འཇམ་དབྱངས་དཀར་པོ།
འདི་ནི་ཧྥ་རན་སིའི་ཞི་བདེ་དུས་ཚོད། སྤྱི་ལོ་ ༡༨༠༠ ནས་ད་ལྟའི་བར་དྲག་སྤྱོད་པས་བཙན་རྒོལ་བྱས་པའི་རེའུ་མིག་ཡིན། དུས་རབས་ཁ་ཤས་དང་དུས་རབས་ ༡༩ ནང་དྲག་སྤྱོད་པས་ཧྥ་རན་སིར་ལམ་ལྷོང་མེད་པའི་མི་གསོད་ཁྲག་སྦྱོར་གྱི་རྩོལ་བ་བྱས་ཏེ། ནག་ཉེས་མེད་པའི་མི་སེར་ཁ་ཤས་བསད་ཡོད།
སྤྱི་ལོ་ ༡༩༦༡ ནས་མི་དམངས་ཀྱི་བདེ་སྡུག་ལ་འགན་འཁུར་མེད་པའི་དྲག་སྤྱོད་པས་ཚད་ལས་བརྒལ་བའི་ཐོབ་ཐང་དང་། གཡོན་ཕྱོགས་པ། མཆེད་ཁོངས་མེད་པའི་མི་རིགས། བྷི་རེ་ཊོན་(Breton) དང་ཁོར་སི་ཁན་(Corsican) གྱི་རྒྱལ་ཞེན་རིང་ལུགས་པ། ཨལ་རྗི་རི་ཡའི་(Algeria) གྱེན་ལོག་པ། ཁ་ཆེའི་ཐལ་སྤྱོད་རིང་ལུགས་པ་བཅས་ཀྱིས་སྡེ་ཁག་སྣ་ཚོགས་པའི་ངོ་བོའི་ཐོག་ནས་མི་ ༢༥༠ ལྷག་བསད་པ་དང་། མི་ ༦༠༠ བརྒལ་བར་རྨས་སྐྱོན་བཟོས། འཚེ་རྒོལ་ཕལ་ཆེ་བ་འཆར་སྣང་གི་ཐག་གཅོད་ལས་དཔང་པོ་མེད་པའི་འགད་རྫས་ཀྱི་དོན་རྐྱེན་ཡིན།
དུས་རབས་ ༡༩ བའི་ནང་སྲིད་གཞུང་མེད་པའི་སྤྱི་ཚོགས་དྭངས་ཞེན་པ་དང་ལྐོག་གསོད་པ་རྣམས་ཀྱིས་འགན་ལེན་ལས་བརྒལ་བའི་ཐལ་ཆེའི་འགད་རྫས་དྲག་སྤྱོད་བྱས་ཡོད།
དུས་རབས་ ༢༠ ནང་ཧྥ་རན་ལ་མི་གསོད་དྲག་སྤྱོད་ཀྱི་བཙན་རྒོལ་ཚུད་པའི་འཚེ་རྒོལ་བ་མང་པོ་ཞིག་སྤྱི་ལོ་ ༡༩༥༠ དང་ ༡༩༦༠ ལོར་ཨལ་རྗི་རི་ཡའི་གཡུལ་འགྱེད་ས་ཁུལ་ནས་ཡོང་གི་ཡོད་ལ། སྤྱི་ལོ་ ༡༩༧༠ དང་ ༡༩༨༠ ནང་ལ་མེ་མདའ་དང་འགད་རྫས་ཀྱི་དོན་རྐྱེན་ཁག་ནི་དཀྱིལ་ཤར་ཤོག་ཁག་དང་། སྤྱི་ལོ་ ༡༩༩༠ ལོར་ཨལ་རྗི་རི་ཡའི་མི་སེར་ནང་འཁྲུག་དོན་རྐྱེན་གྱི་སྐབས་ནས་ཕེ་རི་སི་ལ་འགད་རྫས་དོན་རྐྱེན་ཅེ་མང་དུ་སོང་། ཁ་ཆེ་དྲག་སྤྱོད་པས་ཧྥ་རན་སིའི་མི་མང་འགྲུལ་ལམ་ལ་དྲག་རྒོལ་བྱེད་བཞིན་ཡོད།
དུས་རབས་ ༡༩ ནང་།
སྤྱི་ལོ་ ༡༨༠༠ ཟླ་ ༡༢ ཚེས་ ༢༤ ཉིན། ས་གནས་ཕེ་རི་སིའི་སྲང་ལམ་(Rue) སན་ཊི་-ནེ་སེ་ཡ་སིར་(Saint-Nicaise) ། འགད་རྫས་དོན་རྐྱེན། མི་ ༢༢ བསད་ཅིང་མི་ ༥༠ རྨས།
སྤྱི་ལོ་ ༡༨༣༥ ཟླ་ ༧ ཚེས་ ༢༨ ཉིན། ས་གནས་གྷེའུ་སི་པི་ མ་རའེ་འོ་ ཧྥི་སི་ཆི་(Giuseppe Mario Fieschi) མེ་མདའི་དོན་རྐྱེན། མི་ ༡༨ བསད་ཅིང་ ༢༢ རྨས།
སྤྱི་ལོ་ ༡༨༥༨ ཟླ་ ༢ ཚེས་ ༡༤ ཉིན། ས་གནས་ཧྥི་ལི་སི་ ཨོར་སེ་ནེ་(Felice Orsini) འགད་རྫས་དོན་རྐྱེན། མི་ ༨ བསད་ཅིང་ ༡༠༦ རྨས།
སྤྱི་ལོ་ ༡༨༩༢ ཟླ་ ༡༡ ཚེས་ ༨ ཉིན། ས་གནས་ཨི་མིལ་ ཧན་རའི་(Émile Henry)། མེ་མདའི་དོན་རྐྱེན། ཉེན་རྟོག་པ་ ༥ བསད་ཅིང་རྨས་མ་མེད།
སྤྱི་ལོ་ ༡༨༩༣ ཟླ་ ༡༢ ཚེས་ ༩ ཉིན། ས་གནས་ཨོ་གྷ་སི་ཏི་ ཝཱའི་ལནྜི་(Auguste Vaillant)། འགད་རྫས་དོན་རྐྱེན། མི་བསད་མེད། གཅིག་རྨས།
སྤྱི་ལོ་ ༡༨༩༤ ཟླ་ ༡ ཚེས་ ༡༢ ཉིན། ས་གནས་གྷག་ སཱན་ཊི་-ལ་ཟར་(Gare Saint-Lazare)། འགད་རྫས་དོན་རྐྱེན། མི་ ༡ བསད་ ༢༠ རྨས།
སྤྱི་ལོ་ ༡༨༩༤ ཟླ་ ༧ ཚེས་ ༢༤ ཉིན། ས་གནས་ས་ཊི་ཁར་ནོ་ཊི་(Sadi Carnot)། དོན་རྐྱེན་་་། མི་ ༡ བསད་རྨས་མ་མེད།
དུས་རབས་ ༢༠ ནང་།
སྤྱི་ལོ་ ༡༩༡༤ ཟླ་ ༧ ཚེས་ ༣༡ ཉིན། ས་གནས་ཕེ་རི་སིའི་འཚིག་ཇ་ཁང་།(Parisian cafe)། མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མ་མེད།
སྤྱི་ལོ་ ༡༩༣༤ ཟླ་ ༡༠ ཚེས་ ༩ ཉིན། ས་གནས་མར་སཱེལ་(Marseille) ། མེ་མདའི་དོན་རྐྱེན། མི་ ༦ བསད་ ༥ རྨས།
སྤྱི་ལོ་ ༡༩༣༧ ཟླ་ ༡ ཚེས་ ༢༣ ཉིན། ས་གནས་ཊེ་མེ་ཊི་རེ་ ན་ཝ་ཆིན་(Dimitri Navachine)། གྲི་བཙུགས་དོན་རྐྱེན། མི་ ༡ བསད་རྨས་མ་མེད།
སྤྱི་ལོ་ ༡༩༣༧ ཟླ་ ༦ ཚེས་ ༩ ཉིན། ས་གནས་བྷ་ཉོ་ལེ་སི་ ཊེ་ ལ་ཨོར་ནེ་(Bagnoles-de-l’Orne)། མེ་མདའི་དོན་རྐྱེན། མི་ ༢ བསད་རྨས་མ་མེད།
སྤྱི་ལོ་ ༡༩༣༧ ཟླ་ ༩ ཚེས་ ༡༡ ཉིན། ས་གནས་ཁོང་ཧྥི་དྷེ་ར་ཤོན་ རྗེ་ནེ་རིལ་ དྷུ་ པ་ཐི་ཝོ་ན་ཏི་ ཧྥ་རན་སེ་ཟི་(Confédération générale du patronat français)། འགད་རྫས་དོན་རྐྱེན། མི་ ༢ བསད་རྨས་མ་མེད།
སྤྱི་ལོ་ ༡༩༥༨ ཟླ་ ༩ ཚེས་ ༡༥ ཉིན། ས་གནས་ཕི་ལེ་སི་ དྷུ་ ལ་ཨི་ཏཱོ་ལི་(Place de l’Etoile)། མེ་མདའི་དོན་རྐྱེན། མི་ ༡ བསད་ ༣ རྨས།
སྤྱི་ལོ་ ༡༩༦༡ ཟླ་ ༦ ཚེས་ ༡༨ ཉིན། ས་གནས་ཝི་ཏི་ཝའེ་ ལི་ ཧྥ་རན་སོའི་ཟི་(Vitry-Le-François)། འགད་རྫས་དོན་རྐྱེན། མི་ ༢༨ བསད་ ༡༠༠ རྨས། འདི་ནི་ཧྥ་རན་སིའི་དེང་རབས་ལོ་རྒྱུས་ནང་ ༢༠༡༥ བར་ཆེས་ཡ་ང་བའི་དྲག་སྤྱོད་པའི་འཚེ་རྒོལ་དེ་ཆགས་ཡོད།
སྤྱི་ལོ་ ༡༩༦༢ ཟླ་ ༡ ཚེས་ ༢༢ ཉིན། ས་གནས་ཁུ་ཨེ་ དྷི་ཨོར་སའེ་(Quai d’Orsay) འགད་རྫས་དོན་རྐྱེན། མི་ ༡ བསད་ ༡༢ རྨས།
སྤྱི་ལོ་ ༡༩༧༣ ཟླ་ ༡༢ ཚེས་ ༡༤ ཉིན། ས་གནས་མར་སཱེལ་(Marseille)། འགད་རྫས་དོན་རྐྱེན། མི་ ༤ བསད་ ༢༠ རྨས།
སྤྱི་ལོ་ ༡༩༧༤ ཟླ་ ༧ ཚེས་ ༢༨ ཉིན། ས་གནས་ཏོའུ་ལོའུ་སི་(Toulouse)། འགད་རྫས་དོན་རྐྱེན། མི་བསད་མེད་ ༡༢ རྨས།
སྤྱི་ལོ་ ༡༩༧༤ ཟླ་ ༩ ཚེས་ ༡༥ ཉིན། ས་གནས་སཱན་ཊི་ རྗར་མཱན་ དྷེ་ ཕི་རེ་སི་(Saint-Germain-des-Prés) འགད་རྫས་དོན་རྐྱེན། མི་ ༢ བསད་ ༣༤ རྨས།
སྤྱི་ལོ་ ༡༩༧༥ ཟླ་ ༡ ཚེས་ ༡༣ དང་ ༡༩ ཉིན། ས་གནས་ཨོར་ལའེ་གནམ་ཐང་(Orly Airport)། མེ་ཤུགས་འཕུར་མདེལ་དོན་རྐྱེན། མི་བསད་མེད་ ༢༤ རྨས།
སྤྱི་ལོ་ ༡༩༧༥ ཟླ་ ༣ ཚེས་ ༩ ཉིན། ས་གནས་གྷར་དྷུ་ལིའི་སི་ཊི་(Gare de l’Est)། འགད་རྫས་དོན་རྐྱེན། མི་ ༡ བསད་ ༦ རྨས།
སྤྱི་ལོ་ ༡༩༧༥ ཟླ་ ༧ ཚེས་ ༣༡ ཉིན། ས་གནས་ཕེ་རི་སིའི་(Paris)། ཨེ་རཀ་གཞུང་ཚབ་(Iraqi embassy)། བཙན་ཁྲིད་དོན་རྐྱེན། མི་ ༡ བསད་ ༢ རྨས།
སྤྱི་ལོ་ ༡༩༧༥ ཟླ་ ༡༠ ཚེས་ ༢༤ ཉིན། ས་གནས་ཕེ་རི་སི་(Paris)། མེ་མདའི་དོན་རྐྱེན། མི་ ༢ བསད་རྨས་མེད།
སྤྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༢༠ ཉིན། ས་གནས་ཨོར་ལའེ་གནམ་ཐང་(Orly Airport)། མེ་མདའི་དོན་རྐྱེན། མི་ ༤ བསད་ ༥ རྨས།
སྤྱི་ལོ་ ༡༩༧༨ ཟླ་ ༨ ཚེས་ ༣ ཉིན། ས་གནས་ཕེ་རི་སི་(Paris)། མེ་མདའི་དོན་རྐྱེན། མི་ ༢ བསད་རྨས་མེད།
སྤྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༢༧ ཉིན། ས་གནས་ཕེ་རི་སི་(Paris)། འགད་རྫས་དོན་རྐྱེན། བསད་མེད་ ༣༢ རྨས།
སྤྱི་ལོ་ ༡༩༧༩ ཟླ་ ༡༢ ཚེས་ ༢༣ ཉིན། ས་གནས་ཤང་སི་ལའེ་སེ་སི་(Champs Elysées)། མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མེད།
སྤྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༡༧ ཉིན། ས་གནས་ཕེ་རི་སི་(Paris)། མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མེད།
སྤྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༢༩ ཉིན། ས་གནས་ཕེ་རི་སིའི་སིརྱཱའི་གཞུང་ཚབ་ཁང་(Syrian Embassy)། འགད་རྫས་དོན་རྐྱེན། མི་ ༡ བསད་ ༨ རྨས།
སྤྱི་ལོ་ ༡༩༨༠ ཟླ་ ༧ ཚེས་ ༢༡ ཉིན། ས་གནས་ཕེ་རི་སི་(Paris)། མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མེད།
སྤྱི་ལོ་ ༡༩༨༠ ཟླ་ ༩ ཚེས་ ༥ ཉིན། ས་གནས་ལི་ཡོང་(Lyon)། མེ་མདའི་དོན་རྐྱེན། མི་ ༡ བསད་ ༡༡ རྨས།
སྤྱི་ལོ་ ༡༩༨༠ ཟླ་ ༡༠ ཚེས་ ༣ ཉིན། ས་གནས་ཕེ་རི་སི་(Paris)། འགད་རྫས་དོན་རྐྱེན། མི་ ༢ བསད་ ༣༤ རྨས།
སྤྱི་ལོ་ ༡༩༨༡ ཟླ་ ༣ ཚེས་ ༤ ཉིན། ས་གནས་ཕེ་རི་སིའི་ཏུར་ཀེ་(Turki) གཞུང་ཚབ། མེ་མདའི་དོན་རྐྱེན། མི་ ༢ བསད་ ༡ རྨས།
སྤྱི་ལོ་ ༡༩༨༡ ཟླ་ ༨ ཚེས་ ༢༩ ཉིན། ས་གནས་ཕེ་རི་སི་(Paris)། འགད་རྫས་དོན་རྐྱེན། མི་བསད་མེད་ ༡༥ རྨས།
སྤྱི་ལོ་ ༡༩༨༡ ཟླ་ ༩ ཆེས་ ༢༤-༢༥ ཉིན། ས་གནས་ཕེ་རི་སི་(Paris)། བཙན་ཁྲིད་དོན་རྐྱེན། མི་ ༡ བསད་ ༢ རྨས།
སྤྱི་ལོ་ ༡༩༨༢ ཟླ་ ༡ ཚེས་ ༡༨ ཉིན། ས་གནས་ཤཀ་ལེ་ ཨར་ ཝའེ་(Charles R. Ray)། མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མེད།
སྤྱི་ལོ་ ༡༩༨༢ ཟླ་ ༣ ཚེས་ ༢༩ ཉིན། ས་གནས་པེ་རུ་སི་དང་ཏོའུ་ལོའུ་སི་(Toulouse) བར། འགད་རྫས་དོན་རྐྱེན། མི་ ༥ བསད་ ༢༩ རྨས།
སྤྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༢༢ ཉིན། ས་གནས་ཕེ་རི་སིའི་གསར་འགྱུར་ལས་ཁུངས་ཤིག འགད་རྫས་དོན་རྐྱེན། མི་ ༡ བསད་ ༦༠ རྨས།
སྤྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༢༡ ཉིན། ས་གནས་ཕེ་རི་སིའི་སཱན་ཊི་-མེ་ཤལ་(Saint-Michel in Paris)། འགད་རྫས་དོན་རྐྱེན། མི་བསད་མེད་ ༡༥ རྨས།
སྤྱི་ལོ་ ༡༩༨༢ ཟླ་ ༨ ཚེས་ ༩ ཉིན། ས་གནས་ཕེ་རི་སིའི་ཝུའུ་དྷེ་ཝོ་སཱེར་(Rue des Rosiers)། མེ་མདའི་དོན་རྐྱེན། མི་ ༦ བསད་ ༢༢ རྨས།
སྤྱི་ལོ་ ༡༩༧༢ ཟླ་ ༩ ཚེས་ ༡༧ ཉིན། ས་གནས་ལའེ་སི་ཁོར་ནོ་ཊི་(Lycée Carnot)། འགད་རྫས་དོན་རྐྱེན། མི་བསད་མེད་ ༥༡ རྨས།
སྤྱི་ལོ་ ༡༩༨༣ ཟླ་ ༢ ཚེས་ ༢༨ ཉིན། ས་གནས་ཕེ་རི་སིའི་ཏུར་ཀེའི་འགྲིམ་འགྲུལ་ལས་ཁུངས་མར་མ་ར་(Marmara)། འགད་རྫས་དོན་རྐྱེན། མི་ ༡ བསད་ ༤ རྨས།
སྤྱི་ལོ་ ༡༩༨༣ ཟླ་ ༧ ཚེས་ ༡༥ ཉིན། ས་གནས་ཨོར་ལའེ་གནམ་ཐང་(Orly Airport)། འགད་རྫས་དོན་རྐྱེན། མི་ ༨ བསད་ ༥༦ རྨས།
སྤྱི་ལོ་ ༡༩༨༣ ཟླ་ ༩ ཚེས་ ༣༠ ཉིན། ས་གནས་མར་སཱེལ་(Marseille)། འགད་རྫས་དོན་རྐྱེན། མི་ ༡ བསད་ ༢༦ རྨས།
སྤྱི་ལོ་ ༡༩༨༣ ཟླ་ ༡༢ ཚེས་ ༣༡ ཉིན། ས་གནས་མར་སཱེལ་(Marseille) ཏི་རྗི་བི་(TGV) མེ་འཁོར་ས་ཚིགས། འགད་རྫས་དོན་རྐྱེན། མི་ ༥ བསད་ ༡༣ རྨས།
སྤྱི་ལོ་ ༡༩༨༤ ཟླ་ ༢ ཚེས་ ༧ ཉིན། ས་གནས་གྷོ་ལམ་ ཨ་ལི་ ཨོ་འི་སེ་(Gholam Ali Oveisi)། མེ་མདའི་དོན་རྐྱེན། མི་ ༢ བསད་ ༡ རྨས།
སྤྱི་ལོ་ ༡༩༨༤ ཟླ་ ༢ ཚེས་ ༨ ཉིན། ཕེ་རི་སིའི་སྲང་ལམ་ཞིག མེ་མདའི་དོན་རྐྱེན། མི་ ༢ བསད་རྨས་མེད།
སྤྱི་ལོ་ ༢༩༨༥ ཟླ་ ༡ ཚེས་ ༢༥ ཉིན། ས་གནས་ཝེ་ནེ་ ཨུ་དྷི་ཝན་(René Audran)། མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མེད།
སྤྱི་ལོ་ ༡༩༨༥ ཟླ་ ༢ ཚེས་ ༢༣ ཉིན། ས་གནས་མར་ཀི་སི་དང་སི་པིན་སིར་(Marks & Spencer) ཚོང་ཁང་། འགད་རྫས་དོན་རྐྱེན། མི་ ༡ བསད་ ༡༤ རྨས།
སྤྱི་ལོ་ ༡༩༨༥ ཟླ་ ༣ ཚེས་ ༢༩ ཉིན། ས་གནས་ཝེ་བོ་ལེ་ བྷའུ་བྷོག་(Rivoli Beaubourg)། འགད་རྫས་དོན་རྐྱེན། མི་བསད་མེད་ ༡༨ རྨས།
སྤྱི་ལོ་ ༡༩༨༥ ཟླ་ ༩ ཚེས་ ༢༥ ཉིན། ས་གནས་བྷ་ཡོ་ནི་(Bayonne)། མེ་མདའི་དོན་རྐྱེན། མི་ ༤ བསད་ ༡ རྨས།
སྤྱི་ལོ་ ༡༩༨༥ ཟླ་ ༡༢ ཚེས་ ༧ ཉིན། ས་གནས་ཕེ་རི་སིའི་ཧུའུ་སི་མཱན་(Haussmann) ཚོང་ཁང་། འགད་རྫས་དོན་རྐྱེན། མི་བསད་མེད་ ༧ རྨས།
སྤྱི་ལོ་ ༡༩༨༦ ཟླ་ ༢ ཚེས་ ༣-༥ ཉིན། ས་གནས་ཤམ་སི་-ལའེ་སེ་(Champs-Élysées)། འགད་རྫས་དོན་རྐྱེན། མི་ ༡ བསད་ ༣༥ རྨས།
སྤྱི་ལོ་ ༡༩༨༦ ཟླ་ ༣ ཚེས་ ༢༠ ཉིན། ས་གནས་ཤམ་སི་-ལའེ་སེ་(Champs-Élysées)། འགད་རྫས་དོན་རྐྱེན། མི་ ༢ བསད་ ༢༩ རྨས།
སྤྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༥-༡༥ ཉིན། ས་གནས་ལ་དྷི་ཧྥང་སི་(La Défense)། འགད་རྫས་དོན་རྐྱེན། མི་ ༥ བསད་ ༡༣༡ རྨས།
སྤྱི་ལོ་ ༡༩༨༦ ཟླ་ ༩ ཚེས་ ༡༧ ཉིན། ས་གནས་ཕེ་རེ་སུའི་ཝུའུ་དྷུ་ ཝིན་ནེ་སི་(rue de Rennes)། འགད་རྫས་དོན་རྐྱེན། མི་ ༧ བསད་ ༥༥ རྨས།
སྤྱི་ལོ་ ༡༩༨༦ ཟླ་ ༡༡ ཚེས་ ༡༧ ཉིན། ས་གནས་རྗོར་རྗི་གྷེ་ བྷི་སི་(Georges Besse)། ???? མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མེད།
སྤྱི་ལོ་ ༡༩༨༨ ཟླ་ ༡༠ ཚེས་ ༢༢ ཉིན། ས་གནས་སཱན་ཊི་-མེ་ཤལ་(Saint-Michel) གློག་བརྙན་ཁང་། གྲི་བཙུགས་དོན་རྐྱེན། མི་བསད་མེད་ ༡༤ རྨས།
སྤྱི་ལོ་ ༡༩༩༤ ཟླ་ ༡༢ ཚེས་ ༢༤ ཉིན། ས་གནས་གནམ་གྲུ་བཙན་ཁྲིད། མི་ ༧ བསད་ ༢༥ རྨས།
སྤྱི་ལོ་ ༡༩༩༥ ཟླ་ ༧ ནས་ ༡༠ བར། ས་གནས་ཕེ་རི་སིའི་ས་འོག་མེ་འཁོར་(Paris Métro) དང་རྒྱང་བསྐྱོད་མེ་འཁོར་(RER)། འགད་རྫས་དོན་རྐྱེན ། མི་ ༨ བསད་ ༡༤༠ རྨས།
སྤྱི་ལོ་ ༡༩༨༦ ཟླ་ ༡༢ ཚེས་ ༣ ཉིན། ས་གནས་གྷཀ་དྷུ་ པོར་ཏི་-ཝོ་ཡལ་(Gare de Port-Royal)། འགད་རྫས་དོན་རྐྱེན། མི་ ༤ བསད་ ༡༧༠ རྨས།
སྤྱི་ལོ་ ༡༩༩༨ ཟླ་ ༢ ཚེས་ ༨ ཉིན། ས་གནས་ཁུ་ལཱའུ་དྷི་ ཨི་རེག་ན་ཁུ་(Claude Érignac)། མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མེད།
དུས་རབས་ ༢༡ ནང་།
སྤྱི་ལོ་ ༢༠༠༠ ཟླ་ ༤ ཚེས་ ༡༩ ཉིན། ས་གནས་ཁུ་ཨི་བིར་ཏི་(Quévert)། འགད་རྫས་དོན་རྐྱེན། མི་ ༡ བསད་རྨས་མེད།
སྤྱི་ལོ་ ༢༠༠༣ ཟླ་ ༧ ཚེས་ ༢༠ ཉིན། ས་གནས་ནེ་སི་(Nice)། འགད་རྫས་དོན་རྐྱེན། མི་བསད་མེད་ ༡༦ རྨས།
སྤྱི་ལོ་ ༢༠༠༤ ཟླ་ ༡༠ ཚེས་ ༨ ཉིན། ས་གནས་ཕེ་རེ་སིའི་ཧིན་དྷུ་ནེ་ཤི་ཡའི་གཞུང་ཚབ་(Indonesian Embassy)། འགད་རྫས་དོན་རྐྱེན། མི་བསད་མེད་ ༡༠ རྨས།
སྤྱི་ལོ་ ༢༠༠༧ ཟླ་ ༡༢ ཚེས་ ༡ ཉིན། ས་གནས་མི་གསལ། མེ་མདའི་དོན་རྐྱེན། མི་ ༢ བསད་རྨས་མེད།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༡-༢༢ ཉིན། ས་གནས་ཏུའུ་ལུའུ་(Toulouse) དང་མོན་ཏུའུ་བྷན་(Montauban)། མེ་མདའི་དོན་རྐྱེན། སློབ་ཕྲུག་ལོ་ ༣ དང་། ལོ་ ༦ ། ལོ་ ༨ ཅན་བཅས་ ༧ བསད་ ༥ རྨས།
སྤྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༢༣ ཉིན། ས་གནས་ལ་དྷི་ཧྥང་སི་(La Défense)། གྲི་འཛུགས་དོན་རྐྱེན། བསད་མེད་ ༡ རྨས།
སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༠ ཉིན། ས་གནས་རྗོ་ཨུ་ ལེ་ ཊུར་སི་(Joué-lès-Tours)། གྲི་འཛུགས་དོན་རྐྱེན། བསད་མེད་ཉེན་རྟོག་པ་ ༣ རྨས།
སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༡ ཉིན། ས་གནས་དྷེ་ཇོང་(Dijon)། རླངས་འཁོར་བརྡབ་པའི་དོན་རྐྱེན། བསད་མེད་ ༡༡ རྨས།
སྤྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༢ ཉིན། ས་གནས་ནན་ཏེ་(Nantes)། རླངས་འཁོར་བརྡབ་པའི་དོན་རྐྱེན། མི་ ༡ བསད་ ༡༠ རྨས།
སྤྱི་ལོ་ ༢༠༡༥ ཟླ་ ༡ ཚེས་ ༧-༩ ཉིན། ས་གནས་ཨིལ་ དྷུ་ ཧྥ་རན་སི་(Île-de-France)། མེ་མདའི་དོན་རྐྱེན། མི་ ༢༠ བསད་ ༢༢ རྨས།
སྤྱི་ལོ་ ༢༠༡༥ ཟླ་ ༢ ཚེས་ ༣ ཉིན། ས་གནས་ནེ་སི་(Nice)། གྲི་བཙུགས་དོན་རྐྱེན། མི་བསད་མེད་ ༣ རྨས།
སྤྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༩ ཉིན། ས་གནས་ཝི་ལི་རྗུའི་ཧྥུ་(Villejuif)། མེ་མདའི་དོན་རྐྱེན། མི་ ༡ བསད་རྨས་མེད།
སྤྱི་ལོ་ ༢༠༡༥ ཟླ་ ༦ ཚེས་ ༢༦ ཉིན། ས་གནས་སཱན་ཏི་ ཁུའིན་ཏིན་ ཧྥ་ལ་བིར་(Saint-Quentin-Fallavier)། མགོ་གཏུབ་དོན་རྐྱེན། མི་ ༡ བསད་ ༢ རྨས།
སྤྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༡ ཉིན། ས་གནས་མེ་འཁོར་ནང་། མི་བསད་མེད་ ༤ རྨས།
སྤྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༣-༡༤ ཉིན། ས་གནས་ཕེ་རེ་སི། མེ་མདའི་དོན་རྐྱེན། མི་ ༡༣༠ བསད་ ༣༥༢ རྨས།
སྤྱི་ལོ་ ༢༠༡༥ ཟླ་ ༡༡ ཚེས་ ༡༨ ཉིན། ས་གནས་མར་སེལ་(Marseille)། གྲི་བཙུགས་དོན་རྐྱེན། མི་བསད་མེད་ ༡ རྨས།
ཧྥ་རན་སུར་ ༡༡.༡༣ གསུམ་གྱི་དོན་རྐྱེན་བྱུང་སྟེ་སྐར་མ་ ༤༠ མཚམས་སུ་ཧྥ་རན་སིའི་སྲིད་ཧྥོང་སེ་ཧོ་ལོང་(François Hollande) གིས་དམག་འཐབ་བྱས་ཏེ་ཤ་འཁོན་ལེན་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་སྤེལ།
གོང་གསལ་རེའུ་མིག་འདི་ནི་ཆུ་ཚོད་ ༡༤ གོང་ཙམ་ལ་སྤེལ་བའི་གསར་འགྱུར་ལྟར་སྤེལ་བ་ཡིན།
ལོ་རྒྱུས་ངོ་སྤྲོད་བྱས་པ་ཧ་ཅང་ཡག་པོ་འདུག ཐུགས་རྗེ་ཆེ། འདི་འདྲ་ལོ་རྒྱུས་གནད་ཅན་ཡིག་ཐོག་ལ་བཀོད་ཤེས་མཁན་དཀོན་པོ་རེད།