གཅན་སྣང་བ་ཚེ་རིང་བཀྲ་ཤིས།
ངས་ཀླུ་མཁར་བྱམས་མི་གླེང་། དེ་གླེང་མཁན་དེ་ཚོ་གློའུ་རྒན་རེད། སྤྱི་ཚོགས་ཁ་འཐོར་གཏོང་མཁན་རེད། ནང་འཁྲུག་སློང་མཁན་རེད། དེ་ལས་ངས་སྤྱི་ཚོགས་ལ་ཕན་རྒྱུ་ཞིག་འདིར་གླེང་རྒྱུ་དེ་ནི་ཧྥ་རན་སིའི་རྒྱལ་ས་ཕེ་རེ་སི་ནང་གི་གསུམ་བཅུའི་དུས་དྲན་སྲུང་བརྩི་དང་འབྲེལ་བའི་བསམ་ཚུལ་ཁག་ཅིག་ཡིན། བོད་པའི་ཚོགས་པ་བྱེ་བྲག་གཅིག་གཉིས་ཙམ་གྱིས་མཚམས་རེར་ལས་འགུལ་གང་ཞིག་རྩོམ་པར་འཆར་གཞི་འདིང་བ་དང་འཐབ་བྱུས་འཐེན་པ་མ་གཏོགས། བོད་པའི་ལས་འགུལ་ཕལ་ཆེ་བ་བྱ་ཕོའི་སྒོ་ང་རྐུབ་ལ་སླེབས་དུས་ཀེག་ཀེག་ཟེར་བ་དང་གཅིག་མཚུངས་ཡིན། ལས་འགུལ་ལ་འཆར་གཞི་མེད། བཀོད་སྒྲིག་ཚགས་ཚུད་མེད། འབོད་སྒྲ་ལ་ངེས་གཏན་མེད། ལས་འགུལ་གྱི་དམིགས་བྱ་གང་ཡིན་ལ་ངེས་གཏན་མེད།
རྒྱུ་མཚན་གང་ཡང་ཞེ་ན། དེ་དག་གི་སྒང་ལ་ཁྱོན་ནས་བསམ་བློ་གཏོང་གི་མེད་ལ། བཏང་མྱོང་མེད། གཏོང་ཤེས་ཀྱི་ཡང་མེད། དཔེར་ན། ཕེ་རེ་སི་ནང་་ཚོགས་པ་ཅིག་ཅིག་་་དང་མིག་མིག་ཟེར་ནས་ཚོགས་པའི་ཆས་གོས་དང་དར་ཆ་འཕྱར་མཁན་འདུག ཡིན་ཡང་བཀོད་སྒྲིག་ཡག་པོ་བྱེད་ཤེས་མཁན་མེད་པ་འདྲ།
༡༽ སྐད་འབོད་ལ་མགོ་མཇུག་དང་གོ་རིམ་གང་ཡང་མི་འདུག ཕྱོགས་གཅིག་ནས་མི་སྐོར་ཅིག་གིས་ Tibet belongs to …….TIBET ལབ་མ་ཚར་གོང་། ཕར་ཕྱོགས་ནས་མི་སྐོར་ཞིག་གིས་་་China China China……ཞེས་སྐད་འབོད་རྒྱག་གི་འདུག་་་་མཚམས་རེར་ཕྱོགས་གཉིས་ཀས་ཕན་ཚུན་ལ་ངོ་རྒོལ་བྱེད་རེས་རྩེད་གི་ཡོད་པའི་ཚོར་སྣང་ཞིག་སྟེར་གི་་་ དེ་བས་སྤྱི་ཤེས་(common sense)བེད་སྤྱོད་ཐོངས།
༢༽ ཤོག་ཁག་་་་ཤོག་ཁག་བྱས་ནས་སྐད་འབོད་རྒྱག་དུས་ཉེ་འགྲམ་གྱི་མི་དང་རྒྱ་ནག་གཞུང་ཚབ་ཁང་གིས་མི་ཞིག་གིས་ཉན་ཚེ། སྐད་སྒྲའི་འབག་བཙོག་(Noise pollution)་ཙམ་ལས་འབོད་སྒྲ་གང་ཡང་གོ་དཀའ་ཚོད་འདུག དེ་བས་རྗེས་མ་སྐད་འབོད་ཆ་སྙོམས་བྱས་ནས་རྒྱོབས།
༣༽ སྥ་རན་སིའི་མི་སེར་བོད་དོན་རྒྱབ་སྐྱོར་བ་ཡང་གང་མཚམས་ཤིག་ཀྱང་སླེབས་འདུག འོན་ཀྱང་སྐད་འབོད་མང་ཆེ་བ་ཨིན་ཇིའི་སྐད་ནང་བྱས་ནས་རྒྱབ་སྐྱོར་བ་ཚོའི་ཁ་ལ་སྒོ་ལྕགས་བརྒྱབ་ནས་བཞག་སོང་། ཧྥ་རན་སིའི་རྒྱལ་ས་ནས་ཧྥ་སྐད་ནང་སྐད་འབོད་མི་བྱེད་པར་བོད་སྐད་དང་དབྱིན་སྐད་རྐྱང་རྐྱང་བྱེད་པ་དེ་བོང་བུའི་ཨ་ཅོག་ནང་གསེར་བླུགས་པ་དང་གཅིག་མཚུངས་རེད། དེ་རྗེས་མ་འགྱུར་བ་ཐོངས།
༤༽ long live the Dalai Lama བོད་པའི་ངོ་རྒོལ་སྐད་འབོད་ནང་འཁྱེར་ཡོང་མཁན་གྱི་མི་དེ་ལྐུགས་པ་རེད། དེ་ད་བར་དུ་བསྐྱར་ཟློས་ཡང་ཟློས་བྱེད་མཁན་དེ་ཚོ་བླུན་པོ་རེད། ངོ་རྒོལ་སྐད་འབོད་སྐབས་ long live the Dalai Lama ཟེར་ན་ག་རེ་ལབ་གི་ཡོད་རེད། ངས་ཁྱོན་ནས་མགོ་ཚོས་ཀྱི་མི་འདུག མ་ཚད། དེ་ནི་སྒེར་འཛིན་རིང་ལུགས་སྤྱི་ཚོགས་ཁྱོད་ཀྱི་འབོད་སྒྲ་ཞིག་རེད། དེ་བས་༧རྒྱལ་བ་སྐུ་ཚེ་བརྟན་པའི་སྨོན་ལམ་སེམས་ནས་བཏབ་ན་ལེགས་པ་ལས། མི་ཚོགས་ཀྱིས་ངོམ་སོ་ལྟ་བུ་བྱས་ན་ཁྱོན་ནས་ཡག་པོ་མི་འདུག གོ་ཤེས་ཡིན་ན་འབོད་སྒྲ་དེ་སྤོངས།
༥༽ སྐད་འབོད་བཀོད་སྒྲིག་ཡག་པོ་ཡོད་མེད་དེ་འབོད་སྒྲ་་གཏན་འཁེལ་ཞིག་ཡོད་མེད་ལ་བལྟས་ནས་ཁ་ཚོན་གཅོད་ཐུབ། དེ་བས་ལས་འགུལ་བཀོད་སྒྲིག་པ་ཚོས། ལས་འགུལ་བྱེ་བྲག་པ་རེ་རེའི་དགོས་དམིགས་ལ་གཞིགས་ནས་་འབོད་སྒྲ་གསལ་པོ་གཏན་འཁེལ་བཟོ་རོགས། རྗེས་མ་འགྲོ་ལ་ཕན་ཕྱིར་མ་བྱེད།
༦༽ ཚང་མ་ལུང་པ་འདིིའི་སྐྱབས་བཅོལ་བ་ཏག་ཏག་ཡིན་པས། ངོ་རྒོལ་སྐད་འབོད་སྐབས་སྐྱབས་བཅོལ་སའི་ལུང་པ་དེའི་དར་ཆ་ཡང་མཉམ་དུ་འཕྱར་ཐུབ་ན། ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་ངེས། དེ་བས་དེ་རྗེས་མ་ལག་བསྟར་བྱོས།
༧༽ མཐའ་མ་བཀོད་སྒྲིག་བྱེད་མཁན་ཚོས། ལས་འགུལ་དེ་འདྲའི་སྐབས་སུ་ཧྥ་སྐད་ཆུ་བཞུར་བཞུར་ཡོད་མཁན་གྱི་གཞོན་སྐྱེས་ཚོར་གོ་སྐབས་སྤྲོད་རྒྱུ་མ་བརྗེད་པ་གནང་རོགས། གཞོན་སྐྱེས་ཚོའི་ཤེས་ཡོན་གྱི་ནུས་སྟོབས་ལ་གུས་བརྩི་བྱེད་རོགས་ཞེས་ཡང་བསྐྱར་ཞུ་འདོད།
གནས་དུས་ལ་དཔག་ནས་ཡག་པོ་བཤད་འདུག་་་་་་ཕྱོགས་ཚང་མ་ལ་དེ་འདྲ་ལག་ལེན་བཀར་ཐུབ་ན་དགེ་མཚན་ཆེའོ།།
རྡ་སའི་མདོ་སྨད་གད་སྙིགས་ཁ་ཤས་ཀྱིས་རྒྱལ་གཅེས་དཔའ་བོ་ཞིག་ལ་སྔ་ཕྱིར་བར་གསུམ་དུ་དགྲ་བོ་རྒྱ་དམར་གྱིས་འདོད་དོན་ངོ་མ་འཁྱེར་ནས་ལས་སྣ་ཚོགས་བརྩསམས་ཡོད། ངོ་མ་སྙིང་རྗེ་ཡ་རེད། ལྷག་པར་དེང་སང་མདོ་སྨད་གླིང་ཟེར་བའི་སྐད་འཕྲིན་ཚོགས་པ་བཙུགས་ནས་ཆེད་དུ་ཆོལ་གསུམ་དབྱེན་དཀྲུག་དང་རྒྱལ་བའི་དགོངས་གཞི་ལ་ཁྱད་གསོད། དགྲ་བོ་རྒྱ་དམར་གྱི་ངོ་གདོང་གཙང་མ་སོགས་འཁྱེར་ནས་མདོ་སྨད་མིག་གི་མཐོང་མྱོང་མེད་པའི་འཕྲིན་ལས་སྐལ་བཟང་ཟེར་བ་སོགས་ལག
ཆ་དང་སྐུ་མགྲོན་ལ་བོས་ནས་ག་རེ་བྱས་ཡོད་མེད་ཚང་མ་ཤེས་ཡོད།
༄༅།ཚེ་རིང་བཀྲིས་ནས་སུད་སིར་བོད་རང་དབང་སྒེར་ལངས་སྐད་འབོད་སྐབས་མི་
འགྲིགས་པའི་སྐྱོན་ཆ་ཡོད་སྐོར་བརྗོད་འདུག་པ་གཅིག་ནས་ཡག་པོ་རེད། གཉིས་ནས་གསུམ་བཅུའི་དུས་དྲན་དེ་བོད་མི་ས་ཡ་དྲུག་ལ་འགན་ཡོད་པ་ཞིག་རེད་མ་གཏོགས་
མི་རེ་གཉིས་དང་། ཚོགས་པ་རེ་གཉིས། ཡང་ན་ཆོལ་ཁ་རེ་གཉིས་ལ་འཁྲི་བའི་ལས་འགན་མ་རེད། སྐྱོན་ཆ་ཡོད་ན་མར་འདོན་ནས་མཉམ་རུབ་བྱེད་དགོས་པ་ལས། གཅིག་གིས་ལས་འགུལ་སྤེལ་སྐབས་། གཅིག་གི་ཟུར་ནས་བལྟས་སྟེ། ཡག་བྱང་ཟེར་ནས་ཇ་ཆང་མེད་པར། ཉེས་ཤག་ཟེར་ནས་ཉེས་བརྡུང་
བཏང་ན་། མི་ཡིན་པའི་མཚན་ཉིད་མ་ཚང་བ་རེད།
ཀླུ་མཁར་འཁྱམས་ལ་ལྟོས་དང། བྱེད་རྒྱ་སྤུ་ཙམ་མེད་པར་ཞི་པོ་གཅིག་བྱེད་མདོག་མདོག་བྱས་ནས་
མིའི་བྱས་ན་མིག་ཚ། རང་གི་བྱས་ན་རྐུབ་ཚའི་དཔེ་བཞིན་རེད།
long live the Dalai Lama ཟེར་ན་ག་རེ་ལབ་གི་ཡོད་རེད།
ཨ་ཨ། ༧གོང་ས་མཆོག་ལ་མཚན་སྨད་རེད་དམ།
འབོད་ཚིག་འདི་བོད་ནང་གི་བོད་མི་ཚོའི་རེ་བ་ལྟར་འབོད་ཀི་ཡོད་པ་རེད།
འདིས་རྒྱ་ནག་ལ་ན་ཟུག་སྤྲོད་ཀྱི་ཡོད་པ་རེད།
གླེན་ལྐུགས་བཀྲ་ཤིས།