གཡུང་དྲུང་བློ་གྲོས།
རང་རེའི་ཁ་བ་ལྗོངས་ཀྱི་ཡུལ་འདིར་གནའ་དེང་ལོ་སར་གཏོང་སྲོལ་མི་འདྲ་བ་འགའ་འདུག ཡིན་ཡང་གནའ་བོའི་དུས་སུ་བོད་ཀྱི་ལྷོ་རྒྱུད་ཕྱོགས་སུ་ཁམ་སྡོང་ལ་མེ་ཏོག་ཤར་བ་དང་། དབྱར་དགུན་གཉིས་ཀྱི་དབྱེ་མཚམས་འཛིན་ཏེ། དཔྱིད་ཀྱི་དུས་ཆེན་གཏོང་སྲོལ་བྱུང་བ་དེ་ནི་བོད་ཀྱི་ལོ་གསར་གཏོང་སྲོལ་ཐོག་མ་དེ་ཡིན་པར་བཤད། དེ་ལ་སོ་ནམ་ལོ་སར་རམ་འབྲུ་མ་རྨོས་ལོ་སར་ཡང་ཟེར། དུས་ཚོད་ནི་ད་སྐབས་ཀྱི་ཧོར་ཟླ་བཅུ་གཉིས་པར་ཁེལ་གྱི་ཡོད། འབྲུ་མ་རྨོས་ལོ་སར་གཏོང་མཁན་ཁམས་དང་ཨ་མདོ། མངའ་རིས། ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བོད་རིགས་ཀྱི་ས་ཁུལ་འགའ་ཤས་ཤིག་ནང་རྒྱུད་འཛིན་བྱེད་མཁན་འདུག
ཕྱི་ནང་དུ་གནས་པའི་བོད་རིགས་མང་ཤོས་ཞིག་གིས་ཧོར་ཟླ་དང་པོའི་ནང་ལོ་གསར་གཏོང་གི་འདུག དེ་དག་གིས་ཧོར་ཟླ་དང་པོའི་དགའ་སྟོན་རོལ་བའི་རེ་སྒུག་ཆེན་པོ་ཞིག་བྱེད་སྲོལ་ཡོད་ཀྱང་། ཧོར་ཟླ་དང་པོའི་ལོ་སར་དེའི་ནང་དོན་རྟོགས་མཁན་ཧ་ཅང་ཉུང། མི་མང་པོ་ཞིག་གིས་ཧོར་ཟླ་དང་པོ་འདི་བོད་ཀྱི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ཤག་བྱེད་ཀྱི་འདུག དེ་ལ་རེ་སྒུག་དང་གྲ་སྒྲིག་རྒྱས་བཤམས་སོགས་བྱེད་པར་རྒན་གཞོན་ཆུང་གསུམ་ཚང་མ་དགའ་སྤྲོས་ངང་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཟླ་ཕྱེད་ཙམ་འདས་ཀྱི་ཡོད། ཁྱེད་རྣམ་པས་ཧོར་ཟླ་དང་པོའི་ལོ་སར་ལ་དགའ་དགོས་པའི་རྒྱུ་མཚན་ཨེ་ཤེས། ཡང་ན་རྨོངས་དད་ཀྱི་མུན་ཁྲོད་དུ་ལོང་འགྲོས་བྱེད་ཀྱི་ཡོད། ཡང་ན་ཤེས་བཞིན་དུ་བོད་ཡུལ་ཁྲག་ལ་སྦྱོར་ཅིང་ཕ་མེས་དམར་གསོད་བྱས་པའི་དུས་ངན་གྱི་དུས་ཚིགས་ལ་དགའ་སྟོན་བྱེད་ཀྱི་ཡོད།
ཧོར་ཟླ་ཟེར་བའི་ལོ་སར་འདི་བོད་མི་རིགས་ལ་མཚོན་ན་ལྟས་ངན་པ་དང་ཡིད་སྐྱོ་དགོས་པའི་དུས་ཚེས་ཞིག་རེད། སྤྱི་ལོ་༨༤༡ ལྕགས་བྱ་ལོར་ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་འུ་དུམ་བཙན་པོར་ལྐོག་མདའ་བརྒྱབ་ནས་བཀྲོངས། དེ་ནས་བཟུང་བོད་སྤྱི་ལ་དབང་བའི་རྒྱལ་པོ་མེད་པར་གྱུར་ནས་བོད་ཁམས་སིལ་བུར་འཐོར། དེ་ནས་ལོ་༣༧༥ རྗེས་སུ་ཧོར་དམག་གིས་བོད་ལ་ཟ་ཁ་གཏད་ནས་བཀྲ་མི་ཤིས་པའི་དུས་ཚིགས་དེ་མགོ་ཚུགས་པ་རེད།
གུ་ཤྲི་བ་བློ་བཟང་ཚེ་དཔལ་གྱིས་མཛད་པའི་{{ཧོར་ཆོས་འབྱུང་ལས}}བོད་ཀྱི་ཤར་ཕྱོགས་ས་ཁུལ་ཁམས་མི་ཉག་གི་ཡུལ་དུ། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་རང་ལོ་ང་ལྔ་རབ་བྱུང་བཞི་བའི་མེ་བྱི་༡༢༡༦ ལོའི་རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་དེའི་དུས་སྐབས་དེར་བོད་མི་དམར་གསོད་ཚད་ལས་བརྒལ་བ་བཏང་ཞིང། བོད་ཡུལ་དམར་གསོད་ཆེན་མོའི་དུས་སྐབས་ཀྱང་ཟེར།
རབ་བྱུང་བཞི་པའི་མེ་ཕག་༡༢༢༧ ལོའི་རྒྱ་རྩིས་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ་ཟླ་བ་གསུམ་པའི་ནང་མི་ཉག་གི་རྒྱལ་ཐོག་དགུ་པ་རྡོ་རྗེ་དཔལ་ལམ་སོག་སྐད་དུ་ཐོ་ཅེལ་ཞི་དུར་གུ་ཏ་གན་ཟེར་བ་བསད་ནས་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་བརྩིས་ཏེ་ལོ་མགོར་བསྒྱུར་བ་ནས་བཟུང་ཧོར་ཡུལ་དུ་ལོ་མགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་བ་རེད།
མི་ཉག་རྒྱལ་པོའི་རྒྱལ་ས་ཐ་མ་ནི་ལྒ་ཅུ་སྔོན་མདོ་ཡིན། ཆུ་ལ་མི་ཉག་སྐད་དུ་སུ་ཅུ་ཟེར། ཆུ་བོ་འདུས་མདོ་ལ་ཅུ་སྔོན་མདོ་ཞེས་པ་དང་ད་ལྟ་ཁམས་མི་ཉག་ལ་མང་པོ་ཡོད། ལྒ་ནི་བོད་ཀྱི་རུས་ཆེན་ལྒ་ལས་མཆེད་པའི་མི་ཉག་གིས་ཡུན་རིང་བཟུང་བའི་ཡུལ་ལ་རུས་མིང་གིས་དེ་སྐད་གྲགས། མདོ་སྟོད་ཁམས་ཀྱི་མི་ཉག་རྒྱལ་པོའི་རྒྱལ་ས་ནི་དར་རྩི་མདོ་སྟེ། མི་ཉག་སྐད་དུ་དར་ནི་གོས་དར་དང་རྩི་ནི་སྨན་གྱི་དོན་ཡིན་པས། རྒྱ་བོད་བར་གོས་དར་དང་སྨན་རྩྭ་བརྗེ་རེས་བྱ་བའི་མདོ་ཡིན་པས་དེ་སྐད་གྲགས།
{{དུང་དཀར་ཚིག་མཛོད་ལས།}} དེ་རྗེས་སྤྱི་ལོ་༡༢༤༠ ལོར། སོག་པོ་རྒྱལ་པོ་གོ་དན་གྱིས་བློན་པོ་དོར་ལྟ་ནག་པོ་བོད་དུ་མངགས་ཏེ། མདོ་སྟོད་དང་། མདོ་སྨད། སོག་ཆུ་ཁ་རྣམས་སུ་ཡོད་པའི་བོད་མི་མཐོང་ཚད་བསད་པ་དང་། ཁང་བ་མེར་བསྲེགས་པ། རྒྱུ་ནོར་འཕྲོག་པ་སོགས་བསྲེགས་གསོད་འཕྲོག་གསུམ་བྱེད་བཞིན་དབུས་གཙང་དུ་ཐོན་ཏེ་རྭ་སྒྲེང་དགོན་པར་གནོད་པ་ཚབས་ཆེན་བཟོས། འཕན་རྒྱལ་ལྷ་ཁང་མེརབསྲེགས། ཉིན་གཅིག་ལ་གྲྭ་བ་ལྔ་བརྒྱ་ལྷག་དམར་གསོད་ཆེན་པོ་བྱས། སྟོད་ལུང་འབྲི་ལུང་དགོན་འདི་ལོ་རྒྱུས་རིང་བའི་དབང་དུ་བྱས་ན་ཐོག་མར་གཉའ་ཁྲི་བཙན་པོའི་དུས་སྐབས་སུ་ཕྱག་བཏབ་པ་ཞིག་ཡིན།
ཁྱད་པར་དུ་ལོ་རྒྱུས་སྨྲ་བའི་དབང་པོ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གི་ཚིག་མཛོད་ཆེན་མོ་ལས། “ཞང་སྟོན་མཆོད་ཁང་། སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་ཁོངས་ཞང་སྟོན་གྲོང་ཚོའི་ལྷོ་ངོས་རི་ལྡེབས་སུ་མཆོད་ཁང་ཞེས་པའི་གྱང་རོ་ཆེན་པོ་ཞིག་ཡོད་པ་དེ་ནི་གནའ་དུས་གཉའ་ཁྲི་བཙན་པོའི་སྐུ་དུས་སུ་བྱུང་བའི་བོན་གྱི་ཤེས་པ་ཅན་བཅུ་གཉིས་གྲས་མཁས་པ་སྨེའུས་(རྨེའུས)ཕྱག་བཏབཔའི་སྟོད་ལུང་ཞང་སྟོན་འཕགས་པའི་གདན་ས་ཞེས་པ་དེ་ཡིན། ཞེས་གསལ་འདུག
རྗེས་སུ་སོག་བློན་དོར་རྟ་ནག་པོས་གཏོར་བརླགས་བཏང་འདུག བོད་ཁམས་ཡོངས་སུ་དགོན་པ་དང་སྡེ་གྲོང་ཧ་ཅང་མང་པོ་བསྲེགས་གཏོར་དང་སྐྱ་སེར་རྒན་གཞོན་བྱིས་པ་དང་བཅས་པ་བསྲེགས་གཏུབས་ཀྱིས་བོད་ཡུལ་ཕྱེད་བརླགས་ཏུ་བཏང་ནས་ཡ་ང་བའི་གནས་སྟངས་དེའི་ནང་། སྡོད་གནས་ཀྱི་མཁར་དང་འཚོ་རྟེན་གྱི་ས་ཞིང་ཕྱུགས་སོགས་ཚང་མ་ལ་ཧོར་དམག་གི་འཇིགས་པ་བྱུང་ནས་མུ་གེ་ཆེན་མོ་ཤར་ཞིང་མི་རྣམས་ཀྱི་སོག་ཚིག་དང་ཀོ་བ་སོགས་ཟ་དགོས་པའི་གནས་སྟངས་སུ་གྱར་འདུག
དེ་རྗེས་སྤྱི་ལོ་༡༢༥༣ ལོར་ཀུབ་ལའི་ཁཱང་གིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་བོད་ཆོལ་ཁ་གསུམ་མངའ་རིས་དང་བཅས་པ་ཕུལ་རྗེས་བོད་དུ་ས་སྐྱས་དབང་བསྒྱུར་བྱས་པ་ནས་བཟུང་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་བརྩི་དགོས་པའི་བཀའ་ཕབ་སྟེ་བོད་ཀྱི་ལོ་གསར་ཧོར་ལུགས་ལྟར་གཏོང་སྲོལ་འདི་བྱུང་བ་ཡིན། བོད་དབུས་གཙང་སོགས་ས་ཁུལ་མང་ཆེ་བར་ཧོར་ཟླ་དང་པོ་ལ་ལོ་མགོ་བཟུང་ནས་ལོ་གསར་གཏོང་སྲོལ་ཡོད། དེ་ནས་བཟུང་རིམ་བཞིན་མདོ་དབུས་ཁམས་གསུམ་ས་ཁུལ་མང་ཆེ་བའི་ནང་ཧོར་ཟླ་དང་པོ་ལ་ལོ་སར་གཏོང་སྲོལ་གྱི་གཤིས་ངན་རྒྱུན་འབྱམས་སུ་སོང་བ་རེད།
དུས་ཡུན་གང་འཚམས་སོང་རྗེས་ཧོར་ཟླ་དང་པོའི་ལོ་གསར་འདིའི་བྱུང་རིམ་བོད་མི་མང་པོ་ཞིག་གིས་ཤེས་ཀྱི་མེད། ཡག་ཉེས་ཀྱི་ལོ་རྒྱུས་ཅི་ཡང་ཧ་མི་གོ་བར་རྨོངས་འགྲོས་ཀྱིས་ཧོར་ཟླ་དང་པོ་འདི་བཀྲ་ཤིས་པའི་དུས་ཚིགས་ཞིག་ལ་ངོས་འཛིན་བྱེད་མཁན་ཡང་མང་པོ་འདུག
ཧོར་ཟླ་དང་པོ་འདི་བཀྲ་ཤིས་པའི་དུས་བཟང་ཞིག་མ་རེད་། བོད་ཡུལ་ལ་སོག་པོས་ཁྲག་གི་འཁོར་ལོ་བསྐོར་ནས་བོད་ཤར་ཕྱོགས་ཀྱི་མངའ་སྡེ་ཞིག་བཅོམས་ཤིང་ཁོ་ཚོ་ལ་རྒྱལ་ཁ་ཐོབ་པའི་དགའ་སྟོན་རྟེན་འབྲེལ་བྱས་པའི་ཉིན་མོ་ཞིག་རེད། དེ་ང་ཚོ་བོད་པ་ཚང་ལ་མཚོན་ན་ལྟས་ངན་གྱི་དུས་ངན་ཞིག་ལས་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོ་ཞིག་མ་རེད། ལེགས་ཉེས་མི་ཤེས་པའི་བོད་མི་དག་ལ་བདག་གི་བསམ་དཀར་གྱིས་དགྲ་གྲོགས་ལེགས་ཉེས་མི་འཛུར་བའི་ཕྱིར་དུ་བྲིས་པ་ཡིན།།
དྲ་མིང་ཁ་བའི་ཡུལ་གྱར་བའམ། དངོས་མིང་གཡུང་དྲུང་བློ་གྲོས་ཀྱི་སྤྱི་ལོ་༢༠༡༥ ལོའི་ཟླ་བ་༢ པའི་ཚེས་༥ ཉིན་བྲིས།
བྱས་ན་བོད་ཀྱི་ལོ་གསར་ག་དུས་རེད་དམ། བོད་ཟླ་དང་པོ་ག་དུས་འགོ་བཙུགས་ཀྱི་ཡོད་རེད་དམ། གསལ་པོ་གསུང་ན་ཕན་པོ་ཡོང་བ། ངས་ནི་ལོ་རྩིས་སྐོར་ཅི་ཡང་མི་ཤེས། ཧོར་ཟླ་ཟེར་བ་འདི་སྐབས་རེ་ལ་རྒྱ་གར་བའི་སྐད་ཡིན་པའི་ཟོལ་འདྲ་ཞིག་ཀྱང་འདུག བདུན་ཕྲག་ལ་རྒྱ་གར་བས་ཧོར་ཟླ་འདྲ་ཞིག་ཀྱང་ལབ་ཀྱི་རེད།
བོད་བཙན་པོའི་དེང་རབས་ཀྱི་ནང་དུ་ལོ་གསར་ག་དུས་བཏང་གི་ཡོད་པ་རེད་དམ། ཤེས་ཀྱི་ཡོད་ན་གསུང་རོགས།
རྩོམ་མཁན་དེ་བོན་ཡིན་ནམ་བན་དེ་བ་གང་ལྟར་གནད་ལ་ཁེལ་བའི་དཔྱད་པ་བྱས་འདུག ཧོར་ཟླ་དང་པོའི་ཚེས་གཅིག་ནས་དགེ་ལྡན་སྨོན་ལམ་ཆེན་མོ་དང་བླ་རུང་རིག་འཛིན་འབུམ་ཚོགས་གཏན་ཁེལ་བྱས་པ་ཡང་གཏན་འགག་ཆེན་པོ་ཞིག་རེད་དྲན། དེས་ན་བོད་ཀྱི་ལོ་གསར་ལ་སྤྱི་མཐུན་ནས་འགྱུར་བ་གཏོང་ན་ཤིན་ཏུ་ལེགས་སོ།།
བོད་ཀྱི་ལོ་གསར་གྱི་ཟླ་བ་དང་པོའི་མིང་ཡང་། ཧོར་ཟླ་དང་པོ་ཟེར། ཆོལ་ཁ་གསུམ་ཟེར་བའི་ཆོལ་ཁ་དེ་ཡང་བོད་སྐད་མིན་པར་སོག་སྐད་ཡིན་པར་བཤད།
ཧོར་ཟླ་དང་པོའི་ཚེས་འགོ་དུས་བཟང་མིན་པའི་སྒྲུབ་བྱེད་ནི་གཅིག་ལ་མི་འདུག། ཧོར་རྩིས་མ་ཤེས་ན་དེ་འདྲ་ཞིག་ག་ལ་མཁྱེན། རྩིས་ཟེར་བ་དང་། བཙན་འཛུལ་དང་ཁྲག་སྦྱོར་ནི་དེ་འདྲ་རེད། དུས་བཟང་ལ་བྱུང་མི་ཆོག་པ་དང་ཚེས་ངན་རྐྱང་ལ་བྱུང་དགོས་བ་ཞིག་ག་ལ་ཡིན།
ཟླ་རྩིས་ཡར་ངོ་དང་མར་ངོའི་འཕེལ་འགྲིབ་ལ་དུས་བཟང་མ་བཟང་གིས་བསྒྱུར་ཐུབ་པ་ཞིག་ག་ལ་ཡིན། གང་ལྟར་འགྲོན་བསུས། གཉེན་བཀུག། ཆོས་འཆད་པ་ནི་དུས་ངན་ལ་བྱེད་མི་ཆོག་དེ་འདྲ་ཡང་ཡོད་རྒྱུ་མ་རེད་འདོད།
ལོ་རྙིང་བའི་ནད་གདོན་ཐབས་ཅད་སྤུག་ནས་མེད་པར་བྱེད་པ་དང་། ལོ་གསར་བའི་ནང་ལ་ཚེ་རིང་ནད་མེད་ཡོང་བཀྲ་ཤིས་སྨོན་ལམ་འཚོག། དེ་མི་འགྲིག་པ་ཞིག་གང་ཡང་མ་མཐོང་ངོ་། ཤེས་མདོག་ཁ།
ཅོ་རི་ལེགས། །བོད་ཀྱི་བཙན་པོའི་སྐབས་སུ་ད་ལྟའི་ཧོར་ཟླ་འདི་ལ་ལོ་གསར་བྱས་པ་ཡང་ཡོད་པར་སྣང་བས་ཁྱད་པར་ཆེར་མེད་སྙམ། རང་བཙན་མཁན་པོ་ཁྱོད་པ་བོད་ཀྱི་རྟེན་འབྲེལ་ལོ་གསར་ངོ་སྤྲོད་ཞུ་ན། ཕྱི་ལོ་1732ལོར་དབོན་ཀརྨ་ངེས་ལེགས་ཀྱི་མཛད་པའི་རྩིས་གཞུང་ཉེར་མཁོ་བུམ་བཟང་ལས། །ཁྲི་རལ་ཅན་གྱི་སྐུ་རིང་ལ། །རྒྱ་བོད་ཞང་བློན་འཁྲུགས་པའི་དུས། །ལོ་སར་ཟླ་བ་ལ་བཏབ་པས། །རྒྱ་ནག་ལས་ཀྱང་ཟླ་བ་གཅིག །སྔ་བསྣུར་བྱས་ཏེ་དེ་ཡང་ནི། །རིན་ཆེན་སྤུང་དང་སྣང་གསལ་དང་། །འབྱུང་བ་ཀུན་འདུས་སྡོང་འདུས་དང་། །སྣང་གསལ་སོགས་སུ་དགུན་གྱི་ཉི། །དཔྱིར་རར་ལྡོག་པར་བཤད་ནས་ནི། །མགོ་ཟླ་སྟག་གི་ཟླ་བར་བཅོས། །ལྷ་སར་ཞིང་རྨོས་རྒྱར་དམག་བརྫངས། །དེ་དུས་བོད་རྒྱལ་དེ་ནས་ནི། །བོད་པ་ཁ་དྲོ་ཟླ་བའམ། །བོད་པ་སོ་ནམ་ཟླ་བ་ཞེས། །ཧོར་ཟླ་བཅུ་གཅིག་ལོ་ཡི་འགོར། །བཟུང་བའི་སྲོལ་འདི་བྱུང་ཞེས་སོགས། །ལུང་མང་བཀོད་པའི་བཀའ་དྲིན་མཛད། །ཞེས་གསུངས་སོ། །ཐང་ཡིག་ཏུ། །ཕྱི་ལོ་763་ཆུ་ཡོས་ལོར། རྒྱ་ཟླ་༡༠་བར་བོད་དམག་ཁྲི་ཉི་ཤུ་ཁྲང་ཨན་དུ་ཕབས། རྒྱ་ནག་གི་རྒྱལ་ས་ཤོར། བོད་དམག་གིས་ཞགས་༡༥་རྒྱལ་པོ་བྱས་པར་འཁོད་ཡོད། དེ་ཁྱོད་ཅག་བོད་པ་ལ་རྟེན་འབྲེལ་མི་ཆེའམ། རྩེད་མོ་ཞུ། །
༡ ཀོང་པོའི་ཕྱོགས་ནས་ཧོར་ཟླ་བཅུ་བའི་ནང་ལོ་སར་གཏོང་། བོད་མངའ་རིས་ཁུལ་དུ་ཧོར་ཟླ་བཅུ་གཅིག་པའི་ནང་ལོ་སར་བྱེད། གཙང་ཁུལ་དུ་ཧོར་ཟླ་བཅུ་གཉིས་པའི་ནང་ལོ་སར་གཏོང་། དབུས་སུ་ཧོར་ཟླ་དང་པོར་ལོ་སར། དེ་ལྟར་ཚང་མ་མི་འདྲ་དོན་ཡང་སོ་སོའི་ཡུལ་དུས་གནས་བབས་དང་བསྟུན་པའི་དགོས་པ་ཁྱད་པར་ཅན་ཡོད་ངེས།
༢ སྔོན་ཆོས་རྒྱལ་སྲོང་བཙན་སྐབས་ཧོར་ཟླ་བཅུ་གཅིག་པ་སྟག་གི་ཟླ་བ་ལ་ལོ་སར། ཁྲི་སྲོང་སྐབས་ཧོར་ཟླ་བཅུ་གཉིས་པ་སྐར་མ་རྒྱལ་འཆར་བའི་ཟླ་བ་ལ་ལོ་སར། ས་སྐྱ་འགྲོ་འཕགས་སྐབས་རྒྱ་ནག་གོ་ཧོང་ལི་ལ་གཏུགས་ནས་ཧོར་ཟླ་དང་པོར་ལོ་སར། བོད་སྔ་རབས་པ་སྟེ་དེ་དག་ཡར་སྔོན་གྱི་བོད་གྱི་ལོ་སར་ནི་ཧོར་ཟླ་བཅུ་གཉིས་པར་ལོ་འགོ་བཟུང་ནས་ཟླ་བ་དེའི་ཉ་སྟེ་ཚེས་བཅོ་ལྔ་ནས་ལོ་སར།
༣ དེ་ནས་ལོ་སར་གཅིག་གྱུར་དགོས་ཟེར་བ་དག་གིས་གཅིག་གྱུར་ཡོང་ས་ཨེ་རེད་བསམ་བློ་ཐོངས། གཅིག་གྱུར་དགོས་འདུག་ཟེར་མཁན་ཚོ་སོ་སོ་ལོ་ག་དུས་སར་ཀྱང་སར་ཆོག་པའི་གྲ་བ་གྲ་རྐྱང་ཁ་རྒྱགས་པ་ཚོ་རེད། གཞི་རིམ་ཞིང་འབྲོག་མང་ཚོགས་ཀྱི་གནས་བབས་ལ་བསམ་བློ་མི་གཏོང་མཁན་ཚོ་རེད། དེ་འདྲའི་འཇོན་ཐང་ཅན་ཡོད་ན་དབུས་ཀྱི་ལོ་སར་དེ་གཙང་གི་ལོ་སར་ལ་བསྒྱུར་དང་དེ་ནས་ཨ་མའི་བུ་རེད། ཡིན་ཅིག་གཞན་གྱི་ལོ་སར་ཚང་མ་དབུས་ལ་བསྟུན་དགོས་པའི་རྒྱུ་མཚན་དམིགས་བསལ་ཞིག་ཅི་ཡོད། དེ་ལྟར་བསྟུན་ཐབས་ཤིག་ཡུལ་སོ་སོའི་སོ་ནམ་ཞིང་ལས་དང་འབྲོག་ལས་དབང་གིས་དཀའ་ལས་ཁག་པོ་རེད་འདོད།
དགོངས་དག་གོང་གི་སྟག་ཟླ་ཞེས་པ་འབྲུག་གི་ཟླ་བ་ལ་བཅོས་
Two Tibetans stabbed to death in Majnu-ka-tilla
http://www.phayul.com/news/article.aspx?id=35774
འདི་ནས་ཅི་ཞིག་བྱུང་བ་རེད། ཁ་བརྡ་ཚང་དང་དུས་བབ་ཚང་། ཁ་གསལ་གོ་བདེ་འདྲ་ཡོད་དམ། དྲ་གྲོགས་ཚོ།
ཧོར་ཟླ་ཡིན་ནའང་ཡིན་དུ་ཆུགས། །
རྒྱ་ལོ་ཡིན་ནསང་ཡིན་དུ་ཆུགས། །
བོད་ལོ་མིན་ནའང་མིན་དུ་ཆུགས། །
རྒྱ་བོད་ཧོར་གསུམ་ལོ་གསར་གཅིག །
བོད་་ཟླ་དང་པོ་ལ་མཆུ་ཟླ་ཟེར་བ་རེད་།
ཤེས་ཀྱི་མེད་ན་སྨན་རྩིས་ཁང་གི་ལོ་མཐོ་ལ་གཟིགས་
གནམ་ལགས་། ཁྲག་སྦྱོར་དང་ནད་མུག་མཚོན་འཁྲུག་ས་ཆ་གང་ཞིག་ལ་བྱུང་བ་ཡིན་ན་དེར་དུས་ངན་རེད་མ་གཏོགས་དུས་བཟང་རེད་ཟེར་མཁན་གོ་མ་མྱོང། བོད་སོག་པོས་དབང་བསྒྱུར་བྱས་ནས་ཁོ་ཚོ་རྒྱལ་ཁ་ཐུབ་པའི་ཉིན་མོ་དེ་ང་ཚོ་བོད་པ་ཚང་ལ་མཚོན་ན་དུས་ངན་ལས་དུས་བཟང་ཞིག་མ་རེད། སོག་པོ་ལ་མཚོན་ན་ཁོ་ཚོ་རྒྱལ་ཁ་ཐུབ་པའི་ཉིན་མོ་དེར་དུས་བཟང་ཞིག་ལོས་ཡིན། དུས་ཀྱི་བཟང་ངན་ཟེར་བ་དེ་འཇིག་རྟེན་ཁམས་འདིར་ནད་མུག་མཚོན་འཁྲུག་གི་འཕེལ་རླབས་ཆེ་ཆུང་གི་ཐོག་ནས་བཤད་ཀྱི་ཡོད།
ལགས་སོ། ངས་ནི། དུས་བཟང་ཡིན་མིན་དེ། ཉི་ཟླ་གཟའ་སྐར་གྱི་འཁོར་འགྲོས་ལ་འབྱུང་བཞིའི་འཕྲོད་སྦྱོར་བསྡེབས་བར་ནས་དུས་གསུམ་ལ་རྩིས་རིམ་བཀོད་པ་ནས་བཤད་པ་ཞིག་ལས། མྱི་ཤི་རྟ་འགྱེད་བྱུང་བ་ལ་དུས་ངན་ཞིག་གི་རྩི་ཚུལ་ཡོད་པ་མ་ཤེས། ཡང་གཅིག་ཤེས་མདོག་བསྟན་ན། ངའི་མ་དྲིན་ཆེན་མའི་ཁ་ན། དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་་་་་་་་་་་་་་་་། ཟེར་བ་སོགས་གོ་མྱོང་།
འོ་ལགས་ཐུགས་ཆེ་གནང།་གནམ་ལགས། ད་ལྟ་དུས་ངན་ཚེ་ལོ་བརྒྱ་པའི་དུས། ཚེ་མཐར་མི་ཕྱིན་བར་ཆད་མང་བའི་དུས། ཁྱེད་ནི་རིག་འཛིན་ཚེ་ལྷའི་འཁོར་གྱི་བསྐོར། ཞེས་སོགས་དང། གཞན་ད་ལྟ་དུས་ངན་འཁྲུག་རྩོད་བྱེད་པའི་དུས། ཁྱེད་ནི་ཡིད་དམ་ཁྲོ་བོ་ཁྲོ་མོའི་བསྐོར། ཞེས་པ་ཡང་ཆོས་ཚིག་ནང་ནས་ཐོན་ཡོང་གི་འདུག།
ཉི་སྟོང་བརྒྱ་མེད་བཅོ་ལྔ་ཡི། །
ཕྱི་ཟླ་གཉིས་པའི་ཚེས་བཅུ་དགུར། །
བོད་ལོའི་ལོ་གསར་གསར་པ་ཡི། །
ལོ་གསར་ཚེས་པ་དང་པོ་ཚེས། །
དྲི་མེད་ལགས། ཞེན་ཁོག་ཆེན་པོ་འདུག་ག བོད་བཙན་་པོའི་སྐབས་སུ་ཧོར་ཟླ་ཟེར་འདི་ཅང་ཨེ་ཡོད་ན། ཧོར་ཇར་གེར་རྒྱལ་པོ་སྐྱེས་མེད་པ། ང་ཚོའི་བཙན་པོ་འུ་དུམ་མཆོག་ཕུང་འདྲེ་ཡིས་ལྐོག་མདའ་བརྒྱབ་ནས་བསད་མེད་ན་རྩྭ་ཐང་གི་ཁྱི་སྤྱང་རྒྱལ་པོའི་དབང་ཐང་རྒྱས་ཐུབ་པའི་རེ་བ་མེད་པར་རིག་པས་གྲུབ།་་ཧཧཧ
བོད་བཙན་པོའི་རྒྱལ་ཁབ་ཀྱིས་དཔའ་བོའི་བུ་ལ་སྟག་གི་ཐོག་བུ་བཏགས་དུས་དང་། སྡར་མའི་བུ་ལ་ཝ་མོའི་རྔ་མ་བཏགས་ནས་དམའ་འབོད་བྱས་སྐབས་་་་ཤར་ཕྱོགས་སུ་བོད་རྒྱལ་ཁབ་ལས་བཙན་པ་ཞིག་དང་དཔའ་བ་ཞིག་སུ་ཡང་མེད་པ། འདི་ནི་དེང་སང་སྐྱབས་བཅོལ་བ་བོད་མི་ཚོའི་སྤོབས་པ་ཡིན།་་་་་སྐུ་རྩེད་ཡིན་ད།
ཨ་ཆེན་ཧོར་གྱི་ལོ་རྩིས་དར་ནས་ལོ་ག་ཚོད་ཕྱིན་པ་རེད་དམ། ལོ་འཁོར་ཟླ་བ་བཅུ་གཉིས་རྩིས་སྟངས་ཅི་འདྲ་རེད་དམ། དུས་ཚོད་ཡོད་ན་ཁྱོད་ཚོའི་ཧོར་གྱི་ལོ་རྩིས་ཤིག་གསུང་རོགས་བྱོས། ཐུགས་རྗེ་ཆེ།
ཅོ་རི་ལེགས། ༡༽ཁྱོད་ཀྱི་ཤུགས་ཚོགས་ལ་རྒྱབ་སྐྱོར་དང་། དགའ་ལྡན་གཞུང་ལ་ངོ་རྒོལ་བྱས་པ་དེ་ལ་ལེགས་སོ་ཞུ་མི་ཐུབ། གཞན་ཁྱོད་ཀྱི་འདོད་པ་བཤད་པ་ཕལ་མོ་ཆེར་ལེགས་སོ་ཞུ། ༢༽བོད་སོག་གཉིས་རྒྱལ་རྒྱུད་གཅིག་ཡིན་ཡང་སྲིད་པས་ཧ་ཅང་དབྱེ་བ་འབྱེད་མི་ཤེས། བྱུང་ན་བོད་སོག་གོང་བུ་གཅིག་ཏུ་སྒྲིལ་ཐུབ་དགོས། དེ་བྱུང་ན་བོད་ལ་རེ་བ་ཆེ། བོད་ཆེན་པོ་དང་བཙན་པོའི་ལོ་རྒྱུས་རྒྱ་ནག་ཡིག་ཐོག་ཏུ་བདེན་པ་དུམ་བུ་རེ་ཡོད་པ་ལས། གཞན་རང་གི་འུད་སྟོད་རེད། ཆེན་པོ་ཧོར་གྱི་ལོ་རྒྱུས། རྒྱ་ནག ཉི་ཧོང་། དུ་རུ་ཁ། སྟག་གཟིགས་སོགས་སྐབས་དེར་འཛམ་གླིང་སྤྱི་ལ་ཡོངས་གྲགས་རེད། ཆེན་པོ་ཧོར་དང་ཆེན་པོ་བོད་གཉིས་འདས་ཟིན་པ་རེད། སྔ་མའི་བྱུང་རབས་ཆེ་མཐོང་བརྗོད་དུས་ད་ལྟའི་མི་ལ་བརྙས་སྨོད་དང་མཚང་འབྲུ་བྱེད་པ་དང་གཉིས་སུ་མེད། །༣༽སོག་པོ་ལ་ད་ལྟ་ཡང་ཆེ་ཆུང་ལ་མ་ལྟོས་པའི་རྒྱལ་ཁབ་ཞིག་ཡོད། བོད་པ་ཚང་ལ་ཅི་ལྷག་ཡོད། །རྗེ་ལ་རྒོལ་བ། རང་གི་བླ་མ་ལ་རྒོལ་བ། རང་གི་གཞུང་ལ་རྒོལ་བ། ནང་འཁྲུགས་གསོད་རེས་བྱེད་རྒྱུ། འཛམ་གླིང་ལ་སྤྲང་རྒྱུ། ཁ་མ་སོས། རྒྱབ་མ་ཁེབས། ང་ལ་གཞན་གྱིས་བརྙས་སོང་། བརྡུང་སོང་། འཕྲོག་སོང་། བཅོམ་སོང་། བཙོང་སོང་། ཕུད་སོང་། མགོ་སྐོར་བཏང་སོང་། གཡོ་འོག་ཏུ་ཚུད་སོང་། ནོར་མེད། ཤེས་ཡོན་མེད། སྟོབས་མེད། གྲོགས་མེད། སྐྱབས་མེད། མགོན་མེད། རྒྱབ་རྩ་མེད། རེ་བ་མི་འདུག མདུན་ལམ་མི་འདུག མཐུན་སྒྲིལ་མི་འདུག་ཟེར་ནས་སྡུག་སྐད་རྒྱག་རྒྱུ་ཙམ་ལས་ཆེར་ལྷག་མི་འདུག ། ཤེས་རབ་སྙིང་པོའི་མདོ་འདི་ད་ལྟའི་བོད་པ་ཚོར་རྒྱུགས་ཆེ་སྟེ་ཚོར་བ་ཡང་མི་འདྲ་ཞིག་ཡོད་ངེས། ༤༽ཧོར་བོད་ལ་དྲིན་ཆེ། བོད་སིལ་བུ་འཐོར་ནས་ཁོལ་བུར་འཁྲུགས། ང་ཆེ་ང་བཙན་བྱེད་དུས་ཧུ་པེ་ལེས་ཆོལ་གསུམ་ཆིག་སྒྲིལ་བྱས་ནས་བདག་པོ་ས་སྐྱའི་ཕྱག་ཏུ་ཕུལ་ཡོད། ཡང་གཙང་པ། བྱང་པ། དགེ་ལུགས་བཀའ་བརྒྱུད་མེ་་ཆུ་་ལྟར་འཁྲུགས་ནས་བོད་ཁམས་དུམ་བུར་འཐོར། མདའ་མདུང་གི་མཚོན་རྩེ་ནང་ལ་སྐོར་དུས་གོ་ཤྲཱི་བསྟན་འཛིན་ཆོས་རྒྱལ་གྱིས་ཀསྨྲི། ཤིན་ཅང་། ཟ་ལར། རྒྱ་སེར་ཚུན་གྱི་དགྲ་བཅོམ་ནས་བོད་ཀྱི་ཆབ་སྲིད་བོད་ལ་ཕུལ།བདག་པོ་རྒྱལ་དབང་ལྔ་་བ་ཆེན་པོ་བསྐོས། ད་ལྟ་བོད་ཞེས་ཅུང་ཟད་གསན་ཡོད་པ་འདི་ཆེན་པོ་ཧོར་གྱིས་བཀའ་དྲིན་ལས་བྱུང་བ་ཤེས་པར་གྱིས་ཤིག ། འདི་དག་རྩེད་མོ་ཡིན། ཁྱོད་ཅག་ལ་རླུང་སྨན་ཞིག་གི་ཚབ་ཡིན། ཐུགས་འགལ་མེད་པར་ཞུ། །
རྒྱ་བོད་གསུམ་མི་རིགས་གཅིག །
རྒྱ་བོད་ཧོར་གསུམ་ས་ཁྱོན་གཅིག །
རྒྱ་བོད་ཧོར་གསུམ་ཆོས་དད་གཅིག །
རྒྱ་བོད་ཧོར་གསུམ་ལོ་གསར་གཅིག །
ཧོར་ཟླ་ཟེར་ན་གང་རེད་།
བོད་པའི་སྐད་ནང་བོད་ཟླ་དང་པོ་ལ་མཆུ་ཟླ་ཟེར་བ་དང་།
བོད་ཟླ་གཉིས་པ་ལ་དབོ་ཟླ་ཟེར་བ་དང་།
བོད་ཟླ་གསུམ་པ་ལ་ནག་ཟླ་ཟེར་བ་དང་།
བོད་ཟླ་བཞི་པ་ལ་ས་ག་ཟེར་བ་དང་།
བོད་ཟླ་ལྔ་པ་ལ་སྣོན་ཟླ་ཟེར་བ་དང་།
བོད་ཟླ་དྲུག་པ་ལ་ཆུ་སྟོད་ཟེར་བ་དང་།
བོད་ཟླ་བདུན་པ་ལ་གྲོ་བཞིན་ཟེར་བ་དང་།
བོད་ཟླ་བརྒྱད་པ་ལ་ཁྲུམས་ཟླ་ཟེར་བ་དང་།
བོད་ཟླ་དགུ་པ་ལ་དབྱུག་ཟླ་ཟེར་བ་དང་།
བོད་ཟླ་བཅུ་པ་ལ་སྨིན་ཟླ་ཟེར་བ་དང་།
བོད་ཟླ་བཅུ་གཅིག་ལ་མགོ་ཟླ་ཟེར་བ་དང་།
བོད་ཟླ་བཅུ་གཉིས་ལ་རྒྱལ་ཟླ་ཟེར་བ་རེད་།
བོད་ཀྱི་རིག་གཞུང་སྣང་མེད་བཞག་།
རྒྱ་དང་ཧོར་གྱི་རིག་གཞུ་ང་མྱུགས་།
ཧོར་ཟླ་དགའ་ན་ཧོར་ལ་སོང་།
རྒྱ་ཟླ་དགའ་ན་རྒྱ་ལ་སོང་།
བོད་ཟླ་དགའ་བོད་མི་བགྱིས་།
ཧ་ཧ་ཧ་བོད་ཟླ་དང་ཧོར་ཟླ་ངོ་མི་འཕྲོད་པའི་མཁས་པ་ཚོ་།
་་་་་་་བོད་ཟླ་དང་པོ་ལ་མཆུ་ཟླ།
བོད་ཟླ་གཉིས་པ་ལ་དབོ་ཟླ།
བོད་ཟླ་གསུམ་པ་ལ་ནག་ཟླ།
བོད་ཟླ་བཞི་པ་ལ་ས་ག
བོད་ཟླ་ལྔ་པ་ལ་སྣོན་ཟླ།
བོད་ཟླ་དྲུག་པ་ལ་ཆུ་སྟོད།
བོད་ཟླ་བདུན་པ་ལ་གྲོ་བཞིན།
བོད་ཟླ་བརྒྱད་པ་ལ་ཁྲུམས་ཟླ།
བོད་ཟླ་དགུ་པ་ལ་དབྱུག་ཟླ།
བོད་ཟླ་བཅུ་པ་ལ་སྨིན་ཟླ།
བོད་ཟླ་བཅུ་གཅིག་ལ་མགོ་ཟླ།
བོད་ཟླ་བཅུ་གཉིས་ལ་རྒྱལ་ཟླ་ཟེར་བ་་་་་་་
འདི་དག་ཀྱང་རྒྱ་གར་སྐད་ལས་བསྒྱུར་པ་ཅིག་མ་རེད་དཔེ། ལགས། འདི་བོད་པས་བཏགས་པ་རེད་པེ། འདི་དག་བོན་པོས་བཏགས་པ་དེ་བས་ཀྱང་མ་རེད་དོ།། །།
སྐར་མ་མཆུ་སོགས་ཀྱིས་བཏགས་པའི་མིང་ནི། རྒྱ་གར་ལུགས་ཡིན། སངས་རྒྱས་པའི་རྒྱུད་ལུགས་ཡིན། ཉ་སྐར་ལ་བརྟེན་ནས་བཏགས་པ་རེད། ཉ་སྐར་ཟེར་བ་ཟླ་བ་གང་ཡིན་དེའི་ཚེས་བཅོ་ལྔའི་སྐར་མའོ། །བོད་ལུགས་ལ་ལོ་ཁམས་ཀྱིས་བཏགས་པ་དཔེར་ན་། ཟླ་དང་པོར་ཁྱི་ཟླ་ཟེར་བ་ལྟ་བུ། དུས་གཟེར་ཁྱི་སྤོ་ཏོ་ཁ་སེ་འམ། ཁྱི་ཨོ་ཡོ་སྐྱེ་ཟེར་བ་ལྟ་བུའོ། །
རང་བཙན་མ་ཐོབ་བར་རམ། དབུ་ལམ་རང་ཐོབ་མ་བྱུང་བར། ཧོར་ཟླ་དང་པོ་ལ། བོད་ཟླ་དང་པོ་ཟེར་ནས་བསྡད་ན་མཛེས།
དྲི་མེད་ལགས། བོད་སོག་གོང་བུ་གཅིག་གྱུར་བྱེད་དགོས་ཟེར་འོང་དུས་ལི་ཐང་ཨ་ཐར་ནོར་བུ་དྲན་གསོ་བྱས་བྱུང་། བོད་སོག་ལས་ཁུངས་དང་འབྲེལ་བ་བྱས་ན་སྡུག་སྐྱ་རེད་ཟེར་ནས་ལོ་མང་རིང་དུ་བོད་མི་མང་པོ་ལ་ཉེས་ཞྭ་ཀོན་བསྡད་ཡོད་པར་ཁྱོད་ཀྱིས་ལུས་མཁྱེན། བོད་སོག་གོང་བུ་གཅིག་གྱུར་ཟེར་འོང་དུས་ང་ནི་འཇིགས་སྣང་འདྲ་ཞིག་སྐྱེས་ཡོང་གི་འདུག་་་་ཧཧཧ
དོལ་རྒྱལ་ཚོགས་པའི་བོད་རིགས་མི་དམངས་དང་མཐུན་ལམ་མ་བྱུང་ན་བོད་མི་རིགས་ལ་རྒྱལ་ཁ་འཐོབ་ཐུབ་པའི་རེ་བ་མེད། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ཆེད་དུ་མི་རིགས་ནང་མཐུན་དགོས་པ་ནི་རྩ་བའི་རྩ་དོན་ཆགས་བསྡད་ཡོད་ཙང་འབད་བརྩོན་མི་བྱེད་ཀ་མེད་རེད། བོད་མི་ཡོངས་རྫོགས་མཐུན་ལམ་གོང་བུ་གཅིག་གྱུར་མ་བྱུང་པའི་སྔོན་དུ་བོད་སོག་གོང་བུ་གཅིག་སྒྲིལ་ཟེར་བ་ཁག་པོ་རེད།
མ་གཞི་ནས་བོད་དང་སོག་པོ་གོང་བུ་གཅིག་སྒྲིལ་ཡོང་ཡ་བསམ་བློ་བཏང་བསྡད་ན་རང་བཙན་ཆུང་ཆུང་ཞིག་ཡོད་པ་དེ་ཡང་ཤོར་ཡོང་ཨ། སོག་པོའི་དཔའ་བོའི་ཁྲག་རྒྱུད་ལ་སྙིང་རྗེ་སྡར་མའི་ཝ་ཁྲག་དང་འདྲེས་ནས་དཔའ་རྒོད་རིགས་རྒྱུད་སྟོང་པ་ཉིད་ཆགས་ཡོང་གི་མ་རེད་པེ།་་་ཤེས་རབ་སྙིང་པོའི་མདོ་འདོན་དགོས་ཐུག་ཡོང་་་་སྐུ་རྩེད་ཡིན་ད།
ཅོ་རི་ལེགས། ཕེབས་པ་ལེགས། བོད་ཀྱི་བླ་མ་ཚོས་ཧོར་ལ་ནང་ཆོས་སྤེལ་མགོ་ཚུགས་ནས་སོག་ཡུལ་རིམ་བཞིན་ཉམ། མཐའ་མ་འཐོར་བའི་སྐབས་སུ་ཡང་ས་སྐྱའི་བླ་མ་ཞིག་གིས་སྐུ་རིམ་སྒྲུབ་པའི་སྐབས་ཡིན། མོ་ཞིག་བཏབ་ནས་བྲོས་ཤོག་གསུངས་པ་རེད། སོག་པོ་དུམ་བུ་ཞིག་ཡོད་པ་སླར་ཡང་འཐོར་དུས་དགེ་ལུགས་བླ་མ་ཚོས་ཞབས་བརྟན་བྱེད་པའི་སྐབས་ཡིན། ༡༩༣༥་ཤུགས་ལྡན་ཕབ་ནས་མགོ་སྒུར་བྱས་པ་རེད། བོད་བླ་སོག་ཡུལ་ཏུ་ཡོང་ནས་དཔའ་བོའི་ལག་གི་མཚོན་ཆ་དོར་བཅུག་པ་རེད། དེ་ཡང་ལས་འབྲས་ཡིན་པས་ཆོས་ལ་སྨོད་རྒྱུ་མེད། ཕན་གནོད་གཉིས་ཀ་བྱུང་ཡོད། མི་ལ་རེ་བ་མི་བྱེད་པར་ལྷས་སྐྱབས་པར་འདོད་པས། སྲུང་མ་དང་ལྷ་གསོལ་འདྲེ་གསོལ་བྱེད་པ་མི་རིགས་ཀྱི་དོན་ལས་ཀྱང་གལ་ཆེ་བ་བརྩི་བ་འདིས་ཧོར་དང་བོད་གཉིས་ཕོངས་པ་རེད། ཇིང་གིར་རྒྱལ་པོས་ལྷས་ལུང་བསྟན་གྱི་སྡེ་དཀྲུགས་པར་མཐོང་སྟེ་ལྷ་ཕབ་་མི་ཆོག་པའི་བཀས་ལྷ་ཁོག་བསད་ནས་མེད་པར་བྱས་པས། ནང་ཁུལ་གྱི་དཀྲོག་གཏམ་ཉུང་དུ་སོང་། རྗེ་འབངས་དམ་ཚིག་གཅིག་པར་གྱུར་ཚུལ་རྣམ་ཐར་ན་ཡོད། ཁྱོད་ཚོ་དོལ་རྒྱལ་ཚང་གིས་ཀྱང་མི་རིགས་ཀྱི་རེ་བ་ལྷ་འདྲེ་ལ་བཅོལ་རྒྱུ་དེ་ལ་དཔྱད་པ་བྱས། དགག་མཁན་དང་སྒྲུབ་མཁན་གཉིས་ཀས་ལྷ་འདྲེ་ཡོད་མེད་སྟོན་རྒྱུ་ཞིག་མི་རྙེད་པས། ཆོས་ལུགས་སྤྱིའི་མཐུན་སྒྲིལ་ལ་གང་ཕན། བོད་མི་མང་ཆེ་བའི་འདོད་པ་ཅི་ཡིན། བོད་ཀྱི་མ་འོངས་པའི་མཐུན་ལམ་ལ་གང་བཟང་སོགས་ལ་གང་ཞིག་འདམ་རྒྱུར་ཞིབ་འཇུག་ལེགས་པོ་བྱས་ན་ལེགས། ། སྤྱིར་ཁ་ངན་བཤད་ན་དགོས་པ་ཆུང་ཡང་། རྣམ་དཔྱོད་ཅན། ལ་རྒྱ་ཅན། སྙིང་སྟོབས་ཅན་ཞིག་ལ་སྙིང་གཏམ་བཤད་པའི་ཁུལ་ལོ། །
བོད་སོག་ལས་ཁུངས་དང་འབྲེལ་བ་བྱས་ན་སྡུག་སྐྱ་རེད་ཟེར་ནསའདི། བོད་སོག་ལས་ཁུངས་དང་འབྲེལ་བ་བྱས་ན་སྡུག་ཅག་རེད་ཟེར་ནས་བོད་མི་མང་པོ་ལ་ཉེས་ཞྭ་ཀོན་བསྡད་ཡོད་པར་ཁྱོད་ཀྱིས་ལུས་མཁྱེན།
འདི།བོད་མི་མང་པོ་ལ་ཉེས་ཞྭ་ཀོན་བསྡད་ཡོད་པར་ཁྱོད་ཀྱིས་ལོས་མཁྱེན།
དྲི་མེད་ལགས། སེམས་ཁུངས་ཀྱི་སྙིང་གཏམ་བཤད་པར་ཐུགས་རྗེ་ཞུ་རྒྱུར་ཡིན། དོན་དངོས་མའི་ཐོག་ནས་དགའ་པོ་བྱུང་། སོག་པོའི་རྒྱལ་མཆོག་དམ་པ་ཇར་གེར་རྒྱལ་པོ་ཁོང་ནི་ང་དགའ་ཤོས་ཀྱི་རྒྱལ་མཆོག་ཞིག་ཡིན། ཁོང་གིས་བོད་མི་མང་པོ་དམར་གསོད་བྱས་ཡོད་པ་དངོས་ཡོད་ཡིན་ཀྱང་རྒྱལ་མཆོག་ཁོང་གི་དྲང་བདེན་དང་ལ་རྒྱ། ཉམ་ཆུང་མཐའ་ནས་སྐྱོང་སྟངས་དང་། ཁ་གཏོད་དགྲ་བོ་ལ་མགོ་བོ་མི་སྒུག་པའི་སྐྱེས་མཆོག་ཁོང་གི་གཤིས་ཀ་ལ་ཡིད་སྨོན་ཤོར་བར་ཉུང་ཉུང་མིན།
བདེན་དངོས་གནས་ཁྱོད་བདེན། ཇར་གེར་རྒྱལ་པོས་ལྷ་བ་དམར་གསོད་བྱས་པའི་ལོ་རྒྱུས་དེ་ནི་ཡིད་སྨོན་ཤོར་སའི་གཞིར་རེད། བོད་ཆེན་པོའི་རྒྱལ་ཁབ་ཀྱི་ལས་དབང་ཉམས་རྒུད་སོང་བ་འདི་ཡང་ཆོས་ལུགས་པ་དང་ལྷ་བ།་མོ་བ་རྩིས་པ་སོགས་ཀྱིས་རྫུན་བཤད་ནས་བོད་ཕུང་ལ་སྦྱར་ཡོད།
བོད་ཀྱི་རྒྱལ་མཆོག་འུ་དུམ་བཙན་པོའི་མགོ་ལ་གླང་རྭ་སྐྱེས་འདུག་ཟེར་བ་དང་། ཁོང་བདུད་རེད་ཟེར་བའི་གཏམ་ངན་བསྒྲགས་ནས་བོད་མི་དམངས་བཙན་པོའི་རྒྱལ་རྒྱུད་ལ་མི་དགའ་བ་བཟོས། འབངས་གྱེན་ལོག་བྱས། སྲིད་གཞུང་འཐོར། སྟོད་སྨད་བར་གསུམ་ལ་ནང་འཛིང་བྱས། མྱི་ངན་ཇག་པས་ཁེངས་བའི་ཡུལ་ལུང་ཞིག་བསྒྱུར་སོང་བ་འདི་་་་་ཆོས་ལུགས་པས་བཟོས་པ་རེད།
ཤུགས་ལྡན་སོགས་གཙོ་བོ་གྱུར་པའི་བོད་ཀྱི་ལྷ་བ་ཚོས་རྫུན་བཤད། མ་མཁྱེན་ནའང་མཁྱེན་མདོག་བྱས། མ་ཤེས་ནའང་ཤེས་མདོག་བྱས། ལུང་བསྟན་བརྒྱབ་ཁུལ་བྱས། ལྷ་བ་ཚོའི་ནང་ཁུལ་དུ་འཁོན་རེས་བྱས། དཀྲུགས་ཤིང་བརྒྱབ། དེང་སང་བཙན་བྱོལ་ནང་དུ་དཀྲུགས་གཞི་ཆེན་པོ་འདི་དག་བཞག་ཡོད་པ་དེ་ཡང་ལྷ་བ་དང་བླ་སྤྲུལ་ཚོས་བཞག་པ་རེད།
ངས་ངོས་ནས་ཤུགས་ལྡན་གཙོ་བོ་གྱུར་པའི་གནས་ཆུང་དང་ལྷ་མོ་ཟེར་བའི་བོད་ཀྱི་ལྷ་སྲུང་འདི་དག་ལ་ཡིད་ཆེས་སྤུ་ཙམ་མེད་ལ། རེ་བ་ནི་དེ་ལས་ཀྱང་མེད། ཁྱི་རྒན་ཞིག་གི་རིན་ཐང་ཀྱང་བརྩི་མི་སྲིད། ཡིན་ཀྱང་ཤུགས་ལྡན་བརྟེན་ན་མི་འགྲིག གནས་ཆུང་དང་གཞན་དག་དེ་ཚོ་བརྟེན་ན་འགྲིག་ཟེར་བའི་སྐད་ཆ་འདི་དྲང་པོ་མ་རེད། རྒྱལ་མཆོག་ཇར་གེར་རྒྱལ་པོས་བཟོས་པ་ལྟར་ལྷ་བ་རྫུན་རྐྱལ་དེ་དག་རྩ་མེད་བཟོས་ན་རྗེས་སུ་རང་དང་རྒྱབ་སྐྱོར་བྱེད་ངེས་ཡིན།
དེ་མིན་ཤུགས་ལྡན་ཁོ་ན་བཀག་པ་ཙམ་གྱིས་བོད་མི་རིགས་ལ་ཕན་པ་ལས་གནོན་ཆེ་བ་ཡོད། དོལ་ཚོགས་ཀྱིས་ཀྱང་ཁས་ལེན་མི་སྲིད་པ་རེད། དོལ་རྒྱལ་བ་ཚོས་བཤད་བཞིན་འདུག་མོད། རྒྱལ་བ་རིན་པོ་ཆེན་གྱིས་ངོས་ནས་རྗེ་བདག་ཉིད་ཆེན་པོའི་གཞུང་པོ་ཏི་ཅོ་བརྒྱད་ལ་ཉམས་ལེན་གནང་ནས་གནས་ཆུང་དང་ཚེ་རིང་མཆོད་ལྔ་སོགས་བརྟེན་གསོལ་བྱེད་ཀྱི་མཚམས་བཞག་པ་ཡིན་ན་ཤུགས་ལྡན་བརྟེན་གྱི་མཚམས་བཞག་གི་ཡིན་ཟེར་མཁན་འདུག་ག དྲང་པོ་རེད་བ།
མདོ་རྩ་བོད་མི་རིགས་རྨོངས་དད་འོག་ནས་གཉིད་སད་འོངས་པའི་རེ་བ་བྱེད་བཞིན་ཡོད། བོད་མི་རིགས་ལྷ་དང་སྤྲུལ་སྐུ་ལ་རྨོངས་དད་མེད་པའི་དུས་ཤིག་བསླེབས་དུས་བོད་མི་རིགས་ཀྱིས་རྒྱལ་ཁ་འཐོབ་པའི་དུས་ཚོད་ཡིན། ཇི་སྲིད་རྨོངས་དད་ཅན་མང་ན་དེ་སྲིད་ཡུལ་ལུང་ལ་བདེ་སྐྱིད་ཡོང་མི་སྲིད། དགོངས་འགལ་མེད་་པར་བྱོས། ངས་ཁ་ནས་བླ་གོག་དང་སྤྲུལ་གོག་་་ལྷ་གོག་ཟེར་ནས་འབོད་འོང་དུས་ཐུགས་ཕོག་བྱུང་ཡོད་སྲིད་པ་རེད། ངས་བསམས་པར་ཚིག་ངན་ཙམ་ལབ་པ་ཡིན་ན་རྣ་བས་ཏོག་ཙམ་ཉན་མི་འོང་ངམ་བསམས་ནས་ལབ་བསྡད་པ་ཡིན། རྗེས་སུ་ཚིག་ངན་ལ་སྟངས་འཛིན་བྱེད་ཀྱི་ཡིད།་་་་་ཐུགས་རྗེ་ཆེ་་་བསམ་བློ་ཤར་བྲིས་ཡིན་པས་ཡིག་ནོར་དང་བཏགས་ནོར་ཡོད་ན་དགོངས་འགལ་མེད་པར་བྱོས།
ཁ་བརྡ་ཚང་ལ་དགའ་མ་སོང་། སྤྱི་ཚོགས་བདེ་ལ་བཅོས་དགོས་ན། མངོན་མངོན་གསལ་གསལ་ལ་བུད་ནས་བཅོས་དགོས་བ་ལས། ལྐོག་ལྐོག་ཟུབ་ཟུབ་ལ་བཞག་ན། ཕན་ལས་གནོད་ཆེ་བ་རེད། སྡུག་རྐྱལ་ཚོ་སྡུག་རྐྱལ་ཡོད་པ་ཀུན་ལ་ཤེས་སུ་འཇུག་དགོས་བ་རེད། མིའི་བདེ་འཇོག། རྒྱལ་ཁབ་བརྟན་བརླིང་ལ་ཕན་ནི་རེད། ངའི་མཆན་ཆག་པོ་གང་ལ་གཡུགས་ཡིན།
མཆུ་ཟླ་བ། ༢ དབོ་ཟླ་བ། ༣ ནག་པ་ཟླ་བ། ༤ ས་ག་ཟླ་བ། ༥ སྣྲོན་ཟླ་བ། ༦ ཆུ་སྟོད་ཟླ་བ། ༧ གྲོ་བཞིན་ཟླ་བ། ༨ ཁྲུམས་སྟོད་ཟླ་བ། ༩ དབྱུ་གུ་ཟླ་བ། ༡༠ སྨིན་དྲུག་ཟླ་བ། ༡༡ མགོ་ཟླ་བ། ༡༢ རྒྱལ་ཟླ་བ་་ཟེར་བ་འདི་ཚོ་སྐར་མའི་མིང་རེད། ཟླ་བ་སྐར་མ་སྨིན་དྲུག་དང་མཉམ་འཤར་མཉམ་ནུབ་བྱེད་སྐབས་སྨིན་དྲུག་ཟླ་བ་ཟེར་ནས་འབོད་ཀྱི་ཡོད། འགའ་ཤས་ཀྱི་རྒྱ་གར་དང་འགའ་ཤས་ཀྱི་སོག་པོ་ལ་ཁུང་བཅོལ་འགྲོ་ཡི་འདུག། དེ་འདྲ་ལ་ནས་མ་རེད། བོད་རང་ཉིད་ལ་སྔ་མོ་ནས་རྩིས་གཞུང་ཡོད་ཡོད་པ་རེད།
གོང་གི་མིང་ཚིག་དེ་ཚོ་བོད་སྐད་གཞན་ནས་བླང་ཡོང་བ་ཞིག་མ་རེད། ཡིན་ཡང་ལོ་སར་སྟངས་དེ་སོག་པོའི་རྗེས་ལ་རྒྱུག་འགྲོ་ཡི་འདུག་ཟེར་ཀྱི་ཡོད་རེད།
སྤུ་གྲི་རག་གཅོད་ལགས། མཆུ་ཟླ་བ་འདི་བོད་ཟླ་དང་པོ་ཡིན་ན་་་མཆུ་ཟླ་བའི་ཚེས་གཅིག་ལ་སྤྱི་ཚེས་གང་རེད་དམ། སྤྱི་ཟླ་དང་སྤྱི་ཚེས་ལ་སྦྱར་ནས་གསུང་རོགས་བྱོས། བོད་གངས་ཅན་པའི་རང་ཚུགས་ཤོར་མི་ཉན་པ་ནི་གལ་ཆེན་རེད། རྒྱ་ཧོར་གཉིས་ཀྱི་རྗེས་སུ་འབྲངས་ན་དོན་མེད་རེད། བོད་རང་གི་ལོ་གསར་པ་ག་དུས་ཡིན་ན་དེར་དུས་ལོ་སར་གཏོང་ན་ཡག་་གི་རེད་འདོད། བོད་ཀྱི་རང་ཚུགས་ཤོར་བཅུག་མི་ཉན།
དྲི་མེད་ལྷག་བསམ་གྱིས་ནོར་འཁྲུལ་ཚད་མེད་བཟོས་འདུག ཅོ་རི་གཉ་མར་ལ་ལ་རྒྱལ་ཅན་ཡིན་ན་ཅིག
ཅོ་རི་གཉའ་མས་རྨོངས་དད་མེད་ཁུལ་བྱས་ཏེ་ཏང་ཕྲུག་ཆོས་མེད་ཚོར་མགོ་བསྐོར་གཏོང་གིན་ཡོད།
རྒྱ་མཚོ་རང་གིས་གནས་ཆང་ལ་སྲོག་གཏད་མི་བྱེད་པར་དོལ་རྒྱལ་སྲོག་གཏད་བྱེད་པ་ཆི་ཡིན།
དོལ་རྒྱལ་རྙིང་མ་ཚར་གཅོད་བཏུབ་ཀྱི་ཡོད་ཟེར་གི་ཡོད་པ། རྨོངས་དད་བྲན་གཡོག་མཐར་གཏུག་པ་ཁྱེད་ཉིན་རེ་ལ་ཏང་ཕྲུག་རྩོམ་ལ་ཚོད་བལྟ་གསར་པ་བྱ་མཁན་ག་ཚོད་ལ་མགོ་བསྐོར་གཏོང་གི་ཡོད། ལ་རྒྱལ་ཡིན་ན་ཅིག།
དོལ་རྒྱལ་གྱི་བྲན་གཡོག་ཐར་པ་བྱོས། དེ་ནས་ཤེས་པ་རང་བཞིན་གནས་པ་ཚོ་དང་ལྷན་འདྲ་མཉམ་གྱི་འདྲ་མཉམ་གྱི་སྐད་ཤོད།
སྤུ་གྲི་རེག་གཅོད་ལེགས། ངས་ཅོ་རི་མི་ཤེས། ཅོ་རིས་ང་མི་ཤེས། ང་དང་ཁོའི་ལྟ་བ་མི་འདྲ་ས་གོང་དུ་བཤད་པ་དེ་ཡིན། གཞན་ཅོ་རིས་བཤད་པ་ཕལ་མོ་ཆེ་རྒྱུ་མཚན་ལྡན་པ་རེད་སྙམ། ངས་འདི་ལྟར་བཤད་པའང་རྩོམ་ཡིག་ལ་ཞིབ་ཏུ་བལྟས་ཏེ། དཔྱད་འབྲས་བཀོད་པ་ལས་གང་བཤད་ཀྱི་རྗེས་སུ་བརྒྱུགས་པ་ནི་མིན། རྒྱུ་མཚན་ལྡན་ཀྱང་རེ་ཞིག་ལག་ལེན་དུ་འདེབས་དཀའ་བ། དུས་སུ་མ་བབས་པ། ཆ་རྐྱེན་མ་ལྡན་པ་དེ་འདྲ་ནི་ཡོད་པ་སྨོས་ཅི་དགོས། སངས་རྒྱས་པས་སྟོང་ཉིད་རྟོགས་པ། ཐར་བ་ཐོབ་པ་ལའང་ས་ལམ་ཀྱི་རིམ་པ་སོགས་ཆ་རྐྱེན་མང་པོ་དགོས་པ་ནང་བཞིན་རེད། ༡༽དོལ་རྒྱལ་སྐོར། པྲན་ལྟ་བུར་མཚོན་ན་བླ་མ་དང་ཆོས་སྲུང་གཉིས་ལས་བླ་མ་གཙོ་བོ་བྱེད། མི་དང་གཟུགས་མེད་ཀྱི་འཇིག་རྟེན་པའི་ལྷ་འདྲེ་གཉིས་ལས་མི་གཙོ་བོར་འཛིན། བོད་སྤྱི། ཆོས་རྒྱུན་སྤྱིའི་མཐུན་ལམ། བླ་མའི་བཀའ་སྒྲུབ་པར་སྲུང་མ་བློས་གཏོང་མི་ཐུབ་པ་གཅིག་ཀྱང་མེད། སྤྱི་དང་སྒེར་བའི་ལྷ་འབབ་མཁན་འདི་ཚོས་དཀྲུགས་ཤིང་ལས་ཕན་པ་ཞིག་ཡོད་པ་མ་མཐོང་། གལ་སྲིད་སྲུང་མ་ཞིག་དགོས་ན། མདོ་རྒྱུད་རྩོད་མེད་ན་དངོས་བསྟན་སྤྱི་སྲུང་དང་། རྙིང་མ་ལ་གུ་རུ་པདྨ་དང་། སོ་ཟུར་གནུབས་གསུམ་གྱི་གསུང་ན་ཡོད་པས་གཞན་མི་དགོས་པ་བྱས། ས་སྐྱ་ལ་གོང་མ་ལྔའི་གསུང་འབུམ། བཀའ་བརྒྱུད་ལ་མར་མི་དྭགས་གསུམ། ཤངས་པ་སོགས་སོ་སོའི་སྲོལ་འབྱེད་ཚོའི་གསུང་། ཇོ་ནང་ལ་ཐོག་མའི་བླ་རྣམ་གསུམ་དང་དོལ་པོ་པ། ཏཱ་ར་ནཱ་ཐའི་གསུང་། དགེ་ལུགས་པར་རྗེ་རིན་པོ་ཆེ་འཁོར་དག་པ་རྣམ་བརྒྱད་ཀྱི་གསུང་ན་མེད་པའི་སྲུང་མ་གཏན་ནས་མི་དགོས་པར་བྱས་ན་ལེགས། དེས་བསྟན་པ་རྣམ་དག་ཏུ་འགྲོ། རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་སྙམ། ༢༽སྤྲུལ་སྐུའི་སྐོར། སྔར་བྲི་པ་སད་སུད་མང་། སྤྲུལ་སྐུའི་ལམ་ལུགས་ལྐོག་ཟ་རུལ་སྲུང་གི་རྣམ་པར་གྱུར་པས་སྤྱིར་མི་དགོས། རེ་ཞིག་དགོས་པར་འདོད། ད་ལྟའི་བོད་རིགས་བརྒྱ་ཆའི་དགུ་བཅུ། དགོན་སྡེ་ཕལ་མོ་ཆེའི་བདག་པོ་སྤྲུལ་སྐུ་ཡིན་པས་འགྲུབ་མི་ཐུབ་པ་དང་། རྩོད་པ་བྱས་ན་སྙོག་དྲའི་སྒོ་ཆེན་བསམ་བཞིན་བྱས་པ་དང་གཉིས་སུ་མེད། །འོན་ཀྱང་ཉན་ཐོས་ཀྱི་དགེ་སློང་ཞིག་གིས་ཕྲན་ལ་འདི་འདྲ་བཤད་མྱོང་། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཏེ་ནང་པའི་ལུགས་མ་རེད། འོན་ཀྱང་ཐབས་ལམ་རྨད་དུ་བྱུང་བ་ཞིག་རེད། བྱིས་པ་ཆུང་ངུའི་དུས་ནས་ཚོགས་པ་ཆེན་པོ་དབང་བསྒྱུར་ཐུབ་པ། སྤྱི་ཚོགས་ཀྱི་སྣེ་ཁྲིད་ཐུབ་པ་དེ་ལས་སླ་བོ་མ་རེད། ང་ཚོ་གནས་བརྟན་པ་ཡིན་ན་མི་ཚེ་གང་ལ་འབད། གཞན་གྱིས་ཁས་ལེན་པའི་དུས་ལོ་ལྔ་བཅུར་སོན་ཡོད། དེ་ནས་མི་རིང་བར་ཤི་འགྲོ་བས་ནུས་པ་ཆེན་པོ་ཐོན་རྒྱུ་དཀའ་མོ་རེད་གསུངས། ཐེ་ཝན་གྱི་ཚོགས་པ་ཆེ་ཤོས་སངས་རྒྱས་འོད་ཟེར་གྱི་གཙོ་འཛིན་སློབ་དཔོན་ཆེན་མོ་ཤིན་ཡུན་གྱིས། 佛光山,星云大师。བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཏེ་ཚོགས་པ་སྲ་བརྟན་ཡོང་བར་ཕན་པ་ངེས་ཅན་ཡོད་པས། དེ་ལ་ཞིབ་འཇུག་བྱས་ཏེ་མ་འོངས་པ་ང་ཚོའི་ཚོགས་པའང་དེའི་རྗེས་སུ་མི་འགྲོ་བའི་ངེས་པ་མེད་ཟེར། །ངས་འདི་དག་བརྗོད་པས་ཅོ་རི་ལེགས་ཀྱིས་ཕྲན་ལ་སྡིག་མོ་མང་པོ་བྱེད་མྱོང་། ཁོས་སྤྱི་སྨན་ལྷག་བསམ་ཀྱིས་སྨོད་པ་རེད་བསམ་ནས་ངའི་སེམས་སྐད་ཅིག་ཙམ་དུའང་འཁྲུགས་མེད། མ་ཟད་ཁོ་ལ་སྤྱི་ཚོགས་ཀྱི་སྐྱོན་ཆ་ཐེར་འདོན་གྱི་སྙིང་སྟོབས་ལྡན་པར་གདེངས་འཇོག་བྱས་པ་ཡིན། བློ་ཐག་ཉེ་རུ་སོང་། བསམ་བློ་བ་ཞིག་ལ་ངོས་འཛིན་བྱས་པ་ཡིན། ཇིང་གིར་རྒྱལ་པོས། རྒྱུ་མཚན་ལྡན་ན་དགྲ་བོའི་སྐྱོན་བརྗོད་ཀྱང་ངོས་ལེན་དགོས་ཞེས། ཁོ་རང་གི་སྲོག་ལ་རྒོལ་མཁན་གྱི་མདའ་རྩལ་མཁན་ལ་ཡངས་བཏང་བའི་ལོ་རྒྱུས་ཡོད། །
# 30 དྲི་མེད་ལྷག་བསམ།་ལགས་ཀྱིས་བློ་གཟུར་བོར་གནས་ནས་གསུངས་འདུག ལེགས་བཤད་དུ་གོ སྤུ་གྲིས་ཉོན། ཅོ་རིས་སོམས། གཞན་གྱིས་ཀློགས།
ས་དགེ་བཀའ་རྙིང་སོ་སོའི་ཆོས་འགོ་ཐུག་སའི་བླ་མས་གསུངས་པའི་སྲུང་མ་དེ་རང་བརྟན་ཆ་ཆེ་ལ། ཕན་ཐོགས་ཆེ། ཆོས་སྲུངས་སུའང་ངེས། དེ་མིན་སྨོན་ལམ་འདྲ་་མིན་གྱི་དབང་གིས། ལྷ་འདྲེར་རང་དང་། བསྟེན་མཁན་གཉིས་ཀ་མིག་མཐོང་གཡང་ཆོང་དུ་འགྱུར་མི་སྲིད་པ་མ་རེད་སྙམ་ལགས།
རིས་མེད་དྲི་མེད་ལྷག་བསམ་ལགས་དང་དྲང་སྨྲ་བ་ཅོ་རི་གཉིས་ནས་བགྲོ་གླེང་ཡག་པོ་གནང་སོང་བས་ཁྱེད་གཉིས་མཆན་དེ་ཚོ་བཀླགས་པ་ཡིན། དེ་མིན་དགའ་མིན་དགའ་སྡུག་ལས་ཤོད་རྒྱུ་མི་འདུག ཅོ་རིས་དྲང་པོ་དྲང་བཞག་དང་ཁ་རི་ཁ་ཐུག་ཏུ་བཤད་པ་དེ་ལ་མི་འགའ་ཞིག་གིས་བློ་ངོར་མ་བབས་ནས་ཕོག་ཐུག་ཤོར་སྲིད་པ་རེད། བོད་ཀྱི་གཏམ་དཔེར། དྲང་པོ་བཤད་ན་མི་མི་དགའ། དབྱུག་པ་འཕྱར་ན་ཁྱི་མི་དགའ་་་་ཟེར་བ་ལྟར་རེད། ལྷག་པར་དུ་ཅོ་རི་ལགས་ནས་དོལ་ཚོགས་ལ་རྒྱབ་སྐྱོར་བྱས་པ་མེད་པར་མ་ཟད་དོལ་རྒྱལ་བསྟེན་པའི་ཚུལ་ཀྱང་ནམ་ཡང་ཁོང་གི་མཆན་ལ་གསལ་མ་སོང། གཙོ་བོ་ནི་ཁོང་གིས་བོད་མི་རིགས་འདི་མཐུན་ལམ་དགོས་ཚུལ་དང་བོད་རང་དབང་རང་བཙན་དང་བྲན་གཡོག་ལམ་ལུགས་ལ་དགག་པ་བྱེད་པ་མ་གཏོགས་བོད་དུམ་བུར་གཏོང་སེམས་དང། བོད་ལ་ཤ་ཞེན་དང་ལྷག་བསམ་མེད་པ་ཞིག་རྩ་བ་ཉིད་ནས་རེད་མི་འདུག མི་འདི་འདྲ་ང་ཚོའི་སྤྱི་ཚོགས་འདི་དུས་རབས་དང་མཐུན་པའི་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་རེད། དེ་མིན་ལྷན་རྒྱས་སུམ་ཅུ་ཐམ་པ་ལ། བཀའ་གནང་ཉི་ཤུ་ཤུ་རྩ་དགུ་བྱུང་བ་ཡིན་ན་དེ་ལས་ལྷག་པའི་བྲན་གཡོག་ལམ་ལུགས་ཞིག་ཡོད་མདོག་མ་རེད། དེ་ལས་ལྷག་པའི་ཡར་རྒྱས་འགྲོ་བའི་བཀག་རྡོ་ཡོད་པ་མ་རེད་བསམ། ཡང་དྲི་མེད་ལགས་ནས་་་་མི་མང་ཆེ་བ་གང་དུ་འགྲོ་བ་དེའི་ཕྱོགས་སུ་འགྲོ་དགོས་རེད་གསུངས། དེ་ལ་མོས་མཐུན་བྱེད་དཀའ། དེ་ཡིན་ན་བོད་ཆོལ་ཁ་གསུམ་ལས་མི་གང་མང་བ་དེའི་ཕྱོགས་སུ་འགྲོ་དགོས་པ་དང་བོད་ཀྱི་ཆོས་རྒྱུད་ནང་ནས་མི་གང་མང་བ་དེའི་ཕྱོགས་སུ་འགྲོ་དགོས་པ་དང། དེ་བཞིན་འཛམ་གླིང་མི་གང་མང་བ་དེའི་ཕྱོགས་སུ་འགྲོ་དགོས་ན་ཧ་ཅང་གི་ཐལ་བ་མང་པོ་འདུག
སྤུ་གྲི་རེག་གཅོད་ལགས་ལ་དགོངས་དག་ཞུ། ཁྱོད་དང་དྲན་དཀར་དཔལ་ཡོན་གྱི་མིང་ནོར་འདུག གོང་གི་མཆན་དེ་སྤུ་གྲི་ལ་མིན། མཆན་29.དྲན་དཀར་དཔལ་ལ་ཞུ་བ་ཡིན། །
ཁྱེད་ཀྱིས་ཆོས་ལུགས་ཀྱི་བྱུང་རིག་བཤད་པ་རྣམས་ཧ་ཅང་གི་གསལ་ཆེ་བས་དེར་མཁས་པ་ཡིན་པའི་ཚོར་སྣང་བདག་ལ་ཡོང་གི་ཡོད།
བྲན་གཡོག་ཅོ་རི་གཉའ་མ་ཆོས་ཅན། ལ་རྒྱལ་ཅན་མ་ཡིན་ཏེ། སྲོག་དོལ་རྒྱལ་ལ་གཏད་ཟིན་པའི་ཕྱིར།
ཅོ་རི་གཉ་མ་ཆོས་ཅན། སྐད་ཆ་རྒྱུ་མཚན་ཅན་འགའ་མི་འདོད་བཞིན་བཤད་དགོས་ཏེ། ཏང་ཕྲུག་ཐོས་པ་ཅན་རྣམས་མགོ་བསྐོར་འདོད་ཡོད་པས་སོ།
དྲི་མེད་རང་ང་རང་མི་ཆབ་ཐོ་ལྟ་བུ་ཞེ་ཚིག་དབུལ་མི་རུང་ངོ་།
འོ་ལགས་སོ་ཐུགས་རྗེ་ཆེ་དྲི་མེད་ལྷག་བསམ་ལགས་གསལ་བཤད་གནང་བ།