ཨ་འབར་འཇིགས་དབང་།
སྲིད་སྐྱོང་ཚ་ཀི་ཚིག་གེ །
སྤྱི་འཐུས་འ་རེ་འུ་རེ།།
ཁྲིམས་ཞིབ་འཐམ་མེ་འཐོམ་མེ།།
ཁྲིམས་སྒྲིག་མཎི་བགྲང་ཡང།།
མ་དཔྱད་ཁྲིམས་སྒྲིག་བརྒལ་ནས།།
ཟླ་སྒྲོན་རྩེད་མོ་རྩེས་སོང་།།
གསར་འགོད་བཀྲིན་ཅན་གྱིས།།
བདེན་གནས་གསལ་བསྒྲགས་གནང་བས།།
སྲིད་སྤྱི་ཁྲིམས་ཞིབ་རྣམ་གསུམ།།
གཏི་མུག་གཉིད་ལས་སད་སོང།།
སྦས་དང་མ་སྦས་མི་འདུག །
རྒྱ་ཆེའི་དམངས་ནས་ཤེས་སོང་།།
བཀའ་བློན་དམ་འབུལ་གྲུབ་ནས།།
ལས་བགོས་སོ་སོར་བརྒྱབ་རྗེས།།
ཟླ་སྒྲོན་ཕྱིར་འཐེན་གནང་སོང་།།
ཁྲིམས་སྒྲིག་གང་དུ་གསལ་ཡོད།།
ཞབས་འདྲེན་ཐང་ལ་བཀྲམས་སོང་།།
དགྲ་ལ་བཤད་ན་དགའ་འགྲོ །
གཉེན་ལ་བཤད་ན་སྐྱོ་འགྲོ །
ཟླ་བ་གཉིས་གསུམ་རྗེས་ལ།།
ཟླ་སྒྲོན་མུ་མཐུད་བསྐོ་མཛོད།།
ཀེཎ་ཌ་ནས་ཨ་འབར་འཇིགས་དབང་པས་༡༠༢༦ །༥ །༤
འཇིགས་དབང་སྣང་བ་སྐྱིད་ལ། །ཁྲིམས་སྒྲིག་རྡོག་རོལ་གཏོང་མཁན། །ཟླ་བ་གཉིས་གསུམ་རྗེས་ལ། །ཡང་བསྐྱར་ཇི་ལྟར་བསྐོ་འམ། །
སྲིད་སྐྱོང་ཚ་ཀི་ཚིག་གེ །
སྤྱི་འཐུས་འ་རེ་འུ་རེ།།
ཁྲིམས་ཞིབ་འཐམ་མེ་འཐོམ་མེ།
མི་མང་ཆ་ལེ་ཆོ་ལེ།
བོད་པ་ཙམ་པ་ཟ་མཁན་།
རང་གི་རིག་གཞུང་སྲུང་དང་།
སྨན་རྩིས་ཁང་གི་ལོ་ཐོའི་།
ལོ་ཚད་དེ་ནས་བསྟན་འདུག་།
སྲིད་སྐྱོང་ནོར་བ་མ་རེད་།
ཤར་གླིང་འཕྲུལ་བ་མ་རེད་།
བཀའ་བློན་དག་མཆན་གནང་མཁན་།
སྤྱི་འཐུས་གྲོས་ཚོགས་ནོར་འདུག་།
གཞུང་པ་ཀླད་པ་ལྗང་ནག །སྨན་རྩིས་ཁང་གི་ལོ་ཐོ། །རོབ་རྩིས་ཙམ་དུ་བདེན་ཡང་། །ཞིབ་རྩིས་སྐྱེས་ལོ་སྐྱེས་ཚེས། །
སྲིད་སྐྱོང་ནོར་བ་མིན་ན། །ཁྱོད་ཅག་ནོར་བ་ལོས་ཡིན། །ཁྲིམས་དང་སྒྲིག་གཞི་མི་ཤེས། ། སྲིད་སྐྱོང་བདམས་པ་ནོར་དེར། །
དྲང་གཏམ་གཅེར་བུར་བཤོད་མཁན་གཞུང་པ་ཙམ་།
ཕྱོགས་ཞེན་རླད་སྙིང་མིང་རྫུན་དྲ་འབུའི་འགན་།
རང་གི་རིག་གཞུང་རང་གི་མ་སྲུང་ན་།
ཕ་རོལ་དགྲ་བོའི་མདུན་དུ་ངོ་ཡང་ཚ་།
བཅའ་ཁྲིམས་ནོར་བུ་མ་ཤེས་ལམ་སྟོན་ནང་།
ཟླ་བ་ཉིན་གྲངས་ཆུ་ཚོད་སྐར་ཆ་སོགས་།
རྩི་དགོས་ཡོད་པ་བཅའ་ཁྲིམས་མ་གསལ་ནས་།
ཟླ་བ་ཉིན་གྲངས་རྩིས་པ་ཁྲིམས་དང་འགལ་།
འདྲ་མིན་ཅོ་བརྒྱད་ལབ་རུང་།།
གླུ་ལ་སྙན་ཆ་ཡོད་ན།
སུ་ལ་གནོད་རྒྱུ་མ་རེད།
ཟླ་སྒྲོན་མོ་རང་སྙིང་རྗེ།།
སྙིང་རྗེ་སྙིང་རྗེ་ལབ་རུང་།།
གོ་སྐབས་ཤེལ་ནང་མོ་མོ།།
ཟ་འདོད་འགྲམ་ཆུ་ལྡིང་དུས།།
རང་ལོ་རང་ལ་མ་གསལ།།
མང་གཙོ་ཕྱི་ཡུམ་ཆེན་མོ།།
ནང་གི་ཨ་མར་བསུས་ཡོད།
ནང་ལ་མ་འགྲིག་བྱུང་ན།
ཨ་མའི་ལམ་ལུགས་གཡུག་གི།
ཆབ་སྲིད་འཁྲབ་ནི་མ་ཤེས།
འབུམ་རིམ་འབུམ་རིམ་ཟླ་སྒྲོན།
གོ་ས་མཐོ་དམའ་ཞིག་གིས།།
འབུམ་རིམ་འབུར་འཇོམ་བྱས་ཐལ།།
ལམ་འགྲོ་མེད་ནི་མིན་ན།
དགྲ་ཤ་ལང་ནི་ཡིན་འགྲོ།
ཁོ་རང་མོ་རང་གཉིས་ཀ།
འོས་བསྡུའི་སྐབས་སུ་དགྲ་རེད།
ཀྱེ་མ་ཀླད་ལྗང་གཞུང་པ་རང་རློམ་ཅན། །
རང་གི་རིག་གཞུང་རང་གིས་བསྲུང་བསམ་ན། །
དང་པོ་རང་གི་ཡི་གེ་དག་པོར་སྦྱོང་། །
དེ་ནས་གཞན་ལ་འབར་ཡང་འོས་ལ་ཆོག །
ཁྲིམས་ཀྱི་རང་ལོ་ཧྲིལ་བོ་ནི། །
ལོ་གཅིག་ཟླ་བ་བཅུ་གཉིས་ལ། །
ཞག་མ་སུམ་བརྒྱ་རེ་ལྔ་པོ། །
ཚང་ན་རང་ལོ་ཧྲིལ་པོ་ལོན། །
སྨན་རྩིས་ཁང་གི་ལོ་ཐོ་ནི། །
ལོ་ངོ་ཡིན་གྱི་ཧྲིལ་པོ་མིན། །
བོད་པས་བོད་རྒྱལ་ལོ་གལ་ཆེན་དུ་རྩིས་ན་བོད་མི་ཐམས་ཅད་ཀྱི་རང་ལོ་བོད་ལོ་ལྟར་རྩིས་ན་ལེགས། བོད་ལོ་དེ་ལ་ལོ་ངོ་དང་ཧྲིལ་པོ་བརྩི་སྲོལ་གཉིས་ཡོད་པས། རྩ་ཁྲིམས་ནང་དེ་ལོ་ཧྲིལ་པོ་ཡིན་འདུག་ཀྱང་བོད་ལུགས་ཟླ་ལྷག་གིས་ཁ་སྐོང་ཆོག་པས། བོད་ཀྱི་ཆོས་སྲིད་གང་ཐད་ནས་འགལ་བ་ཅི་ཡང་མེད་དོ། །
བོད་ལུགས་ཟེར་ན་འདྲ། ནང་པ་སངས་རྒྱས་པའི་ལུགས་ལ་བྱས་ན་འདྲ། གང་ལྟར་མོ་རང་སྐྱེ་ནས་ཉི་མ་ 12600 ཆུ་ཚོད 302400 ལོན་ཡོད་ན་འགྲིག་པ་རེད། དེ་སྒང་ནང་ཆོས་འདུལ་བ་ནང་བཞིན་བྱེད་ན་མངལ་གྱི་གནས་སྐབས་ཟླ་བ་དགུ་ཡང་བརྩི་ན་འགྲིག་གི་རེད། འདི་རྣམས་ལ་ཁྱེད་ཚོར་ཁུངས་དགོས་ན་འདུལ་བ་ཤེས་མཁན་གྱི་དགེ་བཤེས་ཞིག་ལ་དྲིས་དང་གསལ་པོ་རེད།
འདུལ་བ་ཏ༽ ༢༤༦
དགེ་སློང་མ་ལོ་ཉི་ཤུ་མ་ལོན་པར་གྱུར་པ་ལོ་ཉི་ཤུ་ལོན་པའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་
པ་དང༌། དེའི་གཉེན་དག་ལྷགས་ཏེ། འདི་སྐད་ཅེས་སྨྲས་སོ། །མིང་འདི་ཞེས་བྱ་བ་ཡོད་དམ། དེ་དག་
གིས་འདི་སྐད་ཅེས་སྨྲས་སོ། །དེ་ནི་བསྙེན་པར་རྫོགས་སོ། །དེ་དག་གིས་འདི་སྐད་ཅེས་སྨྲས་སོ། །དེ་
ནི་ལོ་ཉི་ཤུ་མ་ལོན་ནོ། །ཞེས་དེ་སྐད་སྨྲས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དེའི་ཤོལ་
གྱི་ཟླ་བ་དང༌། མངལ་གྱི་ཟླ་བ་ཡང་བརྩི་བར་བྱའོ། །གལ་ཏེ་ཚང་ན་དེ་ལྟ་ན་ལེགས། །དེ་སྟེ་མ་ཚང་
ན་ས་སྤོ་བར་བྱ་བའམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ། །
༅༅། ཟླ་སྒྲོལ་ལ་་མངལ་གྱི་ཟླ་བ་ཡང་བརྕི་བར་བྱ་ཞེས་པ་ལ་དངོས་གནས་གོ་རྒྱུ་ཆེན་པོ་འདུག་
ཡིན་ཡང་སྐྱེས་ལོ་དེ་ ༡༩༨༡ ཟེར་དུས་མངལ་ཟླ་ཚུད་མེད་། བཅའ་ཁྲིམས་ནང་དུའང་མངལ་ཟླ་ནས་བརྩི་དགོས་འཁོད་མེད་སྟབས་མངལ་ཟླ་བརྕི་ན་མི་འགྲིགས།
བཅའ་ཁྲིམས་ནང་ཞིབ་ཏུ་བལྟ་ན་ཟླ་སྒྲོན་ལགས་ཟླ་གཉིས་གསུམ་རྗེས་ནས་སླར་བཀའ་བློན་དུ་
བསྐོ་ཆོག་གི་མེད་པ་འདྲ་བོ་འདུག། ཟླ་སྒྲོན་རེ་བ་མ་རྒྱབ།
ཁྲིམས་ལས་འགལ་ཚར་བའི་རྗེས་ལ་་་་་་དགོངས་སེལ་ཞུ་རྒྱུ་གང་ན་ཡོད། ལམ་སྲོལ་ངན་པ་ཆགས་སྲིད།
སྲིད་སྤྱི་ཁྲིམས་ཞིབ་དང། ཟླ་སྒྲོན་བཅས་པར་ཁྲིམས་འགལ་ཉེས་པ་འགེལ་དགོས་པ་ཡིན།
དེ་མིན་་མཆོག་གསུམ་དང་རྒྱ་ཆེའི་མང་ཚོགས་ལ་དགོངས་སེལ་ཞབས་རིམ་སྒྲུབ་དགོས་པ་རེད།
དེ་མ་ཚད་སྤྱི་འཐུས་ཚོགས་ཐེངས་དང་པོ་རྒྱས་སྤྲོའི་ངང་གྲོལ་བ་ཡིན་ཞེས་ཚོགས་གཙོས་གསུངས་སོང་བ་ནི་ཚོགས་ཐེངས་དང་པོའི་ཐོག་ནས་བཅའ་ཁྲིམས་འགལ་བར་བརྟེན་་་་ཚོགས་ཐེངས་དང་པོ་འགལ་སྤྲོའི་ངང་གྲོལ་ཞེས་འབོད་ན་ལེགས།།
བཀའ་བློན་དུ་འཁོད་ཐུབ་མ་ཐུབ་དེ་སྤྱི་འཐུས་གྲོས་ཚོགས་ཀྱི་ཐུགས་འགན་རེད་།
དཔལ་ལྡན་སྲིད་སྐྱོང་མཆོག་ནས་བཀའ་བློན་གྱི་མི་འགྲོ་སྟོན་པར་སྤྱི་འཐུས་གྲོས་ཚོགས་ནས་ དེ་ག་རང་རེད། སྤྱི་བཏང་ནས་ལོ་གྲངས་རྩིས་སྟངས་ལ་ཡང་ཕྱི་ལུགས་རྩིས་དང་བོད་དང་ལྷག་པར་ནང་པའི་རྩིས་སྟངས་མ་འདྲ་ཡོད་པ་རེད། ནང་པས་རྩིས་སྟངས་ལྟར་བྱས་ན་ལོ་གྲངས༣༦་ཚང་སྡོད་ཡོད་རེད་ གང་ཡོན་ཟེར་ན་མི་ཆགས་པ་ནས་བརྩི་ཡི་ཡོད་པ་རེད། དམ་ཆོས་འདུལ་བའི་ནང་ཨ་མའི་ཁོག་ནང་ཟླ་དགུ་ཞག་བཅུ་བརྩིས་པའི་ལོ་གྲངས་རྩིས་སྟངས་དེ་དམ་ཆོས་འདུལ་བའི་ནང་གསལ་ཡོད་པ་རེེད། སྤྱི་སྟངས་བྱས་ན་ནང་པའི་རབ་བྱུང་ལོ་བདུན་ལོན་དགོས་པ་རེད། ཡིན་ན་ཡང་དེ་བརྩིས་སྟངས་གང་འདྲ་བྱས་ནས་རྩིས་པ་རེད་ཟེར་ན་མའི་མངལ་དུ་ཞུགས་པ་ནས་རྩིས་ནས་ལོ་བདུན་ལོན་ན་འགྲིག་གི་ཡོད་རེད། མ་ཟད་དགེ་སློང་སྒྲུབ་པ་ལ་ལོ་ཉི་ཤུ་ལོན་དགོས་ཀྱང་རྩིས་སྟངས་དེ་ཨ་མའི་མངལ་ལ་གནས་པ་ནས་རྩིས་ནས་ལོ་ཉི་ཤུ་ལོན་ན་འགྲིག་གི་ཡོད་རེད། དེ་འདྲ་ཡིན་དུས་ང་ཚོ་ནང་པའི་རྒྱལ་ཁབ་གཅིག་དང་ལྷག་པར་དུ་ཆོས་སྲིད་ཟུང་འབྲེལ་དེ་ཡང་ནང་པའི་ཆོས་སྲིད་ཟུང་འབྲེལ་གྱི་གཞུང་ཤིག་ཡིན་དུས་ཨ་མའི་མངལ་ལ་ཆགས་པ་དེ་བསད་ན་མི་བསད་པར་བརྩི་ཡི་ཡོད་པ་རེད། ཡིན་ན་ཡང་ཕྱི་ལུགས་ཀྱིས་ཨ་མའི་མངལ་དུ་ཆགས་པ་དེ་མི་བརྩི་ཡི་ཡོད་པ་མ་རེད། འདོད་པ་མེད་ན་བསད་རྐྱང་བྱེད་ཀྱིན་ཡོད་པ་རེད། དེ་འདྲ་ཡིན་དུས་ལུགས་སྲོལ་དེ་ཚོ་ནང་ནས་ངས་ལྟར་ན་ང་ཚོ་ནང་པ་ཡིན་དུས་ནང་པའི་ལུགས་ལྟར་བརྩི་དགོས་པ་རེད་སྙམ་པའི་ཚོར་སྣང་ཞིག་ཡོད། དེ་ལྟར་བརྩིས་བཞག་ན་ཨ་མའི་མང