ཧོར་འཇིགས་ངས་རིག་ཐལ།
གནམ་ལྕགས།
རྒྱང་རིང་གནམ་སའི་མཚམས་ཤིག་ན།།
སྟོབས་ལྡན་ཨ་རིའི་རྒྱལ་ཁབ་ཡོད།།
དེ་ཡི་ནེའུ་ཡོག་གྲོང་ཁྱེར་ན།།
ཧོར་འཇིགས་རྒད་པོ་བཞུགས་བསྡད་ཡོད།།
མི་ལོ་དགུ་ལ་མི་ཡུལ་ནས།།
བྱ་དཀའི་དམ་བཅའ་བསྐྱངས་པའི་མཐར།།
ངལ་གསོའི་དབུགས་ཁ་ལེན་པའི་ཕྱིར།།
ནེའུ་ཡོག་གྲོང་ན་བཞུགས་བསྡད་ཡོད།།
ངག་རིག་རྩལ་གྱིས་སྙེམས་པའི་དཔལ།།
ཧོར་འཇིགས་རྒད་པོ་མི་རིག་ན།།
ཆེས་མཐོའི་དཔེ་མཛོད་དག་དང་ནི།།
བོད་ཀྱི་ཡིག་ཚགས་ཐམས་ཅད་ཀློགས།།
མིག་ལྡན་མིག་གིས་མི་རིག་ན།།
ལྷ་དང་བླ་མར་གསོལ་བ་ཐོབས།།
སྐྱེ་བ་གཞུག་མའི་རྣམ་ཤེས་དེས།།
ཧོར་འཇིགས་མཇལ་བའི་སྨོན་ལམ་ཐོབས།།
ཉིན་མོར་ཧོར་འཇིགས་མ་མཐོང་ན།།
འབྱུང་བོ་ཡིན་པ་རྟགས་ཀྱིས་ཁས།།
ཧོར་འཇིགས་རྒད་པོ་གར་སོང་ཡང༌།།
སྙན་གྲགས་གཏམ་གྱིས་ས་གཞི་འགེངས།།
ཧོར་འཇིགས་མཐོང་འདོད་མིག་མདངས་ལ།།
སེར་ཤེད་ཆེ་བར་ཅུང་བརྟག་ན།།
རླུང་དང་མཁྲིས་པའི་ན་ཚ་དེ།།
མྱུར་དུ་སྨན་པར་བསྟེན་ན་ལེགས།།
མ་མཐོང་མ་མཐོང་ཟེར་བའི་བརྡ།།
མཐོང་བ་ལས་ཀྱང་མཐོང་བའི་རྟགས།།
མཐོང་ཡང་མ་མཐོང་ཟེར་བ་འདི།།
ནད་ཅིག་ཡིན་པ་རྟགས་ཀྱིས་གྲུབ།།
ད་དུང་མིག་གིས་མི་རིག་ན།།
ཕྲ་མཐོང་མིག་ཤེལ་ནང་ལ་ལྟོས།།
ཆེན་པོ་ཀུན་གྱི་ཕྲག་པ་ལ།།
ཞབས་སེན་འགོད་དེ་ཧོར་འཇིགས་ལགས།།
གངས་རིའི་ལྗོངས་སུ་ཧོར་འཇིགས་ཏེ།།
བཙན་བྱོལ་ནང་གི་ཧོར་འཇིགས་སོ།།
ད་དུང་ཨ་རིའི་ཡུལ་ལ་སྟེ།།
ས་སྟེང་འཇིགས་མེད་མིང་གིས་ཁྱབ།།
མཐོང་ཡང་མ་མཐོང་ཁུལ་གྱིས་ནི།།
ཁ་བ་ནག་པོ་མདངས་ཀྱིས་འབབ།།
སྦྲུལ་ལ་སྐྲ་ལོ་སྐྱེ་བ་འདི།།
ལྟས་ངན་མིན་ན་ཅི་ཞིག་ཡིན།།
ཧོར་འཇིགས་གྲོགས་པོ་ཡིན་ལུགས་དང༌།།
གྲོགས་པོའི་སྒྱིད་པ་འཐེན་ལུགས་འདི།།
བླ་ནག་ཚང་གི་བུ་རྒྱུད་ཀྱིས།།
བོད་ལ་དཔའ་རྟགས་འཇོག་སྟངས་ཤིག།
ངོ་མཚར་ཆེ་བའི་ཁ་ཡག་དེ།།
ཁོ་བོའི་རྣ་བར་གཟན་པ་ལ།།
མྱི་གཤིས་མེད་པའི་ཟོག་པོ་འདི།།
གང་ནས་བལྟས་ན་ཁྲ་ཁྲ་ཞིག།
བདེ་བོའི་མལ་ལས་མ་གཉིད་པ།།
ཧོར་འཇིགས་མིང་གིས་བཟོས་པ་ཉིད།།
སྙིང་ནད་ཡི་གེར་བཀོད་པ་ནི།།
རང་མགོ་བརྡུང་བའི་ཐོ་བའོ།།
ཞེས་པ་ནི་ཁ་བ་ནག་པོར་རྩེད་མཚར་གྱི་ཆེད་དུ་ཁོང་གིས་ཧོར་འཇིགས་ཨེ་རིག་ཐལ་ཞེས་པར་ལན་ཙམ་ཕུལ་བ་ལགས་ཡིན་ལ། འདི་ནི་ཆེད་དུ་ཁོང་ལ་ཀླན་ཀ་འཚོལ་བ་དེ་འདྲ་མ་ཡིན་པར་ཁོང་གི་རྩོམ་ཡིག་དེའི་ནང་དུ་ཧོར་འཇིགས་གྲོགས་པོ་ཡིན་ལུགས་དང༌། སྔར་ཁ་བརྡ་དྲ་བ་སོགས་སུ་ཁ་བཏང་བའི་སྐོར་ནས་ཅུང་འཕྲོས་ཏེ་ཡི་གེར་འགོད་པ་བོ་ནི་དེང་གི་དུས་ན་བོད་གངས་ཅན་གྱི་ལྗོངས་སུ་སྙན་ངག་ཟེར་ན་ང་ཡིན་སྙམ་མཁན་གྱི་གཞོན་ནུ་གནམ་ལྕགས་འབར་བས་ཤར་མར་བྲིས་པའོ།།
ཧོར་འཇིགས་རིག་ནོ་དགའ་བཞིན་ཡོད།།
ཧོར་འཇིགས་ཤེས་པ་སྤྲོ་བཞིན་ཡོད།།
ཧོར་འཇིགས་རྒད་པོའི་བྱུང་རབས་འདི།།
བསྐལ་བའི་བར་དུ་ཉམས་མི་སྲིད།།
ལག་ལྡན་འཛམ་གླིང་ཡོངས་ལ་གྲགས།།
ང་ཕོད་བོད་རིགས་ཡོངས་ཀྱིས་ཤེས།།
བོད་འཇིག་བོད་ཞེན་ཅན་གྱིས་སྨད།།
ཀུན་ལ་རྒྱུ་མཚན་ཅིས་ཀྱང་ཡོད།།
ས་མཐར་ཉུལ་བའི་དམིགས་ཡུལ་དང་།།
དཀྲུགས་ཡིག་བརྩམས་པའི་དགོས་ཆེད་དེ།།
ཕྱི་བསྐྱོད་ཆོག་མཆན་མེ་ལོང་ངོག།
རྗེན་པར་མཐོང་པས་ཀུན་གྱིས་ལྟོས།།
བོད་འཇིག་བོད་ཕུང་རེ་རེ་ཡང་།།
བོད་དང་ཉེ་བའི་ས་ཕྱོགས་སུ།།
ཡོད་པ་ལས་ཀྱང་མེད་པ་དགའ།།
ངག་ཕོད་ནང་བཞིན་ཕེབས་ན་དགའ།
ཀུན་གྱིས་སྨོད་པའི་ང་ཕོད་བློན་ཆེན་དེ། །སྤྱི་དོན་འགྲུབ་ན་སྨོད་པས་འཇིགས་པ་མེད། །
ཁ་ནས་རང་བཙན་ཁ་ཕོ་མ་སྒྲགས་ཀྱང་། །དོན་དུ་མི་ཚེ་བོད་ཀྱི་ཆེད་དུ་བཏང་། །
ཀུན་ཀྱི་མིག་ལ་གཟན་པའི་ཧོར་གཙང་བུ། །ཁ་ངན་ངོ་ཚའི་གཏམ་ལ་འཇིགས་པ་མེད། །
ཁ་ནས་ཨ་མདོའི་ཕྱོགས་ཞེན་སྨྲས་ཀྱང་རུང་། །དོན་དུ་བོད་རིགས་སྤྱི་དོན་སྒྲུབ་ལ་འབད། །
ཁྱེད་ཚོ་ཨ་མདོ་བ་ཚོར་འདི་ལྟ་བུའི་བསྟོད་པ་དགོས་འདུག བརྩེད་མོ་ཡིན།
ཡུལ་སྐྱིད་པོ་ནུབ་ཕྱོགས་གླིང་ལ་ཡོད།
དེའི་ནང་ནས་ཡུལ་མཆོག་ཨ་མདོ་ཡིན།
ཡུལ་དེ་ན་རླབས་ཆེན་སྐྱེ་བུ་བཞུགས།
དེའི་ནང་ནས་ཧོར་གཙང་འཇིགས་མེད་ལྷགས།
གླིང་འཛམ་བུའི་མཁས་པའི་རྩེ་མོ་རུ།
རྗེ་ཁྱེད་ཀྱི་མཁྱེན་པའི་དོ་མེད་དོ།
བྱམས་ཨ་མའི་ཁོང་གི་དྲོན་པོ་དང་།
རྗེ་ཁྱེད་ཀྱི་བརྩེ་བ་བསྡུར་ཐབས་མེད།
ལར་ཏ་ལའི་བླ་མ་གྲགས་ཆེ་ཡང་།
རྗེ་ཁྱེད་ཀྱི་སྙན་ངག་དེ་ལས་ཆེ།
སྤྱིར་ཀརྨ་པ་ཆེན་མོ་ཁྱབ་ཆེ་ཡང་།
རྗེ་ཁྱེད་ཀྱི་མཁྱེན་པ་འདི་ལས་ཆེན།
སྡུག་བདེན་རྟོགས་མཁན་སྟོན་པ་ཡང་།
ལོ་རྒྱུས་ཁྱེད་ཀྱི་དྲུང་ནས་སྦྱོང་།
ཆབ་སྲིད་མཁྱེན་མཁན་གཟམ་སྟོང་ཡང་།
མཛེས་མའི་བསླབ་བྱ་ཁྱེད་ཀྱིས་སྦྱིན།
དེ་ན་རླབས་ཆེན་སྐྱེ་བུ་ཁྱོད།
འཛམ་གླིང་འགྲོ་བའི་གཙུག་རྒྱན་དུ།
དབུ་བཞུགས་མཛོད་ལ་བཀའ་སློབ་རྩོལ།
ཡན་ལག་བདུན་པའི་མཆོད་པ་འབུལ།
ཅེས་རླབས་ཆེན་གྱི་སྐྱེ་བུ། རྒྱལ་གཅེས་པ། མི་རིགས་རིང་ལུགས་པ། ཁ་བྲལ་རིང་ལུགས་པ། ཡག་དག་པ། རྫོགས་པའི་སངས་རྒྱས། འགྲོ་བའི་མིག མཛེས་མའི་སྙིང་། ཏ་ལའི་བླ་མའི་ཐུགས་སྲས། ཀརྨ་པའི་སྙིང་གི་བུ། སྟོན་པ་བཅོམས་ལྡན་འདས་ཀྱི་ཐུགས་སྤྲུལ། པད་མ་འབྱུང་གནས་ཀྱི་རྩ་བའི་བླ་མ།མཚན་བརྗོད་པར་དཀའ་བ། སླད་འདིར་འགྲོ་བའི་དོན་དུ་མཚན་ནས་སྨྲོས་ན། རྗེ་གོང་ས་སྐྱབས་མགོན། ལྷ་མིའི་རྣམ་འདྲེན་ཆེན་མོ། ཏླ་ལའི་བླ་མ་དང། བླ་ཆེན་གཞན་ཚང་མའི་རྩ་བའི་བླ་མ། ལྷ་ཆེན་ཚངས་པ་དང་རྒྱལ་ཆེན་སོགས་བྲན་ལ་བཀོལ་མཁན་གྱི་ཆེན་མོའི་མཆེན་མོ་སྟོན་པ་ཧོར་གཙང་འཇིགས་མེད་ཀྱི་རྟོགས་པ་ཞི་བདེ་རྒྱ་མཚོ་ལྟ་བུའི་ཟབ་ལ་རྒྱ་ཆེ་བའི་ཡོན་ནས་ནས། ཐིག་པའི་ཡང་ཐིག་གི་ཆ་ཤས་རྡུལ་ཆུང་གི་ཟུར་ཕྱེད་ཀ་བརྗོད་པ་འདིའི་དགེ་བས་དམ་པ་འདིའི་མཛད་པ་གོང་ནས་གོང་དུ་འཕེལ་བར་ཤོག
བྲིས་ནོ་ཧྲ་གི་ར་ངའི་ཧོར་གཙང་འཇིགས་མེད་ཨེ་རིག་ཐལ་ཞེས་པར་མི་དོ་ག་ཡ། ལོས་ཡིན་རེ། སེམས་གཏིང་ནས་བྲིས་མ་བྲིས་ཀྱི་ཁྱད་པར་རེད། གང་ལྟར་མི་ཆོག་རྒྱུ་མི་འདུག ཤུ་རེ་བྱོས་དང་ཉི་མ་གཅིག་ངས་བྲིས་པ་དེ་མོ་དེ་འབྲི་ཐུབ་ན་ཡང་ཐང་ཀི
འ་ལ་ལ་ལ། ཨ་ལགས་ཁྱོད་ད་ཞེ་གི་དགྲ་བཅོམ་པ་ཟིག་ལ་ཨ་ན་མ་ན་རེད། དཀོན་མཆོག་གསུམ་ཚིག་གཅིག་འཇམ་གི ང་ཡིན་ན་ད་ནང་ཟིག་གི་གནམ་ལྕགས་ཟེར་ནེ་དེའི་ཁ་ནང་ལ་མཇེ་ལྕགས་གིས་རྒྱབ་ཚར་སོང་། ད་ནང་དམེ་དེ་མི་མཛའ་གི ཁ་སུམ་བསྡད་ན་ཧྲ་ནི་རེད།
རིག་དང་མ་རིག་ཆོ་འཕྲུལ་ལས། །
སྤྱི་མཐུན་ལས་ཀྱི་ཀརྨ་པ། །
མི་མཐུན་སྨྲ་བའི་དུ་རུ་ཀ །
སྨྲ་བའི་སྒྲོ་བཀུར་འདི་མི་སྤྲོ། །
ཆུ་ཚོད་ཉེར་བཞིའི་རིང་ལ། །མི་ཚོགས་འཚང་ཁ་ཆེ་བའི། །
ཨ་རིའི་ནེའུ་ཡོག་ནང་ལ། །ཧོར་འཇིགས་འདུག་ས་མ་རེད། །
རྡ་ས་དང་ནི་ཨ་རི་གཉིས། །
ད་དུང་གང་ཆེ་མ་ཤེས་པའི། །
སྙན་ངག་མཁན་པོ་འདི་དག་ལ། །
ཁ་ཡ་བྱེད་པ་བྱིས་པའི་ཟླ། །
སྔོན་མར་ཕ་ཡུལ་མི་དག་གིས། །
ཅིག་ཅིག་ཉིག་ཉིག་ཨེ་ཐུག་ཅེས། །
ཕ་ཡུལ་དང་ཨ་རི་གཉིས། །
གང་ཆེ་མ་ཤེས་ང་ལ་དྲིས། །
དེ་བཞིན་མི་འགས་རྡ་ས་ཡི། །
རི་མགོ་ཆུང་ཆུང་ཧོར་འཇིགས་ལ། །
ནངས་ཐུག་དགོང་ཐུག་བྱེད་པ་དེ། །
ཨ་རི་ན་ཡང་ལོས་ཡོད་བསམས།
རྡོ་ལ་རྡར་གྱི་རི་རྒྱུད་དང་། །
རང་གི་རྒན་མོའི་རུམ་ཁ་གཉིས། །
ཨ་མེ་རི་ཁར་བསྡུར་པ་ཡི། །
མི་བུ་དེ་དག་གད་མོའི་གནས། །
བཙན་པོ་བརྒྱ་ཡིས་གཉའ་ནས་མནན།།
ཕྲག་ཏོག་ཅན་གྱིས་ཕྲག་ནས་བཟུང་།།
མནན་ཀྱང་མ་ནོན་བཙན་གྱིས་ལངས།།
བཟུང་ཡང་མ་ཐུབ་ཤོར་བའི་བུ།།
སུ་ཡིས་རྟག་ཏུ་ཅ་ཅོ་དང་།།
ཧོར་འཇིགས་རེ་ཞིག་ཁུ་སུམ་གཉིས།།
དྲིལ་བུ་རྟག་ཏུ་བཞེངས་པ་དང་།།
རྡོར་རྗེ་ཕྲེད་ལ་ཉལ་བའི་དཔེ།།
བྲིས་པའི་གླེགས་བུམ་འཁུར་གྱིས་ལྕི།།
བཟང་བོའི་ཡོན་ཏན་གང་སར་ཁྱབ།།
སེམས་ནད་ཅན་གྱི་སྡུག་གྱོང་དང་།།
ཕྲག་ཏོག་ཅན་ལ་ལན་ཆགས་རེད།།
ཆོས་འཕེལ་ཟེར་བའི་སྙན་ངག་དང་།།
བསམ་ཤེས་བུ་ཡི་བསྟོད་གླུ་གཉིས།།
ཆང་འཐུང་རྒད་པོའི་སྐྱུགས་ལྡུད་ལ།།
ཡིག་ནོར་སྐྱག་སྦྲང་འཁོར་བ་འདྲ།།
འོན་ཀྱང་སྐྱེས་སྟོབས་ཤེས་རབ་དང་།།
སྦྱངས་པའི་ཡོན་ཏན་མཐའ་མེད་པའི།།
རིག་པའི་བུ་ཡི་སྙན་གྲགས་ལ།།
མ་དགའ་ནའང་ཅི་ཞིག་བྱ།།
ཀྭི་་་་་་་་ཧོར་གཙང་འཇིགས་མེད་མ་རིག་ཐལ།
ཀ་ཡེ་དྲ་གྲོགས་དྲིན་ཆེན་པོ།།
ཧོར་འཇིགས་བཙལ་བ་བཟང་མོད་ཀྱང་།།
ཟོག་བོར་ཚོལ་ལ་མྱི་བོར་ཉོན།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
ཆུང་ནས་མཁས་པའི་བྱ་བ་ལ།།
དུང་བའི་བྱིས་པ་རིག་རྒོད་པོ།།
སྙན་ངག་བྲི་བའི་གྲགས་ཅན་པོ།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
བཟང་ངན་ཀུན་ལ་བྱང་ཆུབ་པའི།།
དགེ་ཆོས་ལྟ་བུར་མ་ལགས་ཤིང་།།
དགེ་ཆོས་གཉིས་པའི་མིང་ཅན་པོ།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
རྡ་སར་ཡོད་དུས་གྲགས་ཅན་པོ།།
ཨ་རིར་སླེབས་པའི་ཚོལ་མེད་པོ།།
གློ་བུར་གྲགས་འགུལ་མེད་པའི་བུ།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
མདོ་སྨད་སྤྱི་འཐུས་གྲགས་ཅན་ཞིག།
ཨ་རིར་སླེབས་ནས་ཨ་སྒོར་གྱིས།།
ཉིན་མཚན་གཡོག་ཏུ་བཀོལ་ཞེས་གྲགས།།
ཧོར་གཙང་འཇིགས་མེད་ཡིན་ན་ཐང་།།
དང་པོ་ཨ་སྒོར་དགྲ་རུ་བལྟས།།
བར་དུ་ཨ་སྒོར་གཉེན་དུ་མཐོང་།།
ཐ་མར་ཨ་སྒོར་འཐམ་པའི་བུ།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
ཨ་སྒོར་ཅུང་ཙམ་བསོག་གྱུར་ན།།
ཨ་ཁུ་ཀླུ་སྨྱོན་ཇི་བཞིན་དུ།།
ཨ་མ་དབྱིན་མོའི་རུམ་ནང་ནས།།
ག་ལེར་གྲགས་འགུལ་ཡོད་ན་ཐང་།།
འཛེར་མ་ར་མགོ་བཀའ་འདྲིན་ཆེ།
ཡིག་ནོར་ཤོར་བ་བདེན་པར་མངོན།
བདེན་པའི་རིན་ལ་གུས་ཕྱག་འབུལ།
དགོངས་པ་དྭངས་བའི་རེ་བ་ཞུ།
གནམ་སྐྱག་ཁྱོད་རང་པྱོགས་ལ་ཆགས་ཞེན་དང༌། གཞན་པྱོགས་ལ་སྡང་སེམས་ལས། གང་ཟག་ལ་མི་ལྟོས་ཆོས་ལ་རྟོན་པ་ཞིག་རེད་མི་འདུག གྲུབ་མཐའི་ཕྱོགས་ཅན། རང་མཐོང་ང་རྒྱལ་ཅན། ཧོར་འཇིགས་ལས་ལས་ཀ་ཞིག་ཐོབ་ན་སྙམ་ནས་སྤེད་ལད་དང༌། དམན་པའི་རྟུལ་ཞུགས་ཅན་སྒོམ་སྡེ་ལྷག་རམས་པ་སོགས་ལ་ཕྲག་དོག་བྱེད་པ། ད་ཁྱོད་མི་རེད་དམ་རེད། གདོང་པ་ལ་ཁྲག་ཡོད་དམ།
མཆན་བཅོ་ལྔ་བ་ཉི་འོད་ལགས་ཀྱིས་ཅི་ཞིག་གསུངས་ཀྱིན་ཡོད་དམ། ངས་ཁོང་གིས་བྲིས་པའི་མཆན་འདིའི་ནང་དོན་གོ་ཐུབ་མ་སོང་།
ཀྭི་་་་་་་་ཧོར་གཙང་འཇིགས་མེད་མ་རིག་ཐལ།
ཀ་ཡེ་དྲ་གྲོགས་དྲིན་ཆེན་པོ།།
ཧོར་འཇིགས་བཙལ་བ་བཟང་མོད་ཀྱང་།།
ཟོག་བོར་ཚོལ་ལ་མྱི་བོར་ཉོན།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
ཆུང་ནས་མཁས་པའི་བྱ་བ་ལ།།
དུང་བའི་བྱིས་པ་རིག་རྒོད་པོ།།
སྙན་ངག་བྲི་བའི་གྲགས་ཅན་པོ།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
བཟང་ངན་ཀུན་ལ་བྱང་ཆུབ་པའི།།
དགེ་ཆོས་ལྟ་བུར་མ་ལགས་ཤིང་།།
དགེ་ཆོས་གཉིས་པའི་མིང་ཅན་པོ།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
རྡ་སར་ཡོད་དུས་གྲགས་ཅན་པོ།།
ཨ་རིར་སླེབས་པའི་ཚོལ་མེད་པོ།།
གློ་བུར་གྲགས་འགུལ་མེད་པའི་བུ།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
མདོ་སྨད་སྤྱི་འཐུས་གྲགས་ཅན་ཞིག།
ཨ་རིར་སླེབས་ནས་ཨ་སྒོར་གྱིས།།
ཉིན་མཚན་གཡོག་ཏུ་བཀོལ་ཞེས་གྲགས།།
ཧོར་གཙང་འཇིགས་མེད་ཡིན་ན་ཐང་།།
དང་པོ་ཨ་སྒོར་དགྲ་རུ་བལྟས།།
བར་དུ་ཨ་སྒོར་གཉེན་དུ་མཐོང་།།
ཐ་མར་ཨ་སྒོར་འཐམ་པའི་བུ།།
ཧོར་གཙང་འཇིགས་མེད་མ་རིག་ཐལ།།
ཨ་སྒོར་ཅུང་ཙམ་བསོག་གྱུར་ན།།
ཨ་ཁུ་ཀླུ་སྨྱོན་ཇི་བཞིན་དུ།།
ཨ་མ་དབྱིན་མོའི་རུམ་ནང་ནས།།
ག་ལེར་གྲགས་འགུལ་ཡོད་ན་ཐང་།།
མེས་པོ་དམ་པ་ང་ཕོད་ལ་མ་ཉེས་ཞྭ་མོ་གཡོག་མི་རུང་།
བོད་པ་ཚང་འཆི་གསོན་ཆ་མི་འཚལ་བའི་གནས་སུ་ལྷུང་དུས། དགའ་ལྡན་ཕོ་བྲང་གཞུང་གིས་ང་ཕོད་ཁོང་ལ་གོ་མཚོན་མེ་མདའ་རྙིང་ཧྲུལ་འགའ་དང་དམག་སྤྱི་ཡི་མིང་སྟོང་ཞིག་སྤྲད་ནས་གཡུལ་སར་བརྫངས། མི་རབས་དུ་མར་བཙན་མཁར་དུ་རློམ་པའི་ཆབ་མདོ་འགག་སྒོ་དེ་དགྲ་བོའི་སྒྱོགས་ཆེན་གྱིས་གཏོར་བ་ན། བོད་པ་ཚང་གིས་རང་འཕུང་གི་ངན་ཁག་ཡོད་ཚད་ང་ཕོད་ལ་བཀལ། བླ་སྤྲུལ་དང་དཔོན་ངན་འགའ་ཤས་ཀྱིས་ཕ་ཡུལ་དང་མི་མང་བོར། སྒེར་བའི་རྒྱུ་ནོར་དང་ནང་མི་འཁྲིད་དེ་གཞན་ཡུལ་དུ་བྲོས། ཡུལ་ལྷ་གཞི་བདག་རྣམས་ཀྱང་དགྲ་བོའི་འཇིགས་བརྔམ་མཐོང་ནས་སྐྲག་ཏེ་ཕྱོགས་མེད་དུ་བྲོས།
བོད་པ་ཚང་འུ་ཐུག་ཐབས་ཟད་ནས་ཕ་རོལ་དགྲ་བོ་དང་གྲོས་མོལ་བྱ་དགོས་བྱུང་བ་དང་། བཀའ་ཤག་ཚོགས་འདུ་ཡིས་མངགས་པའི་སྐུ་ཚབ་འགའ་ཆབ་མདོར་སླེབས་ནས་ང་ཕོད་ཁོང་དང་མཇལ། བཀའ་ཤག་གི་བཀའ་ལུང་དུ་ང་ཕོད་ཀྱིས་སྐུ་ཚབ་པའི་དབུ་འཛིན་གནང་ནས་གཞན་ཡུལ་དུ་གྲོས་མོལ་གནང་བར་འགྲོ་དགོས་པར་གཏན་འཁེལ། དུས་དེར་ཁོང་གིས་སྐུ་ཚབ་ཚོར་དགའ་ལྡན་ཕོ་བྲང་གཞུང་གི་གྲོས་མོལ་གྱི་ཐབས་ཇུས་དང་ལམ་སྟོན་ཅི་ཡིན་དྲིས་པ་ན། གྲོས་མོལ་བྱེད་ཕྱོགས་ཐད་ལ་ལམ་སྟོན་མག་མོག་ཙམ་ལས་གནང་མེད་པས། ང་ཕོད་ཁོང་ཁ་གདང་ཞིང་མིག་ཅེ་རེར་ཡུད་ཙམ་ལུས།
མེས་པོ་དམ་པ་འདིས་བོད་འབངས་མི་ཆགས་ཆེན་ཉམ་ང་ལས་སྐྱོབ་པ་དང་གངས་ཅན་པའི་སྤྱི་བྱུས་ཀྱི་ཆེད་དུ་དགོངས་པ་ཆེ་ཆེར་བཞེས་མཐར། རང་ཉིད་ལ་ཕྱི་ནང་གི་མ་ཉེས་ཁ་གཡོག་ཅི་འབྱུང་ཤེས་བཞིན་དུ་མ་གཡོལ་བར་གྲོས་མོལ་དུ་ཕེབས། གཡོ་སྒྱུ་དང་གཏུམ་དྲག་ཆེ་བའི་ཕ་རོལ་དགྲ་ཚོགས་ཀྱིས་ཆངས་ཡིག་གི་དགོས་དོན་རང་འདོད་ཁོ་ནར་འབབ་ཆེད་དུ་ཐ་ན་བོད་འདི་རྨག་མེད་དུ་བཅོམ་རྩིས་ཀྱི་འཇིགས་སྐུལ་བྱས། ང་ཕོད་སོགས་ཀྱིས་ནུས་ཤུགས་ཡོད་རྒུ་བཏོན་པས་ཆངས་ཡིག་ཏུ་རང་ལ་ཕན་པའི་དོན་ཚན་བྱུང་། སྐབས་དེའི་ཕ་རོལ་ཀླ་ཀློའི་བྱེད་ལུགས་དང་རང་རིགས་གཏོལ་མེད་དུ་ལུས་ཡོད་པ་མི་རྟོགས་པའི་མི་ཞིག་ལ་མཚོན་ན། ང་ཕོད་སོགས་ལ་བྱས་རྗེས་པར་ཞོག་ནས་ནག་ཉེས་འགེལ་སྲིད་ནའང་། དེ་དུས་བཀའ་ཤག་གཞུང་དང་བླ་དཔོན་ཚོའི་ནང་ན་རང་རིགས་སྐྱོབ་པར་ཕན་པའི་ཐབས་བྱུས་འདོན་ནུས་མི་ཁོ་ཚོ་ལས་གཞན་སུ་ཡང་མེད་པ་དང་། ང་ཕོད་སོགས་ཀྱིས་མི་རིགས་འདི་སྐྱོབ་ཆེད་ནུས་ཤུགས་ཅི་ཡོད་བཏོན་ཟིན་པ་མངོན་པར་གསལ།
ང་ཕོད་རྒྱལ་པན་རྣམ་གཉིས་དང་སྡོངས་ནས་རྒྱ་གར་དུ་སངས་རྒྱས་ཀྱི་མྱང་འདས་ཀྱི་ལོ་འཁོར་མཛད་སྒོར་ཞུགས་སྐབས། རྒྱ་གར་དུ་བོད་སྐྱོབ་ལས་འགུལ་སྤེལ་བཞིན་པའི་གནད་ཡོད་བོད་མི་ལ་ཤས་ཀྱིས་རྒྱལ་དབང་མཆོག་རྒྱ་གར་དུ་བཞུགས་དགོས་པར་རེ་བ་བཏོན་པ་དང་། རྒྱལ་སྤྱིིའི་བོད་ལ་རོགས་རམ་གནང་རྒྱུ་ཡིན་ཚུལ་བརྗོད་དུས། ང་ཕོད་ཀྱིས། ཡང་སྙིང་རྒྱལ་སྤྱིའི་རོགས་རམ་གང་འདྲ་ཡོད། རྒྱལ་ཁབ་གང་ཞིག་གིས་རོགས་རམ་བྱ་ངེས་ཀྱི་དཔང་རྟགས་ཡོིད་ན་སྟོན་དང་། ཞེས་དྲིས་པའི་ཚེ། གང་ཡང་སྟོན་རྒྱུ་མེད་པར་གྱུར།
དེ་དུས་ནས་བོད་ཕྱི་རོལ་ན་རང་རིགས་ཁ་ཅིག་གིས་པན་ཆེན་རིན་པོ་ཆེ་མཆོག་དང་ང་ཕོད། ཕུན་དབང་སོགས་ལ་རྒྱལ་འཚོང་བའི་མ་ཉེས་ཞྭ་མོ་གཡོག་པར་བྱེད། རྒྱལ་དབང་མཆོག་བཙན་བྱོལ་དུ་ཕེབས་རྗེས་ཀྱི་ལོ་རབས་བདུན་ཅུ་བརྒྱད་ཅུ་ནས་བཟུང་མ་ཉེས་ཞྭ་མོ་མཁན་ཚོའི་ཁ་ཕོ་ཇེ་ཆེར་སོང་། རྒྱལ་དབང་མཆོག་གིས་སྐྱེས་ཆེན་དེ་ཚོས་དགྲ་བོའི་གམ་ན་བབ་སྟུན་ཐབས་མཁས་ཀྱིས་རང་རིགས་སྐྱོབ་པ་མ་གཏོགས་རང་བརླག་གི་ལས་བགྱི་བ་མིན་པ་ཡང་ཡང་གསལ་བཤད་གནང་ནའང་། སྐྱེས་ཆེན་ཚོར་དོན་མེད་མི་ཁ་གཏོང་མཁན་དེ་རིགས་ཀྱིས་བཟང་བོ་ངོས་ཟིན་མ་ཟིན། དཔེར་ན། མི་ཁ་ལ་གྲགས་པའི་འདི་འདྲ་ཞིག་གདའ་སྟེ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་པན་ཆེན་རིན་པོ་ཆེ་མཆོག་གིས་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ལ་གཟིགས་སྐོར་གནང་བའི་དུས་ཤིག་ན། བོད་མི་ཆབ་སྲིད་པ་ཞིག་གིས་ཁུ་ཚུར་སྒྲེང་ནས་སྐྱེས་ཆེན་དམ་པ་ཁོང་ལ་ངོ་རྒོལ་བྱས་པ་དང་ཡང་བོད་མི་སྐོར་ཞིག་གིས་པང་གདན་སྤྲུགས་ནས་པན་ཆེན་རིན་པོ་ཆེ་མཆོག་ལ་མི་དགའ་བའི་རྣམ་འགྱུར་ཅི་རིགས་བསྟན་མྱོང་བར་གྲགས། བོད་ནང་ནས་ཀྱང་ལོ་རབས་བརྒྱད་ཅུ་བར་ལྷ་སར་འོས་ལངས་བྱུང་སྐབས་སུ། རང་རིགས་ཁ་ཅིག་གིས་པན་ཆེན་རིན་པོ་ཆེ་མཆོག་ལ་ཚོང་དཔོན་རྒྱགས་པ་ཟེར་ནས་ངན་སྨྲས་བྱས་པར་གྲགས།
དོན་ངོ་མར་སྐྱེས་ཆེན་འདི་དག་གིས་ཅི་ལན་ནམ། བདེན་རྫུན་མི་འབྱེད་པར་ངན་སྨྲས་འབའ་ཤིག་བྱེད་པའི་མི་འདིའི་རིགས་མཐོང་ན་ཡི་རེ་མུག ཡང་ཞིབ་ཏུ་བསམས་ན་ཁོ་ཚོས་མི་གཙང་ཕྱི་ས་གནམ་ལ་གཏོར་ནས་རང་ཐོག་ཏུ་བབས་པ་ལས་སྐྱེས་ཆེན་དམ་པ་དག་ལ་ཅི་ཡང་གནོད་མི་ནུས།
མི་མ་ཡིན་ནས་བྲིས།
ཨ་སྒོར་ཅུང་ཙམ་བསོག་གྱུར་ན།།
ཨ་ཁུ་ཀླུ་སྨྱོན་ཇི་བཞིན་དུ།།
ཨ་མ་དབྱིན་མོའི་རུམ་ནང་ནས།།
ག་ལེར་གྲགས་འགུལ་ཡོད་ན་ཐང་།།
ཧ་ཧཧ་ཧ
ཟླ་བ་གཞོན་ནུ་སྨྱོན་པ་རང་ཟིག་རེད། །
ཨ་ཁུ་ཀླུ་སྨྱོན་མཆོག་གི་ཁ་སྨྱོན་ཡང་། །
དོན་གྱི་སྨྱོན་པ་མིན་ནོ་མ་ཤེས་པར། །
ལག་ནས་གང་ཐོན་བྲིས་ནས་བུད་སོང་ཟིག །
ཧ་ཧ་ཧ་