སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་ཞེས་པ་ལྟར་རས་གུར་དང་ལྕགས་ཁང་གི་ནང་དུ་ལོ་ངོ་བཅུ་ཕྲག་ལྷག་མཉམ་དུ་བཞུགས་ཡོད། སྐུ་ངོ་ལགས་ཀྱིས་རྟག་ཏུ་རྒྱ་གར་ཡུལ་མི་དང་ཐབས་མཁས་པོའི་མཐུན་སྒྲིལ་གནང་ནས་བཞུགས་པ་ལས་སློབ་གྲྭའི་དངུལ་བཏང་ནས་རྒྱ་གར་བ་མགྲོན་འབོད་བྱས་ནས་ཟ་འཐུང་གནང་མྱོང་མེད་ལ་ཁོང་རང་ཉིད་རྒྱ་གར་བའི་ནང་དུ་ཟ་འཐུང་བྱེད་པར་རྩ་བ་ཉིད་ནས་མི་ཕེབས་པ་མ་ཟད་རྒྱུན་གཏན་ནས་སློབ་མ་ཚོར་རྒྱ་གར་དང་འབྲེལ་བ་བྱེད་ཆོག་སྐོར་བཀའ་སློབ་གནད་ལ་ཕིབས་པ་གནང་གི་ཡོད། ད་དུང་སློབ་གྲྭ་གཞུང་གི་དངུལ་དངོས་ཁོང་སྒེར་གྱིས་བེད་སྤྱོད་རྩ་བ་ཉིད་ནས་མི་གནང་བ་མ་ཟད་དགེ་ལས་སུ་ལའང་དེ་ལྟར་བྱེད་དུ་རྩ་བ་ཉིད་ནས་བཅུག་གི་མེད་པ་བསམ་ཡོད་ཚང་མས་ཤེས་ཀྱི་ཡོད། སྤྱི་ལོ་ ༡༩༩༧ ལོ་ནས་ཐབ་ཚང་དང། ཉལ་ཁང་། འཛིན་ཁང་། ཚོགས་ཁང་སོགས་རིམ་བཞིན་འཛུགས་བསྐྲུན་བྱེད་ཐུབ་པ་བྱུང་ཞིང་། སྤྱི་ལོ་ ༢༠༠༣ ལོ་དཀྱིལ་ནས་སློབ་ཕྲུག་ཡོངས་རྫོགས་ཁང་པའི་ནང་དུ་སྡོད་ཐུབ་པའི་ཆ་རྐྱེན་ལེགས་གྲུབ་བྱུང་བ་དང་། ༢༠༠༥ ལོ་མགོར་དགེ་ལས་ཚང་མ་ཁང་པའི་ནང་ལ་བཞུགས་རྒྱུའི་གོ་སྐབས་ཐོབ་ཀྱང་། སྐུ་ངོ་ལགས་ད་དུང་ལྕགས་ཁང་ནང་དུ་བཞུགས་ཡོད། སློབ་མ་ཚོའི་སློབ་སྦྱོང་གི་མཐུན་རྐྱེན་ཡར་རྒྱས་གཏོང་ཆེད། དགེ་རྒན་ལེགས་འདུ་བྱས་ནས་བོད་ཡིག་དང། དབྱིན་ཡིག་སློབ་དེབ་གཏན་འབེབས་གནང་། གློག་ཀླད་དང་། དཔེ་མཛོད་ཁང་གསར་དུ་བཙུགས་པ་མ་ཟད། སློབ་མའི་འཕྲོད་བསྟེན་གྱི་ཆེད་དུ་ལག་སྤོ་རྩེད་ཐང་ཡང་གསར་དུ་བཙུགས། གསར་འབྱོར་སློབ་མ་ཚོའི་གནས་སྟངས་ལ་གཞིགས་པའི་ཤེས་རིག་སྡེ་ཚན་དང་ལག་ཤེས་སྡེ་ཚན་གཉིས་སུ་དབྱེ་ཡོད། ཤེས་ཡོན་སྡེ་ཚན་ལ་བོད་ཡིག་སྡེ་ཚན་དང་དབྱིན་ཡིག་སྡེ་ཚན་གཉིས་སུ་བགོས། བོད་དབྱིན་གཉིས་ཀར་འཛིན་རིམ་བརྒྱད་དང་གློག་ཀླད་འཛིན་གྲྭ། རྨང་གཞི་དང་ཟུར་གསོག་བཅས་ཡོད། ལག་ཤེས་སྡེ་ཚན་ལ། འཚེམ་བཟོ་དང་། ལྷ་བྲིས། ཤིས་བཟོ་བཅས་གསར་འཛུགས་གནང་སྟེ་སློབ་མ་སོ་སོའི་འདོད་མོས་ལྟར་ཤེས་ཡོན་དང་ལག་ཤེས་སོགས་ཀྱི་སྐོར་ལ་མཐུན་རྐྱེན་ཚགས་འཚུགས་གནང་བར་གྲུབ་འབྲས་ལེགས་ཐོབ་བྱུང་བ་དང་བཅས་བོད་ཀྱི་ཤེས་རིག་སོགས་ལ་བྱས་རྗེས་རླབས་ཆེན་བཞག་ཡོད་སྟབས། བོད་ནང་ནས་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་སྐད་གྲགས་ཆེན་པོ་ཐོབ་པ་ཡང་སྐུ་ཉིད་ཀྱི་བཀའ་དྲིན་དང་བྲལ་ཐབས་མེད། མདོར་ན་ཁོང་གིས་སློབ་མའི་ཟས་གོས་སྤྱོད་གསུམ་ལ་འགན་འཁུར་གཙང་བཞེས་གནང་ནས་སློབ་གྲྭའི་ཕྱིའི་ཆ་རྐྱེན་དང་། སློབ་མའི་ཤེས་སྤྱོད་གཉིས་ཀུན་གྱིས་བསྔགས་པའི་ཡུལ་ཞིག་ཏུ་འཛུགས་སྐྲུན་གནང་ཡོད། ངས་བཙན་བྱོལ་གཞུང་གི་ལས་བྱེད་ནང་ཁོང་ལས་ལྷག་པ་མེད་ཅེས་ཟེར་གྱི་མེད་ཀྱང་ཁོང་འདྲ་བའི་ལྷག་བསམ་དྲང་ཚུགས་ལྡན་པའི་ལས་བྱེད་ཤིན་ཏུ་ནས་དཀོན་པ་ང་ཚོས་མིག་མཐོང་ལག་ཟིན་ཡིན། སྤྱི་ལོ་ ༢༠༠༧ ལོར་གསོག་སློབ་ཀྱི་འགན་འཛིན་ནས་བགྲེས་ཡོལ་ཞུ་ཡང་མི་མང་གི་རེ་འདོད་ལྟར་ད་ལྟ་ཡང་ས་གནས་ཧར་པ་སྤུར་འདོད་རྒུ་གཡུལ་རྒྱལ་གླིང་གི་རང་བདེན་ཚོགས་པའི་ཚོགས་གཙོ་དང་། དབུས་གཙང་ཆོལ་ཁའི་ཚོགས་གཙོ། དབུ་མའི་ལས་འགུལ་ཁང་གི་ཚོགས་གཙོ། ས་གནས་འདིའི་ས་འཐུས་བཅས་ཀྱི་འགན་འཁུར་གནང་བཞིན་པ་ལགས་སོ། །
སྐུ་ངོ་ཞེས་བྱས་རྗེས་གླེང་དགོས་མ་རེད། གསར་འབྱོར་སློབ་གཉེར་ལ་འདུན་པ་ཅན་ཚོའི་མགོ་ལ་ཁོ་འདྲ་ལྐུགས་པ་ཨུ་ཚུགས་ཅན་ཞིག་ག་རེ་བྱས་ནས་བཞག་རེད། ཧོར་གཙང་ལེགས་བཤད་ཀྱི་བཤད་པ་ཆ་ཚང་བདེན་པ་མིན་ན་ཡང་།སྐུ་ངོ་ཁྱི་འདྲ་བ་དེ་ཚོས་གསར་འབྱོར་རུས་པ་ཅན་ཚོར་བེད་མེད་བཟོས་པ་དངོས་ཡོད་གནས་ཚུལ་ཆགས་ཡོད།
གསལ་བཤད་ཡག་པོ་བྱས་འདུག། སྤྱིར་ཧོར་གཙང་ལེགས་བཤད་དང་ཧོར་གཙང་འཇིགས་མེད་གཉིས་ནི་བཙན་བྱོལ་གྱི་ཁོར་ཡུག་ཆུང་ཆུང་ནང་གི་རང་ཚུགས་མེད་ཅིང་ཕྱོགས་རིས་ཕྲག་དོག་ཆེ་བའི་རྩོམ་འབྲི་མཁན་དཔེ་མཚོན་གཉིས་ཡིན་པ། མ་བོས་མགྲོན་པོ་ཟེར་བའི་དེབ་དེ་དང་། ཁྲག་ཐིག་ལས་སྐྱེས་པའི་ལྗང་སྨྱུག་ཟེར་བའི་དེབ་གཉིས་ཀློག་མྱོང་མཁན་ཞིག་ཡིན་ན་ཧ་གོ་ཐུབ། མི་འདི་ཚོའི་གྲས་ལ་ཁྲེལ་དང་ངོ་ཚ་ཞེས་པ་ཞིག་ཡོད་པ་མ་རེད་དོ།
ཧོར་གཙང་ལེགས་བཤད་ཀྱིས་སྐུ་ངོ་བྱམས་པ་ལ་སྐྱོན་བརྗོད་བྱས་པ་རྣམས་བདེན་པ་མིན་ཚུལ་གསལ་བཤད་བྱས་ཆོག་མོད། ཧོར་གཙང་ལེགས་བཤད་ཀྱིས་དེ་ལྟར་བྲིས་པ་ཆོལ་ཞེན་གྱིས་ཡིན་པ་ཇི་ལྟར་ཤེས་སམ། སྐྱོན་བརྗོད་མཁན་དང་། སྐྱོན་བརྗོད་ཡུལ་ཆོལ་ཁ་མི་གཅིག་པས་ཡིན་ནམ། དབུས་པ་ཞིག་གིས་ཨ་མདོ་བ་ཞིག་ལ་སྐྱོན་བརྗོད་བྱས་ན་ཆོལ་ཞེན་དང་། ཨ་མདོ་བ་ཞིག་གིས་མདོ་སྟོད་པ་ཞིག་ལ་སྐྱོན་བརྗོད་བྱས་ན་ཆོལ་ཞེན། མདོ་སྟོད་པ་ཞིག་གིས་ཨ་མདོ་བ་ཞིག་ལ་སྐྱོན་བརྗོད་བྱས་ན་ཆོལ་ཞེན་རེད་ཟེར་དགོས་སམ། གོང་ནས་བཤད་པ་ལྟར་གྱི་སྐུ་ངོ་དེ་འདྲ་ཞིག་ཡོད་པ་བདེན་ན་ང་ཚོ་ལ་བསོད་ནམས་ཆེ་འདུག ཡིན་ན་ཡང་། ང་ཐུག་སའི་གསོག་སློབ་རྣམས་ཀྱིས་སྐུ་ངོ་དེ་འདྲའི་བཀའ་དྲིན་ཅན་ཞིག་ཡོད་རབས་བཤད་པ་མ་ཚོར། སུ་ཞིག་གིས་བཤད་པ་བདེན་པ་ཡིན་མིན་བཤད་དཀའ་བར་གྱུར་སོང་།
བཙན་བྱོལ་དུ་བོད་ཀྱི་རྩོམ་པ་པོ་མིང་འཛིན་པ་ཕལ་ཆེ་བའི་རྩོམ་ཡིག་ལ་ཡིད་བརྟེན་ཆོག་པ་ཞིག་མེད། དྲང་བདེན་དང་ཟུར་གནས་ཀྱིས་དཔྱད་རྩོམ་ལ་བློ་ཁ་ཕྱོགས་མཁན་མེད་པས། སྤྱི་ཚོགས་དང་མི་སྒེར་གང་ཞིག་ལ་བཟང་སྤྱོད་ཀྱི་ལམ་སྟོན་དང་ཡར་འདེབས་བྱེད་མྱོང་མེད་ཁར། བོད་མིའི་སྤྱི་ཚོགས་ཆུང་ཆུང་འདིར་ཆགས་སྡང་གི་ངན་དགུ་ཡོད་ཚོད་རྩོམ་པ་པོ་དེ་དག་གིས་རྒྱུད་ནས་ཡོང་གི་ཡོད། ཁོང་ཚོས་ཆགས་སྡང་དང་ཕྱོགས་རེས་ཀྱི་རྩོམ་རྩལ་བྱུང་ན་རླབས་ཆེན་གྱི་བྱས་རྗེས་ལ་བསམ་མཁན་རྐྱང་རྐྱང་རེད། ང་ནི་བྱེས་འབྱོར་རྩོམ་པ་པོ་འདི་དག་གི་རྩོམ་ཡིག་ཕལ་ཆེ་བར་ཡིད་ཆེས་མེད་ལ་དགའ་པོ་ཡང་མེད།
ངས་པོ་རྒྱལ་མཚན་ལགས་དེ་རིང་གཞི་ནས་གཉིད་སད་པ་འདྲ། མ་བོས་མགྲོན་པོ་བཏོན་ནས་ཕལ་ཆེར་ལོ་ངོ་བདུན་བརྒྱད་འགོར་སོང་།
ངར་བ་རེད་། མུ་མཐུད་ནས་ཁྱོད་སྣ་དང་ངའི་རྣ་རྩོད་དང་ལྟད་མོ་འདུག
ཁྱེད་ཀྱིས་མགོ་ནས་འགྲེལ་བཤད་གནང་སྟངས་ལ་བལྟས་ཡོང་དུས། སྐུ་ངོ་ཁོང་ལྷ་འདྲ་བོ་ཞིག་རེད་བསམ་བྱུང་། དེ་རྗེས་དབུ་མའི་ལས་འགུལ་ཁང་གི་འགན་འཛིན་རེད་ཟེར་དུས་ཞེན་པ་གཏིང་ནས་ལོག་སོང་། དབུ་མའི་ལས་འགུལ་ཁང་ཟེར་བ་དེ་གཡོ་ཅན་ཟླ་བ་ཚེ་རིང་གིས་གཙུག་པ་རེད་བ།།
ཧ ཧ ལོ་ལྗང་། ལྟད་མོ་དངོས་དེ་ན་ནིང་འབྲི་གུང་གི་ཁྱི་བཤའ་ས་དེ་ལ་མི་འདུག་གམ། དགྱེས་རྡོར་ཁྱེད་ཚོ་ཤེས་ཡ།
ཡག་པོ་བྲིས་འདུག གང་ལྟར་དེང་སང་གི་མི་གཞི་བོར་བའི་རྩོམ་པ་པོར་འཆེས་པའི་མི་དེ་རིགས་ཀྱི་སྨྱོ་ལབ་ལ་ལན་འདེབས་བྱེད་དགོས་པ་དེ་གལ་ཆེན་ཡིན། སྐུ་ངོ་བྱམས་པ་ལགས་ཀྱི་དྲང་ཚུགས་དེ་སློབ་ཕྲུག་རྣམས་ཀྱི་མདུན་དུ་ཡོངས་གྲགས་རེད། འོན་ཀྱང་། ཧོར་འཇིགས་ཀྱིས་དེ་སྔོན་གསོག་སྒར་སློབ་གྲའི་སྒྲིགས་གཞི་དེ་དམག་མིའི་སྒྲིགས་གཞི་ཡིན་ལུགས་བཤད་ཡོད་ལུགས་ཐོས་མྱོངས། གང་ལྟར་མི་དེ་རིགས་ཀྱི་རང་རིགས་སྤྱི་ཚོགས་ལ་སྨན་པའི་ལས་ཀ་ཞིག་བྱས་མེད་ལ་མ་འོངས་པར་ཡང་བྱེད་ཀྱི་མ་རེད་ཏོ།
ཧོར་གཙང་དེ་ཧོར་གཙང་འཇིགས་མེ་ལ་བཟོ་བཅོས་གནང་རོགས།
དཀྲུག་ཤིང་ལ་གསལ་བཤད་ཡག་པོ་བྱས་འདུག བཀའ་ལས་སྐྱོན་པར་ཐུགས་རྗེ་ཆེ།
མི་རྒན་གོ་མེད། མི་གཤིས་རྩུབ་པོ། འཁྲུག་པ་ཚ་བོའི་གསར་འབྱོར་དེ་ཚོ་དག་དག་བཟོ་ཡ་ལ་མི་ཞེད་སྣང་ཚ་པོ། བལྟས་ན་རྫིག་པོ། གླེན་རྟགས་ཚ་པོ། རང་བྱས་ཚང་མ་དྲང་པོར་རློམ་མཁན་ཞིག་བཙལ་དགོས་བའི་བཀའ་གྲོས་བྱུང་བ་དང་གསོག་སྒར་སློབ་གྲྭའི་སློབ་སྤྱི་ལ་མི་དེ་འདྲ་ཞིག་བཙལ་བ་རེད། དེ་ནས་ག་རེ་བྱས་ཡོད་མེད་མི་ཤེས།
ཨ་ཧ། ངེས་པོ་རྒྱལ་མཚན་ལགས། ཁྱེད་ཀྱིས་སྐུ་ངོ་ཉི་བཟང་ལ་བསྟོད་པ་རྒྱག་དུས་ཁྱེད་རང་ཡང་དྲང་པོ་ཞིག་གཏན་ནས་རེད་མི་འདུག སྐུ་ངོ་ཁོ་རང་ག་འདྲ་ཡོད་མེད་ཁོང་གི་བུ་ལ་ལྟོས་ན་ཤེས་ཐུབ། ར་ཇི་པུར་ས་སྐྱ་ཆོས་ཚོགས་ཀྱི་མོ་ཊའི་ཁ་ལོ་པ་ཞིག་ལ་སྐུ་ངོ་སྨན་ཁང་དུ་སྐྱེལ་རོགས་ཞེས་ཁོ་རང་ཚོས་རེ་བ་བྱས་ནས་རྗེས་སུ་མོ་ཊ་ཕྲན་བུ་བརྡབ་སྐྱོན་ཤོར་བ་ལ་ཁོང་གི་བུས་ཁ་ལོ་པ་ཉམས་ཆུང་དེ་ལ་གྲི་བཙུགས་ནས་གསོད་གྲབས་བྱས་པ་རེད། གལ་ཏེ་ཁ་ལོ་པས་ཁྲིམས་ཐོག་སྐྱེལ་རྩིས་མ་བྱས་ན་སྐུ་ངོ་གིས་ཡ་མེད་གཏོང་རྩིས་བྱས་ཀྱང་ཁྲིམས་ཁང་གི་རྙོགས་ཁྲ་ལ་འཇིགས་ནས་རྒུན་གསབ་ཕྲན་བུ་ཞིག་སྤྲོད་དགོས་བྱུང་འདུག གང་ལྟར་ཁྱེད་ཀྱིས་ཧོར་གཙང་ལ་ཇི་ཙམ་སྨད་ཀྱང་ཉི་བཟང་ལ་བསྟོད་མཁན་ཞིག་ཡིན་ན་ཚར་ཚར་བ་རེད། དེ་ག་རང་ནས་འདོད་པ་ཁེངས་སོང་། བཀྲིས་བདེ་ལེགས།
གནམ་གྱིས་སྐད་ཆ་གནམ་འདྲ་བ་ཞིག་བཤད་འདུག བོད་ནས་འབྱོར་ནས་ཉུང་མཐར་ལོ་གསུམ་གྱི་རིང་མིའི་མཚན་ཉིད་ཚང་གི་མེད་པ་སུས་ཀྱང་ཁས་ལེན་དགོས་པ་རེད།
ཅིག་ཅིག་ལ་སྡང་གི་མ་ཟེར་ཨ། འདི་བདེན་མིན། རྡ་སའི་ཡུལ་མི། བེ་ལ་ཀུ་པི་ཡུལ་མི། ཧོབ་ལི། མེ་སུར་སོགས་བོད་པ་དང་འབྲེལ་ཅན་གཞན་ལ་དྲིས་ཤིག
ཨ་རོགས་ཆ་བོ་ད་ཁ་ལ་ཚོད་འཛིན་བྱེད་རན་མ་རེད་པས།
སྐུ་ངོའི་ནང་ན་མི་དཀོན། བཙན་བྱོལ་ནང་ན་ཁྱི་མང་།
སྐུ་ངོ་ཞེས་པའི་ཚིག་གི་དོན་ག་རེ་རེད། སྐུ་ངོ་མ་ཟེར་འདོད་པ་མ་རེད་པེ། སྐུ་ངོ་དང་སྟུ་ངོ་གཉིས་གཅིག་པ་ཡིན་ས་རེད་འདུག་གོ །ཧ་ཧ། ཧོ་ཧོ།
སྐུ་ངོ་ལགས། སྐྱག་པ་ཟོ། ཟེར་ན་སུ་དང་སུ་ལ་གནོད་དམ། ཧཧཧཧཧ།
ཀརྡོ་ལགས། སྐུ་ངོ་ལགས་སྐྱག་པ་ཟོ། ཟེར་ན་རང་གིས་སྐད་ཆའི་དམིགས་ས་དེའི་སེམས་ལ་གནོད་སྲིད། གཞན་དུ་ན་རང་གཞན་མི་བུ་ཐམས་ཅད་སྐུ་ངོ་ཡིན་པས་གནོད་པའི་ས་མཚམས་མེད།
ང་མི་བུ་ཡིནད་ཀྱང་། ང་སྐུ་ངོ་མིན་ནོ། ང་སྐུ་ངོ་མ་དུས་ནམ་ཡང་བྱེད་འདོད་མེད་དོ། ང་ལ་སྐུ་ངོ་ཟེར་ནས་ང་ལ་བསྟོད་སྨད་གང་དུ་འགྲོ་བར་མི་ཤེས་པས། བསྟན་འཛིན་ལགས། ཁྱེད་རང་ཡང་། དངོས་གནས་སྐུ་ངོ་མ་ཡིན་པེ། !!!???!!! ཁྱེད་རང་སྐུ་ངོ་མ་ཡིན་ན། སྐུ་རྫུན་མ་དེ་སུ་རེད། ་་་ལོ་རྒྱུས་ངན་པ་ཡོད་ས་རེད་འདུག་གོ །
མ་སྔོགས།
ཧོང་གཙང་གི་ སྐྱང་ཚང་། མ་སྔོགས།
སྐུ་ངོ་ཡི་ སྟུ་ཚང་། མ་སྔོགས།
ལྷ་ལྕམ་གྱི་ གཡོ་ངོ་། མ་སྔོགས།
ལས་བྱེད་ཀྱི་ རུལ་སུངས། མ་སྔོགས།
དྲ་གྲོགས་ཚོས་དགོངས་ཚུལ་གནང་བ་ཐུགས་རྗེ་ཆེ།
གནམ་ལ་མགོ་གྱོན་ནས་སྤྲིན་པས་ཨོ་སྒྲོག་རྒྱག་མཁན་བསམ་གཏན་མིང་ལགས་སྐུ་ངོ་མཆོག་ལྐུགས་པ་ཨུ་ཚུགས་ཡིན་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། སྐུ་ངོ་བྱམས་པ་ལགས་བགྲེས་ཡོལ་དུ་ཕེབས་རྗེས་སློབ་གྲྭའི་ཁོར་ཡུག་གང་ཅིའི་ཐད་ནས་སྐྱོ་རུ་ཕྱིན་པ་ཁྱེད་ཀྱིས་མི་ཤེས་སམ། དཔེར་ན་འཛིན་གྲྭ་བརྒྱད་པར་ཟླ་ཤས་དགེ་རྒན་མེད་པར་སློབ་མའི་དུས་ཚོད་འཕྲོག་བརླག་ཏུ་ཕྱིན་པ་དེ་ཤེས་སམ། ཕྱི་རྒྱལ་གྱི་རོགས་སྐྱོར་བ་ཚོས་གསར་འབྱོར་བ་ཚོར་བོད་ཀྱི་ལོ་གསར་གཏོང་བྱེད་ལོ་གསར་གོང་ལ་ཧོན་སྒོར་ ༢༠༠ སྤྲད་ཀྱི་ཡོད་ཀྱང་སྐུ་ངོ་མཆོག་བགྲེས་ཡོལ་ལ་ཕེབས་རྗེས་རིམ་པས་དེ་དག་ཁོང་ཚོས་བཀག་འགོག་བྱས་པ་དེ་རིགས་ཤེས་སམ།
མང་ཐོས་མིང་ཅན་ལགས། དབུས་གཙང་བས་ཁམས་པའི་མི་ལ་སྐྱོན་ཡོད་ན་དེར་སྐྱོན་བརྗོད་བྱས་ན་ཆོལ་ཞེན་སོགས་གང་ཡང་མ་རེད། ཁམས་པའི་མི་ཞིག་ལ་སྐྱོན་མེད་བཞིན་དུ་དབུས་གཙང་བས་སྐྱོན་བརྗོད་བྱས་ན་དེ་ཆོལ་ཞེན་ལས་འོས་གཞན་མེད་དོ། དེས་གཞན་རྣམས་ལ་རིགས་བསྒྲེ།
ཨོ་རྡོ་མིང་ཅན་ལགས། སྐུ་ངོ་ཉི་བཟང་གི་བུ་ཡག་པོ་མེད་པའི་རྒྱུ་མཚན་གྱི་སྐུ་ངོ་ལགས་ཡག་པོ་མེད་པ་གྲུབ་མི་ཐུབ། པཱ་ཕ་འདྲེ་པོ་དེ་འདྲར་ཕྲུ་གུ་ཧ་ཅང་གི་ཡག་པོ་ཡོད་པ་དེ་འདྲ་ང་ཚོས་མིག་མཐོང་ལག་ཟིན་ཡིན། པཱ་ཕ་ལྷ་འདྲ་བོ་དེ་འདྲར་ཕྲུ་གུ་འདྲེ་འདྲ་བོ་དེ་འདྲ་བྱུང་གི་ཡོད།
སྐུ་ངོ་བྱམས་པ་དང་གཉེར་པ་གཉིས་ཀྱིས་སློབ་གྲྭའི་དངུལ་གྱི་མང་ཐ། ད་མི་བཤད།
༡༦༽ མཚོ་མོ་རང་ཁྱིའི་ནང་ནས་གཅིག་མིན་པར་ཤོག
པཱ་ཕ། ལ། ཕ་ཕ་དང་ཨ་ཕ་འབྲི་དགོས། ཕ་ལགས་སོགས་ལ་འ་འོག་ཏུ་བྲིས་ན་ནོར་བ་རེད།
དྲྭ་གྲོགས་ཚོས་འཁྲུག་པ་རྒྱགས་ཞོར་དུ་གཟིགས་རོགས་ལར་ཞེན་ཡོད་ན་འདི་ལ་བལྟས།
རང་ལུས་མེར་བསྲེཊ་གནང་འདུག
འདོན་སྤེལ། ༢༠༡༢/༡༠/༠༦
ད་ལྟ་རིང་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྔ་དྲོའི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་མདོ་སྨད་གཙོད་གྲོང་ཁྱེར་ཉེ་ཁུལ་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ། གཙོད་རྫེ་རོ་སྡེ་བའི་སྐྱེས་པ་རང་ལོ་ ༢༧ ཡིན་པའི་སངས་རྒྱས་རྒྱ་མཚོ་ཞུ་བ་ཁོང་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་སྐུ་གྲོངས་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྐུ་ཕུང་བདག་ཉར་གནང་སྟེ་གྲྭ་མང་འདུ་འཛོམས་ཀྱིས་སྨོན་ལམ་གསུང་བཞིན་ཡོད་འདུག
སངས་རྒྱས་རྒྱ་མཚོ་ལགས་ཀྱི་ཕ་མིང་ལ་མགོན་པོ་དོན་གྲུབ་དང་མ་མིང་ལ་མགོན་པོ་འཚོ་ཟེར་ཞིང་། ཁོང་ལ་བྱིས་པ་གཉིས་ཡོད་ཅིང་། བུ་རྡོ་རྗེ་དོན་གྲུབ་ལོ་ ༧ དང་། བུ་མོ་ཏིང་འཛིན་འཚོ་ལོ་ ༦ བཅས་ཡིན་འདུག
ཤོག་ངོས་འདི་ཐེངས་ ༢༡༧ ལ་བཀླགས་འདུག
རིག་པ་འདོན་པ།
གཉའ་འབྲོང་ཐུ་བུ།
༢༠༡༢/༡༠/༠༦ ཉིན་འདོན་སྤེལ་བྱས།
དེ་རིང་སྟེ་སྤྱི་ལོ2012/10/6ཉིན་མདོ་ལྷོ་གཙོས་གྲོང་ཁྱེར་དང་མི་རིང་བའི་སྤྱི་ལེ་བཅུ་ཙམ་གྱི་སར་ཡོད་པའི་རྡོ་དཀར་དགོན་པའི་གཡོན་ངོས་མཆོད་རྟེན་ཉེ་འགྲམ་དུ་ཆུ་ཚོད་12ཡོལ་ཙམ་ལ་ཡུལ་ཚོ་དེའི་ན་གཞོན་སངས་རྒྱས་རྒྱ་མཚོ་ཟེར་བས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་འདུག ཁོའི་ཕ་མིང་ལ་མགོན་པོ་དོན་འགྲུབ་དང་མ་མིང་ལ་མགོན་པོ་འཚོ། སྡེ་བའི་མིང་ལ་རྫས་རུ་བ། དགོན་པ་དང་སྤྱི་ལེ་གཅིག་ཙམ་གྱི་སར་ཡོད། བྱིས་པ་ཕོ་མོ་གཉིས་ཀྱི་ཕ་དང་ལོ་ཉེར་བདུན་རེད། ཁོའི་བུའི་མིང་ལ་རྡོ་རྗེ་དོན་འགྲུབ་དང་ལོ་བདུན། བུ་མོའི་མིང་ལ་ཏིང་འཛིན་འཚོ་ལོ་དྲུག ༼ངའི་གླེང་མོལ་ནང་བོད་ནས་བཏང་སོང་ངསངས་ཁོང་ཚོའི་བདེ་འཇགས་ཆེད་ཁ་བརྡ་བྱས་མེད།༽
གཟུ་གནས་བློ་ལྡན།
༢༠༡༢/༡༠/༠༦ ཉིན་འདོན་སྤེལ་བྱས། ངོ་མཚར་ཆེའོ་ཁྱེད་ཀྱི་སྙིང་སྟོབས་དེ། །གཟི་བརྗིད་ཆེའོ་ཁྱེད་ཀྱི་དཔའ་ཉམས་དེ། །ལ་རྒྱ་ཆེའོ་ཁྱེད་ཀྱི་བློས་གཏོང་དེ། །༸ཡིད་བཞིན་ནོར་བུས་ཁྱེད་ཉིད་དྲང་དུ་གསོལ། །
ད་ནི་བོད་ནང་རང་ལུས་མེ་བསྲེགས་གཏང་མཁན་ཚོ་ལ་སྨོན་ལམ་ཞིང
རྒྱབ་ན་ཕན་པ་ཆེ་བ་འདུག
སྐུ་ངོ་ཁྱི་འདྲ་བ་དེས་གསར་འབྱོར་སློབ་མའི་ཟུངས་ཁྲག་འཇིབས་ནས་ཁ་རྒྱབ་ཟོས་པ་རེད། ངས་པོ་ལགས སྐྱགས་དྲི་ཁ་བའི་སྐད་ཆ་མ་བཤད་ན་ཡག་ལོ།
ཀརྡོ་ལགས། ཁྱེད་མི་བུ་ཡིན་ཡང་སྐུ་ངོ་མིན་གསུངས། འོ་ན་ཁྱེད་རང་སྐུ་རྫུན་མ་ཡིན་ནམ། ང་ནི་སྐུ་ངོ་ཡིན་དང་ཡིན། ཕྲན་ནི་ང་རང་གི་སྐུ་ངོ་མ་དེ་ཡིན། ང་རང་གི་བདག་གཞི་ཕུང་པོ་ལ་བརྟེན་ནས་བཏགས་པའི་ང་འཁྲུལ་མེད་དེ་རང་ཡིན། སྐུ་རྫུན་མ་ནི་སྤྲུལ་པའི་སྐུ་དེ་ཚོ་རེད། རེ་འགའ་ལྷར་སྤྲུལ། རེ་འགའ་ཀླུར་སྤྲུལ། རེ་འགའ་འདྲེར་སྤྲུལ་པ་སོགས་བོད་པ་ཚང་ལ་སྐུ་རྫུན་མང་ལེ་རེད།
སྐུ་ངོ་ཟེར་བ་འདི་ཆེས་བློ་ངོར་མི་བདེ་བའི་ཚིག་ཅིག་རེད།
ཕལ་ཆེར་ཚིག་འདིའི་ཡོང་ཁུངས་བྲན་གཡོག་སྤྱི་ཚོགས་ནས་བྱུང་བའི་རྒྱུ་མཚན་གྱིས་ཡིན་པ་འདྲ།
སྐུ་ངོ་ཞེས་པའི་ཚིག་འདི་སྔར་བོད་ཀྱི་སྐུ་དྲག་མ་རབས་ཀྱི་རང་གི་ཆུང་མ་མ་རབས་དེས་རང་གི་ཁྱོ་གར་ཁྱོད་རང་སྐུ་ངོ་མ་དེ་རེད་ཅེས་པས། སྐུ་ངོ་ཞེས་ཆགས་པ་མིན་ནམ་སྙམ་མོ། །ཤུགས་ལ་སྐུ་རྫུན་མའི་སྐོར་འབྲི་མི་ཕོད་དོ། །
སྐུ་ངོ་མ་རེད། ལས་བྱེད་རེད། ཡང་ན། མི་མངས་གཡོག་པོ་རེད།
བསམ་གཏན་ཟེར་བའི་མི་ངན་ཁྱོད་ལ་སྐུ་ངོ་མཆོག་གིས་ཟུངས་ཁྲག་འཇིབས་པའི་རྒྱུ་མཚན་ཞིག་དྲོངས་དང་།
དེ་མིན་དགོས་མེད་ཀྱི་གཏམ་འཆལ་ཞེ་དྲགས་མི་བཤད་བཟང་།
ག་རེ་སྐུ་ངོ། ལྕགས་ཤོག་སློབ་གྲའི་འགན་འཛིན་ངོ་བག་མཐུག་པོ་དེ་ལ་ཞེ་ས་སྦྱར་བ་སྤྱང་ཀིར་རྣ་ཚར་རེད།
ངས་པོ་རྒྱལ་མཚན་ཁྱེད་ཀྱིས་རྐུ་ངོའི་སྐྱག་ཁུངས་ལྡག་དགོས་དོན་ཅི་རེད།
བཀྲིས་རྣམ་རྒྱལ་ཞེས་པའི་ཁ་བཀྲིས་པ་ཁྱེད་ཀྱི་ག་རེ་ཟེར་གྱི་ཡོད་མེད་བདག་གིས་ཧ་གོ་མ་སོང་།
ཕལ་ཆེའི་ལྟས་ཕྲུག་ཁྱེད་ཚོའི་བདེན་གཏམ་ཉན་པའི་རྣ་བ་སྐྱག་པ་འགག་ཡོད་ས་རེད་པ། ཧ་ཧ་ཧ།
ངས་པོ་རྒྱལ་མཚན་ལགས། དྲང་ཚུགས་དང་ངོ་ཚ་མེད་པའི་མི་ལ་སྐད་ཆ་བཤད་པ་ནི་སྐྱག་པར་ལག་པ་འཆང་པ་དང་གཅིག་པ་རེད། མི་དེ་ཚོའི་གྲས་ལ་རང་ཉིད་ཀྱི་ཁེ་ཕན་དེ་མ་ཐོབ་ཚེར་ལྷག་བསམ་དང་རྒྱུ་འབྲས་ཟེར་ས་མེད་པ་རེད། དེ་ནི་དེང་སང་བོད་ཡིག་ཤེས་མཁན་ཅུང་མང་ཡང་བོད་མི་རིགས་ཀྱི་མི་གཤིས་མེད་པའི་མི་ནི་ཉིན་རེ་བཞིན་ཇེ་མང་རེད།
ཧ་ཧ་ཧ་་་་་་་ངས་པོ་རྒྱལ་མཚན་གྱི་སྐད་ཆ་བཤད་སྟངས་ལ་ལྟོས་དང་། མི་འདི་འདྲ་ལ་མི་གཤིས་ཡག་པོ་ཞིག་དང་དྲང་ཚུགས་ཞིག་ཇི་ལྟར་ཡོད། མི་ཚེ་གང་བོར་གཞན་གྱི་རྐུབ་གདག་མཁན་གྱི་གྲས་ཞིག་ཡིན་པ་འདྲ་་་་་
ཁ་ལ་རབ་གནས་མི་ཕོག་པ་ཁྱོད་ཀྱི་ཅི་ཟེར། གཏམ་ཨ་ཕས་གཏོང་རྒྱུ་ཨ་མས་། ཁྱི་བདག་པོས་བཀག་རྒྱུ་འགྲོན་པོས་ཡོང་།